རྡོ་ཤུལ།
བོད་དུ་དབུ་མའི་ལམ་གྱི་བྱུང་རིམ་དང་རྒྱལ་སྤྱིའི་ནང་གི་གནས་བབ་དང་བོད་རྒྱའི་བར་དུ་ཕན་ནུས་ཀྱི་སྐོར་ཅུང་ཟད་ཞུས་ན། སྔོན་གྱི་དུས་སུ་གོ་ཐོས་མ་མྱོང་བའི་བོད་གངས་ཅན་གྱི་ལྗོངས་སུ་དབུ་མ་ཞེས་པའི་དོན་དེ་དུས་རབས་བདུན་པའི་དུས་སུ་བྱུང་ཡོད་པར་སེམས། གང་ཡིན་ཞེ་ན། དེའི་དུས་སུ་བྱུང་བར་གྲགས་པའི་གསུང་རབས་ལ་བལྟས་ན་དབུ་མ་ཐལ་རང་ཞེས་གྲགས་པ་དེ་མེད་ཀྱང་ལྟ་བའི་སྐོར་དེ་དབུ་མའི་ལྟ་བ་ཇི་མ་ཇི་བཞིན་ཡོད་པར་སེམས། དེ་ཉམས་སུ་ལེན་པའི་རྒྱལ་པོ་དང་བློན་པོ་འབངས་སོགས་བྱུང་ཡོད་པ་གསལ་པོ་ཡིན། དེ་ནས་དུས་རབས་བརྒྱད་པའི་ནང་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་མཁན་ཆེན་ཞི་བ་འཚོས་བོད་གངས་ཅན་གྱི་ལྗོངས་སུ་དབུ་སེམས་གཉིས་ཞེས་པའི་ཆོས་སྐད་དེ་ཡིག་ཐོག་ཏུ་བཀོད་ནས་དབུ་མ་རྒྱན་སོགས་དར་བའི་མགོ་བཙུགས།
དེ་ནས་བཟུང་དབུ་མ་ཞེས་པ་དེ་ཐ་སྙད་ཡོངས་གྲགས་སུ་འགྱུར་བའི་གཞི་བཏིང། འོན་ཀྱང་ཁྲི་སྲོང་གི་སྐབས་སུ་དམངས་ཁྲོད་དུ་དབུ་མ་ཞེས་པ་དེ་ཙམ་བེད་སྤྱོད་གཏོང་ཐུབ་མེད་པར་སེམས། གང་ཡིན་ཞེ་ན། དེའི་སྐབས་ལོ་ཙཱ་བ་དང་པཎྜི་ཏའི་ཁྲོད་དུ་གྲགས་པའི་ཆོས་སྐད་ཙམ་ཡིན་པར་ངེས། དབུ་མ་ཞེས་པ་དེ་ལུས་ཀྱི་ཡན་ལག་ནང་ནས་གལ་ཆེ་ཤོས་ལག་པ་གཡས་གཡོན་གཉིས་སོགས་ལུས་ཀྱི་གཡས་གཡོན་གང་གི་ཕྱོགས་སུ་མ་ལྷུང་པར་དཀྱིལ་དུ་གནས་པའི་མགོ་ལ་དབུ་ཞེས་ཞེ་ས་སྦྱར་བ་དེ་ལ་འདྲ་བ་རྒྱུ་མཚན་དུ་བྱས་ནས་མིང་བཏགས་པའམ། ཡང་ན་དབུས་མ་ཞེས་དཀྱིལ་ལ་ལབ་པ་དེ་དང་འདྲ་བའི་མིང་བཏགས་པ་ཡིན་མི་ཤེས་ཀྱང་དོན་ལ་གཅིག་པ་འདྲ་བོ་རེད། དུས་རབས་འགའ་ཤས་ཀྱི་རྗེས་སུ་ཆོས་སྡེ་རྣམས་སུ་དབུ་མ་ཞེས་པ་དེ་གྲུབ་མཐའ་རང་རང་གི་རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་ཐར་པ་ཐོབ་བྱེད་ཀྱི་ལྟ་བ་ཞིག་ལ་གོ་ཞིང་ཐ་སྙད་དེ་ཡང་དེ་རང་ལ་བེད་སྤྱོད་གཏོང་བ་མ་གཏོགས་གཞན་ལ་གོ་བར་བྱས་མེད།
དུས་རབས་ཉི་ཤུ་པའི་ཡས་མས་སུ་དམག་འཁྲུག་དང་རང་ཁེ་གཞན་ཕམ་གྱིས་བྱ་བ་ཤིན་ཏུ་ནས་རྙོག་འཛིང་ཆེ་ཞིང་ཡ་ང་བའི་གཡུལ་ས་དང་གཏུམ་སྤྱོད་ཀྱིས་ཁྱོད་ཤི་ང་གསོན་གྱི་འཇིག་རྟེན་ཞིག་ཏུ་གྱུར། དེའི་སྐབས་མི་ཡི་བྱ་སྤྱོད་ལ་ཚོད་བགམ་དཀའ་བའི་རྡུལ་མཚོན་སོགས་མི་རྣམས་ཀྱི་བསམ་བློའི་ནང་དུ་དངོས་ཡོད་གནས་ཚུལ་ལ་ཡོད་པ་དང་ཚད་ལས་བརྒལ་བའི་སྐད་ཅིག་ལ་འཛམ་གླིང་བརླགས་ནུས་པའི་རྡུལ་མཚོན་སོགས་ཡོད་པར་འཛིན་ནས་སྔངས་སྐྲག་ཚད་ལས་བརྒལ་བའི་སྡུག་བསྔལ་མྱོང་བ་ང་ཚོའི་གསལ་པོ་མཐོང་མྱོང་ཡོད། ཡང་འགའ་ཤས་ཀྱིས་བློ་ཡུལ་དུ་འཁོར་མ་མྱོང་བའི་དངོས་ཡོད་གནས་ཚུལ་མི་རེ་གཉིས་ཀྱི་བསམ་སྦྱོར་ལོག་པ་ལ་བརྟེན་ནས་རྒྱལ་ཁམས་ཕུང་སུ་འཇུག་མཁན་མང་པོ་བྱུང་ཡོད་པ་རེད།
དེ་འདྲའི་ཆ་མ་སྙོམས་པའི་དུས་རབས་ཀྱི་ཡོ་འཁྱོམ་ཆེན་པོ་དེའི་ནང་དུ་རྡུལ་མཚོན་ལ་སྐྱབས་བཅོལ་བ་མ་གཏོགས་སྐྱབས་དང་མགོན་གང་ཡང་མེད་པའི་མུན་ནག་གི་འཇིག་རྟེན་འདིའི་སྒང་ལ་བླང་དོར་གྱི་གནས་སྟོན་པའི་གང་ཟག་ཚད་ལྡན་ཞིག་མེད་པའི་དཀའ་སྡུག་རིང་མོ་ཞིག་གི་ནང་དུ་ལྷུང་བའི་སྐབས། མགོན་མེད་པའི་ཉམ་ཐག་སྐྱེ་འགྲོ་རྣམས་ལ་སྲོག་གི་རྒྱུ་བ་སྦྱིན་པའི་ཐུན་མོང་ཡོངས་གྲགས་ཀྱི་སྐྱེས་བུ་ཁྱད་པར་དུ་འཕགས་པ་ཞིག་བྱོན་པ་ནི་ ༧གོང་ས་མཆོག་ཁོ་ན་རེད་ཅེས་བཤད་ན་མི་འགྲིགས་པ་མེད་པ་རེད། ཁོང་གིས་དབུ་མའི་ལམ་གྱི་ཤིང་རྟའི་སྲོལ་དེ་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གང་ལའང་སྦྱར་ཆོག་པའི་ཐ་སྙད་དེ་ཚད་བཀགས་ཀྱི་ར་བ་ལས་བརྒལ་བ་ཞིག་གིས་དགོངས་འཆར་འོག་ནས་འཇིག་རྟེན་འདིའི་དཀའ་རྙོག་ཡོད་དོ་ཅོག་དབུ་མའི་ལམ་གྱིས་སེལ་ཐུབ་བའི་ཆོད་སེམས་བརྟན་པོ་བཅངས་ནས་བོད་ཀྱི་དཀའ་རྙོག་ཡང་དབུ་མའི་ལམ་གྱིས་སེལ་རྒྱུའི་མི་འཇིགས་པ་སེངྒེའི་སྒྲ་བསྒྲགས་པ་རེད།
དེ་ལ་བརྟེན་ནས་ནགས་ལ་མེ་མཆེད་པ་བཞིན་འཛམ་བུ་གླིང་འདིའི་རྒྱལ་ཁབ་ཀྱི་གྲོས་ལ་དབང་བ། མཁས་པ་ཤེས་ཡོན་ཅན། མི་རིགས་ཀྱི་འཐབ་རྩོད་པ་སོགས་ཀྱི་བསམ་བློ་གུ་དོགས་ཀྱི་འཆིངས་རྒྱ་ལས་ཡོངས་སུ་གྲོལ་ཏེ་བདེན་པ་དང་འཚེ་བ་མེད་པའི་ལམ་དུ་བསྐྱོད་བཞིན་པ་ནི་ཉིན་རེ་ཉིན་རེ་ཇེ་གསལ་རེད། འཛམ་བུ་གླིང་གི་དབུ་ཁྲིད་ལྟ་བུར་གྱུར་པའི་སྟོབས་ཆེན་ཨ་རིའི་རྒྱལ་ཁབ་གྱི་སྲིད་འཛིན་རྣམས་པས་ཀྱང་བློ་ཡུལ་དུ་ཤར་མ་མྱོང་བའི་དབུ་མའི་ལམ་གྱིས་མཚོན་པའི་ ༧གོང་ས་མཆོག་གི་རླབས་ཆེན་གྱི་མཛད་རྗེས་ལ་དཔེ་བླངས་ནས་འཛམ་བུ་གླིང་འདིའི་དབུ་འཁྲིད་ཀྱི་ཡོད་པ་རེད།
དེ་བཞིན་རྒྱལ་སྤྱིའི་ནང་འགན་ཁུར་ཡོད་པའི་སྲིད་འཛིན་དང་སྲིད་བློན། ཞི་བདེའི་སྣེ་ཁྲིད་པ། རྩོམ་པ་པོ་སོགས་ཤེས་ལྡན་གྱི་མི་སྣ་རྣམས་ཀྱིས་མ་བསྐུལ་དང་བླང་གིས་མཇལ་འཕྲད་དང་བགྲོ་གླེང་བྱས་པ་ཙམ་གྱིས་ཡིད་རང་དབང་མེད་པར་འགུག་ནུས་པ་སོགས་ནི་གུ་ཡང་དབུ་མའི་ལམ་གྱིས་ནུས་པ་ཡིན་པ་གསལ་པོ་རེད།
བོད་རང་ལ་མཚོན་ནའང་ཕྱི་ལོ་༡༩༧༩ ལོར་བོད་རྒྱའི་འབྲེལ་ལམ་ཚུགས་ཏེ་བོད་ས་མང་པོར་སྐུ་ཚབས་དང་གཟིགས་སྐོར་ཚོགས་པ་སྔ་རྗེས་ཕེབས་པས་གཞི་བྱེས་ཤི་གསོན་འཔྲད་པ་ལྟ་བུའི་ཚོར་བ་དང། དེའི་དབང་གིས་གཞིས་བཞུགས་བོད་མིའི་སྙིང་སྟོབས་བླ་ལྷག་ཏུ་འཕེལ་བ་དང། གཞི་བྱེས་གཉིས་བར་འབྲེལ་ལམ་བྱུང་བའི་དབང་གིས་ཆོས་དང་རིག་གཞུང་གི་སྐོར་ལ་སྔ་ན་མེད་པའི་རླབས་ཆེན་གྱི་མི་རིགས་མང་པོ་བསྐྱེད་བསྲིངས་ཐུབ་ཡོད་ལ་ཕྱི་ནང་མང་པོ་ཞིག་གི་རིག་གཞུང་བརྗེ་ལེན་ཐུབ་པའི་རྨང་གཞི་བརྟན་པོ་ཞིག་ཚུགས་ཡོད། སྲིད་གཞུང་མང་པོས་བོད་རྒྱ་ཞི་མོལ་དེ་དོན་སྙིང་ལྡན་པ་ཞིག་ཏུ་མཐོང་ནས་རྒྱབ་སྐྱོར་གྱི་རྣམ་པ་ཉིན་རེ་བཞིན་ཤུགས་ཆེ་རུ་འགྲོ་བ་སོགས་གནས་སྐབས་གྲུབ་འབྲས་ཡོད་པ་ཙམ་ཟད་རྩ་དོན་གང་ལ་གང་འཚམས་གྲུབ་པ་ནི་མཐོང་གསལ་རེད།
འཛམ་བུ་གླིང་གི་ཆོས་ལུགས་ཀྱི་མི་སྣ་གྲགས་ཅན་གནད་ཡོད་ཕལ་མོ་ཆེ་དང་གསུང་གླེང་གྱིས་གུ་དོགས་རང་ལྟ་མཆོག་འཛིན་གྱི་འཆིངས་རྒྱ་ཡོངས་སུ་རྫོགས་པ་གཏོར་ཏེ་ནང་ཚང་གཅིག་པའི་མི་ཡི་མཛའ་བརྩེའི་རྣམ་པ་གསར་པ་ཞིག་བསྐྲུན་ཏེ་རང་གི་མི་ཚེ་དང་ཆོས་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ཐད་ལ་སྔ་ན་མེད་པའི་ལེགས་སྐྱེས་གསར་པ་ཞིག་འབུལ་ཐུབ་པའི་མཁས་མཛངས་ནི་༧གོང་ས་མཆོག་གི་ཐུགས་རྒྱུད་ལ་ཡོད་པའི་དབུ་མའི་ལམ་གྱིས་ནུས་པ་ཡིན་པ་གསལ་པོ་རེད།
དེང་དུས་ནང་ཆོས་དང་ཚན་རིག་ཟུང་འབྲེལ་ཞེས་པའི་གླེང་བརྗོད་གསར་པ་ཞིག་བྱུང་བ་འདི་ཡང་འཛམ་གླིང་ཤེས་རིག་གི་ཚོང་རའི་ནང་བྲིམ་རྒྱུགས་ཆེ་ཤོས་སུ་ཆག་པ་དང་། ནང་པའི་བཀའ་བསྟན་གྱི་གསུང་རབས་རྡུལ་ཁྲོད་དུ་བཞུགས་པའི་འོ་བརྒྱལ་ཅན་དང་། གཙང་སྦྲ་དང་འཕྲོད་བསྟེན་ཞན་ཅིང་རྗེས་ལུས་སུ་འབོད་པའི་མི་རིགས་འདི་དང་ནང་པའི་རྗེས་འཇུག་པ་རྣམས་ལ་ཡང་གོ་ས་མི་དམན་པ་ཞིག་བསྐྲུན་ཡོད། བོད་རྒྱ་མི་རིགས་བར་དུ་མཐུན་སྒྲིལ་དང་མཉམ་གནས་ཀྱི་དགོས་མཁོ་བོད་མིའི་སྲིད་དོན་གྱི་དགོས་མཁོ་ལས་ཀྱང་གལ་གནད་ཆེ་བར་གཟིགས་ཏེ་གཉིས་ཕན་དབུ་མའི་ལམ་གྱི་སྲིས་བྱུས་ཕྱག་བསྟར་གནང་བ་ཆབ་སྲིད་ཀྱི་མདུན་མཆོངས་ཆེན་པོ་ཞིག་ཡིན།
མི་རིགས་འདྲ་མཉམ་ཟེར་བ་མི་འབོར་དང་། དཔལ་འབྱོར། དམག་ཤུགས་སོགས་ལ་མ་ལྟོས་པར་མི་རིགས་ལ་མཐོ་དམའ་དང་བཟང་ཞན་མི་དབྱེ་བར་འདྲ་མཚུངས་མཉམ་གནས་ཐུབ་པ་ཞིག་ལ་ཟེར་བ་དང། མི་རིགས་འདྲ་མཉམ་ནི་མི་རིགས་མཐུན་སྒྲིལ་གྱི་རྒྱུ་རྐྱེན་མེད་དུ་མི་རུང་བ་དེ་ཡིན། བོད་རྒྱ་མི་རིགས་གཉིས་འདྲ་མཉམ་ཐོག་ནས་མཉམ་གནས་ཐུབ་པ་ཞིག་བྱུང་ན་དེ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་གལ་ཆེའི་རྩ་དོན་དུ་འཛིན་པའི་མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་ལྷིང། རྒྱ་ནག་གོང་བུ་གཅིག་གྱུར་བཅས་ཀྱི་རྨང་གཞིར་འགྱུར་རྒྱུ་ཡིན། དེར་བརྟེན་འཚེ་མེད་ཞི་བ་དང་། བོད་རྒྱ་གཉིས་ཕན། མི་རིགས་མཐུན་སྒྲིལ། དེ་ལ་བརྟེན་ནས་རྒྱལ་སྤྱིའི་གནས་བབ་ལ་འགྱུར་བ་ཆེན་པོ་ཞིག་ཡོང་ཐུབ་པ་གསལ་པོ་རེད། དཀྱིལ་ཤར་ཨེ་ཤ་ཡའི་ནང་དུ་དཔལ་འབྱོར་དང་། དམག་དོན། མི་འབོར་གང་གི་ཆ་ནས་བལྟས་ན་རྒྱ་ནག་འགྲན་ཟླ་དང་བྲལ་བ་གསལ་པོ་ཆགས་ཚར་བ་རེད། དེ་ཡིན་དུས་རྒྱ་ནག་གི་གནས་སྟངས་དེས་འཛམ་བུ་གླིང་ལ་གཡོ་འགུལ་ཚད་ལས་བརྒལ་བ་ཉིན་རེ་བཞིན་སྟོན་གྱི་ཡོད་པ་གསལ་པོ་རེད།
ང་ཚོ་བོད་པ་ལྟ་བུ་ལ་མཚོན་ན་དམག་དོན་གྱི་སྒྲིག་འཛུག་ཞིག་ཡོད་པའི་དབང་དུ་བཏང་དམག་གི་ནུས་པ་གང་ལ་གང་མཚམས་ཐོན་པ་ཞིག་བྱས་ན་འཛམ་གླིང་རྒྱལ་ཁབ་གཞན་གྱིས་རོགས་སྐྱོར་འོག་ཟིང་འཁྲུགས་བསླང་ཐུབ་པ་རེད། དེ་ཙམ་མ་ཟད་འཛམ་གླིང་གི་དམག་ཆེན་གི་ཉེས་ཁ་ཡང་བཟོ་ཐུབ་པའི་ཆ་རྐྱེན་དུ་འགྱུར་སྲིད་པ་རེད། དཔེར་ན་གློ་ཡི་སྒྲིགས་འཛུག་ལ་སྟོབས་ཆེན་གྱི་རྒྱལ་ཁབ་ཨ་མི་རི་ཀའི་རྒྱབ་སྐྱོར་བྱས་པ་ནང་བཞིན་རེད། རྒྱ་ནག་མི་མང་གི་ངོས་ནས་རླབས་ཆེན་གྱི་མཛད་པ་འདིས་ཡིད་རང་དབང་མེད་པ་འཕྲོག་ནས་ཡི་རངས་དང་བསྔགས་བརྗོད་བླ་ན་མེད་པ་ཞུ་བ་དང་ཆབས་གཅིག་མི་རིགས་ཀྱི་མཐུན་སྒྲིལ་ལ་ནུས་པ་ཆེན་པོ་ཞིག་བཏོན་ཡོད་པ་གསལ་པོ་རེད། ཀྲུང་དབྱངས་ཀྱི་དབུ་ཁྲིད་རྣམ་པས་ཀྱང་གནས་ཚུལ་གསལ་པོ་ཧ་གོ་ཡི་ཡོད་ཀྱང་ཆབ་སྲིད་ཀྱི་གཡོ་ཟོལ་འོག་གནས་སྐབས་འཁྱོག་བཤད་ཀྱི་སྒྲོ་སྐུར་མང་པོ་བྱེད་བཞིན་པ་འདི་ཡང་ག་ལེར་ནུས་མེད་ཆག་རྒྱུ་ཡིན་པ་གསལ་པོ་རེད།
དངོས་པོའི་གནས་ཚུལ་དང་འགལ་བའི་བྱ་བ་གང་བརྩམས་པ་རྣམས་མཇུག་བརྟན་པོ་ཞིག་མི་ཡོང་བ་འཛམ་གླིང་གི་ཤེས་ལྡན་གྱི་མི་སྣ་རྣམས་ཀྱིས་ཉམས་མྱོང་གི་སྒོ་ནས་ཡང་ཡང་དུ་གསལ་པོ་གསུང་བཞིན་པ་འདི་རེད། རྒྱ་ནག་གི་ཚ་ནན་བརྡུང་བརྡེགས་འོག་ཏུ་མི་མང་དཀྱུས་མ་རྣམས་འུ་ཐུག་ཐབས་ཟད་གི་མི་ཡུལ་ལུང་པར་སྐྱབས་བཅོལ་ལ་ཡོངས་ནས་མཚན་ཤས་ལུང་པ་གང་བཟོ་དང་བཟོ་བཞིན་པ་དང་། རྒྱ་ནག་གི་འབྱུང་འགྱུར་གྱི་ལོ་རྒྱུས་ནང་དུ་འཁོད་པའི་ཧ་ཅང་ཐལ་བའི་སྣོད་བཅུད་ལ་ཉམས་ཉེས་ཚབ་ཆེན་གཏོང་བའི་འདོད་རྔམས་འདི་ཇེ་གསལ་དུ་ཕྱིན་པ་དང་ཆབ་གཅིག་འཛམ་གླིང་གི་གཟུར་གནས་ཀྱི་གང་ཟག་ཕལ་མོ་ཆེ་ཡི་ཆད་བཅུག་ཡོད་པ་རྣམས་དབུ་མའི་ལམ་ལ་མ་བརྟེན་ན་མ་འོངས་པར་འཚོ་འཆིའི་ཐག་གཅོད་མི་ཐུབ་པ་གསལ་པོ་བྱུང་ཡོད་པ་རེད།
དམག་དོན་གྱི་སྟོབས་ཤུགས་ནི་ཁ་ཕྱོགས་གང་དུ་འགྱུར་མིན་ད་ལྟ་མཐའ་གཅིག་ཏུ་ཐག་གཅོད་མི་ཐུབ་པ་རེད། གང་ཡིན་ཞེ་ན། མི་ཡི་བསམ་བློའི་གནས་ཚད་ཟབ་ཏུ་ཇི་ཙམ་སོང་བ་དེ་ཙམ་གྱིས་དགྲ་འཐབ་གཡུལ་འཁྲུགས་ཀྱི་བྱ་བ་ལ་སྙིང་པོ་མེད་པ་གསལ་པོ་མཐོང་ནས་དོན་མེད་ཀྱི་ངལ་བ་ཁོ་ན་ཙམ་དུ་ཟད་པར་ངོ་འཕྲོད་འགྲོ་བ་ཆོས་ཉིད་རེད། དེ་ལྟ་བུའི་ཉེས་འགལ་ཅན་གྱི་དཀའ་སྡུག་གི་རིམ་པ་མཐའ་དག་སེལ་བ་ལ་ཐབས་ལམ་མཆོག་ཏུ་གྱུར་པ་ནི་དབུ་མའི་ལམ་ཡིན་པ་གསལ་པོ་བྱུང་བས་རྒྱལ་སྤྱིའི་ནང་གི་གནས་བབ་གང་བཟུང་བ་དང། རྒྱ་ནག་དང་བོད་ཀྱི་དཀའ་རྙོགས་སྐོར་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་དང་ནུས་པ་གང་ཐོན་པ་ཕྱོགས་རེ་ཙམ་ངོ་སྤྲོད་ཞུས་པ་ཡིན།།
༢༠༡༡། ༦། ཚོགས་འདུ་ཁར་བཤད་རྒྱུའི་ཡི་གེ་བྲིས་ཞེས་སྐྱོར་དོན་ནས་བསྐུལ་མ་བྱུང་བ་བཞིན་རང་གི་བསམ་ཚུལ་ཡི་གེའི་ལམ་དུ་སྤེལ་བ་ཞིག་ཡིན།
ལྟ་རྒྱ་ཁབ་མིག་ལས་དོགས་པའི་རྩོམ་ཡིག་རེད། འཇིག་རྟེན་གྱི་གནས་ལུགས་ཅི་ཡང་མི་མཐོང་བའི་བལ་བ་ནག་ཁུང་གི་སྐད་ཆ་རེད། དད་པ་དང་དག་སྣང་གི་སྐད་ཆ་རེད། དེའི་དངོས་ཡོད་ཀྱི་ཚབ་བྱེད་ག་ལ་ཐུབ། དམག་ཆེན་གྱི་འཇུག་ཏུ་ལུང་པ་མང་པོར་རང་དབང་དང་བཙན་ཐོབ་པའི་སྐབས་སུའི་བོད་ཀྱི་རང་དབང་ཤོར་བ་རེད། ལོ་རྒྱུས་ལ་བསམ་བློ་བཏང་ནས་སྐད་ཆ་བཤད། གང་བྱུང་གིས་བཤད་པ་ནི་བོད་མི་རྣམས་མགོ་སྐོར་བཏང་བ་རེད། དད་པའི་ཆེད་དུ་བོད་མིར་མགོ་སྐོར་བཏང་ན་ཉེས་བ་ཡོད་དམ།
ཨོ་ཉི་བཀོར་ཁུག་ལགས། སྤྲུལ་སྐུའི་སྐོར་གླེང་གི་མིན་ནམ། ཁྱོད་ཀྱིས་ང་ལ་ལྟ་ལོག་རེད་ཟེར་ན་ཁས་ལེན་གྱི་མིན། དབུ་མ་རང་རྒྱུད་པའི་ལྟ་བ་རྒྱུད་ལྡན་གྱི་བུ་ཞིག་ཡིན། དབུ་མ་རྒྱུད་པའི་ལྟ་བ་ལ་བློ་ལོག་མེད་པའི་གང་ཟག་ཞིག་ལ་ལྟ་ལོག་ཅེས་མིང་ངན་མདོག་ན་ཅང་འགྲིག་ཨེ་ཡོང་ངམ། ཁོ་རེ།
བོད་པའི་སྤྲུལ་ཁོག་བཀོར་ཁུག་འདྲ་བ་ཚོའི་ལྟ་བ་ལ་ང་ཅོ་རིའི་བློ་ལོག་འདུག་ཟེར་ན་ནི་བདེན་པ་རེད་དོ། དེ་ཙམ་གྱིས་ལྟ་ལོག་འབོད་ཀྱི་ཡོད་ན་ནི་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་ལ་ཡང་ལྟ་ལོག་ཅེས་འབོད་རོགས་བྱོས། དེར་ཐལ། སྤྲུལ་ཁོག་ཁྱོད་ཚོ་འདྲ་བ་ཚོའི་ལྟ་བ་ལ་རྣམ་རྟོག་ལངས་འགྲོ་མཁན་ཞིག་ཡིན་པའི་ཕྱིར།
གོང་གི་མཆན་བུ་དེ་བཏབ་ནོར་འདུག་པས་དགོངས་འགལ་མེད་པ་བྱོས།
ཅོ་ཉི་ལགས། སྤྲུལ་སྐུ་ལ་དགག་པ་རྒྱག་དྲན་ན་དང་པོ་བོད་ཡིག་ལོ་ལྔ་སྦྱོངས། དེ་ནས་དགག་ཡིག་ཅིག་ཕྲིས་དང་། བྲོ་བ་ཡོད་ས་རེད། དེ་མིན་ཁྱེད་རང་གིས་ཚོར་འདུའི་བསྒུལ་ཤུགས་ཡོད་ཚད་ཡིག་ཐོག་ཏུ་འགོད་པའི་ནུས་པ་མེད་པའི་དཔྱད་མཆན་པ་ཞིག་གིས། རྒྱ་ཆེ་བ་དང་། གཏིང་ཟབ་པའི་སྤྲུལ་སྐུའི་ལམ་ལུགས་ལ་ཇི་ལྟར་དགག སྤྲུལ་སྐུ་འི་ལམ་ལུགས་མེད་པར་ཆགས་པ་དང་། བོད་ཀྱི་རིག་གཞུང་གི་སྲོག་རྩོ་ཆད་པ་དུས་མཉམ་རེད། ཨེ་བདེན་ལྟོས། ཧཧཧཧཧ
གོང་ས་མཆོག་གི་དབུ་མའི་ལམ་ནི་ལུགས་གཉིས་ལ་སྨན་པ་དང་། མཐོ་དམན། གྲགས་ཞན། མཁས་བླུན། རྒྱལ་ཁབ་ཕན་ཚུན། ཕོ་མོ་ཆ་ཚང་ལ་ཕན་ཐོགས་བླ་མེད་ཡོད་པའི་ལུགས་སྲོལ་ཞིག་རེད། དེ་ཕྱིར་དབུ་མའི་ལམ་ལ་དགའ་བའི་གང་ཟག་མང་བ་དང་། འདིའི་རྗེས་འབྲངས་པའི་ལམ་དང་ལུགས་སྲོལ་ཆེན་པོ་ཞིག་ཆགས་པ་ལ་རེ་བ་ཆེན་པོ་ཡོད་པ་རེད། ཡིན་ན་ཡང་དགའ་ལྡན་ཕོ་བྲང་ཆེན་པོ་སྒོ་རྒྱག་པའི་ཤུལ་དུ། ཤིན་ཏུ་ཕུང་པ་ཞིག་ལ་དགའ་ལྡན་ཕོ་བྲང་ཞེས་པའི་མིང་ཆུང་ཆུང་ཞིག་ལ་སླར་ཡང་ཕེབས་སོང་། འདི་ཡིས་ཁོང་གི་འགྲོ་དོན་ལ་གནོད་ངེས་སོ། ད་ཕལ་ཆེར་དབུ་མའི་ལམ་གྱི་འགྲོ་དོན་དེ་རྒྱ་ཆེན་པོ་ཡོང་བ་ཁག་པོ་རེད། དགའ་ལྡན་ཕོ་བྲང་ཆེན་པོ་སྒོ་རྒྱག་པ་དང་། དགའ་ལྡན་ཕོ་བྲང་ཆུང་ཆུང་ཞིག་ངེས་པར་དགོས་ན། འབྲས་སྤུངས་ལ་མཚོན་བྱེད་ཙམ་ཞིག་བསྐྲུན། གོང་ས་མཆོག་ཉིད་དང་། ཉིད་ཀྱི་སྐུ་འཁོར། ཉིད་ཀྱི་ལས་ཁུངས་མཐའ་དག་སྤྱི་ནོར་ཚུལ་དུ་བཞུགས་ཐུབ་སོང་ན། དབུ་མའི་ལམ་དེ་སྐྱེ་འགྲོ་སྤྱི་་དང་བྱེ་བྲག་བོད་བརྒྱུད་ནང་བསྟན་ཁྲོད་དུ་རིས་མེད་དབུ་མ་པ་ཞེས་པ་ཆོས་བརྒྱུད་དབུས་ན་གནས་པ་ཞིག་དང་། དེའི་ཤིང་རྟའི་སྲོལ་འབྱེད་དེ་གོང་ས་མཆོག་ཉིད་ལས་གཞན་མེད་དོ། །ད་ལྟའི་དགའ་ལྡན་ཕོ་བྲང་ཞེས་པའི་ལས་ཤག་ཆུང་ཆུང་དེ་བླ་རྒན་མགོ་མཁྲེགས་འགའ་ཞིག་གིས་བཟོས་པ་ཡིན་རྒྱུ་རེད། ད་ཅི་བྱེད།
རིགས་ཀྱི་བུ་ལགས་ལ་གོ་རྒྱ་ཆེན་པོ་ཡོད་པའི་སྐད་ཆ་འདུག རྒྱ་ཆེ་ས་ནས་གཅིག་གསུངས་ཤོག་དང་ཡག་པོ་འདུག འདི་ཡིས་ཕན་ཐོག་དེ་མིག་མཐོང་ལག་ཟིན་དུ་གྱུར་ཟིན་པ་རྣམས་ལོང་བས་བལྟས་ཀྱང་རྒྱལ་ཁམས་ཆགས་ཚར་བ་རེད། ཁྱེད་ད་ལྟ་བར་དུ་འཛམ་གླིང་འདི་ལས་གཞན་པ་ཞིག་ལ་བཞུགས་ཡིན་ནམ་ག་རེ་ཡིན་དོགས་པ་ཟ་བྱུང།
དབུ་མའི་ལམ་མེད་ན་གོང་ས་མཆོག་ལ་འགྲོ་དོན་འདི་འདྲ་ཞིག་ཡོང་མི་སྲིད་ལ། དབུ་མའི་ལམ་མེད་ན་བོད་པ་རྣམས་ལ་རོགས་སྐྱོར་ཡང་དེ་ཙམ་ཞིག་རག་མི་སྲིད་པ་རེད། དེ་ཕྱིར་དབུ་མའི་ལམ་ནི་རྒྱ་བོད་ཧོར་གསུམ་ཚང་མ་དགེ་མཚན་ཆེ་བ་ཞིག་དང་། ཕན་ཐོགས་ཡོད་པ་ཞིག་ལོས་ཡིན། ཡིན་ཡང་དེང་སང་བོད་པ་འདི་ཚོ་ལས་རྒྱུ་བཅའ་རྒྱུ་མང་དྲགས་ནས། རྒྱལ་ཕྱི་ནང་ཀུན་ནས་མིག་ནང་གི་ལིང་ཏོག་དང་། སེམས་ནང་གི་ཚོར་རྡུག་ཅིག་ལ་འགྱུར་བཞིན་པ་མཐོང་ཆོས་མྱོང་འགྱུར་རེད། འདི་དག་ཚང་མ་གང་ལས་བྱུང་བ་རེད་ཟེར་ན། ཁ་བཤད་དོན་ལ་མི་གནས་པ་དང་། བོད་པའི་རང་གཤིས་ལ་སྔོན་མ་ནང་བཞིན་ཆོད་སེམས་དང་། སྲ་བརྟན་མེད་ནས་ལོས་ཡིན། དཔེར་ན་བོད་པ་ནུབ་ཕྱོགས་ལ་ཡོད་པ་ཚོ་ནི་ནུབ་ཕྱོགས་པའི་ཤན་ཞུགས་བཞིན་པ་དང་། བོད་པ་རྒྱ་ནག་ལ་ཡོད་པ་རྣམས་ལ་ནི་རྒྱ་ནག་པའི་ཤན་ཞུགས་བཞིན་པ་རེད། དེ་ཕྱིར་མི་རིགས་གཞན་གྱིས་ཤན་ཞུགས་ཟིན་པ་དང་། གཞན་གྱི་ལད་མོ་དགའ་བའི་མི་བུ་ཞིག་ལ། ད་རང་ལུགས་དང་། རང་གི་སྲོལ་རྒྱུན་ཟེར་བ་གང་ན་ཡོད། དཔེར་ན་དུས་རབས་ཉི་ཤུ་པའི་ལོ་མཇུག་པར་བོད་མི་ཟེར་དུས་ཚང་མས་ལྷ་བཞིན་ལྟ་བས། སེམས་ཅན་ཕལ་བ་ཞིག་ཏུ་མི་མཐོང་བ་དང་། བོད་པ་ཡོད་ཚད་ཆོས་པ་དང་། ཆོས་ཤེས་མཁན་ཞིག་ལ་བཟུང་བ་རེད། སྟོང་ལོ་གསར་བ་ཚེས་པ་དང་བོད་པ་རྣམས་ལ་རྣམས་ལ་སྨྱོ་ནད་གསར་པ་ཞིག་ཕོགས་པ་ནི། དུས་རབས་ཉེར་གཅིག་པའི་འགྲན་རྩོད་དང་། མགོ་བདེའི་ན་ཚ་དེ་རེད། ན་ཚ་འདི་ཕོགས་ཚར་ནས་བཟུང་། མི་རིགས་དང་། སྲོལ་རྒྱུན། དམ་པའི་ཆོས་ཡོངས་རྫོགས་ཀྱི་སྲོག་འཕྲོག་ངེས་སོ། །ད་ལྟ་བོད་པ་ཚོའི་སེམས་ལ་དབུ་མའི་ལམ་ལ་རིན་ཐང་དེ་ཙམ་མེད་པར་ལྟ་བ་དེ་ཡང་། བོད་པ་རྣམས་རྒུད་པ་ནས་རྒུད་པར་འགྲོ་བའི་རྟགས་རེད།
དབུ་མའི་ལམ་ལ་གྲུབ་གཅིག་ཁོ་ན་ལས་མེད། དེ་ནི་རྒྱལ་བ་རིན་པོ་ཆེ་ལ་ནོ་སྦེལ་ཞི་བདེའི་རྟགས་མ་ཐོབ་པ་འདི་ཙམ་ཁོ་ན་ཡིན།
དབུ་མའི་ལམ་ལ་གྲུབ་འབྲས་གཅིག་ཁོ་ན་མ་གཏོགས་བྱུང་མེད། དེ་ནི་རྒྱལ་བ་རིན་པོ་ཆེས་ནོ་སྦེལ་ཞི་བདེའི་རྟགས་མ་རག་པ་འདི་ཁོ་ན་ཡིན། ང་ཚོའི་དབུ་ལམ་དབུ་འཁོར་མ་འདི་དང་མཁན་ཆེན་ཞི་འཚོའི་དབུ་མ་རྒྱན་སོགས་མཉམ་སྦྱོར་བྱེད་པ་ནི་འབྲེལ་མེད་ཡིན།
གོང་ལ་ཚང་མས་དབུ་མའི་ལམ་ལ་སྡིག་པ་མི་བཙུམ་གྱིས་བསྟོད་པ་ཤ་སྟག་བཏང་ནས། བདེན་པ་དང་དངོས་ཡོད་འགེབ་པར་བྱེད། འདི་ལ་གཟུར་གནས་ཀྱི་རྩ་དོན་འགའ་ཤས་འབུལ་གྱི་ཡིན།
དབུ་མའི་སྐྱོན་ཆེན་པོ་གསུམ།
༡༽དབུ་མ་ཞེས་ཆབ་སྲིད་ཀྱི་ལྟ་བ་འཕྲལ་ཕུགས་གཉིས་ཀར་མི་ཕན་པ་ཞིག་འཁྱེར་ཡོང་ནས། ལོ་རྒྱུས་ཐོག་བོད་ཀྱི་ཁྲིམས་ཀྱི་གནས་སྟངས་དེ་ལ་གཏོར་གཤིག་ཆེན་པོ་གཅིག་བཏང་སོང་། དམར་པོའི་བཙན་དབང་གི་སྲིད་གཞུང་དར་བའི་ལོ་རྒྱུས་ནང་ལ། རང་དབང་ལུང་པར་ཡོད་པའི་ཆབ་སྲིད་པའི་ཚོགས་པ་ཞིག་གིས་དྭངས་བླངས་ཐོག་དམར་པོའི་འོག་ལ་སྡོད་ཀྱི་ཡིན་ཟེར་མཁན་བོད་པ་བཙན་བྱོལ་བ་མ་གཏོགས་བྱུང་མེད། དེ་དབུ་མའི་ལམ་མ་རེད། ཐབས་སྡུག་གི་ལམ་རེད། འཕྲལ་ཕུགས་གཉིས་ཀར་ཕན་མ་སོང་། ཕུགས་ལ་གནོད་སོང་།
༢༽ བཙན་འཛུལ་པའི་དབང་འོག་ལ་ཤོར་བའི་རྒྱལ་ཁབ་གྲངས་མེད་བྱུང་ཡོད། དེའི་ནང་ནས་ཁྲིམས་ཐོག་ནས་བཙལ་འཛུལ་པའི་འོག་ལ་སྡོད་ཀྱི་ཡིན་པའི་འོས་ཤོག་ལྡུག་མཁན་བཙན་བྱོལ་བོད་མི་མ་གཏོགས་བྱུང་མ་སོང་། དབུ་མ་པ་ཚོས། ལོ་རྒྱུས་ཐོག་ནས་བོད་མི་རིགས་འདིའི་ཞབས་འདྲེན་ཆེན་པོ་ཞིག་ཞུས་སོང་།
༣༽ དབུ་མའི་ལམ་གྱི་མཇུག་འབྲས་དེ་བོད་ནང་ལ་རྒྱ་མིའི་སྡུག་རྩུབ་ཀྱི་སྒོ་ཕྱེ་སོང་། ཕྱི་ལ་བོད་ཀྱི་གནད་དོན་དེ་རྒྱ་ནག་ནང་ཁུལ་གྱི་གནད་དོན་ལ་གྱུར་ཏེ། ༼དབུ་མའི་ལམ་གྱི་བཀའ་དྲིན་འོག་ལ།༽བོད་ནང་ལ་རང་ལུས་ཚུན་ཆད་མེར་བསྲེགས་ནས་སྡུག་སྐད་བརྒྱབ་རུང་། ཕྱི་མི་རྣམས་ལག་གཉིས་དམ་པོར་འཇུས་ནས་སྡད་དགོས་པ་བཟོས་སོང་། རྒྱུ་མཚན་ནི་བོད་ཀྱི་གནད་དོན་དེ་རྒྱ་ནག་གི་གནད་དོན་ཞིག་ལ་གྱུར་བ་རེད། དབུ་མའི་ལམ་གྱི་རྩ་བ་དེ་བོད་འདི་རྒྱ་ཁོངས་ལ་ཁས་ལེན་པའི་ཕྱིར།
ཨོ་གསུམ་ལས་མེད་བསམ་བྱུང་རུང་ད་དུང་གཅིག་ལུས་འདུག
བཙན་བྱོལ་ནང་ལ་སྤུན་ཟླ་གསོད་མཁན་ཕྱི་རྒྱ་ནག་ལ་ལུང་པ་དང་ཁྲིམས་ཀྱི་ཐོབ་ཐང་ཚུན་ཆད་བློས་བཏང་ནས་ཁ་མཁས་འཆམ་མཐུན་བྱེད་ཐུབ་མཁན་གྱི་དབུ་མ་པ་ཚོས། བོད་པ་ནང་ཁུལ་ཚིག་ཤོད་སྟངས་རེ་གཉིས་མ་འགྲིགས་ན་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་སྤེལ་གྱི་འདུག ཕྱི་ནང་གི་སྤྱོད་པར་འགལ་འདུ་ཡོད་པ་ཤ་སྟག་རེད་འདུག
ད་དུང་གཅིག་ལུས་འདུག དབུ་མའི་ལམ་ལ་སྐྱོད་མཁན་གྱི་འགོ་པ་མང་ཆེ་བ་རང་གི་ནང་མི་ནུབ་ཕྱོགས་ལ་བཏང་། རང་གི་ལག་ལ་ཨ་རི་དང་ཡོ་རོབ་ཀྱི་མི་སེར་ལག་ཁྱེར་འཁུར་ནས་དབུ་མ་དགོས་ཟེར་གྱི་འདུག
ཡང་གཅིག་ལུས་བཞག གཏིང་ཟབ་པའི་དབུ་མའི་ལྟ་བ་ཤོད་མཁན་དེ་ཚོ་རང་གི་སྐད་ཡིག་ཡག་པོ་ཤེས་ཀྱི་མིན་འདུག ལྷག་པར་དུ་འབྱུང་འགྱུར་གྱི་རང་གི་ཁྱིམ་གཞིས་གསར་པ་རྒྱ་ནག་གི་སྐད་དང་ལོ་རྒྱུས་རྩ་བ་ནས་ཤེས་ཀྱི་མིན་འདུག ལྡོག་ཕྱོགས་ལ། རྒྱ་ནག་ནང་ལ་ལོ་མང་པོ་བསྡད། རྒྱའི་མི་གཤིས་དང་ལོ་རྒྱུས། སྐད་ཡིག་དང་རིག་གཞུང་ཤེས་མཁན་ཚོས་དབུ་མའི་ལམ་ལ་ངོ་རྒོལ་བྱེད་ཀྱི་འདུག
ད་དུང་གཅིག་འདུག ད་ག་ཡིན།
སྤྱི་ཚོགས་གསར་རྙིང་གཉིས་ཀྱི་ལོ་རྒྱུས་ཤེས་ཤིང་རྒྱ་བོད་གཉིས་ཀྱི་གནས་སྟངས་གསར་པོར་རྟོགས་མཁན་ཚོས་དབུ་མའི་ལམ་ལ་ཡིད་ཆེས་ཡོད་པ་གསལ་པོ་སྟོན་གི་འདུག་དྲན།
བསྟོད་མ་ཤེས་ན་ཨུ་ཚོགས་རྒྱབ་ནས་སྟོད་དགོས་ཡག་མེད། གོང་ས་མཆོག་ནས་རྒྱ་བོད་གཉིས་ཕན་གྱི་དབུ་མའི་ལམ་དང། དབུ་མ་ཐལ་རང་པའི་དབུ་མའི་ལམ་འདྲ་བའི་ཕྱོགས་ཡང་མེད་པ་དང་། གཞན་དུ་ན་མུ་སྟེག་པའི་གཞུང་ལས་སྟོང་ཉིད་ཟེར་བ་དང་སྟོང་པ་ཟེར་བའི་ཐ་སྙད་ལེའུ་གཉིས་པར་གཟིགས་ན་ཡོད་པས་ཕྲ་མིན་་ནག་་མིན་གསེས་དང།
དབུ་མ་ལམ་ལ་དགའ་བ་ཚོས་ཉེན་ཁ་ཆེ་བའི་ད་ལྟའི་གནས་སྟངས་ལ་བསམ་བློ་གཏོང་བཞིན་པ་རེད། རང་བཙན་པ་ཚོས་ཡུན་རིང་གི་ལོ་རྒྱུས་དང་། མ་འོངས་པའི་བོད་ཀྱི་བསྟན་སྲིད་ལ་བསམ་བློ་གཏོང་བཞིན་པ་རེད། ཡིན་ན་ཡང་ད་ལྟའི་གནས་སྟངས་ཉག་ཕྲ་བ་དེ་ཡང་རྩ་མེད་དུ་ལུས་སོང་ན། སྔོན་གྱི་ལོ་རྒྱུས་དང་། མ་འོངས་པའི་དམིགས་འདུན་ཇི་ལྟར་བྱ་རྒྱུ་ཡིན། ད་ལྟའི་བོད་མི་རིགས་དང་། རིག་གཞུང་གི་གནས་སྟངས་ལ་འགྱུར་བ་བཏང་སྟེ་སྲུང་སྐྱོབ་ཐུབ་སོང་ན། འདས་པ་དང་མ་འོངས་པའི་ལོ་རྒྱུས་དང་། དམིགས་འདུན་སླར་ཡང་འཕྲོ་མཐུད་པ་ལ་ཕན་ཐོགས་ཡོད་པར་སེམས། རང་བཙན་པ་ཚོར་གནས་ལུགས་མི་འདུག་ཟེར་མི་རུང་ཡང་། ད་ལྟའི་གནས་སྟངས་འདི་ལ་བལྟས་ན་གྲུབ་འབྲས་ཉིན་མོའི་སྐར་མ་ཙམ་རེད། རང་བཙན་པ་དང་། དབུ་མ་པ། གཞིས་བྱེས་ཀྱི་བོད་མི་རྒན་གཞོན་དར་གསུམ། མཁས་བླུན་ཚང་མས་སྒོར་མོ་གཅིག་པུ་ལ་མགོ་མི་འཐོམ་པར། ངས་བསམ་ན་བོད་ཀྱི་ཡུལ་སྲོལ་གོམ་གཤིས་ནས་བཟུང་། དུས་ཉི་ཤུ་པའི་ལོ་སྨད་ཙམ་ལ་བཙན་བྱོལ་བ་རྣམས་ཀྱི་རང་གཤིས་ལ་ཕྱིར་དྲན་གྱིས། དེ་ལ་སློབ་སྦྱོང་བྱོས། སྐབས་དེ་དུས་ཀྱི་བོད་པ་རྣམས་ལ་གདུག་རྩུབ་ཅུང་ཙམ་ཡོད་ཀྱང་། བོད་དོན་ཁ་ཞེ་གཉིས་མེད་རེད། དེང་སང་བོད་པའི་གཞོན་སྐྱེས་རྣམས་ནི་ཁ་ནས་བོད་དོན་ཟེར་ཡང་། དོན་ལ་རང་གཙོ་བོ་འཛིན་མཁན་རྐྱང་རྐྱང་འགྱུར་བཞིན་པ་རེད། ད་ལྟའི་བོད་པའི་གཞོན་སྐྱེས་འདི་ཚོའི་ལྟ་གྲུབ་དང་། སྤྱོད་པ་ནང་བཞིན་སྐབས་དེ་དུས་ཀྱི་བོད་པ་ཚོར་ཡོད་ན། ད་ལྟའི་གཡུར་དུ་བཟའ་བའི་གྲུབ་འབྲས་ཕུན་སུམ་ཚོགས་པ་དེ་མེད་ངེས་སོ། །
ཡག་པོ་འདུག། གང་ལྟར་ཡང་རང་བཙན་པ་དང་དབུ་མ་གཉིས་ཀ་ང་ཚོ་བོད་པའི་རྩ་དོན་སྒྲུབས་པ་ལ་ངེས་པར་དུ་དགོས། རྒྱ་རོ་ཁ་ཤས་ཀྱི་སྐད་ཆ་ལ་ཡིད་ཆས་ག་དུས་ཡིན་ཡང་བྱེད་མི་རུང་ལ་རྒྱ་རོ་སྲིད་དོན་པ་ཁ་ཤས་ཀྱི་རང་གི་དགོས་་མཁོ་ལ་བརྟེན་པའི་སྐད་ལ་ཡིད་ཆས་དཀའ། གུས་བོད་གངས་ཅན་ལྗོངས་ལ་རྒྱ་རོའི་འོག་སྐྱེས་པས་ཉམས་མྱོང་དང། རྒྱ་དམར་པོ་ཡིན་ན་འདྲ། རྒྱ་ནག་པོ་ཡིན་ན་འདྲ། རྒྱ་རྒན་ཡུལ་ཕྱིན་པ་ཡིན་ན་་འདྲ། རྒྱ་དམངས་གཙོ་དོན་གཉེར་ཡིན་ན་འདྲ། རྒྱ་ནང་པ་ཡིན་ན་་འདྲ། རྒྱ་ཧྥ་ལུང་སྒོམ་ཡིན་ན་འདྲ། བོད་པར་དངོས་གནས་ཆོས་གསུམ་ཅིག་སྒྲིལ་ཡོངས་བ་ལ་དགའ་མཁན་མི་ཅིག་ཡོད་མ་རེད། རྒྱལ་བ་ལྔ་པ་ཆེན་པོ་ལ་རྒྱ་ནག་གོང་མས་གུས་ཞབས་དང་འདེག་འཇོག་ཆེན་པོར་བྱེད་པ་དེ། རྒྱ་རོ་གོང་མའི་རང་་གི་ཆབ་སྲིད་ཀྱི་དགོས་མཁོ་སོགས་དམགས་ལྡོག་དོན་རེད། དེ་ནས་བོད་ཀྱི་བླ་ཆེན་ཆོའི་ཧོ་ཐོ་ཐོག་ཞེས་པའི་མིང་བཏགས་ནས་ཞྭ་ནག་རེ་གཡོག་པ་དེ་ད་ལྟ་ལོ་རྒྱུས་ཐོག་བོད་རྒྱ་ཁུང་ལ་བཅུག་པའི་ཇོས་ངན་རེད། དཔེར་ན་་སེར་ར་བྱམས་ཆེན་ཆོས་རྗེ་མཆོག་དང་། དཔལ་ཀརྨ་པའི་དབུ་ཞ་ལྟ་བུ་རེད། སེར་ར་་བ་ཚོས་ཇོས་ངན་དེ་ཧ་གོ་ནས་ད་ཆ་བྱམས་ཆེན་ཆོས་རྗེའི་དབུ་ཞ་པན་ཞྭ་ལ་སྒྱུར་རབ་འདུག། ཡག་པོ་རེད། དཔལ་རྒྱལ་བ་ཀརྨ་པས་ད་དུང་དབུ་ཞྭ་གནམ་་ལ་འཕུར་དྭོགས་ཀྱིས་ཕྱག་གིས་ད་དུང་འཇུས་ནས་སྡ་སའི་རི་འདབས་ལ་བཞུགས་ཡོད་རབ་འདུག། གུས་པ་སྒེར་ངོས་ནས་རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆས་དང་དད་མོསདང་བཀའ་དྲིན་་སོགས་་ཀྱིས་དབང་ལས་དབུ་ལམ་ལ་འགྲོ་བཞིན་ཡོད། ཡིན་ནའང་རྒྱ་རོས་དབུ་ལམ་ལ་དོན་ཕན་ལྡན་པ་ཞིག་བྱེད་མི་སྲིད་པ་རེད་བསམ་གྱི་འདུག་། བོད་པ་མང་པོ་ཞིག་ང་དང་ཅིག་རེད། ཡིན་ནའང་ང་ཚོ་བོད་པ་ཚོས་ལྡོག་རྩ་་ཆིག་བསྒྲིལ་དང་ལམ་དབུ་ལམ་་ལ་འགྲོ་བཞིན་ཡོད་ནའང་རྒྱ་རོ་ལ་དྭོགས་ཟོན་དང་མགོ་སྐོར་འོག་མ་ཚུད་དགོས་རྒྱུ་གལ་ཆེན་པོ་རེད། ལྷག་པར་རང་བཙན་པ་དང་དབུ་ལམ་པ་གཉིས་ཅིག་གྲོགས་ཅིག་ཕན་བྱེད་གལ་ཆེ་
ཆོས་མིང་སྲིད་མིང་ལ་བཏགས་པའི་ལམ་དབུ་མ་འདི་ཇི་ལྟར་མཛེས་ཀྱང་ཇི་ལྟར་བཟང་ཀྱང་རྒྱ་མི་རིགས་ཀྱི་གཡོག་ལས་བྱེད་རྒྱུ་དེ་རེད། མ་གཞི་ནས་པེ་ཅིང་སྲིད་གཞུང་གིས་རང་དབུ་གཉིས་ལ་རྣམ་དབྱེ་མི་འབྱེད་ན་བཟང་རབས་རྒྱན་རབས་ཇི་ཙམ་བཤད་ཀྱང་དོན་ལ་སྟོང་པ་ཉིད་དོ།
ངན་པ་རང་བསྟོད། དབུ་མ་ཡི་ལམ་ལྷོང་མ་བྱུང་བ་ནི་མིག་མཐོང་ལག་ཟིན་རེད།
གོང་གི་རྩོམ་ཡིག་དེའི་ནང་དུ་སྐད་འདྲ་ཞིག་འདུག་་་་་ ༼ཁོང་གིས་དབུ་མའི་ལམ་གྱི་ཤིང་རྟའི་སྲོལ་དེ་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གང་ལའང་སྦྱར་ཆོག་པའི་ཐ་སྙད་དེ་ཚད་བཀགས་ཀྱི་ར་བ་ལས་བརྒལ་བ་ཞིག་གིས་དགོངས་འཆར་འོག་ནས་འཇིག་རྟེན་འདིའི་དཀའ་རྙོག་ཡོད་དོ་ཅོག་དབུ་མའི་ལམ་གྱིས་སེལ་ཐུབ་བའི་ཆོད་སེམས་བརྟན་པོ་བཅངས་ནས་བོད་ཀྱི་དཀའ་རྙོག་ཡང་དབུ་མའི་ལམ་གྱིས་སེལ་རྒྱུའི་མི་འཇིགས་པ་སེངྒེའི་སྒྲ་བསྒྲགས་པ་རེད།༽ཅེས་བཤད་འདུག
འཇིག་རྟེན་གྱི་དཀའ་རྙོག་ཡོད་དོ་ཆོག་དབུ་མའི་ལམ་གྱིས་སེལ་ཐུབ་ཟེར་བ་དང་། དཀའ་རྙོག་ཡོད་ཚད་གྲོས་མོལ་བྱེད་ནས་སེལ་ཐུབ་བསམས་པའི་བསམ་བློ་འདི་ནི་ཡང་དག་པ་ཞིག་དང་སླུ་བ་མེད་པ་ཞིག་མ་རེད་འདོད།
འཛམ་གླིང་གི་དཀའ་རྙོག་མང་པོ་ཞིག་གྲོས་མོལ་བྱས། གྲོས་མཐུན་བཞག་ནས་ཡོང་གི་ཡོད། དཔེར་ན། རྒྱལ་བ་དང་པན་ཆེན་གཉིས་རྒྱ་ནག་ལ་ཕེབས། རྒྱ་དཔོན་ཚོའི་མཉམ་དུ་གྲོས་མོལ་བྱས། གྲོས་མཐུན་བཞག། གྲོས་མཐུན་དོན་ཚན་བཅུ་བདུན་ཐོག་ཏུ་མིང་རྟགས་བཀོད་ནས་བོད་ཞི་བའི་བཅངས་གྲོལ་གཏོང་གྱི་གྲོས་འཆམ་བྱུང་བ་རེད།
གྲོས་མོལ་དེས་མཇུག་འབྲས་བོད་མི་ས་ཡ་གཅིག་ལྷག་གི་སྲོག་ཤོར། བོད་ས་ཡོངས་རྫོགས་རྒྱའི་ལག་ཏུ་ཤོར། གྲོས་མོལ་དོན་ཚན་༡༧་གྱི་གྲུབ་འབྲས་དེ་རེད་འདོད། ་་་གཅིག་ཡིན།
གཉིས་པ། དབུ་མའི་ལམ་དང་གྲོས་མོལ་གྱི་རྒྱུད་ནས་འཇིག་རྟེན་གྱི་དཀའ་རྙོག་ཡོད་དོ་ཅོག་སེལ་ཐུབ་ཀྱི་ཡོད་པར་བདེན་ན་་་་་་་་་་་ཏྭ་ལའི་བླ་མ་དང་ཤུགས་ལྡན་ཚོགས་པའི་བར་གྱི་དཀའ་རྙོག་དེ་སེལ་རོགས་བྱོས་དང་། གངས་ཅན་བླ་མ་དང་ཏྭ་ལའི་བླ་མ་གཉིས་ཀྱིས་གྲོས་མོལ་ཞིག་གནང་རོགས་བྱོས། བོད་མི་ནང་ཁུལ་གྱི་དཀའ་རྙོག་སེལ་ཐུབ་པའི་ནུས་པ་ཞིག་དབུ་མའི་ལམ་ལ་མེད་ན་་་ང་ཚོས་ཡིད་ཆེས་ཡོང་ཁག་པོ་འདུག
སྐད་ཆ་འདི་དག་མི་བཤད་བསམས་ནས་ཉིན་གཉིས་བསྡད་ཀྱང་རྨོངས་དད་ཅན་ཚོ་ལ་ཏོག་ཙམ་ཕན་ཐོགས་འདྲ་ཡོང་བའི་རེ་བ་འདུག་པས་བཤད་པ་ཡིན།
བཅོམ་ལྡན་འདས་ཅོ་རིས་དེ་སྐད་ཅེས་བཀའ་སྩལ་པ་དང་། ཉན་ཐོས་ཨོ་ཉི་ལ་སོགས་པས་མངོན་པར་བསྟོད་དོ།།
གྲོས་མོལ་དང་གུ་ཡང་དཀྱེལ་ཆེ་དབུ་མའི་ལམ་གྱི་ཐུགས་རྒྱུད་གཏམ་པའི་གང་ཟག་ཉུང་དྲག་པའི་སྐྱོན་གྱིས་གོང་གི་གནས་ཚུལ་དེ་དག་བྱུང་བ་རེད། དབུ་མའི་ལམ་གྱིས་དཔེར་ན་ས་ཡ་གཉིས་ཙམ་གྱི་ཚེ་སྲོག་ཤོར་གྱི་ཡོད་ན་གཅིག་སྐྱོབས་ཐུབ་པ་བྱུང་ཡོད་པ་རེད་བསམ། དེ་དུས་དང་པོ་ནས་རང་ནུས་གྱི་ཕུག་བསམ་གཏོང་མི་ཤེས་པའི་གང་ཟག་འགའ་ཤས་ཀྱིས་བྱེད་སྤྱོད་ལ་བརྟེན་ནས་བོད་ས་ཡོངས་རྫོགས་ཀྱིས་གཡུལ་འཁྲུགས་དགོས་པའི་བཙན་བཀའ་གཏོང་མཁན་གྱི་རྒྱལ་པོ་ཞིག་ཡིན་ན་ག་འདྲ་ཆག་ཡོད་པ་ཟུར་བལྟས་ལེབ་མཐོང་རེད། དོན་ཚན་བཅུ་བདུན་སོགས་ཀྱིས་ག་ཚད་ཕན་འབྲས་བྱུང་འདུག་དང་ག་ཚད་གནོད་པ་བྱུང་འདུག་བློ་གཟུ་བོར་གནས་པའི་ཐོག་ནས་ཡག་པོ་ལྟ་རྒྱུ་དེ་གལ་ཆེན་པོ་རེད། གཞན་ཕན་ལྷག་བསམ་གྱི་སྒོ་ནས་རང་བློས་གཏོང་ཐུབ་པའི་དབུ་མའི་ལམ་གྱི་ལྟ་བ་ཁུར་ཐུབ་པའི་གང་ཟག་ཇི་ཙམ་གྱི་མང་རུ་སོང་བ་དེ་ཙམ་གྱིས་འཇིག་རྟེན་བདེ་རུ་འགྲོ་བ་ནི་ཆོས་ཉིད་ཡིན་པ་མངོན་སུམ་ཚད་གྲུབ་ཡིན་པས་སུས་ཀྱང་རྒོལ་མི་ནུས། དཔེར་ན་ང་ཚོ་འདྲ་བོ་ལ་ཆག་བཞག་ན་དྲ་རྒྱ་ནང་ལ་རྩོད་རྙོག་སྤེལ་མཁན་ཞིག་ཡིན་ན་ལམ་སེང་ཁོས་སྟེང་དུ་སྤུངས་པ་ནང་བཞིན་རྩོད་རྙོག་ཡོང་ཡོང་པ་དང་། ཐབས་མཁས་ཙམ་གྱི་གུ་གཤང་འདྲ་བོ་ཡོད་ན་རྩོད་པ་ཡོང་ན་ཐ་མ་ཧྰུཾ་ཤི་ཕཊ་འགྱེལ་མ་དགོས་ཙམ་ཡོང་བ་ང་ཚོས་མཐོང་བསྡད་པ་འདི་ཚོས་གང་ལ་གང་འཚམས་ཀྱིས་གཟུ་དཔང་འདྲ་བོ་བྱེད་ཀྱི་མི་འདུག་པས། བྷིང་ལ་ཏིན་འདྲ་བོ་བཟོས་ནས་ས་ཁུག་ལུང་ཁུག་ལ་དུས་རབ་ཉི་ཤུ་པའི་ནང་ལ་གཏུམ་སྤྱོད་ཀྱི་འཕགས་ཚག་ཞིག་བརྒྱབ་ཡོད་ན་ད་ལྟ་ང་ཚོ་ལ་རང་བཙན་རག་ནས་སྣོད་བཅུད་ལ་གོད་ཆག་གཅིག་ཀྱང་མ་བྱུང་ནས་བསྡད་ཐུབ་ཡོད་ན། དེ་དུས་ཕྱི་ལོག་ལ་འབྲེལ་བ་ག་ཚད་ཙམ་ལ་སླེབ་འདུག་པ་སོགས་ཞིབ་འཇུག་ཡག་པོ་བྱེད་མཁན་ཞིག་དང་འགན་ཁུར་གྱི་ཉམས་མྱོང་བསགས་མྱོང་མཁན་ཞིག་ཡིན་ན་ཧ་གོ་བ་རེད། དེ་ལས་ལྡོག་ནས་རྨོངས་དད་སོགས་ལ་ཁ་གཏོང་རྐྱང་དང་གཞུང་གི་གཏན་འབེབ་བཟོས་པ་ག་རེ་ཡིན་ན་འགྲིགས་མ་སོང་ཞེས་འཁང་ར་དང་ནང་ཁུལ་ནས་མི་གཅིག་ཡིན་ན་༸གོང་ས་མཆོག་དང་དེས་གཏན་ལ་ཕབ་པའི་ལས་དོན་ཆེ་ཕྲ་ཚང་མ་ལ་ཡིད་མི་ཆེས་པའི་ལམ་ཀ་ཞིག་ཏུ་འཁྲིད་ཐུབ་ཐབས་ལ་དངོས་ཤུགས་བརྒྱུད་གསུམ་ནས་འབད་རྩོལ་བྱེད་མཁན་ཅེར་རེ་ལོང་ཚོ་ལ་གསལ་བཤད་བྱས་ན་ཕན་པའི་ཚབ་ཏུ་གོ་ལྡོག་ཏེ་ཤུགས་རྐྱེན་ཐེབས་པ་མཐོང་ཆོས་ལ་ཡོད་པ་གསལ་པོ་རེད། དེ་ལ་འཁང་ར་བྱེད་རན་གང་ཡང་མེད། སྔར་གྱི་ལོ་རྒྱུས་སོགས་ལ་བལྟས་ན་དེ་འདྲ་བོ་ཡོད་པ་དེ་ཆོས་ཉིད་འདྲ་བོ་རེད། བཀའ་རྙོག་ཡོངས་རྫོགས་དབུ་མའི་ལམ་གྱིས་སེལ་ཐུབ་པ་རེད། འོན་ཀྱང་ད་ལྟ་ནས་དཀའ་རྙོག་གཅིག་རྐྱང་མེད་པ་ཆག་དགོས་པའི་བསམ་ཚུལ་དེ་ཡང་འདོད་ཐག་ཐུང་དྲག་པའི་སྐྱོན་གྱིས་རྟག་ཆད་གང་རུང་གི་མཐའ་ལ་ལྷུུང་བའི་གུ་གཤང་གི་དབུ་ལམ་དུ་བསྐྱོད་མ་ཤེས་པའི་དགོངས་འཆར་ཙམ་རེད་འདུག་བསམ། གང་ལྟར་བསམ་ཚུལ་དང་དགོངས་ཚུལ་བཤད་ཐུབ་པ་འདི་ཡག་པོ་རེད། ད་དུང་ཡང་ག་ཚད་དགོངས་འཆར་གནང་ཐུབ་ན་ང་ཚོའི་དབུ་ལམ་དུ་འགྲོ་བའི་སྤྱི་ཚོགས་འདིའི་ཁྲོད་དུ་གསུང་སའི་འཁོར་ཡུག་ཡག་པོ་འདུག མི་འགོ་ཁྲིད་མཁན་ཡག་པོ་ཞིག་ཡོད་དུས་ང་ཚོའི་སྤྱི་ཚོགས་འདི་ལ་འདི་འདྲའི་གོ་བ་དང་ཉམས་མྱོང་བསགས་སོང་དྲན་ནས་དགའ་བ་སྐྱེ་འོས་པ་འདྲ་བོ་འདུག་དྲན། དང་པོ་ང་ཚོ་གསར་འབྱོར་དུ་སླེབ་དུས་དེང་སང་བར་ལ་འགྱུར་བ་ཧ་ལས་པ་འགྲོ་སོང་། དེང་སང་གུ་ཡངས་པོ་འདུག དེ་ཡང་དབུ་མའི་ལམ་གྱི་བྱིན་རླབས་གཏན་གཏན་ཡིན།
དགེ་བཤེས་སྐལ་བཟང་དང་གངས་བླ་སོགས་དབུ་ལམ་དུ་བསྐྱོད་པའི་བློ་གྲོས་དང་ཁ་མིག་མེད་ནས་ཆོས་བརྒྱུུུད་སྲུང་སྐྱོབས་དང་འདུལ་འཛིན་གྱི་མིང་སྙན་འོག་ནས་གཏུམ་སྤྱོད་དེས་འགྲེལ་བཤད་རྒྱག་ཡག་གང་ཡང་ལྷག་མ་སོང་བསམ། ད་དུང་དབུ་ལམ་དུ་བསྐྱོད་རྒྱུ་མེད་པ་མ་རེད། དབུ་མའི་སློབ་དཔོན་གྱིས་བྱེད་སྤྱོད་ལ་མ་འགྲིགས་པ་ཐེར་འདོན་གནང་བ་རེད་མ་གཏོགས་གང་ཟག་སུ་གང་ཐུགས་རྗེའི་ར་བ་ནས་དོར་མེད་པས་གུ་དོག་གི་བསམ་ཚུལ་གྱི་འཆིང་རྒྱ་འདི་དབུ་ལམ་དུ་བསྐྱོད་ན་ལྷོད་རུ་འགྲོ་བར་ངེས། དགོངས་དག་ང་ལ་བཀའ་བསྐྱོན་ཞེ་དྲག་མི་ཡོང་བའི་རེ་བ་ཡོད།
ད་ཇི་ལྟར་བཤད་ཀྱང་། འཛམ་བུ་གླིང་འདི་སྒོར་མོའི་དབང་དུ་ཤོར་ཚར་བ་རེད། དྲང་བདེན་ཟེར་བ་དེ་ངག་གི་སྒྲ་སྙན་ཙམ་དུ་གྱུར་ཟིན་པས། སེམས་ནས་བདེན་ཁ་སྟེར་མཁན་མང་ཡང་། ལུས་ངག་གཉིས་ཀྱིས་འགྲེལ་བརྗོད་གཞན་ཞིག་བྱེད་ངེས་ཡིན། སྤྱིར་བཏང་དེང་སང་གི་བོད་པ་ཚོ་ལས་རྒྱུ་བཅའ་རྒྱུ་མང་དྲགས་ཏེ། མགོ་སེར་ནག མིག་སྔོ་ནག་ཚང་མའི་མིག་སྔར་དང་། སེམས་ལ་སྔ་མོ་ནང་བཞིན་ཡིད་དུ་འོང་བ་ཞིག་མི་འདུག འདི་དག་ཚང་མ་བོད་པའི་རང་གཤིས་ཤོར་བཞིན་པའི་རྟགས་རེད། བོད་ལ་སྔོན་མ་རང་བཙན་མེད་པ་རེད་ཟེར་བ་མིན་ཡང་། རང་བཙན་རྩོད་དུས་མི་རིགས་གཞན་པའི་ལད་ཟློས་ཀྱིས་ཚིག་ངན་སྨྲ་བ་དང་། པར་རིས་མེ་ལ་སྲེག་པ། ཡིད་དུ་མི་འོང་བའི་ལུས་ཀྱི་རྣམ་འགྱུར་སྟོན་པ་འདི་དག་ནི་ཞབས་འདྲེན་རེད་དྲན་གྱིན་ཡོད། ཁྱེད་ཅག་གིས་སོམས་དང་། གོང་ས་མཆོག་གིས་བཙན་བྱོལ་བོད་གཞུང་དབུ་མའི་ལམ་དུ་བསྒྱུར་ནས་ད་བར་འཛམ་བུ་གླིང་འདིར་གྲུབ་འབྲས་ཆེན་པོ་ག་ཚོད་ཐོན་འདུག མིག་མཐོང་ལག་ཟིན་རེད། རྒྱལ་སྤྱི་ནང་ཀུན་དུ་བོད་པ་ཟེར་དུས་ཚང་མས་ཡིད་སྨོན་བྱེད་ཡུལ་ཞིག་ཏུ་གྱུར་བ་རེད། འདས་པའི་ལོ་ཤས་ཤིང་གཞོན་ནུ་ཚོགས་པས་བྱ་འགུལ་འདྲ་མིན་སྤེལ་བ་ནས་བཟུང་། བོད་པ་ཟེར་དུས་འཛམ་གླིང་མི་མང་གི་མིག་སྔར་སྔོན་མའི་རིན་ཐང་དེ་ཆུ་ལ་བསྐྱུར་ཟིན་པ་རེད། འདི་དག་ཚང་མ་གང་གིས་མ་འགྲིགས་པ་རེད་ཟེར་ན་འགྲན་རྩོད་ཀྱིས་མ་འགྲིགས་པ་རེད། དབུ་མའི་ལམ་ལ་དགའ་མཁན་དང་། དེར་ཞུགས་མཁན་ནང་བཟང་ངན་མང་པོ་ཞིག་འབྱུང་བཞིན་པ་དང་། དེ་ཁ་ལ་འཁྱེར་ནས་རང་དོན་སྒྲུབ་མཁན་ཡང་མང་པོ་རེད། ཡིན་ན་ཡང་དབུ་མའི་ལམ་རང་གི་ངོ་བོ་འཚེ་བ་མེད་པའི་ལམ་ཐུན་མོང་མ་ཡིན་པ་ཞིག་ཡིན་དུས་རྩ་ནས། རང་བཞིན་ཤུགས་ཀྱིས་འགྲན་རྩོད་དེ་སྤོང་གང་ཐུབ་བྱེད་བཞིན་པ་རེད། རང་བཙན་ཚོགས་པས་འགྲན་རྩོད་གྱེན་དུ་བསླང་གང་ཐུབ་བྱེད་བཞིན་པ་རེད། འདི་གཉིས་ཀྱིས་གྲུབ་འབྲས་ལ་བསམ་བློ་བཏང་བ་ཡིན་ན། དབུ་མའི་ལམ་གྱི་གྲུབ་འབྲས་ཆེ་བ་རེད། དབུ་མའི་ལམ་ལ་བརྟེན་ནས་གོང་ས་མཆོག་འགྲོ་དོན་ནམ་མཁའ་དང་མཉམ་པ་རེད། གོང་ས་མཆོག་ཇི་ལྟར་འགྲོ་དོན་ཆེ་ན་བོད་པ་རྣམས་དེ་ལྟར་མགོ་འཕང་མཐོ་འགྲོ་བ་དེ་འགྲོ་སྟངས་ཤིག་རེད། རང་བཙན་པ་ཚོས་རྩོད་བཞིན་པའི་རང་བཙན་དེ་ཡང་དངོས་ཡོད་ཀྱི་གནས་ཚུལ་ཞིག་ཡིན་ཡང་། དེ་འཛམ་བུ་གླིང་མི་ཚང་མས་རྩོད་བཞིན་པ་དང་། སྒྲུབ་ཐུབ་པའི་བྱ་བ་ཞིག་དང་། དེ་ལ་དམིགས་བསལ་ཞིག་མཐོང་གི་མེད་པ་རེད། དབུ་མའི་ལམ་དེ་འཛམ་བུ་མི་ཕལ་ཆེ་བའི་བློ་ཡུལ་དུ་ཤོང་དཀའ་བའི་ཕུལ་བྱུང་གི་བསམ་བློ་ས་འཇོག་མཚམས་ཤིག་རེད། དེ་ཕྱིར་ཚང་མས་ཡིད་སྨོན་བྱ་བའི་གནས་སུ་གྱུར་བ་རེད། བོད་པའི་གཞོན་སྐྱེས་འདི་ཚོས་བསམ་བློ་གཏོང་མི་ཤེས་པ་ཁོ་ཐག་རེད། འདས་པའི་ལོ་ཤས་རིང་གི་གནས་སྟངས་ལ་བལྟས་ན། བོད་པའི་གནས་སྟངས་རྡུག་ཏུ་འགྲོ་ངེས་སོ། །
གངས་ཅན་བླ་མ་དང་དགེ་བཤེས་སྐལ་བཟང་སོགས་དབུ་མའི་ལམ་དུ་སྐྱོད་པའི་བློ་གྲོས་མེད་པ་དང་གཏུམ་སྤྱོད་ཆེན་པོ་ཡིན་ན་་་་་་་་་་་་་གུན་ཁྲན་དམར་ཕྱོགས་པ་དབུ་མའི་ལམ་དུ་སྐྱོད་པའི་བློ་གྲོས་ཡོད་པ་དང་གཏུམ་སྤྱོད་ཆེན་མིན་པ་རེད་དམ།།།།། ཁྱད་པ་ཞིག་གསུང་རོགས་བྱོས་དང་།
ཨོ་ཉི་བཀོར་ཁུག་་་་ཆོས་སྲིད་བཤད་ནའང་རྩ་མ་ཚང་བ་རྐྱང་རྐྱང་ག་རེ་རེད་ཨ་་་་
ངས་དྲང་མོ་བཤད་ན་གུང་ཁྲན་དེ་འདྲ་སྡུག་ཅག་རང་ལ་མཐོང་གི་མེད། ཆོས་འབག་ནི་གུང་ཁྲན་ལ་མེད། གོ་མིན་ཏང་སོགས་གདུག་རྩུབ་ཅན་གྱི་དབང་འོག་ལ་གནས་པའི་མི་མང་ཉམ་ཆུང་དུང་འགྱུར་མང་པོ་ཡར་ལང་གི་བཅིངས་འགྲོལ་བཏང་བ་གསལ་པོ་རེད། སྔ་མོ་ལོ་རྒྱུས་ལ་ཕྱི་འདང་ཞིག་བརྒྱབ་ན་དམར་དམག་དེ་ཚོ་ཕལ་ཆ་ེབ་མང་ཚོགས་ཀྱི་དོན་དུ་རང་བློས་གཏོང་རྐྱང་བཟོ་མཁན་འདྲ་བོ་ལ་མཐོང་་གི་འདུག ཀྲང་གོ་ཧ་བོད་ལ་བཏང་བའི་སྐབས་མའོས་ཁྱད་ཀྱིས་ཏཱ་ལའི་བླ་མ་ལ་ཕྱག་ཕུལ་དགོས་པ་རེད་བསླབ་བྱ་བརྒྱབ་པའི་སྐབས། ཀྲང་གོ་ཧས་མ་འདོད་པའི་རྣམ་འགྱུར་ཆེན་པོ་བསྟན་སྐབས། མའོས་ཁྱོད་ཀྱིས་བསམ་བློ་ཡག་པོ་གཏོང། མང་ཚོགས་ཀྱི་དོན་དུ་ཁྲག་དང་དངུལ་ཆུ་འདོན་ཐུབ་ས་ལ་ཏཱ་ལའི་བླ་མ་ལ་ཕྱག་ཕུལ་མི་ཐུབ་པའི་རྒྱུ་མཚན་ག་རེ་ཡོད་རེད་ཅེས་བསླབ་བྱ་བརྒྱབ་པ་དེ་ཚོ་ལ་བལྟས་ན་གསལ་པོ་རེད། རྒྱ་ཡི་དཔོན་རིགས་རྣམས་རྣམ་དཔྱོད་མེད་པ་དག་དག་མ་རེད། ཁོང་ཚོས་བཤད་རྒྱུ་དེ་ཀྲུང་གོའི་སྤྱི་ཚོགས་འདི་གདོད་བའི་དུས་རབས་ནང་དུ་བསྡད་ཡོད་པར་ངོས་འཛིན་གྱིས་ཐོག་ནས་དངོས་ཐོག་བདེན་ཚོལ་གྱི་སྲིད་ཇུས་ལག་ལེན་ལ་བསྟར་བཞིན་པའི་སྐད་ཆ་བཤད་པ་འདི་ཚོ་ལ་གོ་རྒྱུ་ཆེན་པོ་ཡོད། ང་ཚོའི་རྒྱ་ཡི་ལས་ཀ་ཚང་མ་མ་འགྲིགས་པ་འདྲ་བོ་བཤད་ཀྱི་འདུག དེ་ཡང་ལྟ་ཚུལ་དེ་དབུ་ལམ་བསྐྱོད་མ་ཐུབ་པའི་ཆོ་ངེ་རེད་བསམ།
ཐོག་མའི་གུང་བྲན་ཀུན་སློང་བཟང་ཡང་། ཐབས་ཤེས་ནོར་བས་ཕོངས་པ་རེད་དོ།།