གཞུང་པ་ཚེ་དབང་བསོད་ནམས།
རྐང་རྩེད་སྤོ་ལོ་རྩེད་རིགས་ཀུན་གྱི་མཆོག །
ཁ་རྩོད་མང་ལ་ཐོབ་ཤོར་རྒྱན་འཛུགས་མང་།།
དགའ་སྤྲོ་ཆེན་པོའི་མིག་གིས་ལྟ་མཁན་མང་།
ང་རྒྱལ་སྤངས་ནས་རྩེད་མོ་རྩེད་ན་སྐྱིད།།
ཅ་ཅོ་མང་བའི་མི་མང་ལྟ་མཁན་ཚོ།།
ཆ་ལ་ཆོལ་་ལེའི་སྐད་ཅོར་ཉུང་ན་དགའ།།
ཇ་ཆང་མདུན་དུ་བཞག་ནས་མིིག་གིས་ལྟོས།།
ཉ་བ་ཉོབ་བེ་མིན་པའི་རྐང་རྩེད་ལ།།
ལྟད་མོ་ལྟ་མཁན་ཕྱོགས་མཐའ་ཁག་ནས་འབྱོར།།
ཐ་མའི་རྒྱལ་ཁ་སུ་ལ་ཐོབ་ན་ཡང་།།
དོན་དངོས་རྩེད་མོའི་གྲུབ་འབྲས་རྒྱལ་ཕམ་རེད།།
ན་གཞོན་རྩེད་འགྲན་ཐུགས་ལ་དེ་ལྟར་ཞོག །
པ་སངས་ཉི་མར་བྱ་ལས་བརྩམས་ན་དགའ།།
ཕ་ཡུལ་བོད་ལ་དེ་སྔོན་རྐང་རྩེད་མེད།།
བྱ་ལས་རྩེད་གསུམ་ཚང་མ་ཤེས་ན་དགའ།།
མ་རབས་བྱ་ལས་རྒྱུན་དུ་སྤང་ན་ལེགས།།
རྩ་བ་རྩེད་མོ་མཐུན་འབྲེལ་བཟོ་བྱེད་རེད།།
ཚ་བའི་ཡུལ་དུ་རྩེད་མགྲན་དཀའ་ལས་ཆེ།།
ཛ་དྲག་བྱས་ནས་རྩེད་མོ་མ་རྩེད་ན།།
ཝ་ལེར་སོམས་དང་ཕམ་ཁ་བླང་ཉེན་ཡོད།།
ཞག་ཤས་སྦྱང་ནས་རྩེད་ན་རྒྱལ་ཁ་དཀའ།།
གཟབ་ནན་བྱས་ནས་རྩེད་ན་རྒྱལ་ཁ་ཐོབ།།
འ་ར་འུར་རེར་རྩེད་ཁྲིམས་འགལ་མི་ཉན།།
ཡ་རབས་རྩེད་མོར་ལྟ་མཁན་སྣང་བ་སྐྱིད།།
རེ་བ་ཆེ་བའི་བོད་ཀྱི་སོན་རྩ་རྣམས།།
ལ་རྒྱ་བརྟན་པོའི་ལག་སྟངས་མ་གློད་ཨ།།
ཤ་ཚའི་གཏམ་དང་ཕན་པའི་ཁ་བརྡ་འདི།།
ས་ཆ་གང་དུ་གནས་ཀྱང་གོ་བར་ཤོག །
ཧམ་པ་མ་བྱེད་སྙོམས་ཆུང་དམའ་ས་ཟིན།།
ཨ་གསར་མ་བྱེད་ཕ་མའི་རིག་གཞུང་སྲུང་།
ཕ་ཡུལ་བོད་ལ་དེ་སྔོན་རྐང་རྩེད་མེད།།
འདི་མི་བདེན། དེ་ཡོད་པའི་པར་ཞིག་ཀྱང་སྟོན་རྒྱུ་འདུག
་་་་་་་་་་་ བོད་དམག་རྣམས་ཀྱིས་མགོ་སྐྲ་གཅོད་པ་དང་ཕྱུ་པ་མི་གྱོན་པ་སོགས་དབྱིན་ཇི་དང་ཨུ་ རུ་སུ་རྒྱ་ནག་སོགས་ཀྱི་དེང་རབས་ཅན་གྱི་དམག་མིའི་ཆས་གོས་གྱོན་པ་དང་རྐང་རྩེད་ སྤོ་ལོ་སོགས་དེང་རབས་ཀྱི་ལུས་རྩལ་རྩེ་བ། བླ་གྲྭ་དང་དཔོན་རིགས་ལ་ལྟོས་བཅས་ཀྱིས་དད་གུས་མི་བྱེད་པ་སོགས་བྱུང་བས། བོད་ཀྱི་སེར་སྐྱ་ཕོ་མོ་ཡོངས་ཀྱིས་དགག་པ་ནན་པོ་བྱས། ་་་་་་་་་་་་་་
http://www.tibettimes.net/news.php?showfooter=1&id=10110