ལྷ་ཐོག་འཆི་པོ་རྒྱལ།
རྒྱལ་ས་ཆེན་པོ་ལྡི་ལིའི་གཡས་གཡོན་ལ།།
བོད་པའི་བུ་མོས་སྟུ་ཚོང་རྒྱག་ས་རེད།།
བོད་པའི་ཕོ་གསར་ཆོམ་རྐུན་བྱེད་ས་རེད།།
མགོ་ནག་བོད་པའི་ཞབས་འདྲེན་ཞུ་ས་རེད།།
རྒྱ་གར་རྒྱལ་ས་ལྡི་ལིའི་དཀྱིལ་དབུས་སུ།།
སྐུ་མགྲོན་མང་བའི་སྒྲོལ་མ་ལྷ་ཁང་ཡོད།།
མཇེ་ཡོད་སྐྱེས་པ་ཀུན་གྱི་བདེ་སྡུག་ཆེད།།
མཇལ་ཡུན་རིང་བའི་གསོལ་བ་སྙིང་ནས་འདེབས།།
བྲང་གི་ནུ་འབུར་ཕྱེད་ཙམ་མངོན་པ་དང་།
རྐུབ་དང་བརླ་ཤ་དམར་ཧྲང་བསྟན་མཁན་མ།།
དོན་མེད་ཡར་མར་མང་པོ་མ་འགྲོ་རོགས།།
དགེ་བཤེས་ཆེན་པོའི་སེམས་པ་འཁྲུག་ས་རེད།།
དམར་པོ་གྱོན་པའི་བླ་རྒན་གྲྭ་རྒན་ཚོ།།
རྒྱལ་ས་ལྡི་ལིར་འགྲོ་རྒྱུ་ཉུང་ན་དགའ།།
ཕོ་མོའི་ལུས་ཚོང་དར་བའི་ཚོང་ར་དེར།།
རྒྱབ་ཀྱི་ཆོས་གོས་དོར་བའི་ནད་ཡམས་ཡོད།།
མཐོ་རིམ་འགྲིམ་པའི་བོད་པའི་བུ་མོ་ཚོ།།
མཚན་ཚོགས་མང་པོའི་སྒོ་ཁ་མ་རྡུང་ཨ།།
ཁ་ལ་མངར་སྐྱུར་མང་པོ་འཐུང་བ་དེ།།
སྟུ་སྒོ་མི་ལ་ཤོར་བའི་སྔ་ལྟས་རེད།།
སྨད་ཚོང་བུ་མོར་ལས་དང་རྒྱུ་འབྲས་མེད།།
ཆོམ་རྐུན་བུ་ལ་བྱམས་དང་སྙིང་རྗེ་མེད།།
དོན་ཆེན་མེད་ན་རྒྱལ་ས་ལྡི་ལིའི་ཕྱོགས།།
ནམ་ཡང་མ་འགྲོ་སྙིང་ཉེའི་སྤུན་གྲོགས་ཚོ།།
བདེན་པ་རེད་ད།།།
མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ནང་ཆོས་སྤེལ། །
མ་གཅིག་ལབ་སྒྲོན་གཅོད་ཀྱི་ཟབ་འཁྲིད་སྤེལ། །
རྒྱ་གར་བོད་ཡུལ་མཁའ་འགྲོ་མང་པོ་འཁྲུངས། །
མ་དང་མཁའ་འགྲོའི་གནས་ས་བོད་ཡུལ་བོད་ལྗོངས། །
་
རྒྱ་གར་རྒྱལ་ས་དིལླི་ཨེམ་ཊི་ནི། །
དབུལ་ཕྱུག་མང་པོའི་འཚོ་བ་བསྐྱལ་ས་རེད། །
བོད་ཀྱི་མགྲོན་པོ་འོང་ཚད་བསྡད་ས་དང་།
དམན་ཆུང་བུ་མོའི་ལུས་གཟུགས་ངོམ་ས་རེད། །
་
དམག་མི་ཚོང་པས་དངུལ་ལོར་གཏོར་ས་རེད། །
གྲྭ་བཙུན་དགེ་བསྙེན་སྡོམ་སྲུང་གཟབ་ས་རེད། །
ཕོ་གསར་མོ་གསར་གསར་མཐུན་བྱ་ས་རེད། །
དགེ་བཤེས་གྲྭ་རྒན་འཁྱམས་ས་དེ་བས་མིན། །
བུ་མོ་ཐམས་ཅད་སྟུ་འཚོང་ཡིན་དོགས་མེད། །ཕོ་སར་ཐམས་ཅད་ཆོམ་རྐུན་ཡིན་དོགས་མེད། །རེ་རེ་གཉིས་གཉིས་འཁོར་བའི་ཆོས་ཉིད་རེད། །འུར་ཤོབ་མ་ཤོད་བོད་མིའི་ཞབས་འདྲེན་རེད། །
མཚན་ཉིད་ཚང་བའི་དགེ་བཤེས་གྲྭ་རྒན་རྣམས། །འདུ་རྫིའི་གནས་སུ་འཁྱམས་པའི་དོགས་པ་མེད། །ཀརྡོ་ལ་སོགས་ཁ་ཡོད་ལག་མེད་རྣམས། །མ་འཁྱམས་འཁྱམས་ན་དཔེར་ན་ཀརྡོ་བཞིན། ། ཀུ་རེ་ཡིནཏ།
འདུ་འཛིར་བཅོས།
ལྷ་ས་དྷ་ས་དིལླི་གསུམ། །
བོད་མི་ཀུན་གྱི་འགྲོ་ས་རེད། །
ཨ་ཁུ་འབྲོག་པ་ང་གཉིས་ཀྱང་། །
ལྷ་སར་འཛོམས་པའི་དུས་ཤིག་འོངས། །
ལྷ་ཐོག་འཆི་པོའི་རྒྱལ་པོ་དང་། །
ཨ་ཁུ་འབྲོག་པ་ཁྱོད་གཉིས་རྩོད། །
ང་དང་ཁ་བརྡའི་མཆན་རྒན་ཚོ། །
ཟུར་ནས་སུ་རྒྱལ་ལྟ་རུ་འོངས། །
ཨ་ཁུ་འབྲོག་པས་ངོ་ཡག་པོ་ཞིག་བྲིས་འདུག
ཆུང་འདྲིས་བྱམས་པ་འཚོལ་ན་དྷི་ལིར་སོང།།
ནུབ་ཕྱོགས་ལྷ་ཡུལ་འགྲོ་ན་྄དྷི་ལིར་སོང།།
ཁྱིམ་སྤངས་ཁྱིམ་གཞིས་བཟུང་ན་དྷི་ལིར་སོང།།
ཕ་ཡུལ་ལོག་དགོས་བསམ་ན་དྷི་ལིར་སོང།།
དགོས་འདོད་ཐམས་ཅད་འགྲུབ་པའི་དྷི་ལི་ལ།།
མ་ཚང་མ་ཚོགས་མེད་པས་དེ་བཞིན་མཛོད།།
རབ་བྱུང་སྐྱ་སར་ཕབ་ས་དྷི་ལི་རེད།།
སྐྱ་བོ་གྲྭ་ཆས་གྱོན་ས་དྷི་ལི་རེད།།
ཕོ་ཡི་དངུལ་ཁུག་སྟོང་ས་དྷི་ལི་རེད།།
མོ་ཡི་དངུལ་ཁུག་ཁེངས་ས་དྷི་ལི་རེད།།
རྒྱལ་ས་དྷི་ལིར་མ་ཚང་མེད་གྱུར་ན།།
དེ་ནི་དགོས་འདོད་འབྱུང་བའི་ནོར་བུ་ཡིན།།
རྣམ་དཔྱོད་ལྡན་པ་ཀརྨ་རྡོ་རྗེ་ནས། །
ང་གཉིས་ལྷ་སར་འཛོམས་སྨོན་བཟང་མོད་ཀྱི། །
འཛོམས་ནས་གང་བྱེད་ཞལ་གསལ་མ་གསུངས་སྟབས། །
ཨ་ཁུ་འབྲོག་བློ་འཕྱང་མོ་ཉུག་ཏུ་གྱུར། །
འོན་ཏེ་ཚིག་གི་སྒྲོས་ལ་དཔྱད་པ་ན། །
ལྷ་སར་དིལླི་ཇི་བཞིན་སྟུ་འཚོང་མོད། །
ང་གཉིས་ཚོང་ཁང་མཉམ་དུ་བལྟའོ་གོ། །
དེ་ལྟར་ཡིན་ལ་ལྷ་ས་མ་མཇལ་སླ། །
ཚེ་གཅིག་འབྲོག་མོས་བརྩེ་དགས་བསྐྱངས་བསྐྱངས་ནས། །འདོད་ཡོན་ལོངས་སྤྱོད་མ་ཉོས་ངང་གིས་ཐོབ། །
མི་ཚེར་འཆལ་ཁང་མ་མཐོང་འབྲོག་པ་ང། །
འཆི་ཁར་བཞང་ཁང་འགྲིམས་ན་ངོ་ཡང་ཚ། །
ཨ་ཁུ་འབྲོག་པས་ལན་ཅིག་གསོན། །
ང་ཡང་རིག་མ་འཚོལ་བཞིན་ཡོད། །
ཨ་ཁུ་འབྲོག་པས་ལན་ཅིག་སོམས། །
སྨད་ཚོང་མ་ཡང་ཕན་ཐོགསག་སྲིད། །
ཧ་ཧ་ཀུ་རེ་ཡིན་ནོ།།
བཀྲ་ཤིས་བདེ་ལེགས།
༅༅། འདི་ན་མི་འདུག་འདི་འདུག་། འདི་ན་ན་གཞོན་མཛེས་མ་འདུག་།
མཛེས་མ་མེད་ན་བདེ་བ་མེད། འཕྲལ་སེལ་བདེ་སྐྱིད་མཛེས་མས་སྤྲད།
མ་འགྲོ་མ་འགྲོ་དགེ་འདུན་ཚོ། གྲ་ཆས་གྱོན་ནས་མཛེས་མའི་འཁྲོད།
འགྲོ་འགྲོ་མང་ན་སྡོམ་པ་ཤོར། སྡོམ་པ་ཤོར་ན་ཕྱི་མ་སྡུག།
འཚོ་བ་དགྲ་ལས་བླངས་ནས་། མཚན་སྨད་བླ་མར་ཞུ་བ་ལས།
མ་རྩ་རང་ལག་་ཡོད་སྟབས། མཚམས་རེ་གཞན་ཕན་སླད་དུ།
བཞེས་སྟུ་ཚོང་ཡང་འགྲིགས་རེད།
སྨད་ཚོང་བུ་མོར་མིག་ཟུང་ཀེམ་དགོས་མེད།།
དགོན་པའི་ཇོ་མོར་དེ་བས་ཅེར་དགོས་མེད།།
སེམས་དང་ལུས་གཟུགས་འདྲེས་པའི་སྨན་ཆུང་དེ།།
གང་གི་ཆ་ནས་འདུན་ལོ་ཚིམ་ནས་ཡོད།།
ཡང་ཡང་ཐོས་པའི་སྒྲོལ་མ་ལྷ་ཁང་དེ།།
ཐོས་པ་ཙམ་ལས་གོམ་གང་སྤོ་མྱོང་མེད།།
མཇེ་མགོ་ལག་བསྡར་བྱེད་ནས་བསྡད་དགོས་རུང་།
སྒྲོལ་མ་ལྷ་ཁང་བསམ་པའི་ཡུལ་ལ་མེད།།
བརྩེ་དུང་ཏིལ་འབྲུ་ཙམ་ཡང་མེད་པ་དང་།
སྒོར་མོའི་ཆེད་དུ་ལུས་ཚོང་རྒྱག་མཁན་མས།།
ཉིན་མཚན་མཇེ་མགོ་ལྡག་ནས་འཚོ་བ་ལས།།
སེམས་སོང་རྒན་མོ་དེ་དང་རོལ་བ་དགའ།།
ཨ་སྒོར་ཧིན་སྒོར་རྒྱ་སྒོར་མང་བ་ཚོ།།
སྨད་ཚོང་བུ་མོ་སྤྱོད་རྒྱུ་ཉུང་ན་བཟང་།
སེམས་དང་སེམས་པ་འདྲེས་པའི་སྨིན་ལེགས་ཤིག །
མ་སྐྱུར་རྟག་ཏུ་འགྲོགས་ན་བདེ་སྐྱིད་རེད།།
ཀརྡོ་ཁྱེད་རིག་མ་འཚོལ་བཞིན་ཡོད་ན། གང་ཟག་གི་ཚོད་གང་ཟག་གིས་བཟུང་བར་མི་བྱ་གསུངས་པ་ལྟར། འདི་ནས་ཚོད་དཔག་མི་བྱེད་ཀྱང་། རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་ཡིན་སྟབས། དང་པོ་རིག་མ་འཚོལ་བ་ལ་རིག་འཛིན་བརྙེས་ཡོད་དམ། ཡོད་ན་རིག་འཛིན་རྣམ་བཞི་ནས་གང་དང་གང་བརྙེས་ཡོད། ཐིག་ལེ་དབབ་དང་ལྡོག་དངའགྲེམས་པའི་མན་ངག་རྣམས་འཁྲིགས་སུ་ཚུད་དམ། ཁྱེད་དང་རིག་མའི་མཚན་མའམ་ཟག་བྱེད་རྡོ་རྗེ་དང་པདྨར་གནས་འགྱུར་ཡོད་དམ། དགོང་གཅིག་གནས་མོ་མེད་པར་ཉལ་མ་མྱོང། ཐིག་ལེ་ཡུངས་ཀར་ཙམ་ཡང་གློད་མ་མྱོང་། གསུངས་པ་ལྟ་བའི་ཉམས་ལེན་རྣམས་ཡོད་དམ། གལ་ཏེ་དེ་ལྟར་མིན་ན་རིག་མ་འཚོལ་བ་མི་ཟེར་བར། འཆལ་པོས་འཆལ་མོ་འཚོལ་བ་ཞེས་བརྗོད་ན་ཁེ་མེད་ཀྱང་བསྟན་ལ་སྤྱི་ལ་གྱོང་ཆུང་།
#11 ཀརྡོ་རབ་འབྱམས་པ་ ་ལགས་ཀྱིས་སྤེལ་དོན།:
October 5th, 2016 at 12:52 pm
ཨ་ཁུ་འབྲོག་པས་ལན་ཅིག་གསོན། །
ང་ཡང་རིག་མ་འཚོལ་བཞིན་ཡོད། །
ཨ་ཁུ་འབྲོག་པས་ལན་ཅིག་སོམས། །
སྨད་ཚོང་མ་ཡང་ཕན་ཐོགསག་སྲིད། །
ཧ་ཧ་ཀུ་རེ་ཡིན་ནོ།།
་
ཧ་ཧ་ཀུ་རེ་ཡིན་ནོ།།
ཧ་ཧ་ཀུ་རེ་ཡིན་ནོ།།
ཧ་ཧ་ཀུ་རེ་ཡིན་ནོ།།
་
ཀརྡོ་འདི་ཡང་རིག་མ་དང་ཕྱག་རྒྱ་མ་ཞིག་བསྟེན་འདོད་པ་འདྲ། ལ་དྭགས་སུ་གོང་ས་མཆོག་གིས་བཀའ་སློབ་ཞིག་ཏུ་རྒྱ་གར་དུ་བཙུན་མའི་དགོན་པ་ཞིག་ཡོད་ཅིང་དེར་བཙུན་མ་ཞིག་གིས་ཁོང་ཚོའི་དགོན་པར་བླ་མའི་གསང་ཡུམ་གནང་མཁན་གྱི་བཙུན་མ་མང་པོ་ཡོད་ཟེར་བྱུང་ནས་བཤད་པར། རྣམ་རྟོག་རེད། སངས་རྒྱས་ཀྱི་བསྟན་པ་འདི་ཉམས་རྒུད་དུ་འགྲོ་བའི་རྒྱུ་རྐྱེན་ཐམས་ཅད་ཚང་འདུག་ཟེར། གསང་སྔགས་འཆལ་སྤྱོད་བྱེད་པའི་ལུགས་ངན་དར་འདུག་ཟེར། གསང་ཡུམ་རིག་མ་བཞེས་ཡིན་ཟེར་ནས་རྒྱབ་ཏུ་ཕག་ཕྲུག་བཟོ་འདྲའི་ཁྱུ་གཅིག་འཁྲིད་ནས་འགྲོ་སྟངས་འདི་ད་ངོ་མ་སྔར་རྒྱ་གར་དུ་སངས་རྒྱས་ཀྱི་བསྟན་པ་ཉམས་ཆག་བྱུང་བའི་རྒྱུ་རྐྱེན་དེང་སང་ཚང་འདུག་ཟེར་ནས་བཀའ་བཀྱོན་གནང་འདུག་ག་དེ་ཁྱེད་ལྟ་བུ་ལ་གནང་བ་མིན་ནམ། ཀུ་རེ་ཞུས་ཡིན། ད་ཁྱེད་རང་གི་ཧང་གྷ་རི་ནས་ཞི་བའི་མཁའ་འགྲོ་དཀར་མོ་ཞིག་བཞེས། རྒྱ་གར་ནས་རྒྱས་པའི་མཁའ་འགྲོ་ལྗང་མོ་ཞིག་དང། བོད་ནས་དབང་གི་མཁའ་འགྲོ་དམར་མོ། ལྷོ་ཨབ་རི་ཁ་ནས་དྲག་པོའི་མཁའ་འགྲོ་ནག་མོ་ཞིག་བཞེས་ན་རིགས་སྲས་མང་དུ་འཁྲུངས་ནས་ཕག་ཕྲུག་འཁྲིད་འཁྲིད་བྱས་ན་ཡག་པོ་ཡོད་པ་རེད། ཧཧཧ་ཀུ་རེ་ཞུས་ཡིན་གདའ།
#17 ཁྱུང་སེ། ་ལགས་ཀྱིས་སྤེལ་དོན།:
October 12th, 2016 at 3:12 am
ཀརྡོ་འདི་ཡང་རིག་མ་དང་ཕྱག་རྒྱ་མ་ཞིག་བསྟེན་འདོད་པ་འདྲ་་་་་་ སོགས་ཀྱི་ལན་དུ།
རིག་མ་དཀར་མོ་དང་། ལྗང་མོ་རག་ཚར་སོང་། ཡང་། ད་དབང་མོ་དང་ནག་པོ་ཞིག་འཚོལ་བཞིན་ཡོད་དོ། མགྱོགས་པོར་ཐབས་སུ་རོགས་རམ་འདྲ་བྱེད་ཐུབ་ན་དགའ་བསུ་དང་རྔན་པ་ཐོབ་སྲིད། ཧ་ཧ། སྐུ་རྩེད་ཞུས་པ་ཡིན་ནོ།།