གཡུ་དྲུག་དཀར། རྒྱ་གར།
བོད་ཀྱི་ལོ་རྒྱུས་རིང་མོའི་མདུན་ལམ་སྐྱ་ཤུར་ཤུར་གྲགས་མེད་འགུལ་མེད་དུ་གྱུར་བའི་ཆག་སྒོ་ཆེན་པོ་དེ་ནི། སྤྱི་ལོ་(༨༤༢)ལོར་རང་ཉིད་ཆོས་པར་རློམ་པའི་མི་ངན་ཁག་ཅིག་འདོད་རྔམ་དང་ཧམ་སེམས་ཀྱིས་དེད་དེ། བོད་མིའི་བླ་མཁར་ལྟ་བུའི་རྒྱལ་བོའི་བཙན་རྫོང་དུ་འཛུལ་ཞིང། བོད་རྒྱལ་ཁབ་ཀྱི་བླ་སྲོག་སྟེ། རྒྱལ་ཐོག་ཞེ་གཉིས་པ་བཙན་པོ་ཁྲི་དར་མ་(༨༠༣་ ༨༤༢)མཆོག་ལྐོག་གསོད་བྱས་པས་བྱུང་། སྐབས་དེར་ཆོས་པར་ཁས་འཆེ་བའི་མི་ངན་དེ་ཚོས་དར་མ་ཨུ་དུམ་བཙན་ལ་རྒྱལ་སྲིད་གཏད།། ལོ་གཉིས་འདས་ནས་ཐུགས་སུ་གདོན་གསོལ་ཏེ།། སངས་རྒྱས་བསྟན་པ་མ་ལུས་འཇིག་པར་བརྩམས།།(ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ་ལས་དྲངས།)ཞེས་སོགས་ཀྱི་དྲན་འཕྲུལ་དང་གཡོ་སྒྱུ་སྣ་ཚོགས་ཀྱིས་ནག་ཉེས་ཡོད་ཚད་རྒྱལ་པོའི་ཐོག་ལ་གཡོགས་ནས། ཁོང་ཚོས་རྒྱལ་པོའི་མི་སེམས་གཙང་དག་ཡང་དག་དང་རྒྱ་ཆེན་རྩ་ཆེན་དེ་གདོན་སེམས་སུ་བསྙད་པ་མ་ཟད། རང་གི་མགོ་གཡོག་མགོ་སྐོར་གྱི་བྱ་སྤྱོད་དེ་འཕྲལ་དུ་ལྷང་ལ་མི་འབུད་ཆེད། རྒྱལ་པོའི་མགོ་ལ་གླང་མགོ་ཐོལ་མ་ཞིག་ཀྱང་བརྩེགས།
སྤྱིར་ཆོས་པ་ཞིག་ཡིན་ཕྱིན་འཇིག་རྟེན་གྱི་ཕྱི་ནང་གཉིས་ཀ་མི་སྡུག་པར་ལྟ་མ་ཐུབ་ཀྱང་བཏང་སྙོམ་དུ་བཞུགས་ཐུབ་དགོས་པ་ལྟ་བུ་རེད་མོད། བོད་ཁམས་སུ་བྱོན་པའི་ཆོས་པ་མང་དག་ཅིག་ནི་དགའ་ན་དགའ་ཚོད་མི་ཟིན། སྡང་ན་སྡང་ཚོད་མི་ཟིན་པ་འདི་ཅི་ཞིག་ལན་སོང་བ་རེད། ཁོང་ཚོས་དགའ་ཚོད་མ་ཟིན་པར་མི་རྗེ་སྲོང་བཙན་སྒམ་པོའི་མི་མགོའི་སྟེང་ལ་ལྷའི་དབུ་ཞིག་བརྩེགས་ནས་རང་ཉིད་ཀྱི་ཁེ་ཕན་དང་ཁེ་དབང་སྲུང་སླད་ལྷ་རུ་བསྒྲགས། ཁོང་ཚོས་རང་གི་ལྟོ་ཁོག་ཆུང་ཆུང་དེའི་ཆེད་དུ་སྡང་ཚོད་མ་ཟིན་པར་བོད་རྒྱལ་ཁབ་ཀྱི་སྒལ་ཚིགས་བཅག བོད་རྒྱལ་ཁབ་ཀྱི་ལྷུ་ལག་རྣམས་ཁ་ཐོར་དགུ་ཐོར་དུ་བཏང་། རྒྱལ་པོའི་རྣམ་ཤེས་ལ་གླང་མགོ་ལྗིད་ཏིག་ཏིག་ཅིག་བཏགས་ནས་འཇིག་རྟེན་ཕྱི་མར་བརྫངས།
འདི་ནི་དེ་རིང་ནས་རྩིས་པའི་མི་ལོ་ཆིག་སྟོང་གཉིས་བརྒྱ་རེ་བདུན་གྱི་ཡར་སྔོན་དུ་ཆོས་པ་ཁག་ཅིག་གིས་སྣོག་ལས་(ལས་རྒྱུ་འབྲས་སྣོག་པ།)བྱས་པའི་སྐྱོ་གར་རམ། ནོར་འཁྲུལ་ལམ། ནག་ཉེས་ཤིག་རེད། དོན་ངོ་མར་བཤད་ན་རྒྱལ་པོ་འུ་དུམ་བཙན་པོ་ནི་ཤ་གཟུགས་མི་ལུས་གཙང་ཞིང་། བློ་རྒྱ་ཆེ་ལ།(བོད་རྒྱལ་ཁབ་ཀྱི་མདུན་ལམ་མཐོང་བ།)སྙིང་སྟོབས་ཅན།(སྐབས་དེའི་མི་ངན་ཚོའི་འཇིགས་སྐུལ་ལ་མགོ་མ་སྒུར་བར་རང་སྲོག་བཏང་བ།)ལྷན་སྐྱེས་ཀྱི་རང་ཚུགས་སྲ་བརྟན་ཅན་(རང་གི་ཞེ་འདོད་ལག་ལེན་དུ་འཁེལ་བ།) གྱི་མི་རྗེ་ཞིག་ཡིན་པ་ནི། རྒྱུ་འབྲས་བློ་མིག་ཅན་གྱི་མི་བུ་རུས་རྐང་ཅན་ཞིག་ཡིན་ན། སྐབས་དེར་ཛྲབོད་རྒྱལ་ཁབ་ཆེན་པོའི་དམག་གི་འགྲོ་གྲོན་ཆེ་བ་དང་འབངས་མི་མང་པོ་དམག་ཁྲལ་ལ་རྒྱུགས་དགོས་པར་བརྟེན་བཙན་པོ་ཁྲི་དར་མ་དང་ཁོང་གི་ཆབ་སྲིད་ཀྱི་བློན་ཆེན་དབང་རྒྱལ་ཏོ་རེ་སྟག་གཉིས་སྤྱི་ལོ་(༨༣༡)ཙམ་ལ་གོང་དུ་སྨོས་པའི་གཙུག་ལག་ཁང་རྣམས་དང་དེར་ཡོད་དགེ་འདུན་གྱི་འཚོ་རྟེན་རྒྱལ་པོའི་བླ་མཛོད་ནས་སྦྱར་བའི་རྒྱུན་བཅད། མཆོད་གཞིས་རྣམས་ཕྱིར་འཕྲོག བླ་འབངས་སམ་གཙུག་ལག་ཁང་གི་མི་སེར་རྣམས་གློད་གྲོལ་བྱས། མི་གཞོན་དམག་ཁྲལ་དུ་འགྲོ་དགོས་པའི་རྐྱེན་གྱིས་མི་གཞོན་རབ་ཏུ་བྱུང་བ་བཀག མི་མང་རབ་ཏུ་བྱུང་ན་བོད་ཀྱི་མི་འབོར་ལ་གནོད་ཚབས་ཆེན་པོ་ཡོང་བའི་རྐྱེན་གྱིས་སྔོན་ཡོད་གྲྭ་བ་འགའ་ཤས་ཁྱིམ་དུ་ཕབས། སངས་རྒྱས་ཆོས་ལུགས་ཀྱི་གྲྭ་བའི་འཚོ་བ་གཞན་ལ་བརྟེན་པའི་ལན་ལུགས་བཀག་འགོག་ཤུགས་ཆེར་བྱས་པ་ཡིན་ནམ་སྙམ།ཛྲ(བཙན་པོ་ལྷ་སྲས་དར་མ་དང་དེའི་རྗེས་སུ་བྱུང་བའི་རྒྱལ་རབས་མདོར་བསྡུས། མཁར་རྨེའུ་བསམ་གཏན་རྒྱ་མཚན།)ཞེས་པའི་དཔྱད་པ་འདི་ལ་ལྟོས་ན། ནམ་ལངས་ཉི་ཤར་རེད།
སྐབས་དེར་རྒྱལ་པོའི་སེམས་ལ་གདོན་ཞུགས་ནས་ཆོས་བསྣུབས་པ་མ་ཡིན་པར། མི་ངན་ཁག་ཅིག་གིས་ཇུས་ངན་འཐེན་ནས་མི་རྗེ་ཁོང་གི་མི་ཇུས་ཀྱི་མགོ་བོ་བསྣུབས་པའི་དངོས་ཡོད་མཐོང་ཐུབ་པ་མ་ཟད། ང་ཚོས་ནམ་རྒྱུན་རྩ་ཆེན་འགང་ཆེན་གྱི་ཚད་གཞི་རུ་འཛིན་པའི་བདེན་པ་དང་གནས་ལུགས་ཀྱང་རྟོགས་ཐུབ་མོད། འོན་ཀྱང་། ཡིད་སྐྱོ་བ་ཞིག་ལ། འདི་ནི་འདས་བའི་ལོ་(༡༢༦༧)རིང་ང་ཚོའི་ལོ་རྒྱུས་ཀྱིས་གཏུགས་བཤེར་བྱེད་མ་ཐུབ་པའི་བདེན་པ་དང་གནས་ལུགས་ཤིག་རེད་ལ། ལྷག་པར་དུ་ལོ་རྒྱུས་སྨྲ་བའི་(ལོ་རྒྱུས་ཡིག་ཐོག་ནས་བལྟས་ན། སྦ་བཞེད་ཞབས་བཏེགས་མའི་ནང་གི་ཨུ་དུམ་བཙན་གྱིས་ཆོས་བསྣུབས་པའི་ལོ་རྒྱུས་དེ་ཐོག་མ་ཡིན་པ་དང་། དེ་ནི་དུས་རབས་བཅུ་བའི་མཇུག་གམ། དུས་རབས་བཅུ་གཅིག་པའི་དུས་མགོར་བྱུང་བ་ཞིག་རེད།)མཁས་དབང་ཚོས་ཀྱང་ཆོས་ལུགས་ཀྱི་ཁོག་དཔུང་གིས་བདེན་པ་དང་གནས་ལུགས་འདིར་རྡོག་བརྫིས་གཏོང་རྐྱང་བྱས་ཏེ། དུས་དེ་རིང་བར་དུ་སླེབས་འདུག་པར་བསམ་ན། ཁོང་ཚོས་ཀྱང་ཁྲི་དར་མ་རེ་རེ་དགྲོངས་ནས་ཡོང་བ་དང་ཅི་ཁྱད་དེ། ལོ་རྒྱུས་ཀྱི་དེབ་ཐེར་རེ་རེའི་ངོས་སུ་ཁྲི་དར་མ་རེ་རེའི་མགོ་ལ་གླང་མགོ་རེ་བརྩེགས་ནས། རྒྱལ་གཟུགས་རེ་གླང་གཟུགས་སུ་བྲིས་ཏེ། ཆོས་བསྣུབས་ཚུལ་གྱི་མ་ཉེས་ཁག་གཡོགས་དེའང་བསྐྱར་ཟློས་ཡང་ཟློས་བྱས་པ་ལས། ལོ་རྒྱུས་ཀྱི་བདེན་པ་བརྡར་མ་ཐུབ་པར། དངོས་ཡོད་ལ་འགན་མ་འཁུར་བར། ཁོང་ཚོས་སྣོག་འབྲི་བྱས་པའང་ལྷ་ལུང་དཔལ་རྡོར་སོགས་ཀྱིས་སྣོག་ལས་བྱས་པ་དང་ཨ་ན་མ་ན་རེད།
ཡང་ན་ལོ་རྒྱུས་ལ་བརྟག་དཔྱད་མེད་པར། བདེན་པ་དང་གནས་ལུགས། དངོས་ཡོད་བཅས་ལ་མ་བསྟུན་པར་ལོ་རྒྱུས་འབྲི་མཁན་གྱི་མི་འདི་ཚོ་ནི་སྣོག་ལས་དེའི་རྒྱུད་འཛིན་པ་རེད་ཅེས་ཀྱང་སྨྲ་བར་སྤོབས།
འདི་ལྟར་བསམ་ན་ཁོང་ཚོ་ནི་ལོ་རྒྱུས་ཀྱི་རྩ་དོན་དོར་ནས་ལོ་རྒྱུས་འབྲི་མཁན་རྐྱང་རེད། ཁོང་ཚོས་ལོ་རྒྱུས་ཕྱིར་རྟོག་དང་སྦྱོང་བ་བྱེད་དོན་ཡང་ལོ་རྒྱུས་ཇི་བཞིན་བསྐྱར་དཔར་དང་བསྐྱར་ཟློས་བྱེད་པའི་ཆེད་ཁོ་ན་ལས། བོད་ཀྱི་ལོ་རྒྱུས་འདི་དངོས་ཡོད་ཅན་ནམ། ལོ་རྒྱུས་ངོ་མ་ཞིག བདེན་པ་བདེན་ཐུབ་ཀྱི་ལོ་རྒྱུས་ཤིག་ཏུ་བསྒྱུར་བའི་འགན་འཁྲིའི་འདུ་ཤེས་སམ། བོད་ལ་ཤ་ཚ་བའི་རྣམ་འགྱུར་ཞིག་མིན་པ་གསལ་བོ་རེད།
འདིའི་ཐད་མི་རིགས་གཞན་པར་ལྟོས་ན། དེ་ཡང་ཛྲསྤྱི་ལོ་(༡༧༦༡) ལོར། ཆོས་ལུགས་གསར་མས་དད་པ་བྱེད་མཁན་རང་ཁ་ལ་སི་ཟེར་བའི་མི་སེར་ཞིག་ལ། ཧྥ་རན་སིའི་རྒྱལ་ཆོས་ཏེ། རྒྱུ་འབྲས་ཐེད་དུ་བོར་ཡོད་པའི་གནམ་བདག་ཆོས་ལུགས་ཀྱི་མ་ཉེས་ཁག་གཡོགས་འཐེབས་ཏེ་བཙོན་བཟུང་དང་མནར་གཅོད་ཡ་ང་བ་བྱས་མཐར་བསྒགས་གསོད་དུ་བཏང་སོང་བ་རེད། ཁྲིམས་མེད་ལུགས་མེད་ཀྱི་གྱོད་གཞི་འདི་ཐོས་རྗེས། ཧྥོལ་ཐེར་(༡༦༩༤ ༡༧༧༨ ཧྥ་རན་སིའི་མཚན་བློ་འབྱེད་བསམ་བནློ་མཁན་དང་རྩོམ་མཁན། མཚན་ཉིད་རིག་པ་མཁན། བརྩམས་ཆོས་《མཚན་ཉིད་རིག་པའི་ཚིག་མཛོད།》 སོགས་འདུག) ལགས་ཀྱིས་ཤེས་ཡོན་ཅན་ཞིག་གི་འགན་འཁྲི་སྙིང་ལ་བཅངས་ནས་ཁོང་དང་འབྲེལ་བ་ཅི་ཡང་མེད་པའི་མི་སེར་འདིའི་ཉེས་འགེལ་དཀར་འདོན་བྱེད་ཆེད། བསམ་བློའི་ངར་ཞགས་དང་བཅས་གནམ་བདག་ཆོས་ལུགས་དང་གྱོད་བཤེར་གྱི་འགྲན་ཡ་བཙུགས་པ་རེད་ལ་མཐར་འབྲེལ་ཡོད་ཀྱི་མི་སྒེར་དང་རྩ་འཛུགས་ལ་ཡང་ཁྲིམས་ཐག་ནན་མོ་གཅོད་དུ་བཅུག་སོང་བ་རེད།
ཡང་སྤྱི་ལོ་(༡༨༩༤)ལོར། ཧྥ་རན་སི་སྲིད་གཞུང་ནས་མི་རིགས་ཡ་ཧུ་དཱ་པ་ཡིན་པའི་དམག་དཔོན་ཏི་ལེ་ཧྥུ་སི་ཟེར་བ་ཞིག་ལ། འཇར་མན་གྱི་གསང་མྱུལ་མཁན་ཞེས་པའི་ཞྭ་མོ་བཙན་གྱིས་གཡོགས་ཏེ་བཙོན་བཟུང་དང་ཁྲིམས་ཆད་བཅད་པ་རེད། གྱོད་གཞི་འདི་སྙོན་འཛུགས་དང་ཁག་འགེལ་ཁོ་ན་ཡིན་པ་རྩར་ཆོད་རྗེས། ཟོ་ལའ(༡༨༤༠ ༡༩༠༢ ཧྥ་རན་སིའི་རྩོམ་མཁན། བརྩམས་ཆོས་མྱུ་གུ་འབུས་པ་སོགས་འདུག)ལགས་སེམས་གཏིང་ནས་ཁྲོས་པར་གྱུར་ཏེ་སྐད་གྲགས་ཅན་གྱི་ཞུ་གཏུག་རྩོམ་ཡིག་《ངས་གྱོད་བཤེར་བྱ་རྒྱུ།》ཞེས་དེ་འབྲེལ་ཡོད་ཚགས་པར་དུ་སྤེལ་བ་བརྒྱུད། ཧྥ་རན་སིའི་རྒྱལ་སྲུང་ལས་ཁག་དང་དམག་དོན་ཁྲིམས་ཁང་། ད་དུང་འབྲེལ་ཡོད་དམག་སྤྱི་དང་དམག་དཔོན་དག་གི་ནག་ཉེས་ཐེར་འདོན་བྱས་པ་རེད།ཛྲ(རང་གཤིས་གདུང་འབོད་ལས་དྲངས།)ཟེར་བ་སོགས་ངོ་མ་བློ་ཡིད་འཕྲོག་པའི་ལོ་རྒྱུས་མང་པོ་གོ་རྒྱུ་ཡོད་ཚོད་འདུག་ལ། ང་ཚོས་ཀྱང་ལྷ་ལུང་དཔལ་རྡོར་རི་ལ་ཤོར་ཡང་། རྟ་ཕོའི་ཞབས་རྗེས་ཐང་རེད། ཅེས་སྔར་ནས་བོད་མིའི་ཁྲོད་ནས་(དམངས་ཁྲོད།)སྐབས་དེའི་བདེན་པ་དང་གནས་ལུགས་མཐོང་མཁན་ཚོས་མི་ངན་ཤོག་ཁག་ལ་ལྐོག་བརྡ་བཏང་བ་བཞིན། ད་ནི་ལོ་རྒྱུས་སྨྲ་བའི་ཤེས་ཡོན་ཅན་དག་གི་ཁ་ལྕེ་གཉིས་ཀྱི་བར་དང་། བློ་སྙིང་གཉིས་ཀྱི་བར། ཤོག་སྙུག་གཉིས་ཀྱི་བར་བཅས་ལ་བརྡ་ལན་གསལ་བོ་ཞིག་བསྐྱལ་དགོས་ཚོད་དུ་འདུག་ལ།
བསྟིང་ཚིག་དང་རྫུན་གྱིས་ཁེངས་བའི་ལོ་རྒྱུས་ལ་ཡིད་རྟོན་བྱེད་པའི་ངང་ཚུལ་འདིས། ང་ཚོའི་སྤྱི་ཚོགས་ཀྱི་འབྱུང་སྤུས་སྔར་ལས་ཇེ་ལེགས་ཇེ་གཙང་དུ་འགྲོ་ཐུབ་ཀྱིན་མེད་པ་དང་། ང་ཚོར་ད་དུང་དྲང་བདེན་གཙིགས་སུ་འཛིན་པའི་སྤོབས་པ་མེད་པ་དང་། སྔར་གྱི་བྱས་ཉེས་ལ་འགྱོད་བཤགས་དང་རང་སྐྱོན་ཁས་ལེན་བྱེད་པའི་དཔའ་གདེང་ཐོབ་མེད་པ་གསལ་བོར་བསྟན་པ་རེད། ང་ཚོའི་སྤྱི་ཚོགས་ཀྱི་རྣམ་པ་འདི་དང་ཚད་གཞི་འདིའི་སྟེང་ནས་ལྟོས་ན། ཁོང་ཚོས་ སྤྱི་ལོ་༡༧༠༠ལོའི་ཟླ་༢པའི་ཚེས༡༤ཉིན་རོ་མའི་མེ་ཏོག་ཐང་ཆེན་ནས་མེ་ལ་གསོན་བསྲེགས་བྱས་པའི་པི་རི་ནོ་(ག་སྐྱཔྱསྤྱརྣྣ དབྱི་ཐ་ལིའི་མཚན་ཉིད་རིག་པ་མཁན། བརྩམས་ཆོས་《བསྐལ་བ་དང་འཇིག་རྟེན་སྣ་ཚོགས་ཀྱི་ཚད་མེད་རང་བཞིན་དཔྱད་པ།》སོགས་འདུག)ལྟ་བུ་རེད། ཁོང་ནི་དུས་རབས་བཅུ་བདུན་པའི་ནང་གི་དབྱི་ཏ་ལི་ཡི་མཚན་ཉིད་རིག་བ་ཞིག་རེད། ཁོང་གིས་མཚན་ཉིད་རིག་པའི་རང་ལུགས་སྟངས་འཛིན་བྱས་པར་བརྟེན། རོ་མའི་ཆོས་ཚོགས་ཀྱིས་ལྟ་ལོག་མཁན་དང་གདོན་འདྲེར་བསྙད་དེ། ལོ་ངོ་བརྒྱད་ལ་མུན་ནག་བཙོན་ཁང་ནས་མནར་གཅོད་ཚད་མེད་བྱས་མཐརསྲོག་ཁྲིམས་བཅད་པ་རེད། ཡིན་ནའང་ཡ་མཚན་པ་ཞིག་ལ་ས་ཡི་གོ་ལའི་འཁོར་ཕྱོགས་དང་བསྟུན་ནས་དབྱི་ཏ་ལའི་མི་དམངས་རྣམས་བསམ་བློ་ནར་སོན་ཏེ། མཇུག་མཐར་སྤྱི་ལོ་(༡༨༨༩)ལོར་འགྱོད་སེམས་ཚད་མེད་དང་བཅས་ཁོང་ཉིད་གསོན་བསྲེགས་བྱེད་སའི་རོ་མའི་མེ་ཏོག་ཐང་ཆེན་དུ་ཁོང་ལ་དྲན་གསོའི་རྡོ་རིང་བཙུགས་པ་།(སྐྱུག་བྲོ་བའི་བོད་པ་ལས་དྲངས།) ནི་ཇི་འདྲའི་ཡར་ཐོན་ཞིག་དང་། ཇི་འདྲའི་སྔོན་ཐོན་ཞིག ཇི་འདྲའི་དེང་རབས་ཤིག་རེད་ཨང་།
དོན་གནད་འདིའི་སྒང་ནས་ང་ཚོས་མ་ཐིན་ལོ་ཐིར་ལགས་ཀྱིས་ཛྲམི་རིགས་ཤིག་གི་ཕྱུག་ཚད་ནི་རྒྱལ་པོའི་དཀོར་མཛོད་ནང་གི་རྒྱུ་ཚད་ཀྱིས་གཞལ་བ་མིན་པར། མི་རིགས་ཀྱི་འབྱུང་སྤུས་ཀྱིས་གཞལ་དགོས།ཛྲཞེས་པའི་སྐད་ཆ་འདིའང་གསལ་ལྷང་ལྷང་དྲན་འོང་གི ཁོང་གི་གསུང་དམ་པ་འདི་དང་ཅིག་ཅར་དུ་ཛྲའ་ཤི་རེ་གོ་ བོད་མི་རིགས་འདི་ཅུང་ཙམ་ཕྱུག་པོ་ཆགས་ཐུབ་རྒྱུ་ན། ང་ཚོས་ཀྱང་རྒྱལ་པོ་ཁྲི་དར་མ་ནས་བཟུང་སྟེ་འགྱོད་བཤགས་དང་རྗེས་དྲན་གྱི་རྡོ་རིང་རེ་བར་སྣང་ལ་བསླང་ངེས་རེད་སྙམ།ཛྲ དོན་ངོ་མར་བཤད་ནའང་ད་ནི་ང་ཚོས་ལོ་རྒྱུས་ཀྱི་ངོས་ཐད་ནས་རྒྱལ་པོ་འུ་དུམ་བཙན་ནས་མགོ་བཟུང་སྟེ་དཀར་འདོན་བྱེད་རྒྱུའི་འགོ་བཟུང་ན་རེད། ཡང་གཅིག་བཤད་ན། ལོ་རྒྱུས་ལ་ཕྱིར་རྟོག་བྱེད་པ་ནི་ལོ་རྒྱུས་ཀྱི་ཆེད་དུ་མིན་པར། མདུན་ལམ་དྲང་སྙོམ་ཡོང་བ་དང་། རང་ཉིད་ཀྱི་བདེ་ཐང་དང་འཛུགས་བསྐྲུན་གྱི་གཞི་ལམ་གལ་ཆེན་ཞིག་ལགས་ན། ང་ཚོ་ལ་འདི་ལྟ་བུའི་ལོ་རྒྱུས་ཀྱི་ཤོག་ལྷེ་གསར་བ་ཞིག་ཇི་འདྲའི་མཁོ་ཨང་།།
G»Þ-iâG-h;¼-¾GÅü D¤Å-zhï-º¤ü
¤Þ-¤fÞh-hÝ-Çtï¾-z¼-¤Eïmü
མི་ཞུན་ལགས་ཀྱི་མཆན་བུ།
གཡུ་དྲུག་དཀར་ལགས། ཁམས་བདེ་འམ།
མུ་མཐུད་དུ་སྤེལ་བར་མཁྱེན།
རེད་རེད། ངས་ཀྱང་ལོ་རྒྱུས་ཀྱི་མེ་ལོང་ནང་གི་ལྷ་སྲས་དར་མའི་གཟུགས་རིས་ཞེས་པ་ཞིག་འབྲི་མྱོང་། གང་ལྟར་མངའ་བདག་ཁྲི་རལ་དང་དར་མ་འུ་དམ་བཙན་སྤུནམཆེད་གཉིས་ཀ་ཆོས་ལུགས་པའི་ཕྱི་གོས་གྱོན་པའི་ལག་དམར་གྱི་ལག་འོག་ནས་བཀྲོངས་པ་རེད་ཨང་།
ལོང་གཏམ་ཚིག་གི་ཚོགས་ལ་གཟབ་པར་འཚལ། །པུར་རྒྱལ་བོད་ཀྱི་ཡུལ་ནི་ཁྲེལ་གཞུང་ངན། །ཞེས་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་གསུངས་སོ། །