ཨེ་མ་ཧོ།
ན་མཿསྭ་སྟི།
བརྩེ་བའི་བདག་པོ་འཕགས་པ་སྤྱན་རས་གཟིགས།།
སྤྲུལ་པའི་སྐུ་མཆོག་བསྟན་འཛིན་རྒྱ་མཚོ་ཉིད།།
གསང་གསུམ་དགྱེས་ཤིང་རྒྱལ་ཁམས་འདྲེན་པ་ལ།།
སྐུ་ཚེ་བརྟན་ཕྱིར་གྱ་གཅིག་འཁྲུངས་སྐར་བསུ།།
མཚན་དཔེའི་དཔལ་འབར་ཆེ་རྒུའི་རྒྱགས་པ་འཇོམས།།
ཚངས་དབྱངས་རྟེན་འབྲེལ་ཆོས་ཀྱིས་ཞི་བདེ་སྟོན།།
ཐུགས་རྗེ་ཕྱོགས་རིས་མེད་པའི་སྐྱབས་མགོན་མཆོག །
འཛམ་གླིང་རྒྱན་ཏུ་བསྐལ་བརྒྱར་བཞུགས་གསོལ་འདེབས།།
ཞེས་པ་འདི་ཡང་རབ་གནས་མེ་སྤྲེལ་ཟླ་ཚེས་དགེ་བར་༧ གོང་ས་ལྷ་མིའི་རྣམ་འདྲེན་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་༧རྒྱལ་དབང་བསྟན་འཛིན་རྒྱ་མཚོ་མཆོག་གི་༧སྐུའི་འཁྲུངས་སྐར་ལ་ཨེ་མ་ཧོས་ལྷོ་ཕྱོགས་ནང་བསྟན་ཆོས་ཚོགས་ཁང་ནས་བླ་མ་འཇིགས་དགས་ཚོགས་མཆོད་དང་སྨོན་གསོལ་འབུལ་སྐབས་སུ་གང་ཤར་གསོལ་འདེབས་སུ་བགྱིས་པར་དགེའོ།། །།
ཨེ་མ་ཧོ་དུས་སུམ་སངས་རྒྱས་ཀུན་གྱི་ཐུགས་ཀྱིས་སྲས་།
གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་མཆོག་།
གྲངས་བྱ་བརྒྱད་བཅུ་བོད་ལུགས་བརྒྱད་གཉིས་ཕེབས་།
གང་གི་སྐུ་ཚེ་སྐལ་བརྒྱར་བརྟན་པ་ཤོག་།