དེ་རིང་ལོ་སར་ཚེས་ ༡ ཉིན་དབུ་མའི་ལམ་ལས་འགུལ་ཁང་གི་གོ་སྒྲིག་འོག བཞུགས་སྒར་དྷ་ནས་ལྡི་ལི་བར་༼རྒྱལ་ཚོགས་གཉིད་དཀྲོགས༽ ཀྱི་གོམ་བགྲོད་ལས་འགུལ་ཅིག་སྤེལ་མགོ་བརྩམས་སོང་།
དེ་རིང་བོད་ཆུ་འབྲུག་ལོའི་ལོ་སར་ཚེས་ ༡ ཉིན་གུང་ཆུ་ཚོད་ ༡༢ སྟེང་། བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་གི་ཉེ་འཁྲིས་དཔའ་བོའི་རྗེས་དྲན་རྡོ་རིང་མདུན་དུ་དབུ་མའི་ལམ་ལས་འགུལ་ཁང་གི་གོ་སྒྲིག་འོག དྷ་ས་ནས་ལྡི་ལི་བར་༼རྒྱལ་ཚོགས་གཉིད་དཀྲོགས༽ཞེས་པའི་གོམ་བགྲོད་ལས་འགུལ་ཞིག་སྤེལ་མགོ་བརྩམས་སོང་། གོམ་བགྲོད་དབུ་འཛུགས་མ་གནང་གོང་གདན་ཞུའི་གཏམ་བཤད་པ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེལ་པ་ཚེ་རིང་མཆོག་དང་། དྷ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཟུར་པ་རཱམ་ས་ཝ་རཱོབ་ལགས་གཉིས་གཙོས་པའི། ལས་འགུལ་བ་རྣམས་ལྷན་དུ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་ཤིང་། ཆུ་ཚོད་སྐར་མ་ ༡ རིང་འདས་གྲོངས་སུ་གྱུར་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་མྱ་ངན་གུས་དུད་ཞུས་རྗེས། ལས་འགུལ་བའི་འཐུས་ཚབ་པས་མཉམ་འབྲེལ་རྒྱལ་ཚོགས་ལ་ཆེད་དུ་འབུལ་འཆར་གྱི་སྙན་ཞུའི་སྟེང་ཁྲག་དམར་གྱི་ས་རྟགས་བསྐྱོན་པ་དང་། གོམ་བགྲོད་ལས་འགུལ་བ་ ༣༠ ཡིས་རང་ལུས་མེར་བསྲེགས་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྐུ་པར་སྐེ་ལ་བཏེགས་ཤིང་། ལག་ཏུ་བོད་ཀྱི་རྒྱལ་དར་དང་འབོད་ཚིག་འཕྲེད་བྱང་བཟུང་སྟེ་རྔ་རྡུང་བཞིན་གོམ་བགྲོད་དངོས་སུ་དབུ་འཛུགས་གནང་སོང་།
གོམ་བགྲོད་དབུ་འཛུགས་ཀྱི་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། “ད་ལྟ་བོད་ནང་གི་ཛ་དྲག་གནས་སྟངས་འདིའི་ཐད། ང་ཚོ་བོད་རིགས་ཡོད་དོ་ཅོག་གིས་འགན་ཁུར་ཏེ། ཆེ་ཆུང་ལ་མ་བལྟས་པའི་སྒོ་ནས་ལས་འགུལ་སྤེལ་དགོས་པ་དེ་གལ་ཆེན་པོ་ཆགས་ཡོད་པ་རེད། ལས་འགུལ་ལ་རྣམ་གྲངས་མ་འདྲ་བ་ཡོང་གི་རེད། རྣམ་འགྱུར་སྟོན་སྟངས་མ་འདྲ་བ་ཡོང་གི་རེད། ངོ་བོ་མི་འདྲ་མང་པོ་ཡོང་གི་རེད། དེ་རིང་ཁྱོད་ཚོས་སྤེལ་བཞིན་པའི་ལས་འགུལ་འདི་ཡང་། ང་ཚོས་འཛམ་གླིང་སྒང་ལས་འགུལ་མང་པོ་ཞིག་སྤེལ་གྱིན་ཡོད་པའི་ནང་གི་ཆ་ཤས་ཤིག་ཆགས་བསྡད་ཡོད་པ་རེད། སྤེལ་མཁན་སྒྲིག་འཛུགས་མ་འདྲ་བ་ཡིན་ནའང་། སྒྲུབ་བྱའི་གནད་དོན་གཅིག་གི་སྒང་ལ་ཡིན་སྟབས། ཁྱེད་ཚོའི་ལས་འགུལ་དེ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ” ཞེས་གསུངས་ཏེ། བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་ཆེད་བཙན་བྱོལ་དུ་གནས་པའི་བོད་མི་སྤྱི་སྒེར་ཚང་མས་སོ་སོའི་ངོས་ནས་གང་ཐུབ་ལས་འགུལ་སྤེལ་དགོས་པའི་འབོད་སྐུལ་གནང་སོང་།
དབུ་མའི་ལམ་ལས་འགུལ་ཚོགས་པའི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། རྒྱལ་ཚོགས་གཉིད་དཀྲོགས་ཀྱི་གོམ་བགྲོད་ལས་འགུལ་སྤེལ་མཁན་ཁྲོད་ས་རཱ་མཐོ་སློབ་དང་ནོར་གླིང་། སྒྲོལ་མ་གླིང་བཙུན་དགོན། སྨན་རྩིས་ཁང་། དེ་མིན་གྱི་ས་གནས་གཞན་བཅས་ནས་བོད་མི་གཞོན་སྐྱེས་མི་ ༣༠ ཡོད་པ་དང་། གོམ་བགྲོད་ལས་འགུལ་བའི་གྲངས་འབོར་དེའང་བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་རྣམས་དང་། ཉེ་ཆར་ཁམས་བྲག་མགོ་དང་གསེར་རྟ་སོགས་སུ་རྒྱ་གཞུང་གིས་མེ་མདའ་བརྒྱབ་ཏེ་དམར་གསོད་བཏང་བའི་བོད་མི་བཅས་ཀྱི་གྲངས་འབོར་མཚོན་ཆེད་ཡིན་ལ། དེ་རིང་ཕྱི་ཚེས་ ༢༢ ཉིན་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་ནས་མགོ་བཙུགས་ཏེ། མོག་གྷན་ཁྲོམ་གཞུང་བརྒྱུད་དྷ་ཤོད་ཀ་ཊ་རི་དང་། ཨུ་རུ་ན། ཅན་ལྡི་གྷར་བར་དང་། སང་ཉིན་ཕྱི་ཚེས་ ༢༣ ཉིན་ཨམ་བྷ་ལ་དང་སོ་ནའེ་བྷ་སོགས་ལམ་བར་གྱི་གྲོང་ཁྱེར་ཁག་ནང་གོམ་བགྲོད་སྐད་འབོད་དང་གསལ་འགོད་གསལ་བསྒྲགས་སྤེལ་བཞིན་ལྡི་ལིར་བསྐྱོད་རྗེས། ཕྱི་ཚེས་ ༢༤ ཉིན་གྷན་དྷིའི་རྗེས་དྲན་བང་སོ་དང་ཅན་གྷིར་མན་གྷར་བཅས་སུ་གོམ་བགྲོད་སྐད་འབོད་དང་གསར་འགོད་གསལ་བསྒྲགས་སྤེལ་རྒྱུ་ཡིན་པ་དང་། དེ་བཞིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་བཅས་སུ་བསྐྱོད་དེ་བོད་ནང་གི་ཛ་དྲག་གནས་སྟངས་ཐད་འབོད་སྐུལ་ཞུ་རྒྱུ་ཡིན་འདུག
གསར་འགོད་པ། ཚེ་རིང་རྒྱལ།
གསར་འགྱུར་འདི་ཐེངས་གཉིས་ལ་སྤེལ་འདུག ད་། རྒྱལ་ཚོགས་དཀྲོགས་པར་གསར་འགྱུར་གྱི་གྲངས་མང་དགོས་བ་འདྲ་། གང་ལྟར་། ལས་འགུལ་སྤེལ་བཞིན་པར་རྗེས་སུ་ཡི་རངས་ཞུ།
འོན་ཀྱང་། ངས་ནི་དབུ་མའི་ལམ་ལས་འགུལ་ཁང་ཟེར་བ་འདིའི་དོན་དག་མ་གོ་ནས་ཡོད་།
རྒྱལ་ཚོགས་གཉིད་ལས་དཀྲོག་པར་རྒྱལ་ཚོགས་ཁ་ལ་སྐྱག་པ་མ་བགོས་ན་གཉིད་ལས་སློང་མི་ཐུབ་པ་འདྲ།
ཤར་ཕྱོགས་ཁུག་རྟས། བཀའ་བློན་ཁྲི་བ་བློ་བཟང་སེང་གེ་ལགས་ལོ་སར་གུང་སེང་ཆེད་ཕྱི་བསྐྱོད་བྱེད་རྒྱུ་རེད་གསུངས་ཀྱི་འདུག་བ། རེད་འདུག་བས་དྲ་ཐག་འདིར་རོགས།
http://www.abc.net.au/lateline/content/2012/s3436362.htm
རིག་འབྱུང་ཟེར་བར་ཁག་མི་འདུག རྩོམ་ཡིག་ཐར་ཐོར་རེ་འབྲི་བ་ལས་གོ་ཤེས་རྟོགས་ཤེས་གང་ཡང་མེད་པ་འདྲ་འདུག ཐ་ན་དབུ་མའི་ལམ་གྱི་ལས་འགུལ་བའི་གོ་དོན་རྟོགས་མི་འདུག མ་གཞི་ཨ་མདོའི་རྩོམ་པ་པོ་ཡིན་ཟེར་མཁན་སྙན་ཞུ་འབྲི་མི་ཤེས་མཁན་མང་པོ་ཞིག་ཡོད་པ་གོ་མྱོང་བས་ཁོ་རང་ཡང་དེའི་གྲས་ཡིན་པ་རེད།
གང་ལྟར་ལས་འགུལ་བ་ཚང་མར་བསྔགས་བརྗོད་ཡོད།
ལས་འགུལ་སྤེལ་བ་ལ་བསྔགས་བརྗོད་ཡོད། གང་ལྟར་འདི་ནི་བོད་དོན་ཐབས་རྩོད་ཀྱི་ཆ་ཤས་ཞིག་ཏུ་ངོས་འཛིན་བཞིན་ཡོད། འགོ་ཁྲིད་རྣམས་ཀྱིས་འགུལ་བསྐྱོད་གནང་བ་ལ་ལེགས་གསོལ་དང་མུ་མཐུད་སྤེལ་རོགས།
རྒྱལ་ཚོགས་གཉིད་ལས་དཀྲོགས་བཏང་གི་ལས་འགུལ་གསར་བ་འདིས་སད་པའི་རེ་བ་ཡོད། རྔ་ཆེན་དེ་ཤུགས་ཆེ་ན་པོས་རྡུངས་ཨ།
གཙང་སྟོད་སྤྱི་འཐུས་ཟླ་བ་ཚེ་རིང་ལགས། ཁྱོད་ཀྱིས་རྒྱལ་ཚོགས་གཉིད་དཀྲོགས། བོད་གཞུང་ཁྲིམས་ལ་སྦྱར།
ཕོ་དགོས་པོ་ཟེར་ན་ཁྱོད་ཡིན་པ་འདྲ། ཡིན་ཡང་ངེད་ཚང་གི་གྲང་པོ་བཤད་ན། གཉིད་དཀྲོགས་དགོས་པ་དེ།
རྒྱལ་ཚོགས་མ་རེད། ཁྱོད་རའི་ལུང་པ་གཙང་སྟོད་རེད།། མ་གཞི་ནས། དབུ་མ། དབུ་མ། ཟེར་བའི་ཐ་སྙད་འདིས། དོན་སྙིང་ག་རེ་མཚུངས་ཀྱི་འདུག། རང་གི་དབུ། རང་གི། མ་སྐྱལ།།
བོད་མི་ཉམ་ཆུང་། དབུ་མ་སྐོར།
གཞག་ན་ཞབས་ར་མེད་པའི་དབུ་མ་ལགས།།
གཟུང་ན་ལུང་མེད་པའི་དབུ་མ་ལགས།།
ཤར་ཕྱོགས་ཁུག་རྟ་ཡིས་གོ་སྐབས་་གང་བྱུང་ལ་དོ་ཁུར་ཆེན་པོས་་སྲིད་སྐྱོང་བ་བློ་བཟང་སེངྒེ་ལ་སྐྱོན་འདོན་བྱ་ཐབས་བྱེད་པ་ནི། གཞིས་བྱེས་དབྱེར་མེད་ཀྱི་བོད་རིགས་སྤུན་ཟླ་དུ་མའི་ཐུགས་ལ་རྨ་ཁ་བཟོས་ཡོད་པས་ངེས་པར་དུ་དགོངས་སེལ་ཞུ་དགོས་ཤིང། དེ་ནི་ལུགས་མཐུན་གྱི་སྒོ་ནས་རང་ཉིད་ཀྱི་ཉེས་སྐྱོན་གད་བརྡར་བྱེད་པ་ཞིག་པས་གསན་བཞེས་འཚལ།
ལས་འགུལ་སྤེལ་བ་ལ་བསྔགས་བརྗོད་དང་ཡིད་རང་གྲངས་མེད་ཡོད་ཞུ།
ཁ་ཡི་དབུ་མའི་དོན་དང་།
ཁོག་ཏུ་ཡོད་པའི་ཞེན་ཁོག་
དོན་མེད་ཆུ་ལ་བསྐུལ་ནས།
ཚིག་དོན་གནད་ལ་ཁེས་པའི།
དམ་བཅས་དོན་དང་མཐུན་པ།
རྣམ་རྟོག་ཚེར་མས་རེ་བ།
ད་སྐབས་ང་ཚོ་བཙན་བྱོལ་བོད་པ་ཚང་ན་མཚོན་ན་ཁ་བཤད་ལ་ཡོད་ཡོད་འདྲ་བ།
ལག་ལེན་ལ་མེད་མེད་འདྲ་བའི་བར་གསེང་ནས་འདི་ལྟར།
རྒྱལ་ཚོགས་གཉིད་དཀྲོགས་ལུས་འགུལ་སྤེལ་བར་ང་ཚོའི་ཡི་རང་ཞུ་དགོས་པ་ཞིག་རེད།
ཁ་ཚ་དགོས་གཏུགས་ཀྱི་ལས་འགུལ་དེ་སྤེལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ལ་དྭོགས་པ་ཞིག་འདུག་སྟེ། གོང་གི་ལས་འགུལ་སྤེལ་སྐབས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས། “སྤེལ་མཁན་སྒྲིག་འཛུགས་མ་འདྲ་བ་ཡིན་ནའང་། སྒྲུབ་བྱའི་གནད་དོན་གཅིག་གི་སྒང་ལ་ཡིན་སྟབས། ཁྱེད་ཚོའི་ལས་འགུལ་དེ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ” ཞེས་གསུངས་འདུག གལ་སྲིད། ང་ཚོའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དེས་དབུ་མའི་ལམ་མི་མང་ལས་འགུལ་ཁང་དེ་སྒྲིག་འཛུགས་ཤིག་ཏུ་ངོས་འཛིན་གནང་གི་ཡོད་ན། སྔར་བོད་གཞུང་དོར་བའི་གཞུང་དེའི་གོ་ས་དེ་འདྲའི་གནས་སྟངས་ཤིག་ཏུ་སླེབས་འདུག་པར་སེམས་པ་སྐྱོ་པོ་ཞེ་དྲག་རེད། དེ་མིན། སྤྱིར་བཏང་གི་སྒོ་ནས་གསུངས་ཀྱི་ཡོད་ན། དེ་བས་ཀྱང་མི་འགྲིགས་ཏེ། གཞོན་ནུའི་སྒྲིག་འཛུགས་སོགས་ནི་བསྒྲུབ་བྱ་ཐ་དད་ཡིན་པ་གསལ་པོ་རེད།
སྤྱིར་བཏང་ངོས་རང་དབུ་མའི་ལམ་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་མཁན་ཞིག་གཏན་ནས་མིན། འོན་ཀྱང་བོད་རྩ་དོན་དང་འབྲེལ་བའི་ལས་འགུལ་ཚོགས་སྒེར་སུས་སྤེལ་བ་ཡིན་ན་ཡང་བསྔགས་བརྗོད་ཞུ་རྒྱུ་ཡིན། བྱས་ཙང་། སྐྱིད་ཆུ་ཚང་གི་སྐད་ཆ་ལ་ཕྱོགས་འཐེན་གྱི་བསྲེས་ལྷད་མང་པོ་ཞིག་འདུག་པས་ཕྱིན་ཆད་གཟབ་ནན་གནང་ན་ལེགས། མ་གཞི་ནས་དེ་རིགས་གླེང་མི་དགོས་པའི་སྐད་ཆ་རང་རེད།
རྒྱལ་ཚོགས་འདི་གཉིད་ལས་དཀྲོགས་དགོས་ན། བདེན་པས་གཉིད་དཀྲོག་ཐུབ་པ་ཞིག་རེད་མི་འདུག དངུལ་ལོ་དང་འཇིགས་སྐུལ་གྱིས་གཉིད་ལས་དཀྲོག་དགོས་པ་ཞིག་ཡིན་ཡང་། ང་ཚོ་གངས་ཅན་པར་ཡོད་པ་ནི་བདེན་པ་འཚེ་མེད། ཞི་བ་དང་རེ་སྨིན་ཙམ་ལས་མེད་པས། ང་ཚོར་དངུལ་ལོ་དང་འཇིགས་སྐུལ་གྱི་བྱ་ག་ལ་ཡོད།
གཉིད་དཀྲོག་དགོས་གི་རེད། ཚང་མ་གཉིད་དཀྲོག་དགོས་གི་རེད། ཡིན་ན་ཡང་། ངས་བལྟས་ན། རྒྱལ་ཚོགས་གཉིད་མ་དཀྲོག་སྔོན་ལ་མི་མང་གཉིད་དཀྲོག་དགོས་གི་རེད། མི་མང་གི་སེམས་ལ་དབུ་མའི་ལམ་ལ་ཡིད་ཆེས་བརྟན་པོ་མ་རྙེད་དུ་འཇུག་དགོས། དབུ་མའི་ལམ་མི་མང་གི་ཀླད་པའི་ནང་ཡང་ནས་ཡང་དུ་ལྡུག་དགོས་གི་རེད། མ་ཟད། རང་མི་མང་ཀླད་པའི་ནང་ལྡུག་དགོས་པ་མ་ཟད། རྒྱ་མི་མང་གི་ཀླད་པའི་ནང་ཡང་ཡག་ཙམ་ལྡུག་དགོས་གི་རེད། དེའི་རྗེས་སུ་གཞི་ནས་རྒྱལ་ཚོགས་གི་རྣ ་ནང་ལ་ལྡུག་དགོས་གི་རེད། ཤུགས་ཆེན་པོས་ལྡུག་དགོས་གི་རེད། གཉིད་མ་སད་བར་དུ་དཀྲོག་དགོས་གི་རེད། གལ་ཏེ་ད་དུང་གཉིད་མ་སད་ན། རྔ་ཆེན་དང་སྦུབས་ཆེན་། དུང་རྒྱ་གླེང་སོགས་དཀྲོལ་ནས་ངེས་པར་དུ་གཉིད་དཀྲོག་དགོས་གི་རེད།
མུ་མཐུད་དུ་དཀྲོག་དགོས་གི་རེད། མཚམས་མ་ཆད་པར་དཀྲོག་དགོས་རེད།
ད་རེས་རྒྱལ་ཚོགས་གཉིད་མ་སད་གོང་དབུ་མའི་ལམ་གྱི་ལས་འགུལ་ཚོགས་པ་དེ་གཏོག་ཙམ་གཉིད་སད་ཡོད་པ་འདྲ། ནམ་རྒྱུན་ལས་འགུལ་གང་དུ་ཡང་མཐོང་མཐོང་རིག་རིག་དང་གོ་རྒྱུ་ཚོད་རྒྱུ་མི་འདུག་པས་ད་རེས་རྔ་བརྡུང་གི་ལས་འགུལ་ཞིག་སྤེལ་ནས་ཐོན་སོང་ང་། འོན་ཀྱང་རྒྱལ་ཚོགས་ནི་རྒྱ་གར་གྱི་གཏམ་བརྒྱུད་ནང་གི་ཧཱ་ནུ་མཱན་ནང་བཞིན་གཉིད་ལ་ཡུར་ཚར་དུས་རྔ་ཆེན་མི་ཚད་འབར་གས་ཆེན་པོ་ཞིག་གིས་གཉིད་དཀྲོགས་ཀྱང་གཉིད་ལས་ལངས་རྒྱུ་ཁག་པོ་བྱས་པ་རེད། ཟས་ཀྱི་དྲི་མས་ཧཱ་ནུ་མཱན་གཉིད་ལས་དཀྲོགས་པ་བྱས་པ་བཞིན་རྒྱལ་ཚོགས་ལ་གསོལ་སྟོན་ཞིག་བཤམས་ནས་གཉིད་ལས་དཀྲོགས་པར་བྱེད་དགོས་པ་མིན་ནམ།
མ་གཞི་རྒྱལ་ཚོགས་གཉིད་ལས་དཀྲོགས་ན་ཡང་ཅང་ཕན་ཨེ་ཡོང་། རྒྱལ་ཚོགས་ནང་གུང་ཁྲན་ཡོད་པ་རེད་ལ་གུང་ཁྲན་གྱི་རྒྱབ་ལངས་རཱ་ཤི་ཡཱ་ཡང་ཡོད་པ་རེད། བྱས་ཙང་ཁོང་གཉིས་མོས་མཐུན་མི་བྱེད་པ་ནི་བརྒྱ་ཆ་བརྒྱ་ཡིན་པ་རེད། ཁོང་གཉིས་མོས་མཐུན་མེད་ན་གཞན་རྣམས་ཁ་ལ་མཛུབ་མོ་བཅུགས་ནས་སྡོད་རྒྱུ་ལས་ཅང་ལྷག་མེད་པ་རེད། ད་བར་རྒྱལ་ཚོགས་ཀྱིས་ཕན་ཐོགས་བཞག་པ་དཀོན་པོ་རེད། དེ་ཡིན་དུས་གསར་དུ་དབུ་བརྙེས་པའི་དབུ་མའི་ལས་འགུལ་ཚོགས་པས་གསར་གཏོད་མཛད་པའི་རྔ་བརྡུང་ལས་འགུལ་ལ་རྗེས་སུ་ཡིད་རངས་ཡོད་ཀྱང་ནུས་པ་ངེས་ཅན་ཞིག་ཐོན་རྒྱུ་ཁག་པོ་རེད། འོན་ཀྱང་ཟུར་དང་རྒྱབ་ལ་མི་བསྡད་པར་མཐོང་རྒྱུ་རིག་རྒྱུ་ཞིག་ཡོད་པ་ཙམ་གྱིས་ཡག་པོ་རེད།
མཉམ་འབྲེལ་རྒྱལ་ཚོགས་ལ་འགྱུར་བ་ཆེན་པོ་ཞིག་གཏོང་མ་ཐུབ་ན་དེར་རེ་བ་རྒྱག་རྒྱུ་ཞེ་དྲག་ཡོད་པ་མ་རེད། ཚང་མའི་ཁ་རུ་དམངས་གཙོ་བརྗོད་ཀྱི་ཡོད་པ་རེད། མཐར་དེད་ཕྱིན་ན། མཉམ་འབྲེལ་རྒྱལ་ཚོགས་ཁོ་རང་དམངས་གཙོའི་ཆ་ཡོངས་སུ་ཚང་བ་ཞིག་མིན་པ་རེད། བདེ་དོན་ལྷན་ཚོགས་ནང་ཡོད་པའི་རྒྱལ་ཁབ་གཙོ་བོ་གང་རུང་ཞིག་གིས་ངོས་ལེན་མ་བྱས་པ་ཡིན་ན་དོན་དག་གང་ཡང་ཐག་གཅོད་ཐུབ་ཀྱི་མ་རེད། མདོར་དེད་ན། རྒྱལ་ཚོགས་དེ་བདེ་དོན་ལྷན་ཚོགས་ནང་གི་རྒྱལ་ཁབ་ཁ་ཤས་ཤིག་གི་ལག་འོག་ཏུ་ལྷུངས་བསྡད་ཡོད་པ་རེད། དེ་ཡང་ཁོ་ཚོའི་དཔལ་འབྱོར་གྱི་ཡོངས་ཁུངས་གཙོ་བོ་རྒྱལ་ཁབ་དེ་དག་ལ་ཐུག་ཡོད་པས་རེད།
མཉམ་འབྲེལ་རྒྱལ་ཚོགས་ལ་འགྱུར་བ་ཞིག་གཏོང་དགོས་ན་ང་ཚོའི་ངོས་ནས་ག་རེ་བྱེད་ཐུབ་གི་རེད། དེ་ལའང་བསམ་བློ་རེ་ཐོང་དང་།
དབུ་མིའི་ལམ་གྱི་ལས་འགུལ་དེ་ལ་རྒྱབ་སྐྱོར་ཞུ།
ཞོར་དུ་བསམ་ཚུལ་ཞིག་བརྗོད་འདོད་དེ། རྒྱལ་ཚོགས་གཉིད་དཀྲོགས་ཞེས་ན་མི་འཚམ། དེའི་ཚབ་ཏུ་༼རྒྱལ་ཚོགས་བླ་འགུགས༽་ཞེས་བརྗོད་ན་བཟང་། དེའི་དོན་ནི་རྒྱལ་ཚོགས་ལ་རྒྱུ་འབྲས་ཀྱི་བླ་འགུགས་པ་ལ་ཟེར།
རྒྱུ་མཚན་གང་ཞེ་ན། རྒྱ་ནག་གུང་ཁྲན་ཏང་སྲིད་དབང་གིས་བོད་ལ་མི་ཆོས་ལས་འདས་པའི་གདུག་རྩུབ་དང་མནར་གཅོད་བཏང་དང་གཏོང་བཞིན་པ་དེ་རྒྱལ་ཚོགས་ཀྱིས་མ་མཐོང་མ་ཐོས་པ་མིན། དྲང་མོར་བཤད་ན། རྒྱལ་ཚོགས་ཟེར་བ་འདི་སྔ་མོ་ནས་རྒྱལ་ཁབ་སོ་སོའི་རང་དོན་འབའ་ཞིག་གཉེར་སའི་ཁེ་ཕན་ཚོགས་པ་ཞིག་ཏུ་གྱུར་ཟིན་པ་དང་། རྒྱལ་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་ཕལ་ཆེ་བའི་རྒྱུ་འབྲས་ཀྱི་བློ་མིག་ནི་རྒྱ་ནག་གུང་ཁྲན་ཏང་གིས་དཔལ་འབྱོར་ལྐོག་རྔན་གྱི་ལྕགས་ཀྱུས་ཟིན་འདུག དེ་ཚོས་རང་གི་རྒྱལ་ཁབ་ཀྱི་ཁེ་ཕན་ཉི་ཚེ་བ་ཙམ་ལ་ལྟོས་ཏེ་འཛམ་གླིང་གི་འགྲོ་བ་མིའི་བདེ་སྡུག་གི་གནད་དོན་ཐག་གཅོད་ལ་གདམ་ཁ་བྱེད་པ་ཡིན།
དེར་བརྟེན། ང་ཚོས་ལས་འགུལ་གང་སྤེལ་ཡང་ཕལ་ཆེ་བ་རྣམ་འགྱུར་སྟོན་པའི་ནུས་པ་ཙམ་མ་གཏོགས། དོན་འབྲས་འབྱུང་མིན་བཤད་དཀའ། དེ་ལྟ་མོད་ཀྱང་། རྣམ་འགྱུར་སྟོན་པའི་ལས་འགུལ་རིགས་དུས་ཐོག་ཏུ་སྤེལ་བ་ནི་ཁ་ཚ་དགོས་གཏུག་ཏུ་མཐོང་ངོ་།།
རེབ་གོང་བ་ཚེ་རིང་རྡོ་རྗེ་ནས།
རྒྱལ་ཚོགས་གཉིད་དཀྲོག་གི་ལས་འགུལ།། རྒྱལ་སྤྱིའི་ལྡིང་ཆ་ནས་སྤེལ་དང་།།
རྒྱལ་མང་གཉིད་འཐུག་ལས་སད་ན།། རྒྱལ་བའི་མཛད་ཕྲིན་དེ་རྒྱས་ཡོང་།།།
གང་ལྟར་ལས་འགུལ་སྤེལ་བ་ལ་ཐུགས་རྗེ་ཆེ། སྐྱིད་ཆུ་སྡུག་ཆུ་ཟེར་མཁན་དེའི་སྐད་ཆ་ལ་ལྟོས་དང་ཕྱོགས་རེས་ཀྱིས་རུལ་ཚར་འདུག
རིག་འབྱུང་དོན་གྲུབ་བཀྲ་ཤིས་ཟེར་བའི་བྱིས་པ་ཞིག་གིས་ཆེ་བཤད་རྒྱག་ག ཁྱེད་ཀྱིས་མ་ཤེས་ན་མ་གོ་ན་ག་རེ་ཡོད་པ་རེད་དམ། སྐད་ཆ་བཤད་སྟངས་ལ་ལྟོས་དང་།