མི་ཉག་སྐལ་བཟང་།
ཞི་བའི་དེད་དཔོན་ཁྱོད་ཡིན།།
ལྷ་ཡི་ཕོ་ཉ་ཁྱོད་ཡིན།།
འགྲོ་བའི་མགོན་པོ་ཁྱོད་ཡིན།།
བསྟན་འཛིན་རྒྱ་མཚོ་ཁྱོད་ཡིན།
ཁྲི་གདུགས་ཉི་མ་ཁྱོད་ཡིན།།
ངང་པ་སེར་པོ་ཁྱོད་ཡིན།།
ཨ་ཁུ་པད་མ་ཁྱོད་ཡིན།།
བསྟན་འཛིན་རྒྱ་མཚོ་ཁྱོད་ཡིན།།
ཕྱག་ན་པད་མོ་ཁྱོད་ཡིན།།
ལྷ་མོ་དོན་འགྲུབ་ཁྱོད་ཡིན།།
རྩ་བའི་བླ་མ་ཁྱོད་ཡིན།།
བསྟན་འཛིན་རྒྱ་མཚོ་ཁྱོད་ཡིན།།
ཁུ་བྱུག་སྔོན་མོ་ཁྱོད་ཡིན།།
ངང་པ་སེར་པོ་ཁྱོད་ཡིན།།
ལྷ་བྱ་དཀར་པོ་ཁྱོད་ཡིན།།
བསྟན་འཛིན་རྒྱ་མཚོ་ཁྱོད་ཡིན།།
བྱམས་ལྡན་ཕ་མ་ཁྱོད་ཡིན།།
བཤེས་གཉེན་དམ་པ་ཁྱོད་ཡིན།།
ཐམས་ཅན་མཁྱེན་པ་ཁྱོད་ཡིན།།
བསྟན་འཛིན་རྒྱ་མཚོ་ཁྱོད་ཡིན།།
ཡིད་བཞིན་ནོར་བུ་ཁྱོད་ཡིན།།
མུན་སེལ་སྒྲོན་མེ་ཁྱོད་ཡིན།།
ཏཱ་ལའི་བླ་མ་ཁྱོད་ཡིན།།
བསྟན་འཛིན་རྒྱ་མཚོ་ཁྱོད་ཡིན།།
དཔྲལ་བའི་མིག་ཟུང་ཁྱོད་ཡིན།།
ཁོག་པའི་སྙིང་རིལ་ཁྱོད་ཡིན།།
གཙུག་གི་ནོར་བུ་ཁྱོད་ཡིན།།
བསྟན་འཛིན་རྒྱ་མཚོ་ཁྱོད་ཡིན།།
ཉེ་ཆར་གོང་སའི་གསུང་བཤད་ཅིག་དུས་བབ་དྲ་བར་འཁོད་འདུག་པའི་ནང་གསལ་ལྟར་ན། སྔོན་མ་ཁོང་གི་རྩ་བའི་ལས་འགན་གསུམ་གྱི་ནང་ནས་ཐ་མ་དེ་བོད་ཀྱི་མི་མང་ལ་ཞབས་འདེགས་ཞུ་བ་ཟེར་བ་འདྲ་ཞིག་ཡོད་མོད། ད་ཐེངས་དེ་མེད་པ་བཟོས་ནས་བོད་ཀྱི་སྙིང་རྗེའི་རིག་གཞུང་ཁྱབ་སྤེལ་་ཟེར་འདྲ་ཞིག་ཡར་བཅུག་འདུག ང་ཞེ་དྲགས་དགའ་མ་སོང་། དགོངས་དག
ཞི་བའི་དེད་དཔོན་ཁྱོད་ཡིན།
བྱམས་དང་སྙིང་རྗེའི་སྟོན་པ།
ལྷ་ཡི་ཕོ་ཉ་ཁྱོད་ཡིན།།
བདེ་བའི་ལམ་སྟོན་ཆེན་མོ།
འགྲོ་བའི་མགོན་པོ་ཁྱོད་ཡིན།།
སྡུག་བསྔལ་ཀུན་ནས་རྩད་པོ།
བསྟན་འཛིན་རྒྱ་མཚོ་ཁྱོད་ཡིན།
ང་ཚོའི་སྙིང་གི་ནོར་བུ།
སྤོབས་པ་ལགས།
ཡིག་ཐོག་འབྲི་མ་བྲིས་ཁྱད་པར་མིན་འདུག རིན་པོ་ཆེ་ཁོང་བསམ་རྒྱུ་དྲན་རྒྱུ་བོད་མིའི་དོན་ལས་མིན་འདུག ཁ་སང་ཟླ་བ་༡༡ ནས་དི་རིང་བར་ཤར་ནུབ་གང་སར་བརྒྱུགས་ནས་བོད་མིའི་ཁེ་ཕན་གཙོ་བོར་བཤད་ནས་ཞུགས་སོང་། ལག་ལེན་འདི་རེད། ཕྱི་རྒྱལ་ང་ཚོས་རྟགས་བསལ་འདི་བཏང་ན་ཁྱེད་ཀྱིས་ལན་སྤྲོད་ཨང་།
བྱང་ཆུབ་སེམས་དཔའ་ཡིན་ན་བཏང་སྙོམས་ཅན་ཡིན་པས་ཨེ་ཁྱབ། འདོད་ན།
ཏཱ་ལའི་བླ་མ་ཆོས་ཅན་བཏང་སྙོམས་ཅན་ཡིན་པར་ཐལ་བྱང་ཆུབ་སེམས་དཔའ་ཡིན་པའི་ཕྱིར།
ཏཱ་ལའི་བླ་མ་ཆོས་ཅན་བཏང་སྙོམས་ཅན་མ་ཡིན་པར་ཐལ་བོད་པར་བློ་ཉེ་བའི་ཕྱིར།
སྤོབས་མཐའ་ལགས། བོད་ཀྱི་སྙིང་རྗེའི་རིག་གཞུང་ཁྱབ་སྤེལ་ལས་ལྷག་བོད་ལ་ཞབས་འདེགས་ཞུ་ཚུལ་ཞིག་ཡོད་དམ། བོད་མི་དམངས་ལ་ཞབས་འདེགས་ཞེས་ཚིག་དངོས་སུ་འཁོད་ཀྱང་མ་འཁོད་རུང་དོན་ལ་བོད་ཀྱི་བྱམས་སྙིང་གཙོ་བོར་གྱུར་པའི་རིག་གཞུང་ཁྱབ་སྤེལ་བྱ་རྒྱུ་དེ་མ་ཡིན་ནམ། ལས་དོན་འདི་སྐུ་མདུན་ཁོང་ལྟ་བུ་ཞིག་གིས་མ་གཏོགས་བོད་མི་ཡོད་དོ་ཅོག་གིས་སྒྲུབ་ཕོད་པ་ཞིག་མིན་པའང་མ་ཤེས་པ་ཡིན་ནམ།
སྤོབས་མཐའ་ལགས་ ཁོང་གི་ཉིན་མཚན་དུས་དྲུག་གང་གནང་བ་ཚང་མ་བོད་དང་བོད་མིའི་དོན་དུ་གནང་གི་ཡོད་པ་མ་ཤེས་ན་ཁྱོད་རང་ཐབས་སྡུག་རེད་མ་ཏོག་ཁྱོད་ཞེ་དྲགས་མ་དགའ་བ་ཕར་ཞོག་རྩ་བ་ནས་མ་དགའ་ཡང་ཧ་ལས་རྒྱུ་གང་ཡང་ཡོད་པ་མ་རེད།
འོ་དཔྱོད་ལྡན་སྤོབས་མཐའི་གསུང་དེ་ལ་ཉན་ན། ཁེ་སྔོན་ཟམ་གདོང་བླ་མས་ནང་ཆོས་སྲུང་སྐྱོབས་བྱེད་ཐུབ་ན་བོད་པ་དང་བོད་དོན་རྩ་མེད་དུ་ཕྱིན་ཀྱང་གལ་ཆེན་པོ་མ་རེད་གསུང་པ་དེ་ཀ་རང་ཡིན་པ་འདྲ། དངོས་གནས་སྙིང་རྗེའི་རིག་གཞུང་ཁྱབ་སྤེལ་ཟེར་བ་ནི་ཡེ་ཤུ་ཆོས་པ་ཚོའི་བྱེད་སྟངས་དང་གཅིག་པ་རེད་སྙམ།
ཆོས་མི་ལ་བཤད་པའི་བན་རྒན་དེ།།སྡུག་རང་ཐོག་འཁོར་དུས་ཨ་ཙ་མ།།ཟེར་བ་བཞིན་དུ། རང་རེའི་སྤྱི་ཚོགས་ཁ་ནང་བལྟས་ལ་སྙིང་རྗེའི་ལྟ་གྲུབ་ལག་ལེན་དུ་བསྟར་ཐུབ་ན་ལྷ་དགོངས་འཁྲུགས་ནས་སྐུ་ཚེ་བསྟུངས་བ་དང་། སྐུ་རླུང་ལངས་ནས་སྐུའི་འཕྲོད་བཞེས་ལ་གནོད་པ་སོགས་ཀྱི་རྐྱེན་ངན་ལས་གཡོལ་ཐུབ་པ་རེད། རང་གི་སྤྱི་ཚོགས་ཀྱི་མགོ་མཇུག་གང་ན་ཡོད་པ་ཤེས་པའི་ཕྱག་ལས་ཤིག་ནས་མགོ་བཙུགས་ཤིང་མཇུག་བསྐྱངས་ན་ཕྱི་ནང་གི་མི་སྤྱི་དང་། ཐ་ན་རྒྱ་དམར་ཚུན་ཆོད་ཀྱིས་རྩིས་མཐོང་ཞིག་སྤྲད་གི་རེད། དེ་མ་ཡིན་པར་རྒྱལ་ཁམས་སྙིང་རྗེས་ཁྱབ་པའི་སྐད་ཆ་མཐོ་བཤད་དམའ་བཤད་གང་ཞིག་བྱས་ཀྱང་ཁ་གཡང་ཙམ་ལས་དོན་དངོས་ཀྱི་ཕན་ནུས་ཐོན་ཁག་པོ་རེད་བསམ། དེ་ནི་ངའི་བསམ་ཚུལ་ཙམ་ཡིན།
ཁྱོད་ནི་༸གོང་ས་མཆོག་ལ།
ཁྱོད་ནི་ཏྰ་ལའི་བླ་མ།
ཁྱོད་ནི་ལ་མ་ཇི་ལ།
ཁྱོད་ནི་གུ་ར་ུཇི་རེད།
བོད་ལ་སྤྱན་རས་གཟིགས་དབང་།
རྒྱ་ལ་གཉིས་སྨན་དབུས་ལམ།
ནང་པར་དབུ་ཡི་གཙུག་གཏོར།
ཛམ་གླིང་ཞི་བདེའི་དེ་དཔོན།
ང་ལ་རྩ་བའི་བླ་མ།
འདི་ཕྱི་གཉིས་ཀྱི་སྐྱབས་གནས།
དགྲ་ལ་བཟོད་བྱམས་བདག་ཉིད།
བྱང་སེམས་ས་མཐོར་ཕེབས་པ།
དགེ་ལྡན་རྩ་བའི་བླ་མ།
ས་སྐྱའི་ལམ་འབྲས་བྱང་ཆུབ།
བཀའ་བརྒྱུད་བྱིན་རླབས་ཀུན་འདུས།
རྙིང་མའི་ཡང་སངས་རྒྱས་པ།
བོན་པོའི་རྡོ་རྗེ་སྤུན་གྲོགས།
མུ་སྟེགས་ཆོས་ཀུན་བཀུར་མཁན།
ཕྱི་པར་གུས་བསུ་ཚད་ལྡན།
ཆོས་མེད་བཟང་སྤྱོད་སློབ་མཁན།
བོད་རིགས་ཡོངས་ཀྱི་སྙིང་རྩ།
ཆོས་པ་ཡོངས་ཀྱི་ཡང་རྩེ།
མི་རིགས་ཡོངས་ཀྱི་ཞི་བདེ།
སེམས་ཅན་ཡོངས་ཀྱི་ཕན་བདེ།
ད་སྤོབས་པས་དོལ་རྒྱལ་ཚོགས་པའི་མགྲིན་ཚབ་པས་བཤད་པའི་སྐད་ཆ་འདི་འདིར་སྐྱར་བཟློས་བྱེད་ཀྱི་འདུག