རྫ་ཚེ་རིང་བཀྲ་ཤིས།
ང་སྤྱི་ཚེས་༢༠ཉིན་ཞོགས་པ་ཐའེ་པའི་སྟབས་བདེའི་ཞོགས་ཟས་ཟ་ས་ཞིག་ཏུ་ཡོད་སྐབས་སྔུན་གྱི་མི་ཞིག་གིས་ཚགས་པར་ཞིག་ཀློག་གིན་འདུག་པའི་པར་ངོས་ལས་བློ་བཟང་སེང་གེས་གྲྭ་བ་ཞིག་ལ་ཕྱག་གཏོང་བཞིན་པའི་པར་འདི་མཐོང་། དེ་ནི་ཚེས་བཅུ་དགུའི་ཉིན་ཧྥ་རིན་སིའི་གསར་ཁང་གི་སྒྲོན་པའི་པར་རེད་འདུག དེར་ཁོང་གི་སྐུ་པར་གྱི་གོང་གི་ཡིག་ཆེན་མགོ་བརྗོད་དུ་དེ་རིང་ནི་བོད་མིས་གཙོ་འཛིན་འདེམས་བསྐོ་ཆེན་མོ་རེད་ཅེས་བྲིས་འདུག ཚགས་པར་དེ་ནི་ཐའེ་ཝན་གྱི་སྐད་གྲགས་ཆེ་བའི་ཀུ་ཤུ་ཉིན་རེའི་ཚགས་པར་གྱི་ཉིན་དེའི་ཚགས་པར་རེད། དེ་བཞིན་ཚེས་༢༡ཉིན་གྱི་ཐའེ་ཝན་གྱི་གྲགས་ཅན་གསར་ཤོག་རང་དབང་གི་དུས་བབ་ཅེས་པའི་ཉིན་ཚགས་སུ་ཡང་འདི་ལྟར་བཀོད་ཡོད། དེར་བཙན་བྱོལ་བོད་མིའི་གཙོ་འཛིན་གསར་བ་འདེམས་པ་ཞེས་དང་། ད་དུང་བློ་བཟང་སེང་གེར་འབོད་སྒྲ་མཐོ་ཞེས་པའི་ཡིག་ཆེན་མགོ་བརྗོད་དང་། དཔར་རིས་གསར་འགྱུར་གྱི་ཁྲོད་ནས་ཀྱང་བློ་བཟང་སེང་གེ་དམིགས་སུ་བཟུང་ནས་མངོན་གསལ་དོད་པོས་བཀོད་ཡོད་པ་དང་། ཚགས་པར་དཀྱུས་སུ་ཡང་བློ་བཟང་སེང་གེས་ཐའེ་ཝན་དབུས་གསར་ཁང་གི་གསར་འགོད་པའི་ཆེད་གཅར་དང་ལེན་གནང་བའི་བཀའ་ལན་ཞིག་ཀྱང་བཀོད་འདུག གནས་ཚུལ་ཧྲིལ་པོས་ཤོག་ངོས་ཤིག་གི་སྟོད་ཆ་ཟིན་འདུག ད་དུང་སྲིད་བློན་གྱི་འོས་དམིགས་གསུམ་གྱི་ནང་ནས་བློ་བཟང་སེང་གེ་ནི་ལྟ་ཕྱོགས་ལེགས་ཤོས་ཡིན་ཞེས་ཀྱང་བཀོད་འདུག འོན་ཀྱང་བཀའ་ཁྲིའི་འོས་དམིགས་གཞན་གཉིས་ཀྱི་མིང་ཙམ་ཡང་བཀའ་ཁྲི་གསུམ་གྱི་མཚན་དང་ལས་གནས་ཀྱི་རེ་མིག་ཆུང་ཆུང་ཞིག་གི་མཐར་བཀོད་ཡོད་པ་ཙམ་ལས་གཞན་མི་འདུག དེར་ཡང་བློ་བཟང་སེང་གེ་དང་པོ་དང་བསྟན་རྣམ་རྒྱལ་གཉིས་པ་བྱས་འདུག
ཞིབ་རྒྱས་གུས་པར་དཔར་པའི་ཚགས་པར་གྱི་པར་རིས་ཁག་ལས་གཟིགས་རོགས། ཆེ་ཙམ་བྱས་ནས་གཟིགས་འདོད་ན་http://www.facebook.com/album.php?aid=44527&id=100000082321860#!/album.php?fbid=178018262210917&id=100000082321860&aid=44527
འདིར་ངས་རྒྱབ་སྐྱོར་ལྟ་བུའི་དམིགས་ཡུལ་གཙོ་བོ་མིན། བྱ་བ་ཚང་མ་སོང་ཟིན་པ་རེད། འོན་ཀྱང་ང་རང་གིས་གང་མཐོང་བའི་རྒྱལ་སྤྱིའི་གླེང་ཕྱོགས་དེ་གྲོགས་པོ་ཚོར་བཤད་པ་ཙམ་ཡིན།
བློ་སེང་བློ་སེང་་་་་
ད་ལྟ་བར་དུ་ང་ཚོས་དྲྭ་རྒྱའི་ནང་སོ་སོའི་འདོད་ཕྱོགས་བཀའ་ཁྲིའི་འོས་མི་དེར་བསྟོད་པ་དང་། མི་དགའ་བའི་ཕྱོགས་དེའི་སྐྱོན་གྱི་བསྲུབས་སིང་ཡོངས་རྫོགས་འདོན་གང་ཐུབ་བྱས་སྟེ་བགྲོ་གླེང་འཁྲུག་ཆ་དོད་པོ་བྱུང་བ་དེས། ཁོང་གསུམ་གྱི་དགེ་སྐྱོན་མང་པོ་ཞིག་ངས་ཚོས་ཤེས་རྟོགས་ཐུབ་པ་བྱུང་ཡོད། ད་ཆ་འོས་བསྡུའི་གྲུབ་འབྲས་འགུགས་བཞིན་པའི་དུས་སྐབས་འདིར་ཁོང་གསུམ་སུ་ལ་རྒྱལ་ཁ་ཐོབ་ཀྱང་ཞལ་བཞེས་བཟང་པོར་འགྱུར་བ་མེད་པར་སྤྱི་དོན་ཐུགས་ལ་བཅངས་ནས་ཆོལ་ཁ་ཆོས་ལུགས་ཀྱི་འཐེན་ཁྱེར་མེད་ཅིང་ས་ཡ་དྲུག་གི་བདེན་དོན་ཕྲག་པར་བཞེས་ནས་༧གོང་ས་དོན་གྱི་བདག་པོའི་བཀའ་དགོངས་ཚུལ་སྒྲུབ་ཐུབ་པ་དམག་སྔ་དྲོ་འགྲོ་བའི་སྔ་མ་དང་། ཕྱི་དྲོ་ལོག་པའི་རྗེས་མ་ཞིག་ཡོངས་ཐུབ་བ་དང་ཕྱག་ལས་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ།
Lobsang sense is inspiring leader. I can see him leading Tibetan people to freedom.
དྲ་གྲོགས་རྣམ་པར་བཀྲིས་བདེ་ལེགས།
གོང་གི་ཐེ་ཝན་ཚགས་པར་གྱི་གནས་ཚུལ་འདིས་གཤམ་གསལ་གནད་དོན་གསུམ་མཚོན་གྱི་འདུག
༡༽ཁམས་རིགས་ཀྱི་བརྒྱ་ཆ་དགུ་བཅུ་ཟིན་པའི་གདན་སའི་གྲྭ་པས་ད་ཐེངས་ཀྱི་འོས་བསྡུ་ཆེན་མོའི་ཁྲོད་བློ་སེང་ལ་དགའ་མོས་དང་རྒྱབ་སྐྱོར་ཆེན་པོ་བྱས་པ་དེ་མཚོན་གྱི་འདུག
༢༽ཐེ་ཝན་གྱི་སྤྱི་ཚོགས་ནང་བློ་སེང་གིས་ཤུགས་རྐྱེན་གང་མཚམས་ཡོད་པ་མ་ཟད།ཐེ་ཝན་ཧུང་སྦའོ་ཁེ་གཉེར་ཚོགས་པས་ཧཱ་ཝར་ཌི་བརྒྱུད་ནས་བློ་སེང་གི་འོས་བསྡུའི་དྲིལ་བསྒྲགས་ཀྱི་འགྲོ་སོང་བཏང་བའང་མཚོན་གྱི་འདུག
༣༽རྒྱུན་དུ་ནས་བློ་སེང་པར་ཆས་དང་གསར་འགོད་པའི་མདུན་ལ་དོན་རྒྱུ་དགའ་མོས་ཡོད་པ་དེ་མཚོན་གྱི་འདུག
ཨ་ཙི་ཀུ་རེ་ཞུས་པ་ཡིན།
དེ་རིང་གི་གསར་འགྱུར་བྱས་ན་རྒྱ་གཞུང་གི་བློ་སེང་ལ་འཇིགས་སྐུ་རིང་ལུགས་པ་ཡིན་སྐོར་བརྗོད་འདུག་པར་གཞིགས་ན་རྒྱ་གཞུང་གིས་ཁོང་ལ་བཀའ་ཁྲི་ཐོབ་རྒྱུའི་ཚོད་བགམ་བྱས་ནས་ཁོང་ནག་པོ་བཟོ་ཐབས་བྱེད་ཀྱི་འདུག
དྲ་གྲོགས་སྤང་སྤོས་ལགས་ཀྱི་གསུངས་པར་ཡི་རངས་དང་རྒྱབ་སྐྱོར་ཡོད།
ངའི་ངོས་ནས་ཀྱང་བཅའ་ཁྲིམས་རིན་པོ་དང་།༸རྒྱལ་བ་རིན་པོ་ཆེ་གཉིས་ལ་གུས་བརྩི་ཆེ་ཤོས་བྱེད་ས་ཞིག་ཡིན།ངས་དེ་གཉིས་དཔང་དུ་བཙུགས་ནས་དམ་བཅའ་བཞག་རྒྱུར།
ད་ཐེངས་ཀྱི་འོས་བསྡུ་ཆེན་མོའི་སྐབས་ང་ཚོ་དྲ་གྲོགས་ཕན་ཚུན་དང་བོད་མི་ནང་ཁུལ་དགག་བཞག་གི་བགྲོ་གླེང་ཤུགས་ཆེན་བྱུང་ཡོད་ལ།སྐབས་རེ་འགྲན་རྩོད་ཀྱང་རྣོ་ངར་ཆེ་ཙམ་བྱུང་ཡོད་ཀྱང་།དེ་དག་ཚང་མ་རང་རང་གི་འོས་མིའི་ཐད་ཕྱོགས་ཀྱི་དགོས་མཁོ་དང་།མང་གཙོའི་དགོས་མཁོ།རྩ་དོན་གྱི་དགོས་མཁོའི་ཆེད་དུ་ཡིན་པས་དེར་མ་དགའ་ཞེ་འཛིན་གནང་དགོས་དོན་མེད།དེ་ན་སང་ཉིན་བཀའ་ཁྲི་གསར་པ་སུ་ཕེབས་ཀྱང་སང་ཉིན་གྱི་བོད་མི་རིགས་ཀྱི་ཆེད་དུ་བཀའ་ཁྲི་གསར་པས་སྲོག་ཤིང་གནང་བའི་མཐའ་སྐོར་དུ་ང་ཚོས་དཔུང་པ་མཉམ་གཤིབ་དང་།མཛའ་མཐུན་དམ་ཟབ།ཕྱར་བ་གྲུ་འདེགས།རྡོག་རྩ་ཆིག་སྒྲིལ་གྱི་རྨང་གཞིའི་འོག་བཙན་བྱོལ་གཞུང་གི་ཡང་དག་པའི་མཛད་ཕྱོགས་ལ་རྒྱབ་སྐྱོར་བྱེད་དགོས་ལ་དགྲ་བོར་ཡང་ཕར་རྒོལ་བྱེད་དགོས།
དུས་དེ་ནས་ང་ཚོའི་འགྲན་རྩོད་དང་བགྲོ་གླེང་གི་བརྗོད་གཞི་ཡང་ཁ་ཕྱོགས་གསར་པ་ཞིག་ལ་འགྱུར་དགོས།དེ་ནི་ངའི་ཆོད་སེམས་ངོ་མ་དེ་ཡིན།
འདི་དངོས་གནས་བློ་བཟང་སེང་གེའི་གཟི་བརྗིད་རེད་ཡ། ཁོའི་མ་འོངས་པའི་གསར་བརྒྱུད་ལམ་གྱི་དབང་སྒྱུར་སྟོབས་ཤུགས་ཤིག་མཚོན་གྱི་ཡོད་པ་རེད། གོང་གི་རྩོམ་འབྲི་བ་མི་སྐྱ་ཁ་ནག་འདི་ཚོས་རང་ཉིད་སྦུ་གུ་ཆུང་ཆུང་ཞིག་ཏུ་བཅུག་སྟེ་ཡོད་ཚད་ལ་དཔྱད་འཇོག་བྱེད་བཞིན་ཡོད་ཚོད་རེད། མིག་མཐོང་ལག་ཟིན་གྱི་གཟི་བརྗིད་ཅེས་པ་འདི་ལྟ་བུ་དགོས།
བློ་སེང་འཇིགས་བསྐུལ་རིང་ལུགས་པ་རེད་ཨེ། ཟེར་མཁན་རྙིང་མེད་པའམ་། སྨྱོ་བ་གང་རུང་དུ་ངེས་སོ། །
ཨ་མའི་བུ་ལ་ཡོན་ཏན་ཡོད་ཙང་
སྲིད་བློན་ཁྲི་ལ་འཁོད་ལེ་རེད་
སེངྒེའི་ངར་སྒྲ་རེ་གོ་དུས་
རྒྱ་དམར་འདར་ཞིང་སྡུག་སྐད་ཤོར་།
གོང་དུ་དྲ་གྲོགས་བློ་རྣལ་དུ་ཕབ་པ་ཚོས་བཀའ་ཁྲི་སུ་སླེབས་ཀྱང་དེ་ལ་བུས་བརྩི་ཞུ་དགོས་བཤད་པར་རྒྱབ་སྐྱོར་དང་མོས་མཐུན་ཡོད།བཀའ་བློན་འོས་མི་གསུམ་གྱི་དགེ་དང་སྐྱོན་རྣམས་སྦ་གསང་མེད་པར་པྱིར་བཏོན་བྱས་པ་དེ་མ་འོངས་པའི་བཀའ་ཁྲིར་འགན་འཁྱྱེར་ནས་ཁོང་ཚོའི་ལས་དོན་ཡག་པོ་བསྒྲུབ་ཐུབ་རྒྱུར་མ་འོཡང་སྔོན་འགོག་ཚུལ་དུ་དགེ་འདོན་སྐྱོན་སེལ་བྱས་པ་ལས་ནག་བསུབ་གཏོང་ཆེད་གཞི་མེད་སྐྱོན་འདོགས་བྱས་པའི་སྐུལ་སློང་བཅངས་མེད་ཀྱང་རེ་ཟུང་ནས་དེ་ལྟར་ཡོད་སྲིད་ཀྱང་དེ་ནི་བསྒྲུབ་ཐབས་མེད་པ་རེད།གང་ལྟར་བཀའ་བློན་ཁྲི་པ་མང་མོས་རྒྱལ༌ཁ༌སུ་ལ་ཐོབ་ཀྱང་རྒྱབ་སྐྱོར་དང་བརྩི་བཀུར་ཞུ་དགོས།རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མིའི་མང་གཙོའི་དབུ་ཁྲིད་གསར་པ་སུ་སླེབས་ཀྱང་དེ་ལ་འཇིགས་སྐུལ་རིང་ལུགས་པ་འམ་ཁ་བྲལ་རིང་ལུགས་པ་རེད་ཟེར་གཞི་མེད་སྐྱོན་འཛུགས་བྱས་པར་ཧ་ལས་ཧང་བསངས་མི་དགོས།ཁོང་ཚོས་སྐྱོན་བརྗོད་མ་བྱས་ན་ཡག་པོ་རེད་ཟེར་རྩ་བ་ནས་ལབ་ཀྱ་མ་རེད་དེར་བརྟེན་དྲ་གྲོགས་ཚང་མས་གདུང་རྩེ་རྒྱ་དམར་གཞུང་ལ་གཏད་དེ་རྒོལ་ལན་ཚ་ཐག་གཅོད་སློག་དགོས།ད་ནས་བཟུང་ང་ཚོའི་ཁ་གཏད་གཅོག་ས་དེ་བསྟན་དགྲ་རྒྱ་དམར་ཡིན་པ་ལས་དྲ་གྲོགས་ནང་ཁུལ་དང་བོད་མི་ནང་ཁུལ་མ་རེད།དྲ་གྲོགས་བཀྲིས།དྲ་རྒྱའི་ནང་ཚིག་སྐམ་འགའ་ཤས་ཐོན་ཡོང་བར་རླུང་བྱེད་རིན་མེད།སེམས་བག་གུ་ཡངས་ཙམ་བྱེད་དགོས།
རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཛམ་གླིང་དེང་རབས་སློབ་གསོའི་བླ་ན་འཕགས་པའི་ཧ་བར་ཏྲི་སློབ་ཆེན་ལ་མཐོང་ཆེན་གནང་བ་ཀུན་ལ་གསལ་ལོ།། བོད་ཀྱི་སྤྱི་ཚོགས་ཆུང་ཆུང་འབའ་ཞིག་གི་ཁོར་ན་འཁོར་བའི་མི་མ་མཐོང་བར་ལེ་བདའ་བྱེད་པ་རང་སྡུག་ཙམ་དུ་ཟད། ཡང་ཕྱོགས་གཞན་ནས་བཤད་ན་རང་རེ་ལ་རྒྱལ་སྤྱིའི་གླེང་ཕྱོགས་རང་ཐོག་ཏུ་འགུག་པའི་གཞི་རྩ་ཡོད་པ་མཚོན།
ཁ་བློ་སེང་གི་འཇོན་ཐང་ཕྲག་དོག་མ་བྱེད་དང་། ཧ་བ་ཏྲི་སློབ་ཆེན་ནས་ཐོན་པའི་སེང་གེ་བོད་མི་ལ་ལས་མ་མཐོང་ཡང་འཛམ་བུ་གླིང་བ་གཞན་དག་གིས་གསེར་འོག་ན་ཡོད་ཀྱང་མཐོང་བ་ཚགས་པར་འདིས་བསྟན་ནོ།།
ཧ་ཧ་ཧ་ཧ་ཧ། ད་བཞད་བགད་སློང་བའི་རྒྱུ་རང་རེད།
༄། ཨ་བུ་ཟེར་བ་འདིར་འདྲ་རེད་བསམས་ཀྱི་འདུག བཀའ་ཁྲིར་སུ་ལ་ཐོབ་ཀྱང་བོད་མི་བཀའ་ཁྲིར་རེད། བཀའ་ཁྲིར་འོས་མི་གཉིས་ཀྱི་སྐོར་གསར་ཤོག་ནང་དུ་མཐོང་ཡ་མི་འདུག་ག་རེ་ཡིན་ན། བློ་སེང་རྒྱ་གར་གྱི་གསར་ཤོག་ཆེ་ཤོས་གཉིས་ཀྱི་ནང་དུ་ཐོན་སོང་ དེ་ནང་བཞིན་ཕྱི་རྒྱལ་གསར་ཤོག་ཆེ་ཤོས་དེ་ཚོའི་ནང་དུ་ཐོས་སོང་པར། ལྷན་རྒྱས་ཀྱི་སྐོར་གང་ཡང་གོ་ཡ་མི་འདུག་།
ཁྲིམས་རྩོད་པ་འདི་ཚོ་ཁྱབ་སྒྲགས་གཏོང་རྒྱུ་ལ་བྱང་ཆུབ་ཅིང་ལེགས་ཉེས་གོ་ལྡོག་གི་ནུས་པ་ཡོད་པས་གསར་འགྱུར་བརྒྱུད་ལམདུ་སླེབས་ཐུབ་པ་ངས་སྔ་མོ་སྔོན་དཔག་བྱས་ཡོད། དེ་ལ་་ཧ་ལས་དགོས་པ་ཅི་ཡོད། བཀའ་བློན་སུ་ཐོབ་ནའང་འདྲ། རྗེས་སུ་སྤྱི་དོན་ལ་ཕན་པ་འབྱུང་རྒྱུ་གལ་ཆེ། འདེམས་ཐོན་བྱུང་བའི་བཀའ་བློན་དེས་བྱ་བ་ཡག་པོ་མ་གནང་ན་རྒྱབ་སྐྱོར་བྱེད་མཁན་ལ་འོས་འགན་ལྕི་མོ་ཞིག་ཡོད་པས་། སྐབས་དེར་རང་གི་འདེམས་པའི་བཀའ་བློན་དེར་ངོ་རྒོལ་བྱས་ཤིང་གདན་ལས་ཕབ་ཐུབ་པའི་བློ་སྤོབས་བསྐྱེད་ཅིག བཀའ་བློན་སུ་ཐོབ་ལ་བཀྲ་ཤིས་བདེ་ལེགས་ཞུ།
ལ་རྒྱའི་བདག་པོའི་བསམ་ཚུལ་ལེགས། དེ་རང་རེད།
ད་རེས་བློ་སེང་ལ་མ་ཐོབ་ན་དངོས་གནས་བོད་ལ་གྱོང་གུད་ཆེན་པོ་རེད། ང་བློ་མ་བདེ་བར་བསྡད་ཡོད།
ད་སྐད་ཆ་མང་པོ་མ་ཤོད་དགུགས་ནས་སྡོད་ སུ་ལ་ཐོབས་ནའང་དེ་ལོ་ལྔའི་རིང་མི་དམངས་ཀྱི་མདམས་པའི་བོད་མིའི་བཀའ་ཁྲི་རེད་ མང་པོ་མ་ཤོད་ མང་པོ་མ་ཉནདགུགས་ནས་བསྡོད།
ལུངས་རྟོགས་ཁྱོད་ལས་ལྷག་པའི་གནད་ཡོད་མཁས་པ་མང་པོ་ཞིག་གི་བློ་སེང་བཀའ་བློན་དུ་འཁོད་ཚེ་ཞེད་སྣང་བྱེད་ཀྱིན་འདུག ཕྱོགས་ལྷུང་བ་ཁྱོད་ལྟ་བུ་དང་། དབུས་གཙང་གི་མུན་འཐོམ་པ་ཁྱུ་གཅིག་གི་བློ་སེང་ཡག་རབས་བརྗོད་ཀྱི་རེད། དེ་མིན་མིག་དང་རྣ་བའི་དབང་པོ་ཡོད་པའི་དཔྱོད་ལྡན་པ་དག་གི་རེ་བ་བྱེད་ས་གཅིག་པུ་དེ་བཀའ་ཁྲིའི་འོས་མི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་རེད་ལོ།
ད་རེས་བཀྲས་མཐོང་ལགས་སུ་བཀའ་ཁྲི་མ་ཐོབ་ན་བོད་མི་རིགས་ཀྱི་གྱོང་གུད་ཆེན་པོ་རེད།
ད་ཐེངས་བཀྲས་མཐོང་དང་བླ་སེང་གཉིས་ཀ་བཀའ་ཁྲི་མ་ཐོབ་ན་བོད་ལ་གྱོང་ཆེན་པོ་རེད། ང་བློ་བདེ་བོ་རྩ་བ་ནས་མི་འདུག ད་ངོ་མས་སྒུག་འདུག་ན་ལས་བྱ་ཐབས་ཅང་ཡོད་པ་མ་རེད།
༄༎ བཀའ་སྤྱི་གཉིས་ཀྱི་འོས་བསྡུ་འདི་འགྲེན་རྩོད་ཆེན་པོ་གནང་སོང་བར་སུ་ལ་འོས་ཐོབ་ན་ང་ཚོ་ཚང་མའི་དབུ་འཁྲིད་རེད། ངེས་པར་གཟབ་དགོས་པ་ཞིག་ནི་ང་ཚོ་ཚང་མའི་ད་ལྟ་བར་དུ་འོས་མི་ལ་སྐྱོན་ཅང་བྱེད་སྟེ་བཞུགས་པ་རེད། དེ་རིང་ནས་ཁ་ཕྱོགས་གཞན་ཞིག་གི་སྐོར་བཤད་དགོས་ཀྱི་ཡོད།