ཨེ་མ་ཧོ།
ན་མོ་གུ་རུ་ཌཱཀྐི་ནི་ཡེ།
གངས་དཀར་རི་བོས་བསྐོར་བའི་གནས་ན།།
གངས་རིའི་ལྷ་ལྕམ་བུ་མོའི་པང་ན།།
གངས་སེང་དཀར་པོའི་གདོང་རྒྱུད་ཡིན་ན།།
གངས་ཆབ་གཙང་མས་སྐྱེད་པར་ལགས་སོ།།
བྱམས་བཟང་གཡུ་ཡི་མེ་ཏོག་རྐང་གཅིག།
བརྩེ་ལྡན་གངས་ཆབ་གཙང་མའི་མ་མ།།
སྙིང་རྗེའི་བདག་ཉིད་གངས་ཅན་མ་ཡུམ།།
དགའ་བའི་དུས་ཆེན་སྟོན་མོ་ཤར་སོང་།།
འབྱུང་འདུས་བདུད་རྩི་བདག་པོ་གནང་ཞིང་།།
གངས་སེང་འོ་མས་གཅེས་སྐྱོང་མཛད་པའི།།
གངས་ཅན་བདག་མོ་མཛེས་མཛངས་ཡོངས་ལ།།
བཀའ་དྲིན་དྲན་པའི་ཚོགས་འཁོར་འབུལ་ལོ།།
སྐུ་ལུས་འཆི་མེད་བགྲེས་རྒུད་བྲལ་ཞིང་།།
གསུང་མཆོག་མ་ཎིའི་དབྱངས་རྟ་གྱེར་ནས།།
ཐུགས་བརྩེས་བསྟན་སྲིད་མི་ནུབ་སྐྱོང་བའི།།
གངས་ལྗོངས་རྒྱལ་ཡོངས་ཡུམ་ཆེན་ཞབས་བརྟན་སྨོན་ནོ།།
ཞེས་པ་འཛམ་གླིང་རྒྱལ་ཡོངས་བུད་མེད་དུས་ཆེན་ལ་མཁའ་འགྲོ་དཔལ་ལྡན་ལྷ་མོ་དང་དཀར་མཛེས་བདེ་ཆེན་དབང་མོས་ངོར་ཀུན་བཟང་ཆོས་གླིང་ནས་ཤྲཱི་ཨེ་མ་ཧོས་ཕུལ་བར་དགེའོ།། །། ཕྱི་ལོ ༢༠༡༥ ༣ ༨ ལའོ།།
གངས་རིའི་འཕྲོད་དུ་གངས་རིའི་བུ་ོའཁྲུངས་།
གངས་རིའི་བུ་མོའི་གངས་རིའི་ཕྲུ་་གུ་སྤེལ་།
གངས་ཕྲུག་ངར་མ་བོད་དོན་མ་རླག་ཨ་།
གངས་ལྗོངས་མི་རིགས་གཡུལ་ལས་རྒྒྱལ་བ་ཤོག་།
འདོད་པའི་བདེ་བ་སྟེར་མཁས་མཆོག་གྱུར་མ། །
ཕྲ་ཞིང་ལྟེམ་ལ་འཕོངས་ཚོས་འབུར་དོད་མ། །
ཡིད་འོང་དྲི་ཞིམ་འཐུལ་བའི་འཇོ་སྒེག་མ། །
སྤྱན་ཟུང་ཟུར་མདའ་འཕངས་ཙམ་བདེ་སྟེར་མ། །
འདོད་པའི་མི་ལ་འདོད་པ་སྦྱིན་པ་ན་་།
དགེ་བ་མེད་ནའང་སྡིག་པ་གང་ནས་ཡོང་།
ཆགས་ཆེན་བུད་མེད་ལན་གཉིས་མ་སྤྱད་ན་།
འདོད་པ་མི་འཚིམ་སྡིག་པའི་རྒྱུ་ལ་འགྲོ་།
ཧ་ཧ་