༼རྩོམ་ཡིག་འདི་འོད་ཟེར་དྲ་རྒྱའི་ནང་དོན་ཡོད་རྣམ་རྒྱལ་གྱིས་རྒྱ་ཡིག་ཐོག་འགོད་སྤེལ་བྱས་འདུག་པ་དང་བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུག་གིས་བོད་ཡིག་ཏུ་བསྒྱུར།༽
༄༅།། ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༢༩ ནས་འགོ་བཙུགས་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་མང་པོའི་ནང་རྒྱ་གར་ཉེན་རྟོགས་པས་དཔལ་གྲུབ་རྒྱུད་བསྟན་པའི་གསལ་བྱེད་རྒྱལ་བ་ཀརྨ་པའི་བཞུགས་གནས་༼དཔལྡན་རྒྱུད་སྟོད་གྲྭ་ཚང་༽ནས་རྒྱ་དངུལ་ཚུད་པའི་ཕྱི་རྒྱལ་གྱི་དངུལ་འབོར་ཆེན་པོ་ཐོན་པའི་གནས་ཚུལ་འགོད་སྤེལ་བྱས་འདུག་པའི་ནང་། རྒྱ་གར་གྱི་གཞུང་འབྲེལ་མིན་པའི་གསར་འགྱུར་བརྒྱུད་ལམ་(NDTV) དྲང་ཤུགས་ཆེ་ཤོས་སུ་བརྩིས་ཀྱི་ཡོད་པ་ལྟར། ད་རེས་དོན་རྐྱེན་དེའི་ཐོག་བློ་གཟུ་བོར་གནས་པའི་གནས་ཚུལ་སྤེལ་འདུག་པ་སྟེ་‘‘བོད་ཀྱི་བླ་མ་ཆེ་གྲས་རྒྱ་ནག་གཞུང་གིས་ཧི་མ་ཅལ་མངའ་གཞུང་དུ་ཡོད་པའི་གསང་ཉུལ་’’ཡིན་ནམ་ཞེས་པའི་དྲི་ཚིག་གཅིག་འགོ་བརྗོད་དུ་བཀོད་འདུག
རྒྱུན་དུ་གནས་ཚུལ་དོན་ཆུང་རྩལ་རྩིག་རྣམས་ཕྱོགས་བསྡོམས་ཀྱིས་འདོན་སའི་‘‘སྐྱཔྱྟཎྡདྲརྣཐྲ སྒྱྟཕཔྲ’’ ཞེས་པའི་ས་ཆའི་ནང་བཏོན་མཁན་གྱི་བརྒྱུད་ལམ་ཆུང་ཆུང་འགའ་རེས་ད་རེས་ཧང་སངས་སང་དང་ཧ་ལས་པོའི་ངང་ ‘‘དངུལ་འབོར་ཆེན་པོ་’’ཐོན་སྐོར་ཤོད་ཚུལ་འདྲ་མིན་སྣ་ཚོགས་ཤིག་བཤད་ཡོད་པ་དེ་ནི། གཅིག་བྱས་ན་རང་ཉིད་ཀྱི་བརྒྱུད་ལམ་ལ་མི་རྣམས་ཀྱིས་རྒྱུན་དུ་དོ་སྣང་ཆུང་སྐྱོན་གྱིས་ད་རེས་སྐད་གྲགས་ཆོད་ན་སྙམ་སྟེ་གནས་ཚུལ་གསལ་བོ་མ་བྱུང་སྔོན་ཁོང་ཚོས་གང་བཤད་བྱེད་འཇུག་རྒྱུ་ལས་མ་འདས། འདི་གའི་བརྒྱུད་ལམ་ཁག་དེ་ལྟ་བུའི་རང་དབང་ཟང་ཟིང་ཆེ་བ་ཡོད་པ་དེ་ནི་རྒྱ་ནག་སྲིད་དབང་གཅིག་བསྡུས་ཀྱི་དབང་བསྒྱུར་ལས་ལྡབ་སྟོང་གྱུར་གྱི་ཡག་པོ་ཡོད་དབང་བཏང་ཡང་། འཛམ་གླིང་གི་མི་ཚོས་རང་ཉིད་ཀྱི་བློ་རིག་ལ་བརྟེན་ནས་བདེན་རྫུན་གྱི་གནམ་དབྱེ་ཕྱེ་རྒྱུ་ལས་མ་འདས།
གནས་ཚུལ་འབྱུང་རྐྱེན་ནི་འདི་ལྟར་རེད། ཐོག་མར་རྒྱ་གར་ཉེན་རྟོགས་པས་ཨུ་ན་ཞེས་པའི་རི་གྲོང་ཞིག་ནས་ཉེན་རྟོགས་པས་རྒྱ་གར་བའི་ཡུལ་མི་གཉིས་ཀྱི་ལག་ནས་རྒྱ་གར་གྱི་དངུལ་མར་བྱེ་བ་གཅིག་ལྷག་ཡོད་པ་ཞིབ་བཤེར་བསྔོགས་བཤེར་བྱས་ཏེ་འདོན་སྐབས་རྒྱ་གར་ཡུལ་མི་གཉིས་ཀྱིས་དངུལ་འདི་རྣམས་རྒྱལ་བ་ཀརྨ་པའི་བཞུགས་གནས་དགོན་པར་ཡོད་པའི་ལས་སྣེ་ཞིག་ལ་སྤྲོད་རྒྱུ་ཡིན་སྐོར་བཤད་མཇུག དེ་མ་ཐག་རྒྱ་གར་ཉེན་རྟོགས་པས་རྡ་རམ་ས་ལའི་ཉེ་འགྲམ་དུ་ཡོད་པའི་རྒྱལ་བ་ཀརྨ་པའི་བཞུགས་གནས་སུ་བསྔོགས་བཤེར་བྱེད་སྐབས་སླར་ཡང་ལས་སྣེ་གཞན་ཞིག་གི་སྡོད་ཁང་ནས་རྒྱལ་ཁབ་འདྲ་མིན་གྱི་དངུལ་འབོར་ཕོན་ཆེ་ཐོན་ནས་རྒྱ་གར་སྒོར་མོ་བྱེ་བ་བརྒྱད་ལྷག་ཙམ་གྱི་དངུལ་འབོར་ཡོད་པ་ལག་སོན་བྱུང་བ་རེད།
ཧི་མ་ཅལ་མངའ་གཞུང་ནས་དངུལ་འབོར་ཆེན་པོ་དེ་དག་གི་འབྱུང་ཁུངས་ག་ནས་ཡིན་པར་དྭོགས་གཞི་བྱུང་སྟེ། མངའ་སྡེའི་བློན་ཆེན་ག་གེ་མོ་ཞིག་གིས་‘‘གལ་ཏེ་ཕྱི་རྒྱལ་གྱི་དངུལ་ལོར་གང་འཚམས་ཐོན་པར་ངས་གོ་ལ་ལེན་ཐུབ་ནའང་རྒྱ་ནག་གི་མི་དམངས་ཤོག་སྒོར་མང་པོ་འདི་ཙམ་ཐོན་འདུག་པས། གལ་ཏེ་ཁོང་ཚོ་རྒྱ་ནག་གིས་ཕྱིར་འབུད་བྱས་པ་ཡིན་ན། དངུལ་མང་པོ་འདི་ཙམ་ག་ནས་བྱུང་བ་རེད་’’ཟེར། དཔོན་རིགས་དེས་རྒྱལ་བ་ཀརྨ་པ་རྒྱ་ནག་གཞུང་ཕྱོགས་ནས་ཕྱིར་འབུད་བྱས་པར་ཐུགས་དྭོགས་བྱུང་ཡོད་པར་རེ་ཞིག་ཁོ་བོས་གླེང་འདོད་མེད་ཀྱང་། བོད་མི་རྣམས་དབུས་ཕྱུག་གི་ཁྱད་བར་མེད་པར་སོ་སོའི་རྩ་བའི་བླ་མ་དང་དགོན་པར་ཞལ་འདེབས་འབུལ་རྒྱུར་སེར་སྣ་རྩ་བ་ནས་མེད་པར་སྟོང་ཕོད་ཆེན་པོས་འབུལ་རྒྱུ་ག་ཚོད་བྱུང་བ་དེ་ནི་ཁོང་ཚོའི་སྤོབས་པ་དང་གཟི་བརྗིད་ཅིག་ལ་བརྩིས་ཀྱི་ཡོད་པ་རེད།
རྒྱལ་བ་ཀརྨ་པ་རྒྱ་གར་ནང་བཙན་བྱོལ་དུ་འཁོད་དེ་ལོ་ ༡༡ ཕྱིན་ཡོད་པ་དང་། ལོ་ལྟར་རྒྱ་ནག་དང་བོད་ནས་འབྱོར་བའི་ནང་པའི་དད་ཅན་མི་གྲངས་ཧ་ཅང་མང་པོས་རྒྱ་ནག་གི་མི་དམངས་ཤོག་སྒོར་འཁྱེར་ནས་ཁོང་ལ་དད་རྟེན་དུ་ཕུལ་གྱི་ཡོད། དེའི་ཐོག་འཛམ་གླིང་ཡུལ་གྲུ་མང་པོའི་དད་ཅན་སློབ་མ་རྣམས་ཀྱིས་སྟོང་ཕོད་ཆེན་པོས་ཁོང་ལ་སོ་སོའི་གསོག་ཉར་བྱས་པའི་དངུལ་རྣམས་དད་རྟེན་དུ་ཕུལ་གྱི་ཡོད་སྟབས། རྒྱ་གར་གྱི་དངུལ་བྱེ་བ་འགའ་ཤས་ཕུལ་བར་ཧང་སངས་མི་དགོས་པར། ཨ་རི་ཌོ་ལར་ཡིན་ནའང་ཧ་ལས་ཡ་མཚན་སྐྱེ་མི་འོས་པ་ཞིག་རེད། དངོས་འབྲེལ་བྱས་ན་རྒྱ་གར་ནི་ཆོས་ལུགས་མང་བའི་རྒྱལ་ཁབ་ཆེན་པོ་གཅིག་ཡིན་དུས་དངུལ་ལོར་དད་རྟེན་དུ་ཕུལ་བ་ཁོང་ཚོའི་ངོས་ནས་བཤད་ན་གནས་ཚུལ་གསར་པ་གང་ཡང་མ་རེད། འོན་ཀྱང་། ད་རེས་དེ་སྔ་དང་མི་འདྲ་བར་གསར་འགྱུར་བརྒྱུད་ལམ་གཅིག་པུ་ཙམ་མ་ཡིན་པར། མངའ་གཞུང་དཔོན་རིགས་དང་ཉེན་རྟོགས་པས་དངུལ་འབོར་ཆེན་པོ་འདིའི་འབྱུང་གཞིའི་སྐོར་དྭོགས་གནས་ཡོད་ཚུལ་གྱིས་གནས་ཚུལ་གཞན་ཞིག་གི་ཐོག་གླེང་ཕྱོགས་བཟོ་བཞིན་ཡོད་པ་དེ་ནི་‘‘རྒྱ་ནག་གི་གསང་ཉུལ་’’ ཡིན་མིན་གྱི་དོན་རྐྱེན་འདི་སྐོར་རེད།
རྒྱལ་བ་ཀརྨ་པས་རྡ་རམ་ས་ལའི་ཉེ་འཁོར་ས་ཆ་ཞིག་ཏུ་དགོན་པ་གསར་བཞེངས་གནང་རྒྱུའི་ཆེད་ས་ཆ་ཉོ་བའི་འཆར་གཞི་ཐེངས་འགའ་ཕུལ་བར་རྒྱ་གར་ཕྱོགས་ནས་དགོན་པ་དེ་ནི་ ‘‘སྐྲདདྲརྣཎ ཁྲཔྱདྲྟརྣརྟརྡཕྲ ’’ རྒྱ་ནག་དང་ཉེ་འབྲེལ་ཡིན་ཚུལ་གླེང་གི་ཡོད་པས་གནས་ཚུལ་དེ་དག་ག་ནས་གོ་ཐོས་བྱུང་ཡོད་མིན་ད་ལྟ་བཤད་མེད་ཀྱང་། གལ་ཏེ་དངོས་བདེན་ཡིན་དབང་ལ་བཏང་ནའང་། རྒྱ་གར་ཕྱོགས་ནས་ག་དུས་ཡིན་ནའང་སུན་སྣང་མེད་པའི་ཐོག་ནས་རྒྱ་ནག་ཕྱོགས་ལ་‘‘རྒྱ་ནག་གཅིག་གི་སྲིད་བྱུས་བཟུང་སྟེ་རྒྱ་གར་གི་མངའ་ཁོངས་སུ་བོད་མི་གཅིག་གིས་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་བྱེད་འཇུག་གི་མེད་’’ པའི་རྒྱ་གར་གཞུང་གི་དགོངས་པ་དང་མཐུན་པ་མ་ཡིན་ནམ།
རྒྱ་ནག་ས་གནས་ཉེན་རྟོགས་པས་རྒྱལ་བ་ཀརྨ་པ་རྒྱ་ནག་གི་གསང་ཉུལ་ཡིན་པ་ནི། ‘‘ཁོང་སྔ་ས་རྒྱ་གར་ནང་བཙན་བྱོལ་དུ་མ་སླེབ་གོང་ནས་ཇུས་འགོད་བྱས་ཟིན་པ་’’ ཟེར་བ་ནི་དེ་བས་ཀྱང་ཁུངས་མེེད་ཀྱི་འཆར་གཏམ་ཞིག་རེད། རྡ་རམ་ས་ལར་གནས་ཚང་དུ་བཞུགས་པ་དང་མ་འོངས་པར་བོད་མི་ས་ཡ་མང་པོའི་ལས་དབང་དང་འབྲེལ་བའི་འགན་འཁུར་ཆེན་པོ་ཞིག་བཞེས་ཐུབ་པའི་བོད་རྒྱུད་ནང་བསྟན་གྲུབ་བརྒྱུད་བསྟན་པའི་སྲོག་ཤིག་གི་བླ་ཆེན་ཞིག་ཆགས་རྒྱུར་བརྟེན། སོ་སོའི་དད་ཅན་སློབ་མ་དང་མི་མང་ལ་རྒྱབ་འགའ་གང་འདྲ་ཟེར་བྱེད་ཕོད་ཀྱི་རེད་དམ། བོད་བརྒྱུད་ནང་བསྟན་གྱི་བླ་མ་ཞིག་གལ་ཏེ་རང་གི་དད་ཅན་སློབ་མ་དང་ཁ་བྲལ་ན་ཁོང་གང་ཡང་མ་རེད། རྒྱལ་བ་ཀརྨ་པ་བོད་ནས་ངལ་བ་ཁྱད་དུ་བསད་དེ་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་པ་དེས། ཁོང་གི་མཚན་སྙན་ཡར་ངོའི་ཟླ་བཞིན་དར་ཁྱབ་བྱུང་ཡོད་པས། ཁོང་གིས་རྒྱ་ནག་གཞུང་གིས་ཁོང་ལ་སྤྲད་སྲིད་པའི་
‘‘རྒྱ་ནག་སྲིད་གྲོས་ཀྱི་ཚོགས་གཞོན་’’ ཟེར་བའི་གྱི་མིང་ཆུང་ཆུང་གཅིག་གི་དོན་དུ་བོད་མི་ཡོངས་རྫོགས་དང་ཁ་གཏང་དུ་ལངས་སྲིད་ཀྱི་རེད་དམ།
རྒྱ་ནག་གཞུང་ཕྱོགས་ནས་བོད་དང་རྒྱ་ནག་གི་གནད་དོན་ཐོག་ག་དུས་ཡིན་ནའང་ཚོར་བ་རྣོ་པོ་དེ་ལྟར་བྱས་པར་མི་རྣམས་གོ་བ་ལེན་མ་ཐུབ་པ་ཞིག་རེད། ད་རེས་ཀྱི་‘‘དངུལ་འབོར་ཆེན་པོ་’’ ཟེར་བའི་གནད་དོན་འདི་དངོས་འབྲེལ་བྱས་ན་དུས་ཚོད་ཐུང་ཐུང་གཅིག་ནང་ཐག་གཅོད་བྱེད་ཐུབ་པ་ལས་རྒྱ་བསྒྲགས་བོད་བསྒྲགས་དེ་ཙམ་བྱེད་དགོས་དོན་མེད།
རྒྱལ་བ་ཀརྨ་པའི་བླ་བྲང་གི་ཕྱོགས་ནས་ད་རེས་ནོར་འཁྲུལ་ག་རེ་ཤོར་ཡོད་རེད་ཅེ་ན། དེང་དུས་དང་མཐུན་པའི་རྩིས་པ་དངུལ་གཉེར་ཚད་ལྡན་ཞིག་བསྐོ་བཙུགས་མ་བྱས་པར་དེ་སྔའི་སྲོལ་རྒྱུན་ལྟར་མི་བློས་འཁེལ་བ་ཞིག་ལ་དངུལ་རྣམས་དོ་དམ་བྱེད་བཅུག་པ་དེ་རེད། ཁྲིམས་རྨོངས་ཀྱི་བྱེད་ཚུལ་དེས་མི་གཞན་གྱིས་དད་རྟེན་དུ་ཕུལ་བའི་དངུལ་རྣམས་གཞུང་ལ་བཅའ་ཁྲལ་འབུལ་དགོས་པ་གཅིག་བྱས་ན་ཤེས་ཀྱི་མེད་སྲིད།
མདོ་དོན། ད་རེད་དངུལ་འབོར་ཆེན་པོ་དེ་གཞུང་བཞེས་གཏང་གི་ཡོད་ནའང་འདྲ། ཉེས་པ་གཏང་གི་ཡོད་ནའང་འདྲ། གང་ལྟར་ཁྲིམས་ལུགས་ལྟར་ཐག་གཅོད་གནང་གི་ཡོད་པ་ཡིན་ནའི་ཁུངས་ལུང་རྒྱུ་མཚན་མེད་པའི་གསང་ཉུལ་ཟེར་བའི་སྐད་ཆ་དེ་རྣམས་མཉམ་བསྲེས་བྱེད་མི་འོས་པ་རེད། རྡ་ས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༡ ལ་བྲིས།། །།
གང་ལྟར་ཁྲིམས་ལ་གཏུགས་ཏེ་མཐའ་གསལ་བ་ཞིག་མ་བྱས་ན་བོད་མི་ཚང་མ་ལ་རྗེས་སུ་དཀའ་ངལ་འཕྲད་ཀྱི་རེད། ཚང་མས་འཕྱར་གྲུ་མཉམ་འདེགས་གནང་རོགས།
དངུལ་སྒོར་མང་དུ་ཡོད་པའི་རྐྱེན་གྱིས་སུ་དང་སུ་ཡིན་ཀྱང་། ཡུལ་དེ་དང་དེ་ཡི་སོ་པ་ཡིན་འདུག་ཅེས་སྨྲ་བ་དང་། རྒྱུ་མཚན་ཁུངས་སྐྱེལ་མེད་པར་གསར་ཤོག་ཏུ་བཀོད་པ་ནི། ཁྲིམས་འགལ་ཡིན་པ་དང་། རྣམ་དཔྱོད་ཀྱིས་དབེན་པའི་བྱིས་པའི་འཆལ་གཏམ་ལ་རྣམ་དཔྱོད་ལྡན་པའི་སྐྱེ་བོ་སུ་ཞིག་གིས་ཀྱང་ཡིད་ཆེས་མེད་པར་རྫུན་ཚིག་སྨྲ་བ་པོ་རང་ཉིད་རྫུན་པ་ཡིན་པར་ངོས་འཛིན་པ་མ་གཏོགས། སྐྱེས་བུ་སྐྱོན་མེད་ལ་སྐྱོན་ཅན་དུ་སུས་འཛིན་ནུས་མི་ནུས་སོ། །
བརྫུན་གྱིས་ཕ་རོལ་བསླུས་སོ་ཞེས།
སྙམ་ན་རང་ཉིད་བསླུས་པ་ཡིན།
ལན་གཅིག་བརྫུན་དུ་སྨྲས་པ་དེས།
བདེན་པར་སྨྲ་ཡང་དོགས་པ་སྐྱེ།།
ཞེས་པ་ལྟར་རྫུན་སྨྲ་ལ་རྣམ་དཔྱོད་དང་ལྡན་པ་དག་གིས་ཡིད་ཆེས་མཛད་མེད་པ་བདེན་པ་སྟེ། བདེན་པ་ཉིད་རྒྱལ་བར་ངེས་སོ།།
ཇི་སྐད་དུ།
སྐྱབས་སོང་བསོད་ནམས་གཟུགས་ཡོད་ན། །
སྟོང་གསུམ་འདི་ཡང་སྣོད་དུ་ཆུང་། །
ཞེས་པས་རྒྱ་གར་ཉེན་རྟོག་པས་བསྐལ་པའི་བར་དུ་གོ་བར་མི་འགྱུར།
ཀརྨ་པ་མཆོག་ནི།
དེ་ནས་བཟུང་སྟེ་གཉིད་ལོག་གམ། །
བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །
རྒྱུན་མི་ཆད་པར་དུ་མ་ཞིག །
ནམ་མཁའ་མཉམ་པ་རབ་ཏུ་འབྱུང་། །ཞེས་གསུངས་པ་ལྟར་དང་།
དོན་རྐྱེན་འདི་ནི།
གང་ལ་གནོད་པ་བྱས་ཀྱང་བདེ་འབྲེལ་བ། །
བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆིས། །
གསུངས་པ་ལྟར་བཟོད་སྒོམ་དགོས་སོ། །
རྒྱ་གར་སྐད་དུ་རྒྱ་གར་གཞུང་གིས།
སཏྱམེཝ ཇཡཏེ། རོབ་བསྒྱུར་ཙམ་བྱས་ན། བདེན་པའི་མཐའ་ནི་རྒྱལ་བའོ། །ཞེས་པ་ལྟར་རོ། ། དགེའོ། །
གསར་འགྱུར་འདི་ག་ས་གང་ལ་ཆེན་པོ་འདྲ་ཞིག་བཟོ་བཞིན་འདུག་མོད། ༧དཔལ་རྒྱལ་བ་ཀརྨ་པ་བླ་ཆེན་ཞིག་གི་བླ་བྲང་ལ་མཚོན་ན་དངུལ་དེ་འདྲ་ཞིག་གང་ཡང་ཡིན་རྒྱུ་མ་རེད། དད་ལྡན་ཚོས་ཕུལ་བ་ཞིག་གི་སྟེང་དུ་དགོན་པ་བཞེངས་པའི་འཆར་གཞི་ཡོད་ན། ངེས་པར་དུ་རྩིས་པ་ནི་རྒྱ་གར་གྱི་ཁྲིམས་ལུགས་ཤེས་པ། མཐོ་སློབ་ཁག་ནས་རྩིས་པའི་སློབ་ཐོན་ལག་ཁྱེར་ཡོད་པ་དེ་འདྲ་ཞིག་བསྐོ་བཞག་གནང་དགོས། དངུལ་གཉེར་མཁན་བླ་རྒན་དེ་ཚོ་ཡག་པོ་ཡོད། བརྟན་པོ་ཡོད། དངུལ་ཡར་མར་བསྐྱལ་མཁན་ཡང་བླ་རྒན་དེ་ཚོ་ཡག་པོ་ཡོད་པ་རེད། རྒྱ་གར་བ་སྒེར་བའི་རིགས་དངུལ་གྱི་སྐོར་ལ་ཞེ་དྲག་ཇུས་གཏོགས་བྱས་མ་འཇུག དེ་ནས་ཁྲལ་རྒྱག་དགོས་རིགས་ལ་ཁྲལ་རྒྱག་དགོས་པ་རེད། དེ་ནས་དངུལ་ཉར་ཕྱོགས་ཐད་ནས་ཁྲིམས་མཐུན་དེབ་བསྐྱེལ་ཡོད་པའི་ཚོགས་པ་དེ་འདྲའི་མིང་ཐོག་ནས་རྩིས་བརྒྱབ་པ་ཡིན་ན་ཡག་པོ་ཡོད་ཀྱི་རེད། འདི་དག་ནི་གལ་ཆེན་པོ་རེད། དད་རྫས་ཆུད་ཟོས་སུ་མི་འགྲོ་བ་ཞིག་གནང་གལ།
དེ་མིན་རྒྱུ་ལམ་ཁག་དུ་གནད་དོན་འདི་ཆེན་པོ་འདྲ་བཟོ་བ་དང་། གསང་ཉུལ་རེད་ཟེར་བ་སོགས་ལ་ཡ་བྱེད་དགོས་པ་མ་རེད། དེང་སང་གསར་འགྱུར་རྒྱུ་ལམ་ཁ་ཤས་ལ་ཚོང་ཡག་པོ་མེད་པ་དང་། གསར་འགྱུར་ཚོང་ས་མེད་པའི་དཀའ་ངལ་ལ་རྟེན་ནས་ཡ་མཚན་པ་དེ་འདྲ་བཏོན་གྱི་ཡོད་པ་རེད། དེའི་རིགས་ཁྲིམས་ཐོག་ལ་བསྐྱལ་ན་འགྲིག་གི་ཡོད་ཀྱི་རེད་བསམ། འོན་ཀྱང་རྒྱ་གར་གཞུང་ངོས་ནས་ཁྲིམས་ལུགས་ཐོག་ནས་བཙུར་ཡོངས་ན་ཁྲིམས་ལུགས་དང་བདེན་པས་ར་སྤྲོད་བྱེད་དགོས་པ་རེད།
རྩིས་ཀྱི་ལས་རིགས་འདི་དག་སྔོན་ཚུད་ནས་གྲ་སྒྲིག་ལེགས་པོ་མ་བྱས་པ་ནི་གཅིག་ནས་བླ་བྲང་ཕྱག་མཛོད་སོགས་ཀྱི་སྐྱོན་རེད། དེ་མིན་༧ དཔལ་རྒྱལ་བ་ཀརྨ་བ་ལ་ལེ་ཁག་གང་ཡང་ཡོད་པ་མ་རེད། གཉིས་ནས་རང་ཉིད་ལ་ས་ཆ་མེད་པར་རྒྱ་གར་ཚང་ལ་གནས་ཚང་གཡར་ཡོད་པ་དེའི་སྐྱོན་རེད། རྒྱ་གར་གཞུང་ལ་ཞུ་ཡ་མེད་ཀྱང་ས་གནས་ལས་བྱེད་ཁ་ཤས་ནང་ན་སྤྱང་ཀི་ལྟ་བུ་ཡོད་པ་རེད།
གང་ལྟར་ད་ཐེངས་ཀྱི་རྙོག་དྲ་འདི་ནི་ཕམ་ཁ་ཞིག་མ་རེད། རྒྱལ་ཁ་ཞིག་རེད། གང་ཡིན་ཟེར་ན་འདི་ནས་དངུལ་ཉར་ཕྱོགས་ཐད་ལ་སྦྱོང་བརྡར་ཞིག་ཐོབ་ངེས་རེད། ཀརྨ་བའི་བླ་བྲང་ལ་མཚོན་ན་དངུལ་ཡོང་ཟིན་པ་ལས་ཡོང་རྒྱུ་མང་བ་རྗེས་ནས་རེད། དེ་བས་ན། རྐྱེན་ངན་ལམ་དུ་ལོངས་པར་བྱིན་གྱིས་རློབས།། མི་མཐུན་གྲོགས་སུ་འཆར་བར་བྱིན་གྱིས་རློབས།།
ཀརྨ་པ་ལ་དངུལ་ཡོད་མི་ཆོག་ཟེར་གྱིན་ཡོད་པ་མ་རེད། དངུལ་་ཡོང་ཁུངས་ལ་རྩད་གཅོད་བྱེད་ཀྱིན་ཡོད་པ་རེད། དངུལ་དེ་ཚོ་ཕུལ་བ་མ་རེད་ཟེར་གྱིན་ཡོད་པ་མ་རེད། ཕུལ་མཁན་དེ་སུ་ཡིན་རྩད་གཅོད་བྱེད་ཀྱིན་ཡོད་པ་རེད། མ་གཞི་ཀརྨ་པའི་སྐུ་འཁོར་ཡུལ་ཁྲིམས་ལ་ཐོགས་པ་ད་རེས་ཐེངས་དང་པོ་མ་རེད། སྔོན་མ་ཞིག་ལ་ཡང་སྐུ་འཁོར་ནང་མ་ཞིག་རྒྱ་ནག་ལ་འབྲེལ་ཡོད་དོགས་གཞིས་ཆུ་ཚོད་བཞི་བཅུའི་ནང་ཚུད་དུ་རྒྱ་གར་ལས་ཕྱིར་ཐོན་མ་བྱས་ན་འཇུ་བཟུང་བྱ་རྒྱུ་ཡིན་པའི་བཀའ་རྒྱ་འབྱོར་ཚུལ་ཡོད། ཀརྨ་པ་ལ་རྒྱ་གར་དངུལ་ཁང་དུ་དངུལ་བཅོལ་འཇོག་གི་ཆོག་མཆན་མེད་པ་རེད་ཟེར་གྱིན་འདུག དེ་འདྲ་ཡིན་ན་དངུལ་འདི་འདྲ་མང་པོ་བསྡུས་ནས་ག་རེ་བྱེད་པ་ཡིན་ནམ། རྒྱ་གར་གསར་ལམ་ནས་ཀརྨ་པ་རྒྱ་ནག་གི་གསང་ལས་པ་ཡིན་པའི་ཉེས་འཛུགས་འདིར་རྒྱུ་མཚན་མང་པོ་ཡོད་པ་རེད། དེང་སང་འཛམ་གླིང་གི་ཡུལ་ལུང་གང་ཡིན་ན་ཡང་དངུལ་ཁང་བརྒྱུད་དེ་དངུལ་བྱུང་སོང་ཉར་དགོས་པ་རེད། དངུལ་གྱི་བྱུང་སོང་འཁོར་སྐྱོད་ཟེར་བ་འདི་ཡུལ་ལུང་པའི་དཔྱ་ཁྲལ་བསྡུ་རུབ། དཔལ་འབྱོར་བསྡུ་སྤེལ་དང་། བདེ་འཇགས་བརྟན་སྲུང་། མི་མང་གི་སྐྱིད་སྡུག་ལྟ་རྟོག་སོགས་དང་འབྲེལ་བའི་སྒྲིག་གཞི་གནད་ཆེན་ཞིག་རེད།
མ་གཞི་ཁོང་རྣམ་པར་དཀའ་ངལ་འདི་འཕྲད་དོན་ངོ་མ་དེ་ནི་བླ་ཆེན་འདི་ཚོས། སྤྱོད་འཇུག་ལས་གསུངས་པའི། ནོར་ནི་ཕུང་ཁྲོལ་མཐའ་ཡས་ཤེས་པར་བྱ༎ཞེས་པ་དེར་གོ་བ་གཏན་ནས་མ་ལོན་པའི་སྐྱོན་རེད།
ད་ལན་རྒྱ་གར་གྱི་བྱེད་སྟངས་དེ་ཐབས་སྐྱོ་བོ་རེད། དམིགས་བསལ་གསར་འགྱུར་བརྒྱུད་ལམ་ཁ་ཤས་ནས་དྲང་བདེ་གྱི་བརྟགས་དཔྱད་མེད་པར་ཁ་ནས་གང་ནས་གང་ཐོན་ཤོད་ཀྱི་འདུག
ཀརྨ་པའི་སྐུ་དོན་ལ་རེ་ཞིག་བོད་གཞུང་དང་རྒྱལ་བ་རིན་པོ་ཆེསམི་སྨྲའི་བརྟུལ་ཞུགས་དྭངས་ལེན་བྱས་ན་ལེགས་ཏེ་ཚང་མས་སྐྱག་པ་ལག་རུབ་བྱས་སོང་། རོགས་སྐྱོར་བྱེད་ན་མི་མངོན་པར་བྱས་ཏེ་དོན་ལ་ཕན་ཐབས་བྱེད་རྒྱུ་ལས། གསར་འགྱུར་བརྒྱུད་ལམ་ནས་སྡུག་སྐད་སྒྲོགས་པ་དེ་རང་ཉིད་ཀྱི་ཆེ་མཐོང་ཆུ་ལ་བསྐུར་བ་རེད། བོད་གཞུང་དང ༧རྒྱལ་བ་རིན་པོ་ཆེས་ད་ལྟ་ཀརྨ་པའི་དོན་ལ་རྒྱབ་གནོན་བྱེད་རྐྱང་བྱས་པ་ནི་ཤིན་ཏུ་ནས་མི་འོས་པ་ཞིག་རེད། གཅིག་ཏུ་དངུལ་གྱི་དོན་དག་ཆུང་ཆུང་ཞིག་རེད། གཉིས་སུ་བོད་ཀྱི་བླ་མ་དང་ཚོང་པའི་དངུལ་གྱི་དོན་བྱུང་ཚད་ལ་རྒྱབ་སྐྱོར་བྱེད་མ་ཐུབ་ན་འདྲ་མཉམ་ཟེར་བའི་ཡིད་ཆེས་བརླག་ཚར་བ་རེད། གསུམ་དུ་འདས་པའི་ལོ་རྒྱུས་སུ་བྱ་བ་འདི་རིགས་ལ་བོད་གཞུང་ནས་ཕལ་ཆེར་སྒེར་གྱི་དོན་དུ་ཐག་གཅོད་བྱས་པ་ཤ་སྟག་རེད། མ་ཟད་རེ་གཉིས་ལ་ཁྲིམས་འགལ་བྱུང་ན་ཁྲིམས་བཞིན་ཐག་གཅོད་འོས་ཞེས་འུད་ཆེན་པོ་ཡང་བཤད་ཡོད་པ་རེད། ལོ་རྒྱུས་ནང་དུ་སྒོར་མོའི་དོན་ཆེན་ཆེ་ཕྲ་བྱུང་རིགས་ལ་མཚོན་ན། གྲུབ་དབང་པདྨ་ནོར་བུའི་སྔོ་རྟེན་ལ་ཉེས་མེད་སྐྱོན་འཛུག ཀ་ལི་རིན་པོའི་གསེར་གཞུང་བཞེས། གཞན་སྐུ་ངོ་རྒྱལ་ལོ་དོན་གྲུབ། སྟོབས་དགའ་རིན་པོ། ཀ་ཐོག་དྲི་མེད་ཞིང་སྐྱོང་སོགས་མི་མང་པོ་ཞིག་ལ་དོན་རྐྱེན་བྱུང་ཚེ་བོད་གཞུང་གི་ཅི་བྱས་སེམས་ན་གསལ། །སྲོལ་ངན་འདི་སྒོར་འབུམ་ཕྲག་ཞིག་གིས་ནམ་ཡང་གཞལ་ཏུ་མེད། མ་འོངས་པར་བོད་ཀྱི་བླ་མ་ཚོང་པ་སོགས་ལ་དངུལ་གྱི་གནད་དོན་བྱུང་ན་བོད་གཞུང་དང་རྒྱལ་བ་རིན་པོ་ཆེ་བཙལ་ཆོག་ཆོག་རེད། དེ་དུས་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གི་གསར་འགྱུར་བརྒྱུད་ལམ་ནས་རོགས་པ་མ་གནང་ཚེ་བོད་སྤྱི་བའི་གཞུང་དང་། སྤྱི་ནོར་༧ནོར་གོང་ས་སྐྱབས་མགོན་ཆེན་པོ་ཞེས་པའི་སྤྱི་སྒྲ་དེ་སྒེར་སྒྲར་རང་བཞིན་ཤུགས་ཀྱིས་འགྱུར་བ་རེད། རྒྱལ་བ་རིན་པོ་ཆེས་བོད་གཞུང་ལས་བགྲེས་ཡོལ་ཡིན་ཞེས་ཐག་བཅད་མ་ཐག ལས་ཀ་ཆུང་ངུ་ལ་ཞིག་ལ་ཡང་ཐེ་གཏོགས་བྱེད་པའི་རྣམ་པ་བསྟན་པ་དང་། འཛམ་གླིང་གི་མི་གྲགས་ཅན་ཞིག་ཡིན་པའི་ངོས་ནས་དངུལ་ཁྲལ་མ་མཇལ་ནའང་ཁྲིམས་འགལ་མིན་པའི་ཟོལ་བསྟན་པ་འདི་མིག་ལྟོས་ལ་ཡང་གནོད་སྙམ། འདི་རིགས་བཀོད་སྒྲིགས་བྱེད་མཁན་གྱི་སྐུ་སྒེར་ལས་ཁུངས། གཞུང་ཞབས་ནས་རྒྱལ་བ་རིན་པོ་ཆེ་ལ་སྒོར་འབུམ་བརྒྱས་ནམ་ཡང་ཉོ་་མི་ཐུབ་པའི་གནོད་པ་ཚབ་ཆེན་བསྐྱལ་ཚར་བ་རེད། ཤ་ཚ་བའི་གཏམ་ལ་སྙན་པོ་མེད། དགོངས་དག་ཞུ།
དྲ་གྲོགས་BBC གསུངས་པ་བཞིན་རེད་མོད་གནད་དོན་དེར་བསམ་བློ་གཏོང་རྒྱུ་འགའ་ཤས་འདུག
༡༽ཡུལ་ཁྲིམས་བཞིན་དངུལ་ཉར་ཡག་པོ་བྱེད་མ་ཐུབ་པ་ནི་ང་ཚོའི་ཕྱོགས་ནས་ནོར་བ་རེད།
༢༽དངུལ་མང་པོ་དེ་འདྲ་འཁྱེར་འགྲོ་བ་རྒྱ་གར་ཉེན་རྟོག་པས་ཇི་ལྟར་ཤེས་སམ།ཉེན་རྟོག་པར་སྔོན་ཤེས་ནི་མེད།དེ་ནི་ནང་ཁུལ་ལ་དོག་གཞི་ཆེན་པོ་ཡོད།དེའི་ཐད་ལའང་བསམ་བློ་གཏོང་དགོས་གལ།
༣༽ཉེན་རྟོག་པས་དངུལ་བཙན་འཕྲོག་བྱས་པ་དེ་རྒྱ་གར་གྱི་ཁྲིམས་ནང་མཐུན་མིན་བརྩད་ནས་མ་མཐུན་ཉེན་རྟོག་པ་ཁྲིམས་ལ་སྦྱོར་དགོས།
༤༽ཁུངས་ལུང་མེད་པའི་གཟུགས་མེད་གྲིབ་བཟོས་ཀྱི་གནས་ཚུལ་ཆེན་པོ་བཟོ་མཁན་མཁན་གསར་འགོད་པ་གཏེ་པོ་དེ་དག་གོ་སྐབས་དེ་དང་བསྟུན་ནས་ཁྲིམས་སྦྱོར་ཐུབ་པ་བྱ་དགོས།གང་ཡིན་ཟེར་ན་རྒྱ་གར་གསར་འགོད་པས་བོད་པའི་གནས་ཚུལ་རྫུན་བསྒྲགས་བྱས་པ་དེ་ད་རེས་གཅིག་བུ་མ་རེད།དེ་སྔ་ལྷོ་ཕྱོགས་སུའང་དེ་འདྲ་བ་བྱུང་བ་རེད།
༥༽གནས་ཚུལ་དེ་འདྲ་ཐོན་སྐབས་བོད་མི་ཚང་མས་རྡོག་རྩ་ཆིག་སྒྲིལ་ངང་དཔུང་པ་མཉམ་སྒྲིག་དང་དབུགས་མཉམ་གཏོང་གི་ཁ་གཏད་བཅགས་ན་དགྲ་བོར་བྱ་རྒྱུ་གང་ཡང་ཡོང་གི་མ་རེད།
གནས་ཚུལ་འདི་འདྲ་ཞིག་བོད་ཀྱི་དབུ་ཁྲིད་ཀྱི་མི་སྣ་ཞིག་གི་ཐོག་ལ་འབབས་པ་འདི་སེམས་སྐྱོ་འོས། གོང་དུ་མཆན་འགོད་མཁན་འགས་གསུངས་པ་བཞིན། དངུལ་ཡོད་མེད་དང་མང་ཉུང་མ་རེད། དངུལ་ཉར་སྟངས་དང་འབྲེལ་བ་ཡོད། རྩིས་པ་དགོས་ལ་དངུལ་གཉེར་དགོས་ལ་དོ་དམ་ཚོགས་ཆུང་ཚགས་ཚུད་པོ་ཞིག་དགོས་པ་ཐག་གིས་ཆོད།
གཙོ་བོ་འདི་རྒྱལ་དབང་མཆོག་གིས་ཐེབས་རྩ་ཚོགས་པ་ཞིག་བཙུགས་ནས་དངུལ་དེ་དག་སྤྱི་ཚོགས་ཕན་བདེའི་བྱ་གཞག་ཐོག་ལ་གཏང་ཐུབ་ན་ཤིན་དུ་ལེགས།
རྒྱལ་བ་རིན་པོ་ཆེ་ལ་ཡང་ཐེབས་རྩ་ཞིག་ཡོད་པ་དང་ཐེབས་རྩ་འདི་བརྒྱུད་ནས་དད་དངུལ་རྣམས་སྤྱི་ཚོགས་ལ་ཕན་པར་བྱེད། རྗེས་དུ་ཡི་རངས་ཡོད།
ད་ཀརྨ་པ་བཅུ་བདུན་པའི་ཐེབས་རྩ་ཞེས་པའི་ཚོགས་པ་ཞིག་འཛུགས་ནས་དངུལ་དེ་དག་བོད་དང་འཛམ་གླིང་སྤྱི་ལ་ཕན་ཆེད་བཀོལ་ཐུབ་ན་ཤིན་དུ་ལེགས།༷༷། ད་དགོན་པ་གཅིག་པུ་མ་ཡིན་པར་སློབ་གྲྭ་དང་ལག་རྩལ་སྦྱོང་བརྡར་སོགས་བཙུགས་ནས་ཕྱི་ནང་གི་མི་རིགས་ཀུན་པ་ཕན་པར་མཛོད་རོགས།
ཀརྨ་པ་མཁྱེན་ནོ། ཐེབས་རྩ་ཚོགས་པ་ཞིག་མཁྱེན་ནོ།
ཚངས་དབྱངས་ཟེར་བ་ཁྱེད་ཚད་ལས་བརྒལ་གྱི་འདུག ཀརྨ་པ་བོད་ཀྱི་བླ་ཆེན་ཞིག་ཡིན་པས་བོད་རིགས་ཚང་མ་ན་ཚ་བཏང་གི་ཡོད་པ་གཅིག་མཚུངས་ཡིན་ཡང། ཁྱེད་ནང་བཞིན་བོད་ཀྱི་དབུ་ཁྲིད་ཟེར་མཁན་མི་འདུག དེ་བས་ཅིག་མི་ཤེས་ན་ཤེས་ཁུལ་མ་བྱེད། མ་གཞི་ནས་ཁྱེད་མི་ཤེས་སར་འཚིང་ཁ་རྒྱགས་རྒྱུར་ཞེ་དྲག་དགའ་བོ་ཡོད་མཁན་ཞིག་རེད་འདུག སྐད་ཆ་བཤད་དུས་ཁུངས་ལུང་ཡོད་ཉན་ཅིག་ཤོད་དང་ལོ།
ཚངས་དབྱངས་དང་དབང་ཆེན་ཟེར་བ་གཉིས་ལ་དོགས་པ་ཆེན་པོ་འདུག མི་འདི་ཚོ་གང་འདྲ་ཡིན་མིན་ཤེས་དཀའ། བླ་བྲང་ནས་དངུལ་དམར་ཉར་བའི་གནས་ཚུལ་འདི་ཡུལ་ཁྲིམས་དང་མི་མཐུན་པ་ཚང་མས་ཤེས་ཀྱི་ཡོད། འོན་ཀྱང་འདི་གནས་ཚུལ་ཆུང་ཆུང་ཞིག་རེད་ལ། འདི་ལའང་རྒྱུ་རྐྱེན་ངེས་ཅན་ཞིག་ཡོད་པ་བླ་བྲང་ནས་གསལ་བཤད་ཟིན་པ་དང་། འདིའི་ཐད་རྒྱ་གར་གཞུང་ལའང་ལན་པ་ཡོད་པ་བླ་བྲང་ནས་དངོས་ར་སྤྲད་ཡོད། འདིའི་ཐད་རྒྱ་གར་ཉེན་རྟོགས་པ་སོགས་ལ་ལག་པ་འཇུ་ས་དེ་ཙམ་མེད། འདིུ་ཐད་འཚང་ག་རྒྱག་དགོས་མ་རེད། མཇུག་སྐྱེལ་མཁན་ཡོད་པ་རེད། འོན་ཀྱང་བརྒྱུད་ལམ་ཁག་ནས་ཀརྨ་པ་རྒྱ་ནག་གཞུང་གིས་སོ་པ་རེད་ཅེས་འཛམ་གླིང་ལ་ཁྱབ་བསྒྲགས་བྱས་པ་འདི་གནས་ཚུལ་ཆུང་ཆུང་ཞིག་གཏན་ནས་མ་རེད། བརྒྱུད་ལམ་ཁག་གི་རྒྱབ་ཏུ་སུ་ཡོད་མེད་ཤེས་དགོས་རྒྱུ་གལ་ཆེན་པོ་རེད་སྙམ། གནས་ཚུལ་འདི་ཧ་ཅང་གི་ཚབས་ཆེན་པོ་ཞིག་རེད། འདི་ཐད་ཁྲིམས་གཏུགས་རང་བྱེད་དགོས། གལ་ཏེ་དཔང་རྟགས་མེད་ན་དཀར་འདོན་དང་དཔང་རྟགས་ཡོད་ན་འདི་རྒྱ་གར་གཞུང་ལ་དགོས་རྒྱུ་དེ་རེད། ད་འོ་ན་ཞྭ་དམར་བ་དང་དོལ་ཚོགས་གང་བྱེད་ཀྱི་ཡོད་འགྲོ །ཕལ་ཆེར་ཁོ་ཚོ་དགའ་ཐག་ཆོད་ནས་ཐུགས་སྤྲོ་བཏང་བ་དང་ཞྭ་གྲྭ་ཆས་གོན་གོན་པར་ཞབས་བྲོ་རྒྱག་གི་ཡོད་པ་ཐེ་ཚོམ་མེད། ད་གཟབ་དགོས། ཞྭ་དམར་འདི་ཧམ་པ་ཚ་རུ་ཚ་རུ་རེད།
བི་བི་སི།
ཁྱེད་ཀྱིས་དེ་ལྟར་གསུང་མི་ཉན།
ཡང་དོན་མེད་ཆོས་ལུགས་དང་འཐེན་འཁྱེར་གྱི་རླུང་འཚུབ་ཞིག་གིས་
ཁ་བརྡའི་དྲྭ་གྲོགས་ཚོ་འཛོམས་སའི་གླིང་ཁ་འདི་ནག་འཚུབས་སེ་བཟོ་སྲིད།
ཚངས་དབྱངས་ཟེར་བ་འདི་མགོ་ལོག་ལ་ཀླུའུ་ཟིག་ཡོད་པ་དེ་རེད་ཟེར།
བོད་གཞུང་ལ་སྐྱོན་ཆ་ཞིག་བྱུང་ཚད་ཞྭ་དམར་དང་དོལ་ཚོགས་ཀྱི་ཕྱོགས་ལ་འཕེན་རྐྱང་བྱས་ན་ཞིབ་གཤེར་པ་ཚོའི་དབུ་དང་རྐང་པ་ན་མི་དགོས་པར་ཐག་གཅོད་སླ་ས་ནས་བྱེད་བདེ་བོ་ཡོད། འོན་ཀྱང་ཀརྨ་བཀའ་རྒྱུད་ཞིག་ཡིན་ཚེ་ཞྭ་དམར་ལ་ཁ་བཏང་ན་དམ་ཉམས་དུ་འགྱུར་ཉེན་ཆེ་བས་གཟབ་དགོས། ཞྭ་དམར་ཀརྨ་བཅུ་དྲུག་པའི་སྐུ་ཚ་རེད། བླ་མའི་འཁོར་ནི་བླ་མ་བཞིན་དང་། དེ་ཡི་ཉེ་འཁོར་སྡུག་པའང་བླ་མ་བཞིན། །ཞེས་དང་། ཀརྨ་བཅུ་དྲུག་པས་མཛད་པའི་ཞྭ་དམར་པའི་ཞབས་བརྟན་ཏུ། འཕགས་མཆོག་གངས་ཅན་མགོན་པོ་སྤྱན་རས་གཟིགས། །ངོ་བོ་གཅིག་བསྡུས་དཔལ་ལྡན་ཀརྨ་པའི། །གསང་གསུམ་དབྱེར་མེད་རིགས་གསུམ་མགོན་པོའི་ཚུལ། །གང་དེའི་རྣམ་སྤྲུལ་མཆོག་སྤྲུལ་ཉིན་བྱེད་དབང། །སྒྲུབ་བརྒྱུད་བསྟན་པའི་བདག་པོར་མངའ་གསོལ་ཞིང་། །དགེ་ལེགས་ཤིས་པའི་མེ་ཏོག་འཐོར་བ་དང་། །དྲང་སྲོང་དམོད་པའི་བདེན་ཚིག་ཟུང་འབྲེལ་མཐུས། །བསྟ་པའི་བདག་པོ་རྟག་བརྟན་དར་རྒྱས་ཤོག །ཅེས་དང་།ཚིག་གི་བདེན་པའི་དམོད་པ་དེང་བོར་བས། །རྩ་གསུམ་བསླུ་མེད་བདེན་པའི་མཐུ་བསྐུལ་ཏེ། །མ་ཧཱ་ཀཱ་ལ་ལྕམ་དྲལ་དྲེགས་པའི་ཚོགས། །མཆོག་གི་སྤྲུལ་སྐུའི་ལུས་དང་གྲིབ་བཞིན་འགྲོགས། །ཅེས་པ་སོགས་མཐོང་བ་ཙམ་གྱིས་རྗེ་བཅུ་དྲུག་པ་ལ་དད་པ་བྱེད་མཁན་ཞིག་ཡིན་ཚེ་བ་སྤུ་གཟེངས་དགོས་པ་ཞིག་རེད། ཞྭ་དམར་པ་ཆུང་སྐབས་རྗེ་བཅུ་དྲུག་པས་ལན་མང་པོར་གཞུང་ལ་སྙན་ཞུ་ཕུལ་ཏེ་གཞུང་ནས་བཀའ་འཁྲོལ་བྱུང་པ་དང། ཁྲི་འདོན་སྐབས་བོད་གཞུང་གིས་ཆོས་རྒྱུན་བཞིའི་ཡོད་གང་དགོས་ཀྱི་བླ་ཆེན་ཁག་གིས་ཤིས་པར་བརྗོད་ནས་མངའ་གསོལ་བར་མ་ཚད། རྒྱལ་བ་རིན་པོ་ཆེས་ཀྱང་ཐུབ་པ་རྡོར་གདན་མ་དང་ངོས་འཛིན་ཕྱག་བྲིས་བསྩལ་ཡོད་ཚུལ་མགྲོན་གཉེར་ཕ་ལྷ་བའི་ཞལ་ནས་གསུངས། གུས་པ་ནི་རྗེ་བཅུ་དྲུག་པ་ལ་དད་པའི་རྐྱེན་གྱིས་སི་ཏུ་དང་ཞྭ་དམར་སུ་ཡིན་ཡང་གུས་པ་བྱེད་གྱིས་ཡོད། མ་ཟད་ཀརྨ་པའི་ཡང་སྲིད་གཉིས་གར་དག་སྣང་སྦྱང་གི་ཡོད། ད་ལྟའི་དོན་རྐྱེན་དེ་ཞབས་ཞུས་འཐུས་ཤོར་ལས་ཀརྨ་པ་ལ་སྐྱོན་ཡོད་པའི་དོགས་པ་གཏན་ནས་མེད། ཀརྨ་པ་སྐུ་ཚེ་ཞབས་པད་བརྟན་ཅིང་མཛད་ཕྲིན་རྒྱས་པའི་སྨོན་ལམ་ཡོད། འོན་ཀྱང་སྐུ་སྒེར་བོད་གཞུང་གི་བྱེད་སྟངས་ནོར་བ་རེད་བསམ་པ་ལས་ད་དུས་རྒྱུ་མཚན་ཡང་དག་པ་རང་ཡང ཡིད་ཆེས་པ་ཞིག་རྙེད་མ་སོང་། ད་ལྟའི་འཆར་སྒོ་འདི་ལ་ཡིད་བརྟན་ཡང་མེད།
ཞྭ་དམར་འཁྲུངས་དུས་སྐྱེ་སྤྲུལ་རྩོད་མེད་རེད། །
མཐའ་ཡས་རྡོ་རྗེ་བསྐོས་པ་རྨོངས་འཁྲུལ་རེད། །
འཕྲིན་ལས་རྡོ་རྗེ་ཀརྨ་པ་ཡི་ཡང་སྲིད་རེད། །
ཡིན་མིན་འཁྲུལ་བས་དབང་ཆེན་དེ་བས་འཁྲུལ། །
ཀརྨ་པ་མཁྱེན། ཀརྨ་པ་མཁྱེན་ནོ།།
མཐའ་ཡས་རྡོ་རྗེ་ངན་ཀྱང་དགེ་འདུན་པ། །ཨོ་རྒྱན་རྡོ་རྗེ་བཟང་ཡང་དགེ་འདུན་པ། །དགེ་འདུན་སྡེ་དེ་དད་པ་སྤྱོང་བའི་ཡུལ། །བདེན་ཀྱང་རྨོངས་ཡང་གཉིས་ཀ་མཉམ་པ་ཉིད། །རྩོད་མེད་སྤྲུལ་སྐུ་རྨོངས་འཁྲུལ་ཕུང་པོ་ཅན། །སྲིད་པར་མཆིས་ན་འཕགས་པའི་ལུང་གིས་བཀག །རང་ཚིག་སྔ་ཕྱི་འགལ་བའི་ལམ་བཅའ་པ། །རབ་འབྱམས་ཆེན་པོའི་མཚན་ཡང་ལྷུང་ལ་ཁད། །རིག་པའི་རྡོ་རྗེས་འབད་པའི་བཙལ་བ་ཡི། །སྤྲུལ་བའི་སྐུ་གཉིས་མཛད་པ་ཇི་འདྲ་ཡང་། །ཀུན་རྫོབ་འཁྲུལ་བའི་བློ་ལས་རིང་བསྐལ་བས། །བླུན་པོ་བདག་གིས་དཔྱད་པའི་ཡུལ་ལས་འདས། །ཆེན་པོ་དབུ་ན་བཞུགས་པའི་བླ་སྤྲུལ་ནས། །དམར་སེར་གོས་ཀྱིས་གཡོགས་པའི་གྲྭ་བཙུན་ཀུན། །ཐུགས་མཐུན་ཁྲིམས་གཙང་ཐོས་བསམ་སྒོམ་པ་ཡིས། །རྒྱལ་བསྟན་སྤེལ་བ་ནར་མའི་སྨོན་པ་ལགས། །
ར྄ྒྱལ་བ་ཀར྄ྨ་པའི་ས྄ྐོར་ལ་བ྄ླ་བྲང་གི་གསལ་བཤད། བཙན་བྱོལ་བོད་གཞུང་གི་དྲ་ར྄ྒྱ་ནས་བཏུས།
རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གི་བླ་བྲང་གི་སྐྱེ་སྤྲུལ་ངོས་འཛིན་ལག་བསྟར་བ་སྐྱོ་བྲག་དགའ་དབང་ལགས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་བ།
By thogmed on January 31, 2011
༢༠༡༡ ཟླ་ ༡ ཚེས་ ༣༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༣༠ ཉིན་རྡ་སའི་ཉེ་འགྲམ་རྒྱུད་སྟོད་དགོན་དུ་ཕྱེད་ཡོལ་ཆུ་ཚོད་ ༣།༣༠ ཐོག་བཀའ་བློན་ཁྲི་ཚབ་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་དང་། རྒྱལ་བ་ཀརྨ་པ་རིན་པོ་ཆེའི་བླ་བྲང་གི་ཕྱག་མཛོད་ཀརྨ་ཅུང་རྒྱལ་པ་ལགས། རྒྱ་གར་ཁྲིམས་རྩོད་པ་ Naresh Mathur ལགས་དང་། ཀརྨ་པ་རིན་པོ་ཆེའི་བླ་བྲང་གི་འབྲེལ་མཐུད་པ་མགོན་པོ་ཚེ་རིང་ལགས་དང་་བླ་བྲང་གི་སྐྱེ་སྤྲུལ་ངོས་འཛིན་ལག་བསྟར་བ་སྐྱོ་བྲག་དགའ་དབང་ལགས། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་། གསར་འགོད་པ་བཅས་ལྷན་འཛོམས་ཐོག་མགོན་པོ་ཚེ་རིང་ལགས་ཀྱིས་གསར་འགོད་གསལ་བསྒྲགས་དང་འབྲེལ་བའི་ངོ་སྤྲོད་གནང་གྲུབ་མཚམས་སྐྱོ་བྲག་དགའ་དབང་ལགས་ཀྱིས་གསུང་དོན།
རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་བོད་ནས་ཆིབས་སྒྱུར་གནང་དགོས་དོན་རབས་དང་རིམ་པ་ཡོད་པའི་ནང་ནས་གཙོ་བོ་ནི། ཁོང་བོད་ལ་བཞུགས་པ་ཡིན་ན་རྒྱ་མིས་བེད་སྤྱོད་གཏོང་རྒྱུ་ཡིན་པ་དངོས་ཡོད་གནས་ཚུལ་རེད། གལ་ཏེ་དེ་ལྟར་བེད་སྤྱོད་བཏང་ན་བོད་པའི་རྩ་དོན་དང་རྒྱབ་འགལ་འགྲོ་རྒྱུ་ཡིན་པར་བརྟེན་འདི་གར་ཆིབས་སྒྱུར་གནང་བ་ཞིག་ཡིན། ཕྱོགས་གཞན་ཞིག་ནས་རྒྱ་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་རྒྱུའི་ལས་འགུལ་རབ་དང་རིམ་པ་སྤེལ་དགོས་རྒྱུ་དེ་དངོས་ཡོད་གནས་ཚུལ་ཡིན།
དེར་བརྟེན་རྒྱལ་བ་ཀརྨ་པ་མཆོག་གིས་ཁོང་རང་བོད་མི་རིགས་ལ་སྐྱེས་ནས་ལས་ཀ་དེ་འདྲ་ཞིག་གནང་བ་ལས། རང་ཉིད་ཀྱིས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་སྟེ་སྐྱབས་བཅོལ་དུ་ཆིབས་སྒྱུར་གནང་བ་ཞིག་ཡིན། དེ་ནས་རྒྱལ་བ་ཀརྨ་པའི་མཚན་སྙན་ས་ཕྱོགས་གང་སར་གྲགས་པ་དེ་ཐོབ་གོ་ས་དང་། དཔལ་འབྱོར། མཚན་སྙན་གྲགས་མིན་པར་སྤྱིར་བཏང་ཆོས་ཕྱོགས་དང་ཡང་སྒོས་སྒྲུབ་རྒྱུད་ཀརྨ་ཀམ་ཚང་གི་དབང་ལུང་རྒྱུད་པ་དེ་མ་ཉམས་པའི་ཐོག་ཉམས་བཞེས་གནང་སྟེ།
འཛིན་སྐྱོང་སྤེལ་གསུམ་གནང་རྒྱུར་རྒྱལ་བ་ཀརྨ་པ་ཟེར་བའི་མཚན་སྙན་དང་འགྲོ་དོན་འཕྲིན་ལས་ཀྱི་ལས་འགན་དེ་ཆགས་ཡོད། དེའི་བཞེད་སྲོལ་གཙོ་བོ་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་ནས་དབང་ལུང་ཁྲིད་གསུམ་ཞུ་རྒྱུའི་ཆེད་འདི་ན་བཞུགས་རྒྱུ་མ་གཏོགས་གཞན་ལ་ཕེབས་རྒྱུའི་དགོངས་པ་གཉིས་པ་ཞིག་མེད་པར་སོང་འདི་གར་ཆིབས་སྒྱུར་གནང་ཡོད། སྔོན་མ་གསར་འགོད་པ་ཞིག་གིས་ཁྱེད་རང་གདན་ས་རུམ་བཏེག་སོགས་དགོན་པ་དང་དེ་མིན་དགོན་པ་གཞན་ལ་མ་ཕེབས་པར་རྡ་སར་ཐད་ཀར་ཕེབས་དགོས་དོན་གང་ཡིན་བཀའ་དྲི་གནང་བའི་བཀའ་ལན་དུ། ང་བོད་མི་རིགས་ལ་སྐྱེས་པའི་མི་ཞིག་ཡིན་པ་དང་དེའི་ལྷ་སྐལ་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་ཆགས་ཡོད།
མགོན་པོ་གང་ཉིད་མཆོག་བཞུགས་གནས་རྡ་སར་ཆགས་ཡོད་པར་བརྟེན། ང་འདིར་མ་ཡོང་ན་གང་དུ་འགྲོ་དགོས་སམ། ཞེས་སྔོན་མ་ནས་བཀའ་ལན་གནང་ཡོད། དངོས་ཡོད་གནས་ཚུལ་གྱི་རྒྱུ་མཚན་དེ་དག་ལ་བརྟེན་ནས་ཚུར་ཆིབས་སྒྱུར་གནང་བ་ཞིག་ཡིན།
དཔལ་འབྱོར་ཡོངས་ཁུངས་ཐད་རྒྱ་གར་ལ་སོ་སོའི་རྒྱལ་ཁབ་ཙམ་མ་གཏོགས་རྒྱལ་ཁབ་གཞན་གྱི་དངུལ་ཞེ་དྲག་མཐོང་མྱོང་མེད་དུས་ཏོག་ཙམ་མང་པོ་ཆགས་ཀྱི་ཡོད་འགྲོ། བོད་པའི་ནང་ཆོས་དེ་འཛམ་བུ་གླིང་ལ་ཁྱབ་ཡོད་པ་དེའི་ཆ་ནས་བསམ་བློ་བཏང་ན། དངུལ་ནི་ག་རེ་ཡིན་ནའང་ཡོང་ཆོག་པ་ཞིག་རེད། ལྷག་པར་ནང་པ་སངས་རྒྱས་པའི་ཆོས་ལུགས་ལ་སྦྱིན་པ་བཏང་ཟེར་བ་དེ་རྩ་བའི་ལས་ཀའི་སྒྲུབ་བྱ་ཆགས་ཡོད།
ལྷ་བླ་མ་མཇལ་མཁན་ནང་ནས་རྒྱུ་ནོར་ཡོད་མཁན་ཚོས་བླ་མར་འབུལ་བ་ཚད་ཚོད་མེད་པ་དེ་འདྲའང་འབུལ་མཁན་ཡོད། མེད་མཁན་ཚོ་ཡིན་ནའང་ལག་པ་སྟོང་པར་ཡོང་མཁན་ཧ་ཅང་དཀོན་པོ་རེད། དེར་བརྟེན་རྒྱལ་བ་ཀརྨ་པ་སྐུ་ཕྲེང་ན་རིམ་བཅུ་བདུན་བར་ཕེབས་པ་དེའི་མཛད་པ་འཕྲིན་ལས་དང་མཚན་སྙན་ཁྱབ་པའི་རྒྱུ་མཚན་ལ་བརྟེན།
འཛམ་གླིང་ས་ཕྱོགས་གང་ས་གང་ནས་དད་ལྡན་མི་མང་དུ་མ་ཞིག་མཇལ་མཁན་ཡོད་ཅེས་ཁ་ནས་ཤོད་ཙམ་མིན་པར། ཉིན་རེ་བཞིན་ག་ཚོད་སླེབས་ཀྱི་ཡོད་སྐོར་རྒྱ་གར་གཞུང་དང་བོད་གཞུང་བདེ་སྲུང་ལས་ཁུངས་ཀྱིས་ཐོ་འགོད་གནང་བཞིན་ཡོད།
མཇལ་ཞུ་ཚོས་ཨམ་ཕྲག་ནང་ག་རེ་ཡོད་པ་དེ་འབུལ་གྱི་ཡོད་པ་རེད་མ་གཏོགས་ང་ཚོས་འདི་འབུལ་ཆོག་དང་འདི་ཕུལ་མི་ཆོག་ཟེར་རྒྱུ་གང་ཡང་མེད། དེར་བརྟེན་དངུལ་རིགས་མི་འདྲ་བ་དེ་དག་ཡོང་ངེས་པ་ཡིན།
དེའི་ནང་ནས་རྒྱ་ནག་གི་དངུལ་ལ་བསམ་བློ་བཏང་ན་རྒྱལ་བ་ཀརྨ་པའི་སྐུ་ཕྲེང་ན་རིམ་ནས་ད་ལྟ་བར་ལོ་དགུ་བརྒྱ་འགྲོ་གི་ཡོད། དེའི་རིང་གི་མཛད་པ་འཕྲིིན་ལས་སྐྱོང་ས་གཙོ་བོ་བོད་གངས་ཅན་ལྗོངས་ཆགས་ཡོད། དེ་འདྲའི་ལོ་དགུ་བརྒྱ་ཙམ་གྱི་དད་པ་དམ་ཚིག་གི་འབྲེལ་བ་ཡོད་མཁན་མི་བརྒྱ་ཆ་མང་ཆེ་བ་བོད་ལ་ཡོད་པ་དེ་ཚོས་སྲོག་ཚུན་ཆད་བློས་བཏང་སྟེ་༸གོང་ས་མཆོག་གིས་དབུས་བོད་ཀྱི་བླ་ཆེན་རྣམས་མཇལ་ཁར་ཕེབས་ཀྱི་ཡོད།
ཁོང་ཚོས་བེད་སྤྱོད་གཏོང་རྒྱུ་དང་ལག་པའི་ནང་ཡོད་པ་དེ་དག་རྒྱ་ནག་གི་དངུལ་ཡིན་དུས་འདིར་ཕུལ་བའི་རྒྱ་ནག་དངུལ་དེ་དག་་སླེབས་ཡོང་བ་ཞིག་རེད། ཕྱོགས་གཞན་ཞིག་ནས་རྒྱ་རིགས་ནི་རྒྱ་ནག་སྐམ་ས་དང་འཛམ་གླིང་ས་ཕྱོགས་གང་སར་ཡོད། ང་ཚོས་ཤེས་གསལ་རེད། ཨ་རིའི་གྲོང་ཁྱེར་ཁ་ཤས་ནང་སླེབས་སྐབས། རྒྱ་ནག་ལ་སླེབས་པ་ལྟ་བུ་ལས་ཨ་རིར་སླེབས་པའི་ཚོར་སྣང་མི་འདུག དེ་ལྟར་ཁྱབ་བསྡད་པའི་རྒྱ་རིགས་དད་ལྡན་པ་ཡོང་མཁན་ཧ་ཅང་མང་པོ་ཡིན། སིང་གྷ་པུར་དང་། མཱ་ལི་ཤི་ཡཱ། ཐེ་ཝན། ཧོང་ཀོང་། རྒྱ་ནག་ནང་ཁུལ་ཡིན་ནའང་འདྲ། ཁོང་རང་ཚོ་སྟབས་བདེ་བྱུང་ན་འདི་གར་དགའ་ཞེན་ཐོག་ནས་ཡོང་སྟེ་བླ་མར་འབུལ་བ་སྤྱིར་བཏང་ཚང་མས་འབུལ་གྱི་ཡོད། ལྷག་པར་རྒྱ་རིགས་དེ་དག་གིས་སྒྲུབ་བྱ་གཙོ་བོ་དེ་ལྷ་དང་བླ་མར་འབུལ་བ་འབུལ་རྒྱུ་དེ་ཁོང་ཚོའི་ལམ་དང་ལུགས་སྲོལ་ལྟ་བུ་རེད། དེར་བརྟེན་དངུལ་དེ་དག་གནས་སྟངས་དེ་ལྟ་བུའི་ཐོག་ནས་བྱུང་བ་ཞིག་ཡིན། དེ་བཞིན་དངུལ་གཞན་རྣམས་ཀྱང་ཡོང་ཁུངས་གཅིག་མཚུངས་ཡིན་པ་རེད། གང་ལ་ཞེ་ན།
འཛམ་གླིང་ས་ཕྱོགས་ཚང་མ་ནས་མི་མང་མང་དག་ཅིག་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་མཇལ་ཁར་ཡོང་གི་ཡོད། དེར་བརྟེན་ང་ཚོར་དངུལ་བྱུང་སྟངས་ནི་དེ་ལྟར་རེད།
གཉིས་པ། དངུལ་ཏོག་ཙམ་ཞིག་ང་ཚོས་ཉར་བའི་གནས་ཚུལ་དེ་ལྟ་བུ་ཆགས་ཡོད། དེ་ལྟར་ཆགས་དགོས་པའི་རྒྱུ་མཚན་ཡང་ཕྱོགས་གཅིག་ནས། འདི་གར་ལས་ཀ་བྱེད་ནང་མཁན་མི་སྐྱ་ཡོད་ཀྱང་ལག་ལེན་བསྟར་མཁན་མང་ཆེ་བ་བླ་བྲང་གི་གྲྭ་པ་རེད། གྲྭ་པ་ཚོར་དང་པོ་ནས་ཆོས་ཕྱོགས་སྐོར་གྱི་སློབ་སྦྱོང་སྤྲད་ཡོད་པ་མ་གཏོགས་འཇིག་རྟེན་གྱི་འཛིན་སྐྱོང་སྐོར་ང་རང་ལྟ་བུར་མཚོན་ན་ཉིན་མ་གཅིག་གི་སློབ་སྦྱོང་བྱེད་མྱོང་མེད། ང་ཚོས་ལྷ་མ་བླ་མར་ཞབས་ཕྱི་ཞུ་རྒྱུ་ནི་འདི་ཕྱི་གཉིས་ཀྱི་བསྟན་དོན་ཡིན་སྟབས། ལྷག་བསམ་རྣམ་དག་གིས་བྱེད་རྒྱུ་དེ་ང་ཚོའི་ནུས་པ་གཙོ་བོ་ཡིན། དེར་བརྟེན་ང་ཚོས་གནས་ཚུལ་ཁྲིམས་དང་མཐུན་དང་མི་མཐུན་ཞིབ་ཕྲ་ཡག་པོ་ཤེས་ཀྱི་མེད། ཕྱོགས་གཅིག་ནས་ཕྱི་ལོ་ ༢༠༠༡། ༢༠༠༢ རིང་ཕྱག་མཛོད་དྲུང་ཡིག་བསྟན་འཛིན་ལགས་ཀྱི་གནས་སྐབས་ནས། རྒྱ་གར་གཞུང་ལ་ང་ཚོར་ཕྱི་རྒྱལ་གྱི་དངུལ་ཡོད། དེ་དག་བརྗེ་བསྒྱུར་ཆོག་པ་དང་དངུལ་ཁང་ནང་བཞག་ཆོག་པའི་ཆོག་མཆན་ཞིག་རྒྱ་གར་གཞུང་ནས་སྤྲོད་རོགས་ཞེས་སྙན་ཞུ་རབས་དང་རིམ་པ་ཕུལ་བའི་ཡིག་ཆ་ད་ལྟ་དངོས་སུ་ཡོད། དེ་མིན་དབྱངས་ཅན་མའི་དགེ་ཚོགས་སོགས་མང་པོ་ཞིག་གི་ཆེད་སྙན་ཞུ་རབས་དང་རིམ་པ་ཕུལ་ཡང་ང་ཚོས་བསམ་པ་ལྟར་གྲུབ་འབྲས་སོན་མེད། ང་ཚོས་མི་ལ་འབུལ་མི་ཆོག་ཅེས་བརྗོད་ཐུབ་ཐབས་བྲལ། ང་ཚོས་ཁྲིམས་མཐུན་ཆེད་ཞུས་ཀྱང་གྲུབ་འབྲས་སོན་མེད། དེར་བརྟེན་ང་ཚོས་དངུལ་མ་ཉར་ན་གང་དུ་འཁྱེར་འགྲོ་དགོས་ཀྱི་རེད་དམ།
ཐེངས་འདིའི་གནས་ཚུལ་བྱུང་ས་དེ་རབས་རྒྱས་ཆོས་བཟང་རེད། ཁོང་ནི་ལྷག་བསམ་རྣམ་དག་གི་མི་ཞིག་ཡིན་པར་བརྟེན་དངུལ་གཉེར་ལ་བཞག་པ་རེད། ཁོང་རང་གི་སྡོད་ས་ཡིན་ཡང་རྒྱུད་སྟོད་ཀྱི་བཀའ་དྲིན་ལ་བརྟེན་ཕྱིར་སྡོད་མི་དགོས་པ་ཙམ་ཞིག་བྱུང་ཡོད། ཁོང་གི་ཁང་པའི་ནང་དངུལ་ཉར་ནས་བསྡད་པ་རེད། ཕྱོགས་གཅིག་ནས་ང་ཚོས་ཡག་པོ་མ་ཤེས་པ་དང་ཕྱོགས་གཉིས་ནས་ལས་ཀ་འགོ་འཛུགས་བྱས་པ་ལྟར་གྲུབ་འབྲས་མ་སོན་སྟབས། དངུལ་དེ་དག་མ་ཉར་རང་ཉར་ཆགས་སོང་ཞེས་འགྲེལ་བརྗོད་གནང་ཡོད།
ཡང་ཀརྨ་པ་བླ་བྲང་གི་སྤྱི་ཁྱབ་འབྲེལ་མཐུད་པ་མགོན་པོ་ཚེ་རིང་ལགས་ཀྱིས་གསུང་དོན།
སྤྱིར་བཏང་ང་ཚོས་དངུལ་བསྡུ་རུབ་རྒྱག་རྒྱུ་དེ་ལོ་བཅུ་ཕྲག་ཅིག་གི་ནང་ལ་རེད། དམིགས་ཡུལ་ནི་རིང་མིན་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ལ་ཕོ་བྲང་ཞིག་བརྒྱབ་ཐུབ་ན་སྙམ་སྟེ་དངུལ་དེ་འདྲ་ཞིག་བསྡུ་རུབ་ཐུབ་ཙམ་བྱུང་བ་རེད། བསྐྱལ་ས་མེད་པར་བརྟེན་དེ་ལྟར་ལྷག་པ་གོང་དུ་གསལ་པོ་གསུངས་སོང། དེ་བཞིན་རྒྱུད་སྟོད་ཀྱིས་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ང་ཚོ་འདི་གར་མ་འགྲིག་པ་གཅིག་ཀྱང་མེད། འོན་ཀྱང་ངས་རྣམ་པ་ཚོར་གསལ་བཤད་ཅིག་ཞུ་རྒྱུར། གསར་འགོད་པ་ཚོས་རབ་རྒྱས་ཆོས་བཟང་གི་གྲྭ་ཤག་ཅེས་བརྗོད་ཀྱི་འདུག་ཀྱང་ཁོང་ལ་མི་གཅིག་ཁོ་ནར་གྲྭ་ཤག་ཅིག་མེད། གྲྭ་པ་གསུམ་བཞི་མཉམ་དུ་སྡོད་སའི་ཉལ་ཁང་ཞིག་ཡོད། དེའི་ནང་དངུལ་དེ་དག་བཞག་ཡོད་པ་མ་གཏོགས་སྦས་ནས་བཞག་པ་ཞིག་རྩ་བ་ནས་མིན། གཙོ་བོ་དངུལ་དེ་ང་ཚོས་རིང་མིན་ས་ཆ་བལྟས་ཏེ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཉེ་འཁྲིས་སུ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་སྐུ་བཞུགས་གནང་འདོད་ཡོད་པ་ལྟར་ཕོ་བྲང་ཞིག་རྒྱག་ཆེད་ཡིན། ཕལ་ཆེར་ཕྱི་ལོ་ ༢༠༠༢ ནས་ཀང་ར་རྫོང་ནས་བཀའ་གནང་བ་ལྟར་ཐག་རིང་མིན་པར་༸གོང་ས་མཆོག་གི་ཕོ་བྲང་གི་ཉེ་འདབས་སུ་ཡིན་ཞེས་བཀའ་གནང་ཡོད། སྐབས་དེ་དུས་ང་ཡོད། ཕྱག་མཛོད་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་སྐབས་ནས་རེད། དེར་བརྟེན་ད་ལྟ་ང་ཚོས་འབད་བརྩོན་བྱེད་མུས་ཡིན། ཞེས་འགྲེལ་བརྗོད་གནང་རྗེས་གསར་འགོད་པའི་དྲི་བར་ལན་འདེབས་ཀྱང་གནང་ཡོད་པ་བཅས།།
དྲ་གྲོགས་ཚངས་དབྱངས་ཞེས་པས་ཧ་ཅང་གི་ཐལ་ཆེས་དྲགས་གནས་ཚུལ་བཀོད་འདུག
དེ་ཚོ་ཁ་བརྡ་ཚང་གིས་མ་གཟིགས་པ་གང་ཡིན་ནམ།
ཁོ་པ་རིག་འཚོ་མ་ཟིན་པ་ནི་ཡིན་གྱི་མ་རེད།
རིག་འཚོ་ཟིན་ཡོད་ན་བློ་རྣལ་དུ་གནས་ནས་མཆན་བུ་བྲིས་རོགས།
གཏམ་དྲིས་ན་མ་ཤད་སྒུག་ནས་བཤད་ཞེས་པ་དེ་བདེན་པ་རེད། དབང་ཆེན་ཞེས་པ་འདིའི་རང་མདོག་ངོ་མ་དེ་གཞི་ནས་མངོན་བྱུང། ཁྱེད་རང་ལ་ལན་མེད། ཁྱེད་རང་དང་མཉམ་དུ་བསམ་ཚུལ་བརྗེ་འདོད་མེད།
བོད་ཡིག་ལ་ཤན་ཞུགས་བྱས་ཏེ། དགེ་སློང་ངམ་དགེ་ཚུལ་ལ་དགེ་འདུན་པ་ཞེས་བོད་སྐད་དུ་སྔོན་མེད་ཚིག་གསར་བཀོལ་བ་ཁོ་བོ་སྐད་ཡིག་རྙིང་པར་གོམས་པས་དེ་ཉིད་ཀྱི་སྲུང་སྐྱོབ་ཆེད་དུ། ་ཕྱིན་ཆད་དེ་འདྲའི་དགོས་མེད་ཚིག་མི་བཀོལ་ན་བདག་སོགས་བོད་ཀྱི་སྐད་ཡིག་ཉམས་པ་སོར་ཆུད་མི་ཉམས་པར་འབད་པ་དག་ལ་ཡིད་ཚིམ་པ་འོང་བ་ལགས། གསན་པའི་རེ་འདུན་མཆིས་སོ།
བློ་བཟང་འཇམ་དཔལ་ལགས། ཁྱོད་ཀྱི་སྐད་ཆ་གནམ་ནས་ཐོག་བརྒྱབ་པ་ལྟ་བུ་འདི་གང་ཞིག་ལ་ཟེར་གྱི་ཡོད་ཧ་གོ་མ་སོང་། ཁྱེད་ཀྱིས་བོད་ཀྱི་སྐད་ཡིག་རྙིང་པར་ཞེན་ཆེ་ཚུལ་གསུངས་པ་ཤིན་ཏུ་ལེགས། འོན་ཀྱང་སྐད་ཡིག་རྙིང་པ་ཞེས་པ་དེ་བརྡ་རྙིང་ལ་ཟེར་བ་ཡིན་ནམ་དེ་མིན་གཞན་གང་ཡིན་གྲང་། དགེ་ཚུལ་སློང་ལ་དགེ་འདུན་གྱི་བརྡས་བསྙད་པ་སྔོན་མེད་ཚིག་གསར་ཡིན་ཟེར། འདི་ཁྲོན་པའི་སྦལ་པའི་ངང་ཚུལ་ལས་མ་འདས་པར་སྙམ། འདི་སྔ་མོ་ཆོས་རྒྱལ་གྱི་དུས་སྐབས་ཉིད་ནས་བྱུང་བའི་ཐ་སྙད་ཅིག་རེད། འོན་ཀྱང་གཞུང་ཆེན་ནས་མཚོན་བྱ་དོན་གྱི་དགེ་འདུན་དང་། མཚོན་བྱེད་དཔེའི་དགེ་འདུན་ཞེས་པ་ཁག་གཉིས་བྱུང་ཞིང། ཡང་དགེ་སློང་བཞི་གྲ་གཅིག་ལ་འཕགས་པའི་དགེ་འདུན་དང་དགེ་འདུན་དཀོན་མཆོག་ཏུ་བྱེད་པའང་ཡོད། གང་ལྟར་དགེ་འདུན་དཀོན་མཆོག་ནི་མཐོང་ལམ་ཐོབ་པ་ཡན་ཆད་ལ་ངོས་འཛིན་དགོས་ཀྱང་། འདུལ་བའི་གཞུང་ནས་རབ་བྱུང་གི་སྡེ་ལ་དགེ་འདུན་གྱི་སྡེ་ཞེས་དུས་རབས་བདུན་པ་བརྒྱད་པ་ནས་འབོད་སྲོལ་ཡོད་པར་ཁྱེད་ཀྱིས་དོན་མེད་ཀླན་ཀ་བཙལ་བར་དགོས་པ་ཆུང་བར་སེམས། དཔེར་ན། མདོ་རྣམས་སུ་དགེ་སློང་གི་དགེ་འདུན་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཞེས་པ་དང་། དེ་བཞིན་ལས་བརྒྱ་རྩ་གཅིག་གི་སྐབས་སུ་དགེ་འདུན་བཙུན་པ་དང་། དགེ་སློང་འདུན་པ་ཞེས་སོགས་ལན་མང་དུ་བྱུང་བ་མ་ཟད། དེ་བཞིན་མདོ་རྩ་དང་འདུལ་གཞུང་ཚང་མ་མགྲིན་གཅིག་ཏུ་རབ་བྱུང་གི་སྡེ་ལ་དགེ་འདུན་གྱི་སྡེ་ཞེས་ཐ་སྙད་མཛད་ཡོད། མདོ་རྩའི་དབུ་ཉིད་ནས་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ། དགེ་འདུན་ཐམས་ཅད་འདུས་པ་ན། ཞེས་དང་། ཡང་རང་གིས་དགེ་བསྙེན་ཉིད་དུ་ཉེ་བར་བསྒྲུབས་ནས་དགེ་འདུན་ལ་ཞུ་བའི་དགེ་སློང་ལ་གཏད་པར་བྱའོ། །ཞེས་སོགས་གོང་འོག་ཀུན་གྱི་ཐ་སྙད་གཏན་ལ་ཕབ་སྟེ་ལོ་ངོ་ཆིག་སྟོང་སུམ་བརྒྱ་བརྒལ་བ་སོང་བའི་རྗེས་ཁྱེད་ཀྱི་མུ་ཅོར་བསྒྲགས་པ་ལ་དགོས་པ་རྩ་བ་ནས་མེད་དོ། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དགེ་འདུན་བཙུན་པ་རྣམས་བདག་ལ་དགོངས་སུ་གསོལ། ཞེས་པའི་དགེ་འདུན་དང་བཙུན་པ་ཞེས་པ་གཉིས་སོ་སོར་ཕྱྲེ་རྒྱུ་མ་ཡིན་པར་དགེ་འདུན་བཙུན་པ་ཞེས་གཅིག་ཏུ་དྲངས་པ་ལ་དགོས་པ་ཆེན་པོ་ཡོད་པ་ཤེས་པར་གྱིས། །
ད་དུང་ཡོད། ཁྱེད་ཀྱིས་ཤན་ཞུགས་བྱས་ཏེ་ཞེས་བྲིས་འདུག་པ་འདི་བརྡ་སྤྲོད་ཚད་ལྡན་ཞིག་མ་རེད། ཞུགས་པ་ནི་བྱེད་མེད་ལས་ཚིག་དང་། བྱས་པ་ནི་བྱེད་འབྲེལ་ལས་ཚིག་ཡིན་པས་འགལ་བ་ལྟག་སྤྲོད་ཀྱི་ལས་ཚིག་གཉིས་གཞི་གཅིག་ཏུ་འདྲེན་པ་ནི་ད་དུང་ཡང་ཁྱེད་རང་སློབ་སྦྱོང་མང་ཙམ་གནང་དགོས་པ་འདུག་གོ །ཁྱེད་རང་ལ་ཁག་ཆེར་མེད། ཁྱེད་རང་གིས་བོད་སྐད་གཏིང་ཚུགས་པ་ཞིག་མཁྱེན་གྱི་མེད་ཚོད་དུ་སྣང། དགོངས་པ་མ་འཚོམས། སྐུ་རྩེད་ཞུས་པ་རང་ཡིན།
དབང་ཆེན་མཐའ་ཡས་དད་ཀྱང་རང་དབང་རེད། །
བཅུ་དྲུག་ཡང་སྲིད་འཁྲུལ་མེད་༸ཨོ་རྒྱན་ཏེ། །
༸འཕྲིན་ལས་རྡོ་རྗེ་བཅུ་བདུན་གཅིག་ཉིད་ལས། །
བཅུ་དྲུག་གཅིག་ལས་བཅུ་བདུན་གཉིས་པ་མེད། །
རྒྱལ་བའི་གསུང་ལ་སྦྱངས་པ་ཐེངས་མང་བྱས། །
ཆོས་བརྒྱུད་ཀུན་ལ་དག་སྣང་རིས་མེད་པ། །
མིང་ཙམ་ཡོད་པའི་ཀརྡོ་རབ་འབྱམས་ངས། །
མཐའ་ཡས་རྡོ་རྗེའི་བསྟན་པའང་རྒྱས་པར་སྨོན། །
སངས་རྒྱས་བསྟན་པ་རྟག་ཏུ་རྒྱས་གྱུར་ཅིག །
དབང་ཆེན་ལགས་དང་BBCལགས། ཁྱེད་གཉིས་ཀར་”དགེ་འདུན་”ལ། “དགེ་འདུན་པ་”ཞེས་རང་ཉིད་ཀྱི་མ་དག་པའི་”ཤན་ཞུགས་”འདིར་ཁ་བརྡའི་ནང་ལ་བྱེད་མེད་ལས་ཚིག་དང་། བྱེད་འབྲེལ་ལས་ཚིག་རེད། ཞུགས་དང་བཞུགས་ཀྱི་ཁྱད་འབྱེད་འདིར་ཧམ་བཤད་”བྱས་”པའི་ཐོག ལ་དྭགས་པ་བོད་ཀྱི་མཁས་པ་ཞིག་ལ་བོད་སྐད་མི་ཤེས་མཁན་ཞེས་སྨྲ་བ་ནི། ཅུང་མི་མཛེས་བའི་གནས་སུ་མཐོང་བས། ངས་ལ་དྭགས་པ་ལ་དགོངས་གསོལ་ཞུ་ཡིག་ཏུ།
ཀ་རྡོ་རབ་འབྱམས་པ་ལ་ཞུ་བ། རྩོད་གཞིའི་ཡང་སྤྲུལ་གཉིས་ཀ་ཇི་ལྟར་ཡང་། །བོད་རིགས་གཙང་མ་སྟོན་པའི་རྗེས་འཇུག་ཉིད། །བསྟན་དང་འགྲོ་བའི་མགོན་ཏུ་འགྱུར་བ་དང་། །སྤྱི་ཚོགས་འཁྲུགས་པའི་རྩ་བ་མིན་པར་སྨོན། །བཅུ་བདུན་གཅིག་ལས་གཉིས་སུ་མེད་པ་ཡི། །རྒྱལ་བའི་ཕྲིན་ལས་འགོག་པའི་བཅའ་་ཁྲིམས་འདིས། །ཕྱག་སྟོང་བརྡ་ཆོས་སྟོན་པའི་སྤྱན་རས་གཟིགས། །ཐ་ཆད་སྐྱེ་བོ་གཅིག་ཏུ་སྒྱུར་ལ་ཉེ། །རབ་འབྱམས་མཁས་པའི་དམ་བཅའ་དེ་ལྟ་ན། །ཚད་མེད་མཁྱེན་དང་བརྩེ་བའི་བདག་ཉིད་ཆེ། །གང་འདུལ་དེར་སྟོན་ཕྲིན་ལས་རྫུན་མ་སྟེ། །སྐུ་སྐྱེ་སྙན་པོའི་ཚད་མཐའ་དེ་ནས་རྫོགས། །མཐའ་་ཡས་རྡོ་རྗེ་གཡས་སུ་བསལ་བ་དང་། །ཨོ་རྒྱན་རྡོ་རྗེ་གཡོན་ཏུ་མ་བཞག་པར། །གཟུ་བོའི་བློ་ལྡན་ཤེས་བྱའི་གཏེར་སྒོ་ན། །སྲིད་པའི་ལོ་རྒྱུས་མ་འདྲེས་གསོན་པོར་བཞུགས། །བཟང་པོའི་སྤོས་དང་ངན་པའི་སྐྱག་དྲི་ལ། །རབ་འབྱམས་མཁས་པའི་རོ་སྙོམ་མཛད་ཐུབ་ན། །ཁ་བརྡའི་དྲ་བར་ཚ་རླབས་འཕྱིར་བ་ཡི། །རིགས་པའི་ཐོག་དམར་འཕེན་ལ་ཐེ་ཚོམ་མེད། །ཧ་ཧ་། དབང་ཆེན་རྣམ་རྒྱལ་གྱིས་སོ། །
མུ་དང་མཐའ་མེད་འཕྱན་འགྱུར་དཀའ་རྙོགས་དང་། །
བསྟན་སྲིད་ལ་རྒྱར་གནོད་པའི་གཞིར་སོང་ན། །
འཕྲུལ་མེད་བརྒྱ་ཕྲག་བྱོན་ཀྱང་དོན་གོ་ཆུང་། །
དེ་བས་སྐྱོན་ཉུང་གཅིག་གིས་འཐུས་པར་མཛོད། །
རྒྱལ་བའི་ཕྲིན་ལས་འགོག་པར་མི་འགོངས་ཀྱང་། །
བསྟན་སྲིད་ལ་རྒྱར་གནོད་པའི་གཞིར་སོང་ན། །
འཕྲུལ་མེད་བརྒྱ་ཕྲག་བྱོན་ཀྱང་དོན་གོ་ཆུང་། །
དེ་བས་སྐྱོན་ཉུང་གཅིག་གིས་འཐུས་པར་མཛོད། །
ལ་དྭགས་བློ་བཟང་འཇམ་དཔལ་ལགས་ཀྱིས་ ་་དགེ་འདུན་པ་་ སྔོན་མེད་ཚིག་གསར་རེ་གསུང་གི་ཡོད་པ་འདྲ། BBC ་་དགེ་འདུན་་ སྔོན་མེད་ཚིག་གསར་མ་རེད་གསུང་གི་ཡོད་པ་འདྲ། སྦི་སྦི་སིའི་སྐད་ཆ་དེ་ལྭ་དྭགས་པའི་སྐད་ཆ་དེ་དང་འབྲེལ་མེད་ཅིག་བཤད་ཀྱི་འདུག གཅིག་གིས་པ་ཡོད་དགེ་འདུན་བཤད་ས་ན། ཅིག་ཤོས་དེས་པ་མེད་དགེ་འདུན་བཤད་ཀྱི་འདུག
མདའ་ཚན་པ་ཡིས་དཔྱད་འཇོག་མདའ་ལྟར་འདུག །
དབང་ཆེན་རྣམ་རྒྱལ་བཤད་ཡམ་མང་པོའི་ནང་། །
“རྩོད་གཞིའི་ཡང་སྤྲུལ་གཉིས་ཀ་ཇི་ལྟར་ཡང་། །”
ཞེས་པ་འདི་ལ་ཅུང་ཟད་རྩོད་པར་སྤྲོ། །
རྩོད་གཞི་གཉིས་པ་འདོད་མཁན་ང་མིན་ལ། །
ཡང་སྲིད་གཅིག་ལས་ཡང་སྤྲུལ་གཉིས་པའི་སྐྱོན། །
རང་གི་རྨོངས་ཚོད་ཁྭ་ཏའི་བཙོག་པ་དེ། །
གཞན་ལ་བྱུགས་པའི་ཚུལ་དེ་བྱིས་པའི་རྟགས། །
རྣམ་དཔྱོད་ཅན་BBCལགས།
ཁྱེད་ཀྱིས་བརྗོད་པ་རིང་པོ་ཞིག་བྲིས་པ་དག་ལོང་ཡོད་ན་བཀླགས་ཏེ། བསམ་པ་ལ་ཕན་པ་འདུག འོན་ཀྱང་དགེ་འདུན་པ་ཞེས་པ་ལ་བདག་གིས་སྐྱོན་བརྗོད་བྱས་པ་སེལ་ཐབས་ལ་ཕན་པ་ཞིག་ཏུ་ཅང་མ་མཐོང་། “དགེ་སློང་འདུན་པ་ཞེས་སོགས་མང་དུ་བྱུང་བ་མ་ཟད།” ཅེས་པ་ན་དགེ་སློང་དགེ་འདུན་པ་ཞེས་བྱུང་བ་༷ཟེར་བ་ཡོད་ན། བཀའ་བསྟན་གྱིས་དཔེ་ཆ་སྤར་མའམ་བྲིས་མ་ཁུངས་དག་གི་ཤོག་གྲངས་འདི་ན་ཡོད་ཅེས་བསྟན་དགོས་པ་ཡིན། ཤོག་གྲངས་བསྟན་པ་ཡིན་ན། དེ་ཉིད་བཀླགས་ཏེ། བདེན་པ་ཡིན་ན། བདག་རང་གི་རྨོངས་མུན་སེལ་བ་ལ་ཕན་ངེས། བདག་ནི་བདེན་པ་རང་ད་དུང་གཞན་ལ་སློབ་པའི་ཞར་ལ་བོད་ཀྱི་སྐད་ཡིག་སྦྱང་དང་སྦྱོང་བཞིན་པ་ཡིན། ལྷག་པར་དུ་བྱ་ཚིག་རྣམས་ཀྱི་ད་ལྟ་འདས་མ་འོངས་བསྐུལ་ཚིག་གམ་སྨོན་ཚིག་བཅས་ལ་དོ་སྣང་བྱེད། བཀའ་བསྟན་གྱི་གླེགས་བམ་ཀུན་ཀློག་དུས་སྦྱང་དགོས་པའི་ཚིག་མ་ཤེས་པ་དུ་མ་ཞིག་མཐོང་བ་འདུག
ཁྱེད་ཀྱི་གོང་གསལ་བརྗོད་པ་ན། བྱུང་བ་མ་ཟད། ཅེས་པ་ལ། བཀའ་བསྟན་སྐད་ཡིག་བདག་གིས་མཇལ་བ་དག་ན། བྱུང་བར་མ་ཟད། ཅེས་བྱུང་བ་བཞིན། བ་ཡིག་རྗེས་སུ་རྗེས་འཇུག་ར་དགོས་ཀྱང་། ཁྱེད་ལྟ་བུ་དག་གིས་རང་གི་ངག་གི་ནས་མ་འཐོན་པ་རྒྱུ་མཚན་དུ་བྱས་ཏེ། བཀའ་བསྟན་བོད་ཡིག་གི་སྐད་ལ་ལྷད་འཇུག་པ་པོ་་དག་ལ་བདག་བློ་མི་དད་དོ།
བཀའ་བསྟན་གྱི་སྐད་ཡིག་ལ་སྐད་རྙིང་དང་། དེང་དུས་ཕལ་ཆེ་བས་ཕལ་སྐད་དང་ཡིག་སྐད་བསྲེས་ནས། བདག་ལྟ་བུས་བྲིས་པའི་སྐད་དེ་ལ་སྐད་གསར་ཟེར་བ་ཡིན། ལྷག་པར་བོད་སྔ་རབས་པས་བསྒྱུར་པའི་བཀའ་བསྟན་གྱིད་སྐད་ཡིག་དེ་དག་ལ་སྐད་རྙིང་ཞེས་བྱ། སྐད་རྙིང་དེ་དག་ད་ལྟ་ཡང་བོད་ཀྱི་གྲོང་ཡུལ་པ་དག་གི་སྐད་དང་ཆེས་མཐུན་པར་སྣང་། བོད་སྔ་རབས་པའི་སྒྲ་སྒྱུར་པ་ཀུན་ལ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་བསྔགས་བསྟོད་མཛད་པ་དེ་ཆེར་འོས་པ་འདུག་སེམས་སོ།
ཤན་ཞུགས་བྱས་ཏེ། ཞེས་པར་ཁྱེད་དང་ང་གཉིས་བསམ་ཚུལ་ཐ་དད་ཡིན་འདུག བདག་གིས། ཤན་ཞུགས། ཞེས་པ་བྱ་བའི་ཡུལ་དང་། བྱས། ཞེས་པ་བྱ་ཚིག་ཏུ་ངོས་འཛིན་བྱས་པ་ཡིན། འདི་ལ་སྐྱོན་འདུག་གམ། སླར་འབྲི་བར་མཛོད་ཅིག
འགྱུར་འདི་ཅུང་ཁ་གསལ་མི་འདུག་ལ། སྒྱུར་མཁན་གྱིས་ཀྱང་རྒྱ་ཡིག་ནས་བསྒྱུར་སྐབས་གཟབ་ནན་དེ་ཙམ་བྱས་མེད་པ་འདྲ། རྗེས་ཕྱོགས་རྩོམ་ཡིག་དང་གསར་འགྱུར་གང་ཕབ་སྒྱུར་བྱ་ཚེ་གང་ལེགས་གནང་རོགས་ཞུ།
རྒྱ་གར་འབྲེལ་ཡོད་ཚན་པ་ཁག་གིས་རྒྱལ་བ་ཀརྨ་པར་རྒྱ་གཞུང་དང་འབྲེལ་བ་ཡོད་མེད་ཐད་དོགས་གཞི་བྱ་ཆོག་གི་མ་རེད་ཅེས་བཤད་ན་འགྲིག་གི་མ་རེད། རྒྱ་གར་ལ་མཚོན་ན་སོ་སོའི་རྒྱལ་ཁོངས་བདེ་འཇགས་དང་། རྒྱ་དཀར་ནག་གི་འབྲེལ་ལམ། སྐྱབས་བཅོལ་བོད་མིར་འགན་ལེན་དགོས་པ་སོགས་གནད་དོན་མང་པའི་ཐོག་འགན་ཡོད་པ་རེད།
དོགས་གཞི་བྱེད་ཆོག་ཀྱང་། ཁུངས་སྣེ་དང་ར་སྤྲོད་ཁ་གསལ་ཁུངས་ལྡན་མེད་པར་གསར་ལམ་དང་འབྲེལ་ཡོད་དག་གིས་ཀརྨ་པ་རྒྱ་ནག་དང་འབྲེལ་བ་འདུག་དང་རྒྱ་གཞུང་གི་གསང་ཉུལ་བ་རེད་ཟེར་བ་དེའི་རིགས་ནོར་འཁྲུལ་ཆེན་པོ་ཡིན་པ་མ་ཟད། འགན་མ་ཁུར་བའི་སྐད་ཆ་རེད།
གོང་དུ་ཀརྡོ་སོགས་ཀྱིས་བྲིས་པ་རྣམས་ལ་ལན་རྒྱག་རིན་མི་འདུག འོན་ཀྱང་སླར་བཤད་ན། དགེ་འདུན་དང་དགེ་འདུན་པ་ཞེས་པ་གཉིས་ཀ་བདག་སྒྲ་པ་ཞུགས་དང་མ་ཞུགས་ཀྱི་ཁྱད་པར་ལས་གོ་བ་ལེན་སྐབས་ངོས་འཛིན་བྱ་སྟངས་གཅིག་པ་རེད། དཔེར་ན། ཚེ་ལྡན་དང་། ཚེ་དང་ལྡན་པ། ཤེས་ཡོན་ཅན་དང་། ཤེས་ཡོན་ཅན་པ། མཁྱེན་ལྡན་དང་། མཁྱེན་ལྡན་པ། མཁྱེན་ལྡན་མ། འབྱོར་ལྡན་དང་། འབྱོར་ལྡན་པ་སོགས་དོན་གཅིག་ཀྱང་བརྗོད་སྟངས་མི་འདྲ་བ་ཡོད་པ་ཤེས་དགོས། འོན་ཀྱང་རིགས་པའི་ལམ་ནས་དཔྱད་ཚེ་ཁྱབ་མ་ཁྱབ་ཀྱི་ཁྱད་ཅུང་ཡོད།
ཁྱེན་ལྡན་འཇམ་དཔལ་ལགས་སུ་ཞུ་རྒྱུར། ཁྱེད་ཀྱིས་དགེ་སློང་འདུན་པ་ཞེས་པའི་ཁུངས་ཀྱི་པར་མ་དང་ཤོག་གྲངས་སོགས་དགོས་གསུངས། ད་ལྟ་ཤོག་གྲངས་དྲན་ལམ་དུ་མེད་ཀྱང་སྡེ་དགེ་དཔར་མའི་བསྟན་འགྱུར་ཁྲོད་ཀྱི་ཀརྨ་ཤ་ཏམ་མམ་ལས་བརྒྱ་རྩ་གཅིག་གི་གོང་འོག་གང་སར་ཡོད་ལ་དམིགས་བསལ་ཕྱིར་བཅོས་ཀྱི་སྐབས་སུ་མང་པོ་ཡོད། དཔེར་ན། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དགེ་སློང་འདུན་པ་འདི་ལ་ལྟུང་བ་བྱུང་སྟེ། དེ་ལ་དགེ་སློང་རྣམས་ཀྱིས་གླེངས་ཤིང་དྲན་པར་བགྱིས་ཀྱང་ལྟུན་བ་མ་མཐོང་ངོ་ཞེས་མཆི་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་འདུན་པ་ལྟུང་བ་མ་མཐོང་བ་ལ་གནས་ནས་དབྱུང་བའི་ཕྲིན་ལས་མཛད་དོ། །འདི་ནི་གསོལ་བའོ།། ཞེས་སོགས་མང་ངོ་། ཡང་ཁྱེད་ཀྱིས་ཤན་ཞུགས་ཞེས་པ་ཤན་དང་ཞུགས་གཉིས་གཅིག་ཏུ་བྱས་ཏེ་བྱ་ཡུལ་ལ་ངོས་བཟུང་སྟེ་དམ་བཅའ་གཏོང་མི་འདོད་ན་དེར་ཟད། དོན་དངོས་ནི་ཤན་ཞེས་པ་བྱ་ཡུལ་དང་། ཞུགས་པ་ནི་བྱེད་མེད་ལས་ཚིག་ཡིན། དཔེར་ན། ལྷད་ཞུགས། ཞེས་པའི་སྐབས་ཀྱི་ཞུགས་འདི་བྱེད་མེད་ལས་ཚིག་དང་། ལྷད་བཅུག་ཞེས་པའི་ཞེས་པའི་སྐབས་ཀྱི་བཅུག་འདི་བྱེད་འབྲེལ་ལས་ཚིག་ཡིན། དེ་བཞིན་ལྷད་བཏང། ཞེས་པའང་འདོན་པར་འགྱུར་རོ། །དེ་བཞིན་སློབ་ཞུགས་དང་། ཚོགས་ཞུགས། དམག་ཞུགས། ལས་ཞུགས་སོགས་བྱ་བྱེད་ཚང་མ་གཅིག་ཏུ་དྲངས་ན་ཧ་ཅང་ཐལ་བར་མི་འགྱུར་གྲང་།
ལྷག་བསམ་ནས་བཤད་པར་རྒྱུ་མཚན་ལྡན་འདུག ངས་བྲིས་ཀྱང་འདི་ལྷག་གཞན་བཤད་རྒྱུ་མི་རྙེད། དེ་འདྲ་སོང་ཙང་དོན་མེད་ངལ་བ་བསྟེན་པར་མི་བྱའོ། །