ཐེ་བོ་སངས་རྒྱས།
ཐག་རིང་ཐག་རིང་གི་རྒྱལ་རོང་བུ་མོ་ལགས།
ཁམས་བཟང་།
ཁྱོད་ཀྱིས་བོད་ལ་ཡི་གེ་མེད་ཟེར་བ་ཙམ་གྱིས་བོད་ཡིག་མེད་པར་ཆགས་མི་འགྲོ་ཡང་། ཁྱོས་རྒྱལ་རོང་སྐད་དེ་བོད་སྐད་ཡིན་པ་ཡེ་ནས་མ་ཤེས་ན་སྐད་ཆ་བཤད་དུས་གཟོབས། ད་བོད་ལ་ཡི་གེ་ཡོད་པ་མང་དུ་སྒྲུབ་མི་དགོས་པར་ངས་བྲིས་པ་འདི་ཉིད་བོད་ཡིག་རེད།
འོ་ན་འདི་ཇི་ལྟ་བུ་ཞིག་རེད་ཅེ་ན། དུས་རབས་བདུན་པའི་མགོ་སྟོད་ཙམ་ལ་རྒྱལ་པོ་སྲོང་བཙན་སྒམ་པོའི་བློན་པོ་ཐུ་མི་ཨ་ནུས་གུབྟའི་ཡི་གེ་ལ་དཔེ་1བལྟས་ནས། བོད་སྐད་ལ་གཞི་བཅོལ་ཞིང་གསར་གཏོད་བྱས། བོད་ཡིག་འདི་རྩ་བ་དབྱངས་བཞི་དང་གསལ་བྱེད་སུམ་ཅུ། ཡི་གེ་རེ་རེའི་སྒྲའི་སྐྱེ་གནས་གང་ཡིན་དང་། སྒྲ་གདངས་ཇི་ལྟར་འབྱིན་པའི་བྱེད་པ་དང་རྩོལ་བ་སོགས་ཀྱི་རྣམ་གཞག་སྒྲ་རིག་པའི་སྤྱི་གཤིས་ལ་མཐུན་ཚབས་ཆེ་བ། འཕུལ་རྟེན་མགོ་འདོགས་ཕྲལ་སྦྱོར་བཅས་བརྡ་སྤྲོད་པའི་གཞུང་ལུགས་ངོ་མཚར་དང་ལྡན་པའི་སྒྲ་སྦྱོར་ཡི་གེ་ཞིག་ཡིན། བློ་གསར་ཞིག་གིས་ཟླ་ངོ་གཅིག་ཙམ་རིང་སྦྱོར་ཀློག་རྐྱང་པ་སྦྱངས་ན་ཡོངས་རྫོགས་བདེ་བླག་ཏུ་ཀློག་ཐུབ་ལ། སྒྲ་གདངས་གསར་པ་ག་ཚོད་ཐོན་རུང་དབྱངས་གསལ་གསར་བཟོ་བྱེད་མི་དགོས་པར་མ་ཟད། མི་རིགས་དང་སྐད་ཡིག་ཐ་དད་པའི་ས་ཆའམ་མི་མིང་སོགས་ཀྱི་སྒྲ་ཉེ་བར་ཐོན་པ། འབྲི་ཡིག་གཟུགས་སུམ་ཅུ་སོ་གྲངས་ཁོ་ན་འབྲི་སྟངས་ཤེས་ན་ཚང་མ་ཚུད་པའི་ཁེབས་རྒྱ་དང་། དབུ་ཅན་དང་དབུ་མེད་གང་ཡིན་ཡང་གསལ་བྱེད་སུམ་ཅུ་སྤྱི་ཁོག་མཉམ་ཞིང་གཅུ་སྟའི་ཕྱག་སྲོལ་སྣ་ཚོགས་ཁྱད་དུ་འཕགས་པ། གློག་ཀླད་དུ་གཏག་ན་མཁྲེགས་ཆས་མཐེབ་གཞོང་ནང་ཡིག་འབྲུ་འཚང་ཁ་མེད་པར་ཤོང་བའི་ཁྱད་ཆོས་ཅན། བརྗོད་བྱའི་དོན་མཚོན་གྱི་ནུས་པ་ནི་རྒྱ་ནག་སྐད་དང་། རྒྱ་གར་སྐད་ཀྱི་དོ་ཟླ་ཡོང་བ་མ་ཟད། ནང་དོན་རིག་པའི་ཐད་ནས་བོད་ཡིག་ལས་ལྷག་པའི་སྐད་ཡིག་ཅིག་འཛམ་གླིང་ན་རྙེད་དུ་མེད།
སྔོན་ཐོན་སྐད་ཡིག་ཕུལ་དུ་བརྩི་བའི་དབྱིན་ཡིག་ལྟ་བུ་ཚེག་དབར་གཅིག་ལ་Pneumonoultramicroscopicsilicovolcanoconiosis, ཡི་གེ་ཞེ་ལྔ་ལས་གྲུབ་པ་ལྟ་བུ་ཡོད་ཀྱང་། བོད་ཡིག་ལ་ཚེག་ཁྱིམ་གཅིག་ལ་ཡི་གེ་མང་ཤོས་བསྒྲིགས་ལྟ་བུ་དབྱངས་ཡིག་དང་བཅས་པའི་བདུན་ལས་མང་བ་མེད། དེ་བཞིན་རྒྱ་ཡིག་འབུར་ལ་凸དང་ཀོང་ལ་凹ཞེས་པ་འབྲི་བ་དེས་རྩ་བ་འདྲ་གཟུགས་ཡི་གེ་རྙོག་འཛིང་ཅན་ཞིག་ཡིན་པ་མཚོན་ཅིང་། ལོ་ངོ་སྟོང་ཕྲག་གོང་གི་རྒྱའི་ཡིག་རྙིང་བཀླགས་ཤིང་དོན་གོ་མཁན་ཆེད་མཁས་རེ་ལས་མེད་ནའང་། བོད་ཀྱི་ཡིག་རྙིང་ནི་སྤྱིར་བཏང་བོད་ཡིག་ཤེས་མཁན་ཡིན་ན་བརྒྱ་ཆ་བདུན་ཅུ་བརྒྱད་ཅུ་ཀློག་ཅིང་གོ་ཐུབ་པ་སོགས་བཤད་ན་བཤད་རྒྱུ་མང་ཡང་འདི་ཙམ་གྱིས་འཐུས་པར་བྱ། ད་བདེ་མོ་བྱོས།
ཕྱི་ལོ་2017 ཟླ་7 ཚེས་22 ཉིན། ཐེ་བོ་སངས་རྒྱས་ཀྱིས།
མཆན། 1 མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ལུགས།
རྒྱལ་རོང་གི་བུ་མོ་ཡིག་རྨོངས་བ་ཞིག་གི་སྐད་ཆ་ཡ་མ་བརླ་ཞིག་བཤད་པ་ལ་ཆུང་ཆུང་ཆེན་པོར་བཟོས་ཏེ་རྒྱལ་རོང་བ་ཡོངས་ལ་ཁ་རྡུང་དང་བཙན་བཤད་བྱས་པ་འདི་ཡང་དག་པ་ཞིག་གཞལ་ནས་མ་རེད། རྒྱལ་རོང་བའི་མི་གྲངས་དཔག་པའི་དགེ་བཤེས་དང་མཁས་དབང་ཧ་ཅང་མང་པོ་བྱུང་བ་འདས་བའི་ལོ་རྒྱུས་དང་ད་ལྟའི་གནས་བབ་གང་ལ་གཞིག་ཀྱང་བོད་ཀྱི་ས་ཆ་གཞན་དག་ལ་བསྡུར་ན་མ་མཐོ་ནའང་མི་དམན་པའི་ཚུལ་དུ་ཡོད། བོད་སྐད་ཡིག་གི་གནས་བབ་ནི་རྒྱལ་རོང་ཙམ་མ་ཡིན་བོད་ཁམས་ཡོངས་ན་ཧ་ཅང་ཉག་ཕྲ་ཞིང་ཉམས་དམའ་བའི་ཚད་སླེབས་ཡོད་པ་ཤེས་བཞིན་དུ་རྒྱལ་རོང་བ་གཅིག་པུར་རྒྱུགས་པ་ལེབ་རྡུང་བྱས་པ་ནི་དྲང་བདེན་ཞིག་མ་རེད།
ཐེངས་འདིའི་རྒྱལ་རོང་བུ་མོའི་སྐད་ཆ་འདི་རྐྱེན་ངན་གྲོགས་སུ་གྱུར་ཏེ་ཤེས་ཡོན་དང་ལྷག་བསམ་ལྡན་པའི་བོད་པ་གང་ན་སུ་བཞུགས་ཐམས་ཅད་ཀྱིས་རྒྱལ་རོང་ས་ཁུལ་གཙོས་བོད་སྐད་ཡིག་ཆེས་ཉག་ཕྲ་བའི་གནས་སུ་གྱུར་པའི་ས་ཁུལ་ཀུན་ཏུ་བོད་སྐད་ཡིག་སླར་གསོའི་རྒྱུ་རུ་འགྱུར་བར་སྨོན།
ལོ་ཤས་སྔོན་རྒྱལ་རོང་བུ་མོ་གླུ་མ་སྐད་གྲགས་ཅན་ཞིག་གིས་རྒྱ་མིའི་བརྙན་འཕྲིན་གྱི་རྒྱུད་ལམ་ཅིག་ནང་མོས་རྒྱལ་རོང་གི་བོད་སྐད་རྒྱག་མི་ཤེས་ཟེར་ནས་མིག་ཆུ་གཏོང་མཁན་ཞིག་མཐོང་།
དེང་སང་རྒྱལ་རོང་བུ་མོ་གླུ་མ་སྐད་གྲགས་ཅན་ཞིག་གིས་རྒྱ་མིའི་བརྙན་འཕྲིན་གྱི་རྒྱུད་ལམ་ནང་མོས་རྒྱལ་རོང་གི་རང་ཡིག་མི་ཤེས་ཟེར་ནས་སྡུག་སྐད་འདོན་མཁན་འདི་ཚོ་མཐོང་དུས།
བུད་མེད་འདི་དག་དངོས་གནས་དྲང་ཚུགས་ལྡན་པའི་བློ་ཁོག་ཅན་རེད་བསམ་གྱི་ཡོད་། འཚོ་བ་དངོས་ཀྱི་གནས་སྟངས་ཟོལ་ཟོག་མེད་པར་དྲང་པོར་བཤད་པ་རེད། གཞན་མི་སེར་དཀྱུས་མ་འདི་ལྟར་རྒྱ་མི་སྟོང་ཚོ་མངས་པོའི་མདུན་ལ་ཡར་ལངས་ནས་བཤད་ཆ་་ཤོད་ཕོད་མཁན་སུ་ཡོད་དམ། །
༄༅། རྒྱལ་རོང་བོུ་ཞེས་པ་ནས་བོད་ལ་ཡི་གེ་མེད་ལུགས་བཤད་པ་ལ་བལྟས་ན་
ཤེས་ཡོན་གང་ཡང་མེད་པའི་རྟགས་རེད། འདི་ལ་རིག་གནས་ཀྱོ་ཐོག་ནས་ལན་སློག་དགོས་
དོན་ཅི་ཡང་མེད། ཁག་མེད།
ངས་ནི་རྒྱ་རོང་། ཞེས་ཐོས་མྱོང་། དེ་བཞིན་དེའི་སྒྲ་བཤད་བྲིས། བོད་ཀྱི་མཁས་གྲུབ། འབྲས་སྤུངས་བློ་གསལ་གླིང་གྱི་རྒྱ་རོང་མཁན་ཟུར་རིན་པོ་ཆེ་ཞུ་བ་དེ་བདག་གི་ཤག་ཏུ་བྱོན་པའི་སྐལ་བ་བཟང་པོ་ཐོབ།
དེ་བཞིན་རྗེས་སུ། གདན་ས་སེ་ར་སྨད་ཀྱི་རྒྱ་རོང་མཁན་པོ་ཞབས་ཀྱི་ཕྱག་བྲིས་འབྱོར་མྱོང་།
་
ལྷན་རྒྱས་མང་པོས་རྒྱ་རོང་གི་ཚབ་ཏུ། རྒྱལ་རོང་། ཞེས་བྲིས་པ་ལ་སྒྲ་བཤད་ཅིག་ཡོད་དམ། ཡངན། ་གཡམ་རྒྱུག་ཡིན།
ཁྱོས་རྒྱལ་རོང་སྐད་དེ་བོད་སྐད་ཡིན་པ་ཡེ་ནས་མ་ཤེས་
འདི།
ཁྱོད་ཀྱིས་རྒྱ་རོང་སྐད་དེ་བོད་སྐད་ཡིན་པ་ཡེ་ནས་མ་ཤེས་
ལ་བཅོས་དགོས།
ཤར་རྒྱལ་མོ་ཚ་བ་རོང་།
ཤར་རྒྱལ་མོ་ཚ་བ་རོང་། འདི་ཉིད་དཔེ་ཆ་གང་ན་ཡོད། འབྱུང་ན་དཔེ་ཆའི་མིང་དང་། ཤོག་གྲངས་བཅས་འགོད་གྲོགས་མཛོད། རྒྱ་རོང་ལ་རྒྱལ་མོ་ཞེས་བཏགས་མིང་ཡིན་པར་སྣང། རྒྱ་རོང་། ཞེས་པའི་ རྒྱ། ནི་ཕྱོགས་གཞན་ཞིག་ན། བརྟག་ན། ཆེན་པོ་ཡང་འཇུག་སྟེ། ང་བྱིས་པ་ཆུང་ངུའི་དུས་ན། སྐྲས་ཀ་ཆེན་པོ་ལ། རྒྱ་སྐྲས་དང་། སྒོ་ཆེན་པོ་ལ། རྒྱ་སྒོ་དང། ལམ་ཆེན་པོ་ལ། རྒྱ་ལམ། ཞེས་ཐོས་པ་ལྟར། ལུང་པ་ཆེན་པོ་ལ། རྒྱ་རོང་། ཞེས་པར་མངོན། དེ་ཡང་། རྒྱ་མོ་རོང་དུ། བེ་རོ་ཙ་ན་འམ། ཡེ་ཤེས་སྡེ་ཉིད་རྒྱ་མོ་ཚ་བ་རོང་དུ། ཁྲི་སྲོང་ལྡེ་བཙན་དུས་སུ་བསྐྲད་པར་བཀླགས། དེ་ཡང་། རྒྱ་མོ་ཡིན་ནམ་རྒྱལ་མོ་ཡིན་བརྟག་དཔྱད་དགོས་པར་མཐོང་ངོ་།
་
ཡིག་ནོར་དག་ལ་ཞུས་དག་མཛད་དགོས།
སྤྱིར་རྒྱ་རོང་པ་བོད་པ་ཡིན་ན་ཡག་རྒྱུ་ཞིག་དང་མ་ཡིན་ན་སྡུག་རྒྱུ་ཞིག་ཀྱང་མཐོང་མ་སོང་། བོད་པའི་མངའ་ཁོང་ཡིན་པ་ཙམ་གྱི་བོད་ཡིན་དགོས་ན་་་དེ་ལྟར་ན་རྒྱའི་ཁོང་ཡིན་པ་ཚང་མ་རྒྱ་ཡིན་པའི་ཐར་འགྲོ་བའི་སོ། ཁོ་རང་ཚོ་མི་རིགས་ཤིག་པའི་སྐད་དང་གོམས་གཤིས་གང་ཐད་ནས་མ་འདྲ་བ་ཞིག་ཡོད་པ་མདོ་དབུས་ཁམས་གསུམ་གང་གི་ཁོང་སུ་འདྲ་གི་མེད་པ་ཤེས་ཤེས་པ་རེད། ལོ་གཉིས་ལ་རྒྱ་རོང་ལ་བསྡད་མྱོང་བའི་ཉམ་མྱོང་ཡིན་་་་བོད་ཡིག་ཤེས་མཁན་བརྒྱ་ཆ་བཅོ་ལྔ་ཨེ་ཡོད་ན་་་ཡོད་ན་ཡང་ཁོ་རང་ཚོའི་སྐད་དང་མི་མཐུན་པའི་བེད་སྤྱོད་དེ་འདྲ་མེད་པ་འདྲ། བོད་ཡིག་ཤེས་མཁན་མང་ཆེ་བ་གྲྭ་བ་ཡིན་པའི་བོད་ཡིག་ནི་གཏོ་སྒྲུབ་བྱེད་ཙམ་ལས་གཞན་དགོས་མཁོ་མེད་པ་བསམ་གི་ཡོད་ས་རེད།
བོད་པ་ཞིག་ལ། རྒྱལ་རོང་བོད་ཡིན་ན་ཡག་རྒྱུ་དང་མིན་ན་སྡུག་རྒྱུ་མེད་པའི་མི་ནི། བོད་རྒྱལ་ཁབ་དང་མི་རིགས་ལ་ཤ་ཞེན་མེད་པའི་མི་ཡིན། ཁོ་ཚོས་ཟ་རྒྱུ་འཐུང་རྒྱུ་ཞིག་རག་ན་རང་གི་རྒྱལ་ཁབ་དང་མི་རིགས་ཆོས་དང་རིག་གནས་བཅས་ལ་ཤ་ཚ་གང་ཡང་མེད། དེ་འདྲའི་མི་མང་ནས་མང་དུ་འཕེལ་ཏེ་མཐར་བོད་རྒྱལ་ཁབ་དང་མི་རིགས་རིག་གཞུང་དང་བཅས་མིང་ཙམ་ལས་མི་ལྷག་པར་འགྱུར་འགྲོ རང་རིགས་ལ་ལ་ཞེན་དང་རིག་གཞུང་ལ་དགའ་པོ་ཡོད་ན། མགྱོགས་མྱུར་ཏུ་ཐབས་མཁས་པོའི་སྒོ་ནས་ཕྱི་ཡི་གནོད་ཤུགས་དང་ནང་གི་འཐུས་ཤོར་ལས་རྣམ་པར་རྒྱལ་བའི་ལས་ལ་བརྩོན་དགོས།
བོད་ཀྱིཤར་ཕྱོགས་ཡིན་པས་ཤར།ལྷ་ཆེན་རྒྱལ་མོ་དམུ་རྡོའི་ིིརི་རྒྱུད་དུ་ཡོད་པས་རྒྱལ་མོ་།བོད་ཡུལ་གྱི་ཚ་བ་ཅུང་ཆེ་བའི་ས་ཡིན་པས་ཚ་བ་།གྲོ་ནས་སྲས་གསུམ་ཐོན་པའི་རོང་ཁུལ་ཡིན་པས་རོང་ཞེས་གྲགས་པ་ཡིན།
རྒྱལ་རོང་བ་ཚོས་བོད་སྐད་དང་བོད་ཡིག་མ་ཤེས་པ་དེ་ནི་ས་གནས་ཀྱི་རྒྱལ་པོ་དང་བླ་མ་ཚོའི་སྐྱོན་ཆ་རེད། སྔོན་ཆད་ལུང་བ་དེ་དག་གིས་དཔོན་པོ་དང་བླ་མ་ཚོས་ཡིག་རྨོངས་པ་ཚོ་དབང་བསྒྱུར་བདེ་སྟབས་མི་མང་ལ་བོད་ཡིག་མ་སྤེལ་བ་རེད། སྤྱིར་བོད་སྔ་མའི་བླ་དཔོན་དང་མཁས་པ་ཚོས་བོད་མི་མང་ལ་ཁེ་ཕན་གཅིག་ཀྱང་བསྒྲུབས་མི་འདུག་ཟེར་ན་ཆོག་པར་སྙམ། བོད་ཡིག་ལ་མཚོན་ན་དབུ་ཅན་དང་དབུ་མེད། འཁྱུགས་བྲིས། དེའི་ཁར་ལན་ཛཱ་དང་ཝ་ཏི་སོགས་མགོ་ཉོག་བྱེད་ཅིག་ཡོད་པ་རེད། དབྱིན་ཡིག་ལ་མཚོན་ན་གསལ་བྱེད་ཉེར་དྲུག་གིས་འཛམ་གླིང་དབང་དུ་བསྒྱུར་ཐུབ་ཀྱི་ཡོད་པ་རེད། བོད་སྔ་མའི་མཁས་པ་ཚོས་བོད་མི་མང་ལ་ཕན་པའི་སྐད་ཡིག་སྟབས་བདེའི་ཞིག་བསྐྲུན་མི་འདུག སྟབས་བདེའི་བོད་ཡིག་གཅིག་གྱུར་ཞིག་ངེས་པར་དུ་དགོས་འདུག དབུ་ཅན་གཅིག་པོས་ཆོག་པར་སྙམ། །
གྲོ་ནས་སྲས་གསུམ། ཞེས་པར་དཔགས་ན། སྲན་མ་ལ་སྲས། ཞེས་པར་མངོན། དེ་ཡང་རུང་སྟེ། ཟན་ལ་ཟས། ཞེས་ཡོངས་གྲགས་ཡིན།
འདིར་མཆན་འདེབས་མཁན་ཚང་མ་ལ་བཀྲིན་ཆེ་ཞུ། 1 སྤྱིར་རྒྱལ་རོང་བུ་མོ་དེས་ཕལ་ཆེར་བོད་ཡིག་ཤེས་མདོག་མི་ཁ་ཡང་། ངས་བོད་ཡིག་གི་འཕྲིན་ཞིག་ཨུ་ཚུགས་ཀྱིས་འབྲི་ཁུལ་བྱས་པ་ལས་མོ་ལ་སྡིགས་མེད། 2 འདིར་གླེང་བཞིན་པ་ནི་རྒྱལ་རོང་དང་རྒྱ་རོང་གི་དག་ཆའི་ཐད་ངས་ཚིག་ཐག་ཆོད་པོས་རྒྱ་རོང་མ་རེད་རྒྱལ་རོང་རེད་ཅེས་ལབ་མི་ཐུབ་རུང་། ངས་མཐོང་བའི་དཔེ་དེབ་མང་པོར་རྒྱལ་རོང་བྲིས་པ་ལས་རྒྱ་རོང་བྲིས་ཡོད་པ་མཐོང་རྒྱ་ཆུང་བའི་དབང་གིས་མིན་ན་མ་མཐོང་། དཔེར་ན། དེབ་དཀར་ལས་རང་རེའི་སྐད་ཡིག་འདི་སྟོད་ལ་དྭགས་ནས་སྨད་རྒྱལ་རོང་བར་ཞེས་འབྱུང་བ་ནང་བཞིན་རེད། ངའི་རྨོངས་འཆར་ལ་རྒྱལ་རོང་གི་ལུང་པར་རྒྱལ་མོ་རྔུལ་ཆུ་བཞུར་གྱི་ཡོད་པར་བརྟེན་མིང་དེ་ལྟར་ཐོགས་པ་མིན་ནམ་སྙམ།
ལ་དྭགས་འཇམ་དཔལ་ལགས། ཁྱེད་ཀྱིས་རྒྱ་རོང་ཡིན་ཚུལ་དང་རྒྱལ་རོང་མིན་པའི་སྒྲུབ་བྱེད་ཁྱར་ཁྱོར་ཞིག་བཀོད་འདུག འོན་ཀྱང་དོན་དངོས་སུ་ཤར་རྒྱལ་མོ་ཚ་བ་རོང་ཞེས་བོད་ཀྱི་ཆོས་འབྱུང་དང་རྣམ་ཐར་ཁག་ཏུ་གཅིག་གྱུར་ཐོག་བྲིས་ཡོད། དཔེར་ན། རྒྱལ་མོ་གཡུ་སྒྲ་སྙིང་པོ་སོགས་ཀྱིས་བསྒྲིགས་པའི་བཻ་རོའི་རྣམ་ཐར་འདྲ་འབག་ཆེན་མོ་དང་། པདྨ་བཀའ་ཐང་། 《ནེའུ་པཎྚི་ཏས་མཛད་པའི་སྔོན་གྱི་གཏམ་མེ་ཏོག་ཕྲེང་བ》 སོགས་ཆོས་འབྱུང་དང་རྣམ་ཐར་མང་པོའི་ནང་། ཆོས་ལ་གནག་པའི་བློན་པོ་ངན་ལམ་སྟག་སྒྲ་ཀླུ་ཁོང་སོགས་ཀྱིས་རྒྱལ་པོར་ཁྲ་མ་བཅུག་སྟེ། སློབ་དཔོན་བཻ་རོ་ཙ་ན་རྒྱལ་མོ་ཚ་བ་རོང་དུ་སྤྱུགས། ཞེས་འཁོད་ཡོད་པས་ལོ་རྒྱུས་ཚད་ལྡན་ལ་གཟིགས་རོགས། །
ཤངས་སྟོནལེགས། དཔེ་ཆ་ཚད་ལྡན་དེ་རྣམས་ཀྱི་མཚན་བཀོད་པར་བཀའ་དྲིན་ཆེ། དཔེ་ཆ་དེ་རྣམས་གློག་ཤུགས་འཕྲུལ་ཆས་ལས་བླང་ཐུབ་ན་མ་གཏོགས་འབྱོར་དཀའ་བར་མཆིས། ་བཻ་རོའི་རྣམ་ཐར་འདྲ་འབག་ཆེན་མོ་དང་། པདྨ་བཀའ་ཐང་སོགས་ལ་དྭགས་ཀླུ་འཁྱིལ་སློབ་གྲྭའི་དཔེ་མཛོད་དུ་བསྐུར་ནས་ལོ་ངོ་ལྔ་ལྷག་སོང་།
བེ་རོ་ཙ་ན་རྒྱལ་མོ་ཚ་བ་རོང་དུ་སྤྱུགས་པ་ནི་བློན་པོ་ངམ་སྟག་རས་སྤྱུགས་པ་མིན་པར་བཀའ་ཐང་རང་དུ་འདུག རྒྱུ་མཚན་ནི་རྒྱལ་པོའི་བཙུན་མོར་གཡེམ་པའི་དྭོགས་པ་བྱུང་ནས་སྤྱུགས་ཚུལ་འདུག ད་དུང་ཁ་གསལ་པོ་དགོས་ན་བེ་རི་འཇིག་མེད་ལ་བཀའ་འདྲི་གནང་དང་ཁོང་ལ་དེའི་ལོ་རྒྱུས་སྐོར་གསལ་པོ་འདུག ངམ་སྟག་ར་ཀླུ་གོང་ནི་བོད་ཀྱི་ཆོས་རྒྱལ་གྱིས་གསོན་སྦས་ཀྱིས་དམར་གསོད་དུ་བཏང་བའི་ལོ་རྒྱུས་གསལ་པོ་རེད།
གྲོ་ནས་སྲས་གསུམ། ལས། གྲོ་ནས་སྲན་གསུམ་འདི། མུ་བཐུད་ནས་སྤྱད་ན་འཁྲུལ་གཞི་ཉུང་བས་ཕན་ཐོགས་ཆེ་བར་མངོན།
རྒྱལ་པོའི་ཕོ་བྲང་འོག་རྟས་འཕྲས་བརྒྱབ་ནས་བསད་རབས། གམ་པ་ལ་ལོ་ནས་་ཤིག་སོ་མ་ལྟར་འཕུར་སོང་རབས། ཁྲ་མ་བཅུག་སྟེ་རྒྱལ་རོང་ལ་སྤྱུགས་རབས་ཀྱི་སྐད་ཆ་འདི་ཚོ་དངོས་གནས་བདེན་ཨ་ཡིན་ན། གཅིག་བྱུང་ཡོད་པ་ནི་གཏན་གཏན་རེད། མུ་རྗེ། ཀུཆ་མཱ་ལུམ་ན་ཧི་ཧེ། །
བོད་རིག་པའི་མཁས་པ་ཞིག་གིས་བཻ་རོ་ཙ་ན་རྒྱལ་མོ་ཚ་བ་རོང་དུ་སྤྱུགས་རབས་དེ་གཏམ་རྒྱུད་དང་འདྲ་བ་ལས་དངོས་ཡོད་གནས་སྟངས་མིན་ཤས་ཆེ་རབས་གསུངས་པ་ཡང་འདུག གང་ལྟར་བཻ་རོ་ཙ་ན་ནི་བོན་ཆོས་གཉིས་ཀས་བརྩི་བཀུར་ཞུ་སའི་བླ་མ་ཞིག་རེད། །
བདག་འདྲ་བཻ་རོ་ཙ་ན་ཡིས། དཀའ་བ་སྲོག་དང་ཟློས་ཏེ་གཡུང་དྲུང་བོན་ཆེན་བསྒྱུར། མངའ་བདག་རྗེ་ལ་གཏད་དེ་ནམ་ཞིག་གཏེར་དུ་བཞག དབུས་ཀྱི་བསམ་ཡས་གྱི་ཡང་དབེན་ཡེར་པའི་རྫོང་ལ་སྦས་སོ། །
འདི་འདྲ་མཇུག་བྱང་དུ་བྲིས་པའི་བོན་དཔེ་ཡང་ཡོད། །
༈ཝ་ཡེ། བན་དེ་བ། མ་ཤེས་ཤེས་མདོག་མ་བྱེད། པ་གོར་བཻ་རོ་ཙ་ན་དང་བཙུན་མོ་ལུས་འབྲེལ་བྱས་པའི་ལོ་རྒྱུས་གང་དུ་འདུག་སྟོན་དང་། བེ་རི་འཇིགས་མེད་ལ་དྲི་དགོས་དེ་བས་མེད། ལོང་བས་ལོང་བ་འཁྲིད་ན་གཉིས་ཀ་གཡང་ལ་ལྷུང་རྒྱུ་རང་རེད། ལོ་རྒྱུས་མ་ཤེས་ན་མ་ཤོད།
༡༽ པ་གོར་བཻ་རོ་ཙ་ན་རྒྱལ་མོ་ཚ་བ་རོང་དུ་སྤྱུགས་དོན་ནི། བཻ་རོ་ཙ་ནས་བོད་དུ་བསྒྱུར་བའི་ཆོས་རྣམས་རྫོགས་ཆེན་མ་ཡིན་ཞིང་ཕྱི་རོལ་མུ་སྟེགས་པའི་རིག་བྱེད་ཀྱི་གཞུང་རེད་ཅེས་བོན་ལ་དགའ་བའི་བློན་པོ་ངན་ལམ་སྟག་སྒྲ་ཀླུ་གོང་དང་བཙུན་མོ་ཚེ་སྤང་བཟའ་སོགས་ཀྱིས་རྒྱལ་པོའི་སྙན་ལ་ཕྲ་མ་གསོལ་ཏེ་བཻ་རོ་འདི་གསོད་དགོས་པ་སོགས་གྲོས་སྣ་བཏོན། རྒྱལ་པོས་རེ་ཞིག་བློན་པོས་གྲོས་སྣ་བཏོན་པ་བཞིན་སྲོག་གི་ཉེས་ཆད་མ་གནང་ནའང་བཟང་བཙོན་གྱི་ཚུལ་དུ་ཉིན་མོར་རྒྱལ་པོའི་ཕོ་བྲང་གི་དབུ་རྩེ་ཀ་བར་སྒྲོག་རྒྱབ་ནས་བཞག ནུབ་མོ་སྒྲོག་བཀྲོལ་ཏེ་གདན་ཐོག་ཏུ་བཞུགས་སུ་བཅུག་ནས་རྫོགས་ཆེན་གྱི་ཆོས་ཞུས། འོན་ཀྱང་ཉིན་དུ་མར་སོང་བ་དང་བཙུན་མོ་དང་བློན་པོ་འགས་གོ་སྟེ་བཻ་རོ་ཉིད་རྒྱལ་མོ་ཚ་བ་རོང་དུ་རྒྱང་ཕུད་བྱེད་དགོས་བྱུང་བ་ལས། བཙུན་པོ་དང་གབ་མཐུན་བྱས་པའི་ལོ་རྒྱུས་ཁྱོད་དང་བེ་རི་འཇིགས་མེད་ལ་ཡོད་ན་མ་གཏོགས། བོད་ཀྱི་ལོ་རྒྱུས་ནང་མེད།
༢༽ བཙུན་མོ་དང་གབ་མཐུན་བྱས་སོང་ཞེས་རྒྱང་འབུད་གཏོང་ཡུལ་ནི། མངའ་བདག་ཁྲི་རལ་པ་ཅན་གྱི་བློན་པོ་བྲན་ཀ་དཔལ་གྱི་ཡོན་ཏན་ཡིན་ཏེ། སྐབས་དེ་དུས་རྒྱལ་བློན་བར་གྱི་འགལ་ཟླ་རྣོ་ངར་ཆེ་བ་ལ་བརྟེན་ནས། བློན་པོ་སྦས་སྟག་སྣ་སོགས་ཀྱིས་བློན་པོ་བྲན་ཀ་དཔལ་ཡོན་དང་བཙུན་མོ་དཔལ་གྱི་ངང་ཚུལ་མའི་བར་ལ་ལུས་འབྲེལ་ཡོད་པའི་སྙན་ཕྲ་བཅུག་ནས། བྲན་ཀ་དཔལ་ཡོན་བྱང་དུ་སྤྱུགས་ཏེ་བཀྲོངས་པ་དང་། བཙུན་མོ་དཔལ་གྱི་ངང་ཚུལ་མ་རང་ཤི་བརྒྱབ་པ། ལྷ་སྲས་གཙང་མ་ཡང་གྲོ་མོར་སྤྱུགས་པ་སོགས་བྱས། ཕྱི་ལོ་༨༣༦ལོར་བཙན་པོ་ཁྲི་རལ་པ་ཅན་ཕོ་བྲང་གི་ཁྱམས་རར་བཞུགས་ཤིང་། རྒུན་ཆང་གསོལ་བའི་སྐབས་དང་བསྟུན། བློན་པོ་སྦས་སྟག་སྣ་སོགས་ཀྱིས་མགུལ་གཅུས་ཏེ་བཀྲོངས་པ་སོགས་བོད་ཀྱི་ལོ་རྒྱུས་ནང་འཁོད་པ་ལས། བཻ་རོ་དང་བཙུན་མོ་ནལ་བཤམས་པའི་ལོ་རྒྱུས་གོ་མྱོང་མེད་དོ། །
#19 ཤངས་སྟོན། ་ལགས་ལ་མངོན་པར་བསྟོད་དོ།།
ལོ་རྒྱུས་སྦྱོངས། མ་ཤེས་ན་མ་ཤོད། ཧམ་པ་མ་ཤོད། རྒྱ་གཞུང་ལྟར། ལོ་རྒྱུས་རྗུན་བཟོ་མ་བགྱིས་ན་མཛེས་སོ།།
ཤངས་སྟོན་ལགས། བན་དེས་བཤད་པ་དེ། བེ་རོ་སྐྱེ་འབྲས་མཚར་བ་དང་། བཙུན་མོ་བཟའ་དམར་རྒྱན་འདོད་ཆགས་ཆེ་བས་བེ་རོ་བཟུངས་ཏེ་ལུས་འབྲེལ་དགོས་པའི་ཞུ་འབོད་མ་གསན་པར་བེ་རོ་ཕྱིར་བྲོས་པ་སོགས་ཀྱི་ལོ་རྒྱུས་ཡོད་པ་དེ་དང་མཉམ་དུ་འདྲེས་སོང་བ་ཡིན་བཟོ་འདུག།
༼ཉིན་མོར་རྒྱལ་པོའི་ཕོ་བྲང་གི་དབུ་རྩེ་ཀ་བར་སྒྲོག་རྒྱབ་ནས་བཞག
ནུབ་མོ་སྒྲོག་བཀྲོལ་ཏེ་གདན་ཐོག་ཏུ་བཞུགས་སུ་བཅུག་ནས་རྫོགས་ཆེན་གྱི་ཆོས་ཞུས༽
སྐད་ཆ་འདོ་ཚོའི་བབ་ལ་བསམ་བློ་ཡག་པོ་ཐོངས་དང་བདེན་ཆ་ཞིག་རྩ་བ་ནས་མི་འདུག རྫོགས་ཆེན་གྱི་ཆོས་་་འདི་འདྲ་ཐབས་སྐྱོ་མདོག་ཁ་པོ་ཞུ་རྒྱུ་ཞིག་ཨ་ཡིན་ན། བླ་སློབ་ཀྱི་དམ་ཚིག་ཁྱད་དུ་བསད་ནས་བཙན་དབང་གིས་རྫོགས་ཆེན་གྱི་ཆོས་ཞུ་མཁན་ཞིག་ཨ་ཡོད་ན། རྫོགས་ཆེན་གྱི་ཆོས་ལ་བཙན་གཡེམ་མ་གཏོང་རོགས། དོན་དུ་རྫོགས་ཆེན་གྱི་ཆོས་ལ་དམའ་འབེབ་ཚད་ལས་འདས་པ་བཏང་བ་དེ་རྫོགས་ཆེན་ཉམས་ལེན་གནང་མཁན་ཚོས་མཁྱེན་དགོས་པ་རེད། ཨ་ཁ་ཁ། །
ཆོས་ལུགས་འཐེན་ཁྱེར་གྱི་སྐད་ཆ་དངོས་གནས་འདི་ཚོ་རེད། ལོ་རྒྱུས་ཡིན་མདོག་གིས་དོན་ལ་དཀྲུགས་ཤིང་རྫུན་བསྒྲིགས་བྱས་པའི་ཡིག་སྣ། བན་དེ་སྔ་རབས་པ་རྣམས་ཀྱིས་བོད་མི་རིགས་ཀྱི་མཐུན་འབྲེལ་དུམ་བུར་གཏོང་བྱེད་ཀྱི་སྐད་ཆ་འདི་ཚོ་ལ་ང་ནི་ཡིད་ཆེས་ཏིལ་འབྲུ་ཙམ་ཡང་མེད་དོ། །
སྐད་ཆ་འདི་དག་སྲོང་བཙན་སྒམ་པོ་མཚམས་ལ་བཞུགས་ནས་བོད་ཡིག་སྦྱངས་རབས་ཀྱི་སྐད་ཆ་དེ་ཚོ་དང་གཅིག་པ་འདྲ་པོ་རེད། །
བན་དེའི་རྫོགས་ཆེན་གྱི་བརྒྱུད་རིམ་འོང་སྟངས་འདི་འདྲ་ཡིན་ས་རེད་བ། ཉིན་མོ་བླ་མ་ཀ་བར་བཀྱིག་ནས་བཞག ནུབ་མོ་བཀྲོལ་ནས་རྫོགས་ཆེན་གྱི་ཆོས་ཞུས། ཧཧཧཧ
རྒན་ལ་དྭགས་པ་ལགས།
རྒྱ་རོང་མ་རེད། རྒྱལ་རོང་ངམ་རྒྱལ་མོ་ཚ་བ་རོང་རེད། དག་ཆ་དེ་འདྲ་ཞིག་ཡིན་དགོས་བ་རེད།
མིང་དེ་འདྲ་ཞིག་ཐོགས་དོན་ནི་འདི་འདྲ་ཞིག་རེད། ཡུལ་དེ་ན། ལྷ་ཆེན་རྒྱལ་མོ་མུ་རྡོའི་རི་བོ་ཆེ་ཟེར་བའི་མཐོ་ལ་བརྗིད་པ། ཡུལ་མིའི་གཞི་བདག་གི་རི་ཞིག་ཡོད་དེའི་རྫ་རྒྱུད་གཡས་གཡོན་ན་ཆགས་པས། རྒྱལ་མོ་དང་།
གྲོ་ནས་སྲན་གསུམ་ལ་སོགས་པ། ཡུལ་ཚ་བའི་ཁུལ་སོགས་ལ་འཛོམས་པའི་འབྲི་ཚལ་སྐྱེས་སའི་རོང་ས་གཤིན་པ་ཞིག་ཡིན་པས་ན། ཚ་བ་རོང་ཟེར་བ་ཡིན་པ་རེད། མིང་དེ་དག་བསྡུས་ན། རྒྱལ་མོ་ཚ་བ་རོང་ཟེར།
ལྷ་ཆེན་རྒྱལ་མོ་མུ་རྡོའི་རི་རྒྱུད་ལས་བབས་པའི་ཆུ་ཕྲན་དག་འདུས་བའི་ཆུ་བོ་དེ་ལ། རྒྱལ་མོའི་རྔུལ་ཆུ་ཟེར་བ་རེད།
ཁོང་ཚོ་བོད་རྒྱུད་གཙང་མ་ཡིན་པ་རེད། རྒྱལ་རོང་གི་ད་ལྟའི་སྐད་ཇི་མ་ཇི་བཞིན་ཞིག་ཡིག་ཐོག་ལ་འབྲི་མི་ཐུབ་དུས། ཁོང་ཚོ་ལ་དེ་འབྲི་ཐུབ་པའི་ཡི་གེ་ཞིག་མེད་པར་འདོད་སྲིད་པ་ཞིག་རེད། གང་ལྟར། མིང་ནི་དེ་འདྲ་ཞིག་རེད། རྒན་ལགས།
གོ་ན་རྣ་བའི་བཅུད་དུ་ཟུངས།
རྒྱལ་རོང་ལ་རྒྱ་རོང་ཟེར་ཤོར་བར་དགོངས་དག་ཞུ། ༡ ཡུལ་ལུང་དེ་སྦལ་ཏི་ཡུལ་བཞིན་དུ། གནའ་བོའི་སྐད་ལུས་པས། ཡི་གེར་འབྲི་བར་སྦྱངས་པ་དམན་པས་ཁ་སྐད་དུ་སྔོན་འཇུག་རྗེས་སོགས་ཡིག་སྒྲ་མང་པོ་འཐོན་པས་དེ་ཉིད་ནོར་འཁྲུལ་དུ་བསམས། ༢ ཡུལ་གཞན་གྱི་སྐད་དང་འདྲེས་པས། བོད་སྐད་གཙང་མ་མེད་པར་ཆགས།
ཨོ་ཇོ་བོ་རིན་པོ་མཁྱེན་་་དེང་སང་གི་བོད་པ་འདི་ཚོས་སྐྱོན་ཞིག་དང་ཚང་ཞིག་གང་ནས་ཡོད་དམ་གང་ནས་འབྱུང་སྲིད་རྐྱང་རྐྱང་འཚོལ་བཞིན་འདུག་་་མ་གཞི་ནས་བུ་མོ་དེའི་སྐད་འགོ་མཇུག་བར་གསུམ་ཚང་མ་ལ་ཉན་ན་ཧ་ཅང་གི་སྐད་ཆ་རླབས་ཆེན་མི་རིགས་དང་རིག་གཞུང་ལ་དུང་ཞེན་ཕྱི་རབས་ཀྱི་གཞོན་སྐྱེ་དག་ལ་སེམས་ཁྲལ་དང་འགན་ཁྲིད་ཀྱི་འདུ་ཤེས་ཟབ་པ་བཤད་ཕོད་པ་སྒྲུབ་ཕོད་པའི་བུ་མོ་མཛངས་མ་ཞིག་ཡིན་ཡིན་ཞག་རེད། ཡུལ་སྐད་དང་མཐུན་པའི་ཡི་གེ་ཞིག་མེད་ཟེར་བཞིན་ཡོད་པ་ཧ་ཅང་གསལ་བོ་རེད་དེ་ནི་བདེན་པ་དང་དངོས་ཡོད་རེད་་་དེར་བརྟེན་དྲ་འབུ་འགན་མེད་བསམ་མེད་དྲན་ཚོད་ཚང་མ་གཅིན་སྐྱག་བཞིན་གཏོང་བཞིན་ཡོད་པ་དག་གི་འདྲེ་ཁ་བཙུམ་ནས་བསྡད་ན་དགའ་། ཤེས་མདོག་དང་འཇོན་མདིག་མ་སྟོན་ཁ་དྲོ།
རྩོམ་རྙོག་འདི་ཚང་མ་ལ་སྙིང་པོ་གཅིག་ར་མེད་ཁུ་མདའ་འགོ་གཅིག་ལ་གཏད་དགོས་ས་དེ་བུ་མོ་འདི་མ་རེད་
གནའ་ད་ལྟའི་བར་ང་ཚོའི་རྩོམ་རིགས་ནང་བསྟོད་ཚོགས་ཀྱིས་བརྒྱ་ཆ་ག་ཚོད་བཟུང་འདུག་ ད་ནི་གཅིག་གིས་གཅིག་ལ་ངོ་སྲུང་ཙམ་གྱི་བསྟོད་ར་འཐེན་ནས་འདུག་པའི་དུས་ཨེ་རེད། སྤྱི་ཚོགས་ཁྱོན་ཡོངས་ཀྱི་མ་འདང་སའམ་ཞན་ཆ་དག་ཐེར་འདོན་བྱེད་པ་ནི་ཡར་རྒྱས་གཏོང་ཐབས་ཁྱད་པར་བ་ཞིག་ཡིན་པ་སུས་བསྙོན།
ཡང་གཅིག་བཤད་ན། དྲ་འབུ་ལས་ངན་ཞིག་གི་སྐྱེ་བ་བླངས་ཚར་དུས་གང་ན་རུལ་དྲི་ཁ་ན་དེར་ཤོར་འགྲོ་བ་ཆོས་ཉིད་རེད། ཧཧཧ
དིང་དུས་བོད་ཀྱི་ཁ་སྐད་འགའ་ཞིག་ན། ལེགས་ལ་ལགས། ལྡང་ལ་འདང། ཐང་ལ་ཐེངས། དགོངས་ལ་དགོང་། སྤར་ལ་པར། རྒྱལ་པོ་ལ་རྒྱལ་བོ། གྲོགས་ལ་རོགས། སྒྲོགས་ལ་སྒྲོག ལོ་ངོ་བརྒྱ་ཕྲག་གོང་དུ། བོ་ད་ཀྱི་སྐད་ལ་མཁས་པ་དག་གིས་འགོག་ཐབས་ལ་འབད་པ་མཛད་ཀྱང་། བོད་ཀྱི་སྐྱེ་བོ་མང་པོར་ཕན་ཐོགས་མེད་པར་མ་ཟད་དེ་དག་གི་དག་ཡིག་ལྟར་བྲིས་པ་ལ་སྡང་བའི་ཚུལ་ལ་གཅིག་ཆ་ན། རྒྱལ་རོང་པའི་ཁ་སྐད་ཀྱིས་གྲོགས་བྱེད་ཐུབ་བམ་མི་ཐུབ་དྲི་བ་ཡིན། བདག་ལ་ནི་རྒྱལ་རོང་ཁ་སྐད་ཀྱི་རྒྱུས་གཏན་ནས་མེད་ལགས།
རྒན་ལ་དྭགས་པ་ལགས། ཁྱེད་ཀྱིས་དམིགས་སུ་བཏོན་པའི་ཐ་སྙད་དེ་ཚོ་ལས་རྒྱལ་པོ་ལ་རྒྱལ་བོ། གྲོགས་ལ་རོགས་ཞེས་བྲིས་ངག་གཉི་གར་ཐོན་དང་ཐོན་བཞིན་འདུག རྒྱལ་བོ་ཟེར་བ་འདི་འབྲི་མཁན་ཕལ་ཆེ་བ་མདོ་ཁམས་པ་དག་ཡིན་ས་རེད། གྲོགས་ལ་རོགས་མདོ་དབུས་ཁམས་གསུམ་གྱི་མིའི་ཡིག་ངག་ལས་ཐོན་ཅིང་། གཅིག་བྱས་ན་ར་བཏགས་སྒྲ་གདངས་ཤུགས་ཆེར་སླེབས་པའི་སྟོབས་ཀྱིས་མིང་གཞི་གའི་སྒྲ་ཟིལ་གྱིས་མནན་པ་ཡིན་ས་རེད། དེ་རིགས་མཚུངས་སྤྲེའུ་ལ་སྤེའུ་ཞེས་པ་ལྟ་བུ། ངས་རྒྱལ་རོང་སྐད་ལ་རྒྱུས་ཆེར་མེད་ཀྱང་སྔོན་འཇུག་དང་མགོ་ཅན་གྱི་སྒྲ་སྐད་གདངས་ནང་གསལ་པོར་ཐོན་པ་ནི་ལ྄་དྭགས་སྐད་དང་ཧ་ཅང་འདྲ་བར་སྙམ།
རྒྱལ་ནི། གནས་རི་ཆེན་པོ་གྲུབ་པའི་རྒྱལ་མོའི་བླ་རི་རྒྱལ་མོ་དམུ་རྡོ་ཞེས་གྲགས་པ་ལས་བྱུང་། གནས་ཆེན་དེ་བན་བོན་གཉིས་ཀྱིས་མཆོད། རྒྱལ་རོང་གཏེར་སྟོན་པདྨ་བདེ་ཆེན་གླིང་པ་དང་། རྡོ་རྗེ་གླིང་པ་སོགས་ཀྱི་གཏེར་གནས་རེད། དེ་དང་ཉེ་བར་གུ་རུའི་གནས་ཆེན་སྟག་ཚང་བཅུ་གསུམ་དུ་གྲགས་པའི་ཡ་གྱལ་གཡུ་སྒྲ་སྙིང་པོའི་སྒྲུབ་གནས་རྒྱལ་རོང་སྟག་ཚང་ཟེར་བ་དེ་ཡང་ཡོད་པར་བཤད། རོང་ནི་འབྲུ་རིགས་འབྱུང་ཁུངས་ཞིང་ས་གཤིན་ལ་རི་ཆུ་བཙན་པོ་བསྒྲོད་དཀའ་བའི་གནས་སོ། །རྒྱལ་རོང་སྐད་བོད་སྐད་འཁྲུལ་མེད་རེད། བརྗོད་ཚུལ་སྒྲ་གདངས་ལ་ཁྱད་པར་ཆེན་པོ་བྱུང་བ་རེད། རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་པོ་བོད་མིའུ་གདུང་དྲུག་ལས་བསེ་ཁྱུང་སྦྲ་ཡི་རིགས་ཡིན་པར་བཤད། ཡུལ་སྐད་སོ་སོར་ཁྱད་ཅུང་ཟད་ཡོད་པ་སོ་སོའི་ཁྱད་ཆོས་སུ་འདྲེན་ཡང་ཞིབ་ཏུ་ཉན་ན་གོ་ཐུབ། ར་བཏགས་པོ་སོར་བཀྲལ་ནས་འདོན་པ། ཀྲ་ཁྲ་གྲ་སྲ་བཞི་བོ་དཔེར་ན། བཀྲ་ཤིས་ལ། ཀར་ཤིས། ཁྲ་བོ་ལ། ཁར་རོ་ལྟ་བུ་དང་། ཡ་བཏགས་ཤུགས་ཆེར་ཀླགས་པ། ཀྱ་ཁྱ་གྱ་མྱ་བྱ། ལྔ་བོ་དཔེར་ན། མྱ་ངན་ལ། ཡ་ངན། བྱ་དེ་ཕོ་ལ། ཡ་དེ་ཟེར་བ་ལྟ་བུའོ། ། བརྡ་རྙིང་ཡོད་པ། ཕྱི་ས་ལ། དེ་ཕྱི་ཟེར། གཅི་བ་ལ། དེ་གཅི་ཟེར། ཆས་པ་ལ། ཀ་ཆས་ཟེར། མྱེད་པ་ལ། ཀི་མྱེད་ཟེར། གཏོས་ལ། ཀི་གཏོས༎ དཔའ་བ་ལ། དཔའ་སུ་ཟེར། མནབས་པ་ལ། ཀ་མནབས་ཟེར་བ་ལྟ་བུའོ། །དཔྱད་གཞི་ཟམ་དུ་དྲི་མེད་པས་འཕྲལ་བྲིས་བྱས། །
རྒྱའི་རོང་པ་ཡིན་ནམ། རྒྱལ་པོའི་རོང་པ་རེད།
དྲ་མེད་ལྷག་བསམ་ལེགས་ཀྱིས་རྒྱལ་རོང་པས་ཁ་སྐད་དུ། ཡི་གེ་འབོད་སྟངས་འགོད་པར་བཀའ་དྲིན་ཆེ། སླལ་ཏི། ལ་དྭགས་གཤམ་ཕྱོགས་སུ། བྲག་ལ་བ་རག བྱ་ལ་བ་ཡ། ཕྱག་ལ་ཕ་ཡག། གྲི་ལ་གི་རི། དྲི་ལ་དི་རི། ཡི་གེ་སྶསྔ་མ་དག་ཚེག་མེད་ཀྱང་དིང་སང་ཀློག་ཚུལ་དུ། བརྗོད་སྟངས་འཐོན་པ་མེད་པ་འཐོན་པའི་ཆེད་ཡིན། རང་སྐྱེས་པའི་གནས་ལ་དྭགས་དབུས་ལྟ་བུ་ན། བྱེད་པ་ལ་བཡེད། ཕྱི་ལོགས། ཕཡི་ལོགས། བྱ་ཚིག་འབྱེད་པའི་འདས་ཚིག་དང་། སྐུལ་ཚིག་ལ་ཕཡེས། ཡོད་ཀྱང་། ཕཡུངས་ཞེས་འབོད་ཀྱང་། གཞུང་དཔེ་དག་ན། རྗེས་འཇུག་མེད་པ་ཇི་ལྟར་ལགས་སམ།
མངའ་བདག་རྒྱལ་པོས་པ་གོར་བཻ་རོ་ཙ་ནའི་དྲུང་ནས་རྫོགས་པ་ཆེན་པོའི་ཆོས་ཞུས་པ་བོད་ཀྱི་ལོ་རྒྱུས་ལ་འཁོད་པར། ཧི་མ་ལ་ཡའི་རི་རྒྱུད་ལུང་ཁུག་མཐའ་འཁོབ་ཀྱི་བོན་པོའི་བསམ་ངོ་ལ་བདེན་པ་མེད་ཀྱང་དེར་ཟད། འོན་ཀྱང་ངེད་བོད་ཆེན་པོའི་ལོ་རྒྱུས་དང་དམ་ཆོས་རྫོགས་པ་ཆེན་པོའི་བར་ལ་དཀྲུག་ཤིང་རྒྱག་མི་རུང་། ལར་ནས་དེང་གི་བོན་གྱི་བཀའ་བསྟན་རྣམས་གང་ནས་བསྒྱུར་ལོ་རྒྱུས་ཁུངས་ལྡན་རྣམས་ལ་མིག་ཆེ་ཙམ་གདངས་ནས་ལྟོས་དང་ཤེས་ཡོང་། དེ་མིན་ལོག་བཤད་ཀྱིས་ལས་ངན་མ་གསོག ཨ་རོ། ཨེ་གོ་ཐལ།
July 25th, 2017 at 8:35 pm དྲི་མེད་ལྷག་བསམ་ལེགས་ཀྱིས་རྒྱལ་རོང་པས་ཁ་སྐད་དུ། ཡི་གེ་འབོད་སྟངས་འགོད་པར་བཀའ་དྲིན་ཆེ། སྦལ་ཏིའི་ཡུལ་དང་། ལ་དྭགས་གཤམ་ཕྱོགས་སུ། བྲག་ལ་བ་རག བྱ་ལ་བཡ། ཕྱག་ལ་ཕཡག། གྲི་ལ་གིརི། དྲི་ལ་དིརི། [ཚེག་བར་གཅིག་ན་ཡི་གེའི་གྲངས་དུ་ཡོད་དེ་དག་ཐམས་ཅད་ཀྱིས་ཀྱུག་ཀྱེད་མཉམ་པར་ཐོབ་པ་ཡིན།] ཞེས་གསུངས་པ་ལྟར་ཡིན། ང་སྐྱེས་པའི་གནས། ལ་དྭགས་དབུས་ལྟ་བུ་ན། བྱེད་པ་ལ་བཡེད། ཕྱི་ལོགས། ཕཡི་ལོགས། བྱ་ཚིག་འབྱེད་པའི་འདས་ཚིག་དང་། སྐུལ་ཚིག་ལ་ཕཡེས། ཞེས་དང་། ཕཡུངས་ཞེས་འབོད་ཀྱང་། གཞུང་དཔེ་དག་ན། རྗེས་འཇུག་མེད་པ། ཕྱེ། ཕྱུང་། ཞེས་པ་ཇི་ལྟར་ལགས་སམ། མཁྱེན་མཁན་འདྲ་བཞུགས་པ་ཡོད་དམ།
སྟོད་མངའ་རིས་ཀྱི་ནང་ཚན་སྦལ་ཏིའི་ཡུལ་ཟེར་བ་དེ་དང་དེང་སང་སྤི་ཏི་ཞེས་དཀྱིལ་དགོན་པ་སོགས་ཡོད་སའི་ཡུལ་དེ་གཉིས་གཅིག་རེད་དམ།
ད་ཡིན་ན་བན་དེ་ཡོད་སར་རྫོགས་ཆེན་དཔེ་ཁྲིད་བྱེད་དུ་ནམ་ཡང་འགྲོ་མི་ཕོད། ཅིས་ན་་ཁང་པའི་ཐོག་ཁར་ཉིན་གང་ཀ་བ་ལ་བཀྱིག་ནས་བཞག་ན་དཔེ་དཀའ་ལས་ཁག་ས་རེད། ནུབ་མོ་དཀྲོལ་ནས་གདན་ཐོག་ཏུ་སྡོད་བཅུག་ནའང་དཀའ་ལས་ཁག་ཐག་ཆོད་ནས་དཔེ་ཁྲིད་དངོས་གནས་བྱ་རྒྱུ་ཅང་ཡོང་ས་མ་རེད་དོ། །
བོན་གྱི་གནས་རི་རྩ་ཆེན།
རྒྱལ་རོང་དམུ་རྡོ་ལྷ་གཉན།
ཕ་མེས་ཡང་མེས་བརྒྱུད་པའི།
སྲིད་པའི་རྒྱལ་མོའི་གནས་རི། །
བསྭོ་མ་མ་རྫ་མུ་ཡེ་ཐུན་སྦྱོ། རམ་ཐུན་སྦྱོ། ཨ་དཀར་མུ་ཡེ་ཤག་ཐུན་སྦྱོ། མ་ཐུན་སྦྱོ། རྫ་ཐུན་སྦྱོ། སྦྱོ་ཐུན་སྦྱོ། ཧ་ལ་གེ་ཅུ་ཤག་ཐུན་སྦྱོ། ཝེར་ཞི་མུ་ལེ་ཀུ་ཀྲ་གྲན་ལ་ཐུན་སྦྱོ་ཐུན་སྦྱོ། ། །
སྦལ་ཏིའིཡུལ་མང་ཆེ་བ། དིང་སང་། པ་ཀི་སྟན་ནང་ཡོད། མི་མངས་ཤ་ཡི་མུསུལ་མན་ཡིན་འདུག རྒྱལ་བ་རིན་པོ་ཆེ་བཀའ་སློབ་ལ་གུས་བཀུར་ཞུ་མཁན་གྱི་རྒྱ་གར་པ་སྦལ་ཏི་ཡང་ཡོད།
་
སྤི་ཏི། སྤྱི་ཏི། ཞེས་པ་གནའ་སྔ་མའི་འབོད་སྟངས་ལུས་སོ་སྙམ། ཏི། ཞེས་པ་ཆུ་བོའོ་དོན་ཡིན་ནམ་སྙམ། ཀུ་ལུ་རོང་ལ། ཉུང་ཏི། ཟེར། ལྷག་པར་ཏུ་བོད་པས་ཤེས་དགོས་པ་ནི། སྟོད་གངས་རིན་པོ་ཆེ་ལ། ཏི་སེ། ཟེར་གོ་དོན་ཅི་ཡིན་ནམ། བདག་གི་བསམ་ཚོད་ལྟར་ན། ཆུ་བོའི་འབྱུང་གནས་ཡིན་ནམ་སྙམ་པ་མཆིས་སོ།
༼མངའ་བདག་རྒྱལ་པོས་པ་གོར་བཻ་རོ་ཙ་ནའི་དྲུང་ནས་རྫོགས་པ་ཆེན་པོའི་ཆོས་ཞུས་པ་བོད་ཀྱི་ལོ་རྒྱུས་ལ་འཁོད་པར།༽
ཧཧཧ ཉིན་མོར་རྩ་བའི་བླ་མ་ཀ་བར་བཀྱིག་ནས་བཞག ནུབ་མོ་དཀྲོལ་ནས་རྫོགས་པ་ཆེན་པོ་འི་ཆོས་ཞུ་མཁན་འདི་ཁྱེད་ཚང་མ་གཏོགས་གཞན་སུ་ཡོད། བཀྱིག་རྒྱུ་བཻ་རོ་ཙ་ན། སྙིང་རྗེ། བཀྱིག་མཁན་ཁྲི་སྲོང་ལྡེའུ་བཙན། ཨ་ཙ་མ། བླ་སློབ་ཀྱི་གུས་ཞབས་བཟང་ལ་རྫོགས་པ་ཆེན་པོའི་ཆོས་ཞུ་སྟངས་ཧ་ལས་པ་རེད་བཞག །
༼ཧི་མ་ལ་ཡའི་རི་རྒྱུད་ལུང་ཁུག་མཐའ་འཁོབ་ཀྱི་བོན་པོའི་བསམ་ངོ་ལ་བདེན་པ་མེད་ཀྱང་དེར་ཟད།༽ ཧི་མ་ལ་ཡའི་རི་རྒྱུད་ལུང་ཁུག་མཐའ་འཁོབ་ཡིན་པ་ངས་ནི་མི་ཤེས། བླ་མ་སྐྱེས་ཆེན་དམ་པ་དང་མཁས་པའི་དབང་པོ་བསམ་གྱིས་མི་ཁྱབ་པ་དུ་མ་ཞིག་ཧི་མ་ལ་ཡའི་རི་རྒྱུད་ལུང་ཁུག་ཁག་ནས་ཕེབས་ཡོད། མ་ཚད་ཁྱེད་ཚང་རང་ས་ཤོར་ནས་བྲོས་དགོས་ཐུག་དུས་ཧི་མ་ལ་ཡའི་རི་རྒྱུད་ལུང་ཁུག་ཁག་ལ་སྐྱབས་བཅོལ་ནས་ཡོང་མེད་དམ། ཧི་མ་ལ་ཡའི་རི་རྒྱུད་ལུང་ཁུག་ཁག་གི་སྐུ་དྲིན་ལས་སྲོག་མགོ་ཐོན་ཙམ་བྱུང་ཡོད་པ། ད་དུང་ཧི་མ་ལ་ཡའི་རི་རྒྱུད་ལུང་ཁུག་ཅིག་གི་སྐུ་དྲིན་ལས་ཁྱེད་ཚང་གིས་དམག་སྒར་བཅས་པ་བཙུགས་རྒྱུ་བྱུང་ཡོད་པ་ཨེ་ཤེས། ད་དུང་དེང་སང་ཡང་་ཧི་མ་ལ་ཡའི་རི་རྒྱུད་ལུང་ཁུག་དེ་ཚོ་སྐུ་དྲིན་ཆེན་པོ་རེད། ཅིས་ན་མི་བུ་སྟོང་ཕྲག་མངས་པོ་ཡོང་སའི་ལམ་བུ་ཡིན་པས་སོ། བོན་པོའི་བསམ་ངོ་ལ་བདེན་པ་མེད་ཀྱང་དེར་ཟད། ཧཧཧ བོན་པོ་ཚོ་མི་རེད། བསམ་བློ་གཏོང་ཤེས་མཁན་རེད། བོན་པོ་ཚོ་དུད་འགྲོ་མ་རེད། འགྲོ་བ་མིའི་གནས་བབ་ལ་བརྩི་བཀུར་ཞུ་ཤེས་པ་བྱོས། ཀླ་ཀློ་དང་མུ་སྟེགས་འཇིགས་རྟེན་བྱེད་པོ་ཐིག་དམན་བོན་པོ་སོགས་ཀྱིས་སྒྲས་བསྙད་དེ་རང་ཉིད་མ་གཏོགས་གཞན་སུ་གང་ལའང་བདེན་པ་སྤུ་ཙམ་མེད་པར་འདོད་མཁན་དེ་ཁྱེད་ཅག་མིན་ནམ། །
༼འོན་ཀྱང་ངེད་བོད་ཆེན་པོའི་ལོ་རྒྱུས་དང་དམ་ཆོས་རྫོགས་པ་ཆེན་པོའི་བར་ལ་དཀྲུག་ཤིང་རྒྱག་མི་རུང་།༽ ཁྱེད་ཅག་གི་གོང་མ་དཔེ་མི་སྲིད་པ་ཚོས་དཀྲུག་ཤིང་གང་ལེགས་བརྒྱབ་བཞག་པ་དེ་སྐྱར་ཟློས་བྱས་པ་ཙམ་མ་གཏོགས། ངས་དམིགས་བསལ་གྱིས་དཀྲུག་ཤིང་གང་ཡང་བརྒྱབ་མེད། རྒྱག་འདོད་ཀྱང་། མི་གཙང་དཀྲུགས་ན་དྲི་ངན་ཁ་རྒྱུ་ཡིན་པ་ཤེས་བཞིན་ཡོད་དོ། །
༼ལར་ནས་དེང་གི་བོན་གྱི་བཀའ་བསྟན་རྣམས་གང་ནས་བསྒྱུར་ལོ་རྒྱུས་ཁུངས་ལྡན་རྣམས་ལ་མིག་ཆེ་ཙམ་གདངས་ནས་ལྟོས་དང་ཤེས་ཡོང་།༽
བོན་གྱི་བཀའ་བསྟན་ལ་བོད་རང་ལུགས་ཀྱི་རང་རྐྱ་ཐུབ་པའི་བྱུང་ཁུངས་ལོ་རྒྱུས་ཡོད་རེད། བོན་གྱི་བཀའ་བསྟན་ཐོག་ལ་ཁྱེད་ཚོའི་འདྲེ་ལག་དེ་སྐྱོང་རྒྱུའི་བསམ་བློ་མ་གཏོང་། དགོས་པ་དང་རྒྱུ་མཚན་ཆེར་མེད་པའི་བྱ་བ་མ་རྩོམ། ལར་ནས་བོན་གྱི་སྐུ་དྲིན་ལས་ཁྱེད་ཅག་མི་གྲལ་དུ་སླེབས་ཙམ་བྱུང་བ་རེད། ད་འདི་ནས་མར་མང་པོ་མི་ལབ་དྲྭ་གྲོགས་མངས་པོ་ཞིག་གི་ཐུགས་ལ་ཕོག་སོང་ན་སྟབས་བདེ་མེད་པས་ཡིན། ། བདེ་མོ་བྱོས། །
མཁྱེན་བརྩེའི་བདག་ཉིད་རྒན་ལ་དྭགས་པ་ལ་བཀྲ་ཤིས་བདེ་ལེགས་ཞུ། བློ་སྐྱེད་བྱུང་། ཐུགས་རྗེ་ཆེ། ང་རང་གི་རྣམ་རྟོག་ལ། ཏི། ཟེར་བ་རབ་དང་། མཆོག་དང་། རྩེ་མོའམ་མཐོན་པོ་ཡིན་པ་གཞིར་བཞག་བྱས་ནས་ཡོད། དཔེར་ན་རྫོགས་ཆེན་པས། ཨ་ཏི།༼རབ་ཏུ་སྤྲོས་མེད། མཚན་མེད་རྫོགས་རིམ་ཀུན་གྱིས་རྩེ་མོ༽ ཡང་ཏི། ༼ཡང་གསང་བླ་མེད་ཀུན་ལས་མཆོག་ཏུ་གྱུར་པ༽སྤྱི་ཏི། ༼གདམས་ངག་སྤྱི་ཡི་རྩེ་མོར་གྱུར་པ༽ཟེར་བ་ལྟ་བུའོ། །
ཕྲན་གྱི་རྒན་དམ་པས་སོག་སྐད་དང་རྒྱ་རོང་སྐད་ལ་མཐུན་ས་མང་ཚུལ་གསུང་མྱོང་། དཔེར་ན་ཚ་ཀོ་ཁྲོ་ཆུའི་བླ་མ་ཀུན་བཟང་ཁོང་གཉིས་ཀྱིས་སྐད་གཉིས་ཞིབ་བསྡུར་གྱིས་རྩེད་མོ་གནང་བ་གོ་ཡང་ངའི་སེམས་ལ་འདི་དང་དེ་ཞེས་དྲན་རྒྱུ་མི་འདུག རྒྱལ་རོང་བླ་རྒན་ཚ་ཀོ་དཔལ་སྐྱོང་གིས་བཤད་པ་ལྟར་ན་རྒྱལ་རོང་གི་སྐད་ཀྱི་མིང་ཚིག་བརྒྱ་ཆ་60། བྱ་ཚིག་བརྒྱ་ཆ་70་ཙམ་བོད་བརྡ་རྙིང་དང་མཐུན་ཚུལ་གོ། བྱ་ཚིག་དུས་གསུམ་དཔེར་བརྗོད་ན། མ་འོངས་པའི་བྱ་ཚིག་སྔོན་དུ་༼ཀ་༽ཡིག་དང་ད་ལྟ་བ་ལ་༼ན༽་ཡིག འདས་པའི་སྔོན་དུ་༼ད༽་ཡིག་སྦྱོར་སྲོལ་འདུག དཔེར་ན། འགྲོ་བ་ལ་/ཆས་པ། དུས་གསུམ་དཔེར་བརྗོད་ན། ཀ་ཆས། ན་ཆས། ད་ཆས། ཟེར། མིང་ཚིག་བཀྲལ་ན་བརྗོད་ལ། ཀ་ན་ད་གསུམ་ལ་དབྱངས་དང་པོ་གསུམ་པ་འདོགས་སྲོལ་ཞིག་ཀྱང་འདུག་སྟེ་རྒྱུ་མཚན་གསལ་བོ་མ་ཤེས། ཁྲིམས་ལ༼ཁ་རི་མ་ཟ༽ཟ་དང་ས་གཉིས་སྒྲ་འདྲ། ར་ལ་ས་ཡི་མགོ་ཅན་ནང་ནས། རྐ་རྒ་རྔ་། གསུམ་པོར་བཀྲལ་ནས་ཀློག །གཞན་རྣམས་སྒྲ་ལྕི་བར་བརྗོད་པ་འདྲ། ཐུགས་རྗེ་ཆེ་ལ། འོར་ཆེ་ཟེར། འདི་མགོ་ལོགས་རོང་སྐད་དང་གཅིག་ཡིན། འབྲི་གུང་ཕྱག་ཆེན་ལས། ཁྲོམ་ལྷ་མིའི་འོར་ཆེ་མི་འབྱུང་བས། །ཟེར་དོན། ལྷ་མི་ཀུན་གྱིས་བསྔགས་པའམ་བཀྲ་དྲིན་ཆེ་ཞེས་བརྗོད་མཁན་མི་འབྱུང་ཟེར་དགོས་པ་ཨེ་ཡིན་སྙམ༎ ཞུ་རྒྱ་ཁ་ཤས་འདུག་སྟེ་དུས་ཚོད་གཞན་དབང་དུ་གྱུར་བས་རེ་ཞིག་དེ་ཙམ་མོ། སྐུ་ཚེ་རིང་། །
རྒན་ལ་དྭགས་པ་མཆོག་ལ་འཚམས་འདྲི་ཞུ།
གངས་རི་བ་ཆོས་དབྱིངས་རྡོ་རྗེ་ཞེས་པ་བོད་མངའ་རིས་ཀྱི་མཁས་པ་ཞིག་གིས་བྲིས་པའི་བོད་དུ་པར་སྐྲུན་བགྱིས་པའི་དེབ་ཅིག་གི་ནང་། སྤྱི་ཏི་ཞེས་པ་ཞང་ཞུང་གི་སྐད་ཡིན་པ་དང་། སྤྱི་ཞེས་པ་བོད་སྐད་དུ་གྲོང་དང་། ཏི། ཞེས་པ་ཆུ་བོ། མདོར་ན། ཆུ་འགྲམ་གྱི་གྲོང་ཞེས་པའི་དོན་ཡིན་ཞེས་འཁོད།
ལོ་རྒྱུས་ཁྲོད་བོད་ཆེན་པོ་ནི། ཆུ་བོ་ཆེན་པོ་བརྒྱད་འབབ་པའི་ཡུལ་ལུང་ཁོངས་སུ་འདུ་ཚུལ་ཤོད་མཁན་འདུག་ཅིང་། ཁ་འབབ་བཞིའི་འབབ་ཁོངས་སུ་དབུས་གཙང་གི་ཡུལ་གྲུ་ཡོད་ཚད་འདུ་ཞིང་། མདོ་ཁམས་ཀྱི་ཡུལ་གྲུ་མཐའ་དག་ཆུ་བཞི་སྟེ། རྫ་ཆུ་དང་། རྒྱལ་མོ་རྔུལ་ཆུ། འབྲི་ཆུ། རྨ་ཆུ་བཅས་ཀྱི་འབབ་རྒྱུད་དུ་འདུས་པར་བཤད་པ་འདིའི་སྐོར་ཞིབ་ཕྲ་ཤེས་མཁན་ཡོད་ན་གསུང་རོགས་ཞུ།
རྒན་ལ་དྭགས་པ་དང་དྲི་མེད་ལྷག་བསམ་གཉིས་ཀྱིས་གསུངས་པར་མངོན་པར་བསྟོད་དོ།།
ཐེ་བོ་སངས་རྒྱས་ལགས། ཉིད་ཀྱིས། ལོ་ངོ་སྟོང་ཕྲག་གོང་གི་རྒྱའི་ཡིག་རྙིང་བཀླགས་ཤིང་དོན་གོ་མཁན་ཆེད་མཁས་རེ་ལས་མེད་ནའང་། བོད་ཀྱི་ཡིག་རྙིང་ནི་སྤྱིར་བཏང་བོད་ཡིག་ཤེས་མཁན་ཡིན་ན་བརྒྱ་ཆ་བདུན་ཅུ་བརྒྱད་ཅུ་ཀློག་ཅིང་གོ་ཐུབ་ཟེར་བ་སྤྱིར་བདེན་མོད། ཞིབ་ཆ་དགོས། རྒྱ་ཡིག་སྤྱི་ལོའི་སྔོན་གྱི་ཡི་གེ་ཡང་ད་ལྟ་གོ་ཐུབ་པ་མང་པོ་ཡོད། དཔེར་ན།《戰國策》約(前 460-前 220)ལྟ་བུ་རེད། རྒྱ་ཡིག་སློབ་ཆེན་མཐར་ཕྱིན་ཞིག་གིས་གོ་བ་བརྒྱ་ཆའི་70་རྙེད་ཐུབ། དེ་བཞིན་བོད་ཀྱི་ཐང་ཡིག་ལྟ་བུ་ཞིག་ལའང་བོད་ཡིག་སློབ་ཆེན་མཐར་ཕྱིན་ཞིག་གིས་གོ་བ་བརྒྱ་ཆའི་༧༠་ཙམ་ལས་ཡོང་མི་ཐུབ།
བཀུར་འོས་དྲི་མེད་ལྷག་བསམ་ལགས། དགོངས་འཆར་གསུངས་པར་བཀའ་དྲིན་ཆེ། རེད། རྩོམ་ཡིག་ཐབས་ཆག་རེ་འབྲི་རྒྱུར་དགའ་ཡང་། ཅིག་བྲིས་ཏེ་གང་ཞིག་ཏུ་བསྐུར་བའི་རྗེས་སུ་མ་འགྲིག་པ་དང་མ་འདང་བའི་ཆ་མང་པོ་ང་རང་རང་གིས་མཐོང་ཡོང་གི་འདུག འདིའང་ཚོར་བ་ཅུང་ལྡང་བའི་སྐབས་ཤར་མར་བྲིས་པ་ཡིན། འདིའི་ནང་ཁྱེད་ཀྱིས་བསྟན་པའི་སྐྱོན་ཆ་དག་དང་། དེ་བཞིན་རྩོམ་དཀྱིལ་ཙམ་ན་དབྱིན་ཡིག་ལྟ་བུ་ཞེས་པ་དབྱིན་ཡིག་ཀྱང་ལ་བཅོས་ན་ཅུང་བཟང་བར་མ་ཟད། ཚེག་དབར་ཞེས་པར་སྔོན་འདུག་ད་ཡིག་ཤོར། དབྱིན་ཚིག་དེའི་ཐིག་ཕྲེང་གོང་འོག་བར་– རྟགས་འདི་གཞག་དགོས་པ་དང་། ད་དུང་དེའི་གོང་གི་ཐིག་ཕྲེང་ཞིག་ལས། ཡིག་གཟུགས་སུམ་ཅུ་སོ་གྲངས་ཞེས་པའི་མགོར་་་འབྲི་་་་ཞེས་ཤོར་བ་བཅས་འདུག་ལ། ད་དུང་སྐྱོན་ཆ་ཡོད་ངེས་ཅན་རེད།
གལ་སྲིད་རྒྱལ་རོང་བ་བོནད་རིགས་མ་ཡིན་ན། ཨ་མདོ་དང་ཁམས་པ་གཉིས་ཀྱང་བོད་རིགས་ཡིན་པའི་སྒྲུབ་བྱེད་ཚད་ལྡན་གང་འཇོག་རྒྱུ་ཡོད་དམ། ཡང་མིན་ན་ཁ་ནས་ང་བོད་རིགས་ཡིན་ནོ་རྗོད་པ་ཙམ་གྱིས་བོད་རིགས་སུ་འཕྲུལ་འཁོར་ལྟར་རང་འགྱུར་བྱེད་འགྲོ་བ་དེ་འདྲ་རེད་དམ། །
བཀུར་འོས་དྲི་མེད་ལྷག་བསམ་ལེགས་དང་། ཐེ་བོ་སངས་རྒྱས་ལེགས། བོན་པོ་ལེགས་སོགས་གནའ་བོའི་དུས་ཀྱི་བོད་སྐད་འབོད་ཚུལ་རྣམ་དཔྱོད་ཅན་རྣམས་ལ་ཞུ་དགོས་པ་ནི། སྔོན་གྱི་ཡི་གེ་དག་ཤོས་ཞིག་ཧིནྡ་ཡིག་གམ། ཨིན་ཡིག་ཏུ་ཡི་གེའི་ཐང་བཞིན་བྲིས་ཏེ། བོད་སྐད་མ་ཤེས་པ་ཞིག་ལ་ཡི་གེ་སྔོན་འཇུག་མགོན་ཅན་རྗེས་འཇུག་དང་ཡང་འཇུག་མོ་དོར་བར་ཀློག་གྱིས་བཅོལ་ན། ཀློག་པ་པོའི་ཁ་ནས་གནའ་བོའི་སྐད་ཇི་བཞིན་པར་འཐོན་ནོ་ཞེས་སེམས་སོ། བོད་ཀྱི་དགེ་བཤེས་ཚད་ལྡན་གྱིས་བྲིས་པའི་དེབ་རྒྱ་གར་ལྷོ་ཕྱོགས་གདན་ཞིག་སྤར་པར་ཡིག་ནོར་མང་། གནའ་བོ་འབོད་ཚུལ་དེ་ཁ་སྐད་དུ་ཉམས་ཆག་ཡོད་པའི་དབང་གིས་དེ་ལྟར་བྱང་བར་སེམས་སོ།
ཅིག་བྲིས་ཏེ་གང་ཞིག་ཏུ་བསྐུར་བའི་རྗེས་སུ་མ་འགྲིག་པ་དང་མ་འདང་བའི་ཆ་མང་པོ་ང་རང་རང་གིས་མཐོང་ཡོང་གི་འདུག ཅེས་ཐེ་བོ་སངས་རྒྱས་ཀྱིས་བྲིས་པ་དེ་ལ་བདག་གིས་ཉམས་མྱོང་གིས་སྨྲ་ཐུབ་བོ།
དེས་ན། བདག་གཞན་གྱི་བྲིས་པའི་ཡི་གེ་དག་ལ་ཞུས་དག་ཡང་དང་ཡང་དུ་དགོས་སོ།
ཐེ་བོ་སངས་རྒྱས་ལེགས། ལྗགས་རྩོམ་བཟང་། བློ་སྒོ་འབྱེད་པའི་གཏམ་དུ་སྣང་། ང་རང་མཐའ་མཚམས་ཀྱི་མི་རུ་གྱུར་བས། དབུས་སྐད་ཡག་པོ་ཞིག་ཀྱང་མི་ཤེས། བོད་ཡིག་ཧྲལ་ཧྲུལ་གོ་བརྡ་འཕྲོད་ཙམ་ཡོང་བ་འདི་རེད། རྩོམ་ཡིག་ཉག་ཉོག་བྲིས་པ་གང་ཡིན་ཀྱང་རང་གིས་བློ་ཁ་གང་བ་ཞིག་མེད་ཀྱང་། གང་ཤེས་པོ་ཐབས་ཟད་ནས་ནར་མར་འབྲི་རྐྱང་ཡིན། ལྷག་བསམ་དང་གཟུ་བོའི་སྐད་ཆ་ཡིན་ཁུལ་བྱས་མོད། སྐབས་རེར་སེམས་ཀྱི་དགའ་སྡུག་དང་། གཟབ་ནན་མ་བྱས་པའི་སྐྱོན་ཤིན་ཏུ་མང་པོ་འདུག ཉིད་ཀྱིས་ཐུགས་དཔའ་བསྐྱེད་ལ་ལྗགས་རྩོམས་མང་པོ་སྩལ་དུ་གསོལ། །
རྒན་ལ་དྭགས་པ་ལེགས། ཉིད་ནི་དྲ་ཐོག་གི་བདེན་རྫུན་རྩོད་པའི་ཞལ་ལྕེ་པ་དང་། ལེགས་ཉེས་འབྱེད་པའི་བཅའ་ཁྲིམས་པ། ཡིག་ནོར་འཛིན་པའི་ཉེན་རྟོག་པ་དང་མཚུངས། དེ་བཞིན་ཁ་ཏ་གནང་བའི་ཕ་མ་དང་། བསླབ་བྱ་གནང་པའི་སློབ་དཔོན་ཆེན་མོའང་རེད་།
ཉིད་ཀྱིས་གདམས་པ།
རང་ཉིད་ཁོ་ནའི་བྱ་བ་དང་།
བྱ་བ་མིན་ལ་བརྟག་བྱ་ཡི།
གཞན་གྱི་གོ་རིམ་ལོག་པ་དང་།
བྱ་དང་བྱ་མིན་དག་ལ་མིན།། ཅེས་པའི་ཚིག་འདི་རྒྱུན་དུ་སེམས་ལ་ཉར་ཡོད། སྐབས་རེར་ལས་རླུང་བག་ཆགས་ཀྱིས་བཙན་གྱིས་མནན་ཚེ་དོན་ཐོག་ཏུ་མི་འཁྱོལ་བའི་སྐབས་ཀྱང་ཡོད་མོད། སེམས་རྣལ་དུ་བབ་ཚེ་རང་སྐྱོན་ལ་གུ་ཡངས་མི་གཏོང་པའི་ཚད་ཤིང་ཞིག་ཏུ་ངོས་འཛིན་གཙང་མ་ཡོད། མདོར་ན་ཉིད་སྐུ་ཚེ་བརྟན་པར་ཤོག །
དྲི་མེད་ལྷག་བསམ་མཆོག་ལ། བཀའ་དྲིན་ཆེ། སྐུ་ཉིད་ཀྱང་སྐུ་ཚེ་བརྟན་པར་ཡིད་སྨོན་ཞུ།
ང་ནི་ན་ཚོད་བོད་ལུགས་༨༥ལོན་ཀྱང་། སྐྱ་བསེངས་ཡུལ་དུ། སློབ་གཉེར་པ་མང་ཆེ་བ་གནས་བརྟན་སྡེ་པ་སོགས་ཕོ་མོའི་སློབ་གྲྭ་ལ་བོད་དུ་ལུས་པའི་ཐེག་པ་ཆེན་པོའི་ངོ་སྤྲོད་ཞུ་ཐུབ་པ་འདི་ཡང་། བོད་སྐད་ཡིག་སྲུང་སྐྱོབ་ལ་ཇི་ལྟ་བ་བཞིན་མ་ཤེས་བཞིན་དུ། སྲུང་སྐྱོབ་ཀྱི་ཐབས་ལ་འབད་པས་ཡིན།
ལོ་ངོ་༢༤་ཙམ་སྔོན་དུ། ༧རྗེ་བླ་མའི་ཞབས་ཀྱིས། “དེང་དུས་འགལ་རྐྱེན་སྣ་མང་དབང་གིས་བོད་གི་བརྡ་དག་ཉམས་འཆལ་འགྱུར་བཞིན་པའི་གནས་ལུགས་སེམས་ཀྱིས་མ་གཟོད་པས།”འདི་ལ་འབད་པའི་དབང་གིས་ལུས་ཁམས་བཟང་པོ་བྱུང་དང་འབྱུང་བཞིན་པ་ལགས། དེ་བཞིན་དུ། སྔོན་གྱི་མཁས་པས་བྲིས་པའི་དག་ཆ་སྲུང་བ་ལ་བརྩོན་པར་མཛད་ན་སུ་ལ་ཡང་ལེགས་ཚོགས་འབྱུང་བར་ངེས་སོ།
བོན་པོ་ཟེར་བའི་དྲྭ་འབུ་འདི།།
ཆོས་ལུགས་ཕྱོགས་རིས་གདོན་གྱིས་བཟི།།
ནག་ཆུ་ཀུན་དགའ་ལེགས།
ཕྱོགས་ལ྄ུགས་ཕྱོགས་རིས་ཀྱི་གདོན་འདྲེས་མངོན་སུམ་དུ་བཟི་ནས་ཧོར་ཚོ་སོ་དགུའི་ནང་དུའང་རྒྱལ་རོང་དུ་བྱུང་བའི་ཡ་ངའི་གནས་ཚུལ་དང་ཆ་འདྲ་བ་བསྟན་བཤིགས་ག་ཚོད་ཅིག་འཁྲབ་འདུག་དེ་ཚོས་སྐོར་ལ་མཁྱེན་རྟོགས་ཡོད་དམ། ཕལ་ཆེར་ཁྱེད་ཀྱིས་ག་ན་མཁྱེན། ངོ་མ་མཁྱེན་ལེ་མ་རེད་ད། མཁྱེན་ནའང་མ་མཁྱེན་མདོག་མདོག་མ་གནང་རོགས། སྡིག་པ་བཤགས། །
ཆོས་ལ྄ུགས་ཕྱོགས་རིས་ཀྱི་གདོན་འདྲེས་མངོན་པར་བཟི་བ་ཚོས། བསྟན་བཤིགས་མི་འཁྲབ་དགུ་འཁྲབ་བྱས་པའི་གནད་དོན་སྐོར། ཡིག་ཆ་ཁག་གི་ནང་བཀོད་པ་ཁག་དང་། མི་རབས་རྒན་གྲས་ཀྱི་ངག་ནས་ཐོས་པ། བཤིགས་ཤུལ་དང་གཏོར་ཤུལ་ཀྱི་ལག་རྗེས་མངོན་སུམ་དུ་མཐོང་རྒྱུ་ཡོད་པ། སྐྱུག་མེར་ལངས་རྒྱུའི་བྱེད་སྟངས་ལས་སྟངས་དེ་ཚོ་ལ་བསམ་ན། ཆོས་ལ྄ུགས་ཕྱོགས་རིས་ཀྱི་གདོན་འདྲེས་བཟི་མཁན་ངོ་མ་དེ་སུ་རེད་འདུག་ངོ་རྟགས་ཡག་པོ་ཆོད་ས་རེད་དོ། །
ང་ལ་ནི་ཆོས་ལུགས་ཟེར་བ་ཞིག་ཡེ་ནས་མེད། ཆོས་ལུགས་ཀྱི་ང་ཡི་ཉམས་ལེན་གྱི་སྙིང་པོ་ལ་ཕན་ཐོག་སྤུ་ཙམ་མེད། དེ་མེད་སོང་དུས་ཕྱོགས་རིས་ཟེར་བ་ཅི་བྱ་རྒྱུ་ཡོད། ཆོས་ལུགས་མེད་པ་དེ་རྒྱལ་བའི་དགོངས་པ་ཟམ་མོ་ལ་བསླབས་སྦྱང་བྱས་པའི་འབྲས་བུ་ཡིན། གདམས་ངག་ཟམ་མོ་ཡང་ཡང་ཐོས་པའི་བྱིན་རླབས་ལས་ཆོས་ལུགས་ཟེར་བའི་རྙི་རྒྱ་དེའི་ནང་དུ་མ་འཚུད་ཙམ་བྱུང་སོང་བས་དགའ་ཚོར་དཔག་མེད་དུ་མཆིས། ཆོས་ལུགས་ཤིག་གི་བརྒྱུད་ལམ་ནས་ཆོས་ལུགས་ཀྱི་མིང་ཡང་མེད་པའི་མཉམ་པ་ཉིད་ཀྱི་གླིང་དུ་གནས་ཐུབ་དགོས་པ་ནི་ང་ཡི་བསྟན་པའི་རྙིང་པོ་ཡིན། ལུས་དང་སྲོག་འགྲོ་སོང་བཏང་ནས་བསྟན་པ་བསྲུང་བའི་འཚེ་ལས་ལ་ནི་དུས་ནམ་ཡང་མི་འབད་དོ། མི་བསྐུལ་ལོ།། །