དཔལ་རྒྱལ་བ་ཀརྨ་པས་གདོང་དེབ་བམ་ངོ་དེབ་བརྒྱུད་གཤམ་གསལ་བཀའ་སློབ་འདི་སྐད་གཉིས་ཤན་སྦྱར་དུ་བཀོད་འདུག
གཟའ་འཁོར་འདིའི་ནང་བོད་ཕྱི་ནང་གཉིས་ཀར་ལོ་ཆུང་བྱིས་པ་རེ་རང་སྲེག་བཏང་འདུག །སེམས་ལ་ན་ཟུག་ཆེས་ཆེར་སློང་བའི་གནས་ཚུལ་འདི་དག་རྣ་བར་ཐོས་དུས། བཟོད་ཐབས་བྲལ་ཏེ་སླར་ཡང་གཞིས་བྱེས་བོད་མི་སྤུན་ཟླ་ཡོངས་ལ་འབོད་སྐུལ་ཞིག་ཞུ་འདོད་བྱུང་།
This week, two young Tibetan children, one in Tibet and one in India, have burned themselves to death. These events pain me deeply. I could not bear to think of it when I heard the news, and for that reason I want to make a request of my fellow Tibetans at home and abroad.
༢༠༠༩ ལོ་ནས་ད་བར་བོད་ཕྱི་ནང་དུ་བོད་མི་བརྒྱ་ཕྲག་དང་ཕྱེད་ལ་ཉེ་བས་གཅེས་པའི་རང་ལུས་ཞུགས་སུ་ཕུལ་ཏེ་ཚད་མཐོའི་ལས་འགུལ་ཤུགས་ཆེར་སྤེལ་མོད། འོན་ཀྱང་མིག་སྔར་དེ་ལ་ཐོབ་འོས་པའི་སེམས་ཁུར་དང་། ཚེ་སྲོག་ལ་རིན་ཐང་དང་བརྩི་འཇོག །དེ་བཞིན་ཁོང་ཚོས་རང་སྲེག་གཏོང་བའི་རྒྱུ་རྐྱེན་དང་མངོན་འདོད་གང་ཡིན་ལ་དོ་ཁུར་བྱེད་མཁན་རྒྱལ་སྤྱི་དང་རྒྱལ་ཁབ་གང་ཡང་ཕལ་ཆེར་བྱུང་མེད་པའི་ཚོད་ཙམ་རེད།
From 2009 to the present, nearly 150 Tibetans within Tibet and abroad have immolated their own precious bodies, making the strongest of statements. But neither among the international community nor in any other country has anyone shown the concern that such an act should warrant, any respect for the value of their lives, or any interest in the situation and aspirations that led them to immolate themselves.
བོད་མི་ནང་ཁུལ་དུའང་དང་པོ་ཉིན་ཤས་རིང་དཔའ་བོ་རེད། དཔའ་མོ་རེད། ཧ་ལས་པ་རེད་ཟེར་འུར་སྒྲོགས་བྱེད་པ་ཙམ་གྱིས་མི་ཕན་པར། རང་སྲེག་གཏོང་མཁན་གྱི་ལུས་ཀྱི་ན་ཚ། ཤུལ་ལུས་ནང་མི་ཚོའི་སེམས་ཀྱི་སྡུག་བསྔལ། བོད་ཀྱི་འཕྲལ་ཕུགས་རྒྱང་གསུམ་ལ་ཕན་གནོད་ཅི་ཡོང་ཐད་བསམ་གཞིགས་གཏིང་ཟབ་བྱེད་རྒྱུ་གལ་ཆེན་པོ་རེད།
Within Tibetan society, people will applaud them for a few days, saying “He’s a hero,” “She’s a heroine,” or “That is incredible.” But that does not help. It is important to deeply consider the physical pain of those who set themselves on fire and the mental suffering of the relatives they leave behind, as well as whether this will help or harm Tibet, immediately, within a short while, or in the long term.
ངའི་ངོས་ནས་མགོ་ནག་བོད་མི་གཅིག་ཡིན་ཡང་མུ་མཐུད་བདེ་ཐང་ངང་གསོན་གནས་ཡོང་བའི་གསོལ་འདེབས་ཞུ་རྒྱུ་ཡིན། བོད་ཡུལ་ནི་དེ་འདྲའི་རྒྱ་ཆེ་བ་ཞིག་ཡིན་ཡང་། བོད་པ་ནི་གྲངས་ཉུང་མི་རིགས་ཤིག་ཡིན་པས་བོད་ཀྱི་སྣོད་བཅུད་སྲུང་སྐྱོབ་ཀྱི་སླད་བོད་མི་རེ་རེ་ཡང་གསོན་པོར་འཚོ་རྒྱུ་ནི་ཧ་ཅང་གལ་གནད་ཆེ་ཞིང་། ལྷག་པར་རང་སྲེག་གཏོང་མཁན་ཕལ་ཆེར་ན་གཞོན་ཤ་སྟག་རེད་ལ། ཁོང་ཚོ་ནི་འབྱུང་འགྱུར་གྱི་རེ་བ་དང་སོན་རྩ་ཡིན་པས། འདི་ལྟར་ཚེ་སྲོག་གི་འགྲོ་གྲོན་བར་མེད་དུ་འགྲོ་བ་ནི་བོད་སྤྱི་ལ་མཚོན་ན་གྱོན་གུད་ཚབས་ཆེན་ཞིག་རེད།
As a fellow Tibetan, I ask all of you to continue living good and healthy lives. The Tibetan land is vast, but the Tibetan people are few in number. Therefore it is critical that every individual Tibetan remain alive in order to preserve the land and people of Tibet. In particular, most of those who have immolated themselves have been young. They are our hope and lifeblood for the future. This non-stop expenditure of life is a severe drain on Tibet as a whole.
ང་ཚོས་ཕ་ཡུལ་གྱི་མ་འོངས་པ་དང་། མི་རིགས་ཀྱི་དཀའ་སྡུག་སེལ་བའི་ཆེད་དུ་དབུགས་ཀྱི་རྒྱུ་བ་གཅིག་ཡིན་ཡང་གཅེས་སྤྲས་དང་། ཆུ་ཚོད་སྐར་མ་གཅིག་ཡིན་ཡང་དམ་འཛིན་གྱིས། ཕུ་ནུ་ནང་མཐུན། སྤྱི་སེམས་གོང་སྤེལ། རྙིང་ཞེན་གུ་དོགས་ཀྱི་བློ་སྤངས་ཏེ། གནའ་དེང་གི་ཤེས་ཡོན་ལ་འབུར་དུ་ཐོན་པའི་གྲུབ་འབྲས་ཐོབ་པ་བྱས་ཏེ། ནམ་ཞིག་བོད་མི་རྣམས་རང་གི་རྐང་ཐོག་ཏུ་རང་ཉིད་ལངས་ཐུབ་པ་ཞིག་བྱུང་ན་གཞི་ནས་རང་རེའི་འདོད་དོན་འགྲུབ་ངེས་རེད་སྙམ།
For the sake of our homeland’s future, to relieve the hardships of our people, we should treasure each single breath we take. Use even a single hour or minute well. We should build harmony among our people, increase our sense of community, and give up narrow-minded attachment to old ways. We need to achieve significant results in our education, both traditional and modern. I think that once the Tibetan people are able to stand on their own two feet, we will be able to fulfill our primary aspirations.
ཀརྨ་པ་ཨོ་རྒྱན་ཕྲིན་ལས་པས།
སྤྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༤ ལ་ཕུལ།
Karmapa Ogyen Trinley Dorje
March 4, 2016
ཀརྨ་པ་མཁྱེན་ནོ། །ཀརྨ་པ་རྒྱལ་ལོ།། །།
ཁྱེད་ཀྱིས་གསུངས་ཚང་མའི་ཐོས་ནས་རང་སྲེག་འཚམས་འཇོག་འོང་བའི་སྨོན་འདེབས་ཞུ། དངོས་ནས་ན་ཟུག་རྣམས་སེམས་ལ་བཟོད་ཐབས་བྲལ།
ཀརྨ་པ་རིན་པོ་ཆེན་ལགས། ཐུགས་རྗེ་ཆེ་ཞུ། ལོ་ཆུང་ལ་རྒྱ་ཅན་དེ་ཚོ་འདི་ལྟར་ཕེབས་འགྲོ་བ་ནི་བོད་མི་རིགས་ཀྱི་གྱོང་གུན་རེད་ལ། མི་རིགས་འདིའི་འཕམ་ཁ་ཡང་རེད། ལ་རྒྱ་ཅན་གྱི་རྩམ་ཟས་པ་ཇི་ཙམ་འཚོ་གཞེས་ཡོད་ན་དེ་ཙམ་གྱིས་མི་རིགས་འདི་གསོན་པོ་གནས་རྒྱུར་ཕན་གྲོགས་འགྱུར་ངེས། དེ་མིན་གཡོ་སྒྱུར་དང་སྐབས་འཚོལ་གྱི་དད་པ་ལོག་སྤྱོད་པ་ཇི་ཙམ་མང་བ་དེ་ཙམ་གྱིས་མི་རིགས་འདི་རྒུད་པའི་སྔ་ལྟས་རེད། བོད་ཕྲུག་ཚོ། འདས་པའི་བོད་སིལ་བུའི་དུས་རབས་ནས་ད་ལྟའི་བར་དུ་བོད་ཀྱི་ལོ་རྒྱུས་དག་གི་བྱུང་རིམས་ལ་དཔྱོང་ཞིབ་ཀྱིས་མ་འོང་པའི་བོད་ཀྱི་ཁ་ཕྱོགས་འཚོལ་དགོས།
ངའི་བསམ་ཚུལ་ཡང་མགོན་པོ་གསུང་པ་དང་ཁྱད་པར་མེད། གང་ཡིན་ཟེར་ན་བོད་ཕྲུག་སྟོང་ཚོ་བརྒལ་བ་མེར་སྲེག་གཏང་ཡང་ཅི་ཡང་ཕན་གྱིས་མ་རེད་བསམ།།
ལག་གཉིས་ཐལ་མོ་སྦྱར་ཏེ་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་རྒྱལ་བ་ཀརྨ་པ་མཆོག་ལ་བཀའ་དྲིན་ཆེ་ཞུ་བ་ཡིན།
བོད་ཕྱི་ནང་གཉིས་སུ་བོད་མི་ལྷག་བསམ་ཅན་ནམ་བོད་ཞེན་ཅན་དེ་འདྲའི་མང་པོ་ཞིག་གིས་རང་ལུས་མེར་སྲེག་བཏང་སྟེ་དཀའ་སྡུག་བཟོད་དཀའ་བ་བདག་གིར་བླངས་པ་དང་། ཤུལ་ལུས་གཉེན་ཉེ་ནང་མི་རྣམས་ཀྱི་སེམས་ལ་ཡང་སྡུག་བསྔལ་གནོན་དཀའ་བ་བྱུང་བ་ནི་སེམས་ཤེས་སུས་ཀྱང་ཚོར་སླ་བ་ཞིག་ཡིན་ཡང་། ཆབ་སྲིད་མི་ཤེས་པའི་སྲིད་དོན་པ་ཉུང་ངུས་དེ་དག་ནི་དཔའ་བོ་དང་དེ་དག་གི་བྱེད་ཐབས་ནི་བྱང་ཆུབ་སེམས་དཔའི་བྱ་སྤྱོད་ཡིན་པ་སོགས་བསྒྲགས་པ་དེ་གང་ནས་བསམས་ཀྱང་མི་ལེགས་པར་མཐོང་། དེ་ལྟ་ནའང་། རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ནས་བྱེད་ཐབས་དེར་ཐུགས་ཀྱིས་མ་བཟོད་པར་བསླབ་བྱ་གོ་བསྐོན་གནང་བ་ཡི་རངས་པའི་གནས་སུ་ཆེ་ན། ཕྱི་བཞུགས་བོད་མི་ལས་འགུལ་བ་རྣམས་ཀྱིས་བསམ་གཞིག་ནན་ཏན་གནང་སྟེ། གསུང་འདི་ལྟ་བུ་ལ་ལན་གཅིག་ཡིན་ཡང་མཇལ་གལ་ཆེ།
རྒྱལ་བ་ཀརྨ་པ་མཆོག་གི་རྒྱང་གཟིགས་ཀྱི་གསུང་སྐུལ་འདི་ལ་ཐུགས་རྗེ་ཆེ་ཞུ། མིག་གིས་བལྟ་མི་ཕོད་ཅིང་། ཡིད་ཀྱིས་བསམ་མི་བཟོད་པའི་རང་ལུས་མེར་སྲེག་གི་རླབས་རྒྱུན་འདིའི་མཚམས་ཆད་པར་སྨོན།
བོད་ཀྱི་གསོན་ཤུགས་ཀྱི་ཆེད་དུ་་་་་་བོད་ཀྱི་གཞོན་ནུ་རྣམས་་་་བོད་ཀྱི་མ་འོངས་པའི་སོན་རྩ་དང་རེ་བ། ཕུགས་བསམ། བདག་པོ་བཅས་ཡིན།
གལ་སྲིད་བོད་མི་གཅིག་གིས་རྒྱ་མི་བརྒྱད་སྟོང་ལ་ཁ་གཏད་བཅོག་དགོས་ན། ད་ནས་མེར་སྲེག་མཚམས་ཆད་དགོས། གང་ཡིན་ཟེར་ན། མེར་བསྲེག་གིས་སྤྱི་དོན་ལ་ཕན་ན། ད་གཟོད་ཕན་ཟིན་དགོས་ཚོད་རེད། ད་ནས་ཐུགས་རྗེས་གཟིགས། སླར་ཡང་། ནམ་ཡང་། རང་སྲེག་མི་འོངས་བའི་འབོད་སྐུལ་ཞུའོ།།
ཁྱེད་ནི་ང་ཚོའི་རེ་བ་ཉག་གཅིག ད་དུང་བློ་སྟོབས་ཆེན་པོས་གསུངས་རོགས། ང་ཚོ་རྒྱབ་ལ་ཡོད། བྱང་ཆུབ་སེམས་དཔའ།
དཔལ་རྒྱལ་དབང་ཀརྨ་པ་མཆོག་ནས་མེར་སྲེག་སྐོར་བཀའ་སློབ་ཕེབས་པ་ཐུགས་རྗེ་ཆེ་།
ད་དུང་བླ་ཆེན་རྣམས་ནས་རང་སྲེག་གི་ཕན་ཡོན་སྐོར་ལ་བཀའ་སློབ་ཕེབས་དགོས་པ་ནི་བོད་མི་རིགས་ལ་བསམ་ན་ཤིན་ཏུ་ནས་གལ་ཆེའི་ནང་གི་གལ་ཆེན་ན་དོན་ཆེན་ཞིག་ལ་ངོས་འཛིན་བྱེད་ཀྱི་།
དེང་སང་ང་ཚོའི་སྤྱི་ཚོགས་ནང་མི་མང་པོ་ཞིག་ནས་མེར་སྲེང་གནང་མཁན་ལ་དཔའ་བོའི་མིང་རྟགས་ནས་སེམས་ཤུགས་སྤརར་མཁན་འདུག་པ་དེ་དག་ནི་དར་མ་ཁ་གཡང་ཆེན་པོ་དེ་དཕའ་བོ་དགྲ་ཁར་དབྱུགས་འདོད་མ་རེད་དམ་།མེར་མཚམས་ཆད་པ་ཤོག་།
དཔལ་ཀརྨ་པ་རིན་པོ་ཆེ་མཆོག་གི་མཚན་ཐོག་ནས་གསུང་བྲིས་སྩལ་པ་ཡིན་ཙང་ཚང་མས་བཀའ་བརྩི་དང་ལེན་ཞུ་ངེས་ཀྱང་། གཞན་མིང་བརྫུན་ཚོས་ཡག་ཉེས་ག་རེ་བཤད་ན་ཡང་། ཉན་མཁན་དཀོན་པོ་རེད་སྙམ་མོ།
བླ་ཆེན་ཞིག་གིས་གསུང་རེད། ཚད་མེད་ཞི་བདེར་སྨྲ་བའི་གཏམ་ཞིག་རེད། ད་དུང་བྱིས་པ་ཚོར་རང་སྲེག་ལ་དཔའ་བོ་དཔའ་མོར་བསྟོད་ན་བྱིས་པ་ལོ་ཚོད་མ་ལོན་པ་ཚོས་ཐལ་དྲག་པའི་ལས་བྱེད་སྲིད། དེ་ལས་ལོ་ཆུང་བྱིས་པ་ཁྱེད་ཚོས་རིག་གནས་དང་སྐད་ཡིག་ལོ་རྒྱུས་ལ་སྦྱོང་བདར་བགྱིས་དེ་ཡིས་མ་འོང་བོད་ཀྱི་རྩ་དོན་ལ་ཕན་གྱི་རེད། དེ་མིན་རང་སྲེག་བྱས་པ་ཙམ་གྱིས་རྩ་དོན་ལ་ཕན་དང་མི་ཕན་འདས་པའི་ལོ་རྒྱུས་ལ་དཔྱོད།
རིན་པོ་ཆེ་ངོ་མ་ཡག་འབྱུང་། ད་ནས་བཟུང་ཁྱེད་ནི་ངའི་རྩ་བའི་བླ་མ་ཡིན། ཀརྨ་པ་མཁྱེན་ནོ།
མཇལ་དར་མ་གཡུག་རོགས།
https://www.facebook.com/YouthForTibet/videos/544828995691858/
མེར་སྲེག་བྱ་བ་རླབས་ཆེན་གཏོང་འཕོད་འདི་།
ཁྲིམས་མཐུན་འཕེར་བའི་གཞུང་ལུགས་མ་མཇལ་ནས་།
བློ་དཱོགས་གསེལ་བའི་ངོ་སྤྲོད་གང་ན་སུ་།
གསལ་སྟོན་ཐུབ་ན་བོད་མིའི་དཀའ་སྡུག་གསེལ་།
སྨོན་ལམ་གསོལ་འདེབས།
https://www.facebook.com/tibetanassoc.norcal
ཕྲན་བདག་གིས་༧ དཔལ་རྒྱལ་བ་ཀརྨ་པ་ལ་སྒོ་གསུམ་གུས་པའི་སྒོ་ནས་བཀའ་དྲིན་་ཆེ་ཞུ་འདོད་བྱུང་ལགས། ༧དཔལ་རྒྱལ་བ་ཀརྨ་པས་རང་སྲོག་སྐོར་ལ་གནང་བའི་བཀའ་སློབ་ཟབ་མོ་དེ། ངོ་དེབ་ཏུ་བཀོད་པ་བོད་གཞིས་བྱེས་ཡོངས་ཀྱིས་གཟིགས་ཀློག་ཡོད་པར་མཁྱེན།