༧གོང་ས་མཆོག་གི་སྐུ་ཚབ་སློབ་དཔོན་ཟམ་གདོང་རིན་པོ་མཆོག་ཀོ་རི་ཡར་གསར་འགོད་པར་ཐུག་འཕྲད་བྱེད་བཞིན་པ།
༧གོང་ས་མཆོག་གི་སྐུ་ཚབ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་སུ་གསུང་བཤད་གནང་སྐབས་ཀྱི་ཚོགས་རའི་ཟུར་གཅིག
པར་མཁོ་སྤྲོད་པ་ཀི་རི་ཡའི་གསར་འགོད་པ་མཛེས་མ་སུའུ་ལགས།
༧སློབ་དཔོན་ཟམ་གདོང་རིན་པོ་ཆེའི་མཁྱེན་སྟོབས་ལ་ཞེད་ན་བྲོས་ན་དགའ་བ་འདི་འང་རྒྱ་ནག་གཞུང་གིས་གསལ་བོར་མཁྱེན་འདུག དེ་མིན་རྒྱལ་སྤྱིའི་མདུན་ནས་སློབ་དཔོན་མཆོག་གི་མཁྱེན་སྟོབས་ཀྱིས་པགས་པ་བཤུ་ངེས་པ་བཤད་མ་དགོས་པ་ཞིག་རེད།
བོད་ཀྱི་བླ་ཆེན་ཆབ་སྲིད་ལ་དོ་དབྱིངས་མེད་མཁན་རྣམས་ཀྱང་འདི་འདྲའི་ཚོགས་ཆེན་ལ་འཚང་ཁ་རྒྱབ་ནས་བཅར་ཐུབ་པ་ཡིན་ན་ཡག་པོ་ག་ཚོད་ཡོང་གི་མ་རེད་དམ། ད་དུང་ཚོགས་རའི་ཕྱི་རུ་རང་རང་སོ་སོའི་ཆོས་བརྒྱུད་ཀྱི་དཔེ་དེབ་བཙོང་བ་སོགས་ཚ་འུར་འུར་བྱས་ན་ཡག་པོ་རེད་པཱ། གཞན་དུ་སྦྱིན་བདག་མང་པའི་མཁན་བླ་དགེ་བཤེས་རྣམས་ཀྱང་ཟུར་ཉན་དུ་བཅར་ནས་བོད་ཀྱི་སངས་རྒྱས་ཆོས་པ་ཚོའི་འཇིག་རྟེན་སྤྱི་ཡོངས་ལ་འཁུར་བའི་འགན་ཁུར་སྟོན་རྒྱུ་བྱུང་ན་ཅིས་མི་དགའ།།
དང་པོ་དགེ་འདུན་ཆོས་འཕེལ་གྱི་ཡང་སྲིད་ཕེབས་ཤོག་ཨ།
ཧ་ཧ་ཧ།བསྟོད་མི་ཤེས་པའི་མིས་བསྟོད་པ་ལས་སྨད་ཤེས་པའི་མི་ཞིག་གིས་སྨད་ན་དགའ་ཞེས་པ་དེ་ཅི་མ་བདེན།
ཤར་ཕྱོགས་ཁུག་རྟས་ཁ་གྲགས་ཡོང་དུས་ནས་ཟམ་གདོང་རིན་པོ་ཆེར་བསྟོད་པ་བྱེད་པ་འདི་ཡང་ཡག་པོ་རེད། ཁོ་ལ་རྒྱུ་མཚན་ཡོད་པ་རེད། སློབ་དཔོན་མཆོག་ལ་ངོ་མ་རྒྱ་རྒན་ཚོ་བྲོས་ན་མ་གཏོགས་མི་ཡོང་ངེས་ཅན་རེད། གཞན་དམག་རྒྱག་དགོས་ན་རྒྱ་དམག་ཡོད་པ་རེད་དེ། དེ་རིང་ཟམ་གདོང་བླ་མའི་མདུན་ལ་དམག་རྒྱག་ས་ནི་མེད། དེ་རིང་འདིར་སྲིད་འཛིན་ཧོའུ་ཅིན་ཐོ་ཡོང་ནའང་ང་ཚོའི་༧གོང་ས་མཚོག་གི་སྐུ་ཚབ་སློབ་དཔོན་ཆེན་པོ་མཆོག་གིས་མཁྱེན་དཔྱོད་ཀྱིས་ལྟེབ་ཚེ་རྒྱག་ངེས་རེད།
རེད་རེད། ཕྱིར་འཐུད་བྱས་པ་དག་ཕེབས་ཤོག་ཨ། རྒྱ་མི་ཚོ་བྲོས་སོང་པ་དེའང་རྒྱལ་ཁ་ཞིག་རེད།
ཞེ་སྣང་སྐྱེས་བ་དང་ཀྱག་ཀྱོག་བྱས་བའི་རྣམ་འགྱུར་འདི་གཉིས་ཀྱི་དབྱེ་བ་ཤེས་ན་ཡག་གི་རེད། སློབ་དཔོན་མཆོག་གི་པགས་པ་ད་བཤུ་རྒྱུ་ཡིན་པ་འདྲ། ག་ལེར་རྒྱ་ནག་གིས་ནང་བའི་ཚོགས་ཆེན་འདི་ངོས་ལེན་མེད་ཚུལ་རབ་དང་རིམ་པ་བཤད་ནས་དོན་ཆེན་རྫོབ་རྒྱུ་རེད། སྐབས་ཀྱི་ནང་བའི་ཚོགས་ཆེན་འདི་ལྟ་གྲུབ་རྐྱང་བའི་ལས་དོན་ཞིག་ན་ཅི་མི་སྐྱོན་དེ། འུ་ཅག་ལ་མཁོ་བའི་གོ་སྐབས་ཞིག་ཡིན་ན་ད་རུང་དགའ་རྒྱུ་ཅུང་སྔ་མེད་དམ།
༡
ཤར་ཕྱོགས་རི་བོའི་རྩེ་ནས། །
དཀར་གསལ་ཟླ་བ་ཤར་བྱུང༌། །
མ་སྐྱེས་ཨ་མའི་ཞལ་རས། །
ཡིད་ལ་འཁོར་འཁོར་བྱས་བྱུང༌། །
༢
ན་ནིང་བཏབ་པའི་ལྗང་གཞོན། །
ད་ལོ་སོག་མའི་ཕོན་ལྕོག །
ཕོ་གཞོན་རྒས་པའི་ལུས་པོ། །
ལྷོ་གཞུ་ལས་ཀྱང་གྱོང་བ། །
༣
རང་སེམས་སོང་བའི་མི་དེ། །
གཏན་གྱི་འདུན་མར་བྱུང་ན། །
རྒྱ་མཚོའི་གཏིང་ནས་ནོར་བུ། །
ལོན་པ་དེ་དང་འདྲ་བྱུང༌། །
༤
འགྲོ་ཞོར་ལམ་བུའི་སྙིང་ཐུབ། །
ལུས་དྲི་ཞིམ་པའི་བུ་མོ། །
གཡུ་ཆུང་དྲུག་དཀར་རྙེད་ནས། །
བསྐྱུར་བ་དེ་ དང་འདྲ་བྱུང༌། །
༥
མི་ཆེན་དཔོན་པོའི་སྲས་མོ། །
ཁ་འབྲས་མཚར་ལུགས་བལྟས་ན། །
ཁམ་སྡོང་མཐོན་པོའི་རྩེ་ནས། །
འབྲས་བུ་སྨིན་དང་འདྲ་བྱུང༌། །
༦
སེམས་པ་ཕར་ལ་ཤོར་ནས། །
མཚན་མོའི་གཉིད་ཐེབས་གཅོག་གི། །
ཉིན་མོ་ལག་ཏུ་མ་ལོན། །
ཡིད་ཐང་ཆད་རོགས་ཡིན་པས། །
༧
མེ་ཏོག་ནམ་ཟླ་ཡལ་སོང༌། །
གཡུ་སྦྲང་སེམས་པ་མ་སྐྱོ། །
བྱམས་པའི་ལས་འཕྲོ་ཟད་པར། །
ང་ནི་སྐྱོ་རྒྱུ་མི་འདུག །
༨
རྩི་ཐོག་བ་མོའི་ཁ་ལ། །
སྐྱི་བསེར་རླུང་གི་ཕོ་ཉ། །
མེ་ཏོག་སྦྲང་བུ་གཉིས་ཀྱི། །
འབྲེལ་ཚམས་གཅོད་མཁན་ལོས་ཡིན། །
༩
ངང་བ་འདམ་ལ་ཆགས་ནས། །
རེ་ཞིག་སྡོད་དགོས་བསམས་ཀྱང༌། །
མཚོ་མོ་དར་ཁ་འགྲིགས་ནས། །
རང་སེམས་ཁོ་ཐག་ཆོད་སོང༌། །
༡༠
གྲུ་ཤན་སེམས་པ་མེད་ཀྱང༌། །
རྟ་མགོས་ཕྱི་མིག་བལྟས་བྱུང༌། །
ཁྲེལ་གཞུང་མེད་པའི་བྱམས་པས། །
ང་ལ་ཕྱི་མིག་མི་ལྟ། །
༡༡
ང་དང་ཚོང་འདུས་བུ་མོའི། །
ཚིག་གསུམ་དམ་བཅའི་མདུད་པ། །
ཁྲ་བོ་སྦྲུལ་ལ་མ་བརྒྱབ། །
རང་རང་ས་ལ་གྲོལ་སོང༌། །
༡༢
ཆུང་འདྲིས་བྱམས་པའི་རླུང་བསྐྱེད། །
ལྕང་མའི་ལོགས་ལ་བཙུགས་ཡོད། །
ལྕང་སྲུང་ཨ་ཇོ་ཞལ་ངོས། །
རྡོ་ཀ་རྒྱག་པ་མ་གནང༌། །
༡༣
བྲིས་པའི་ཡི་གེ་ནག་ཆུང༌། །
ཆུ་དང་ཐིགས་པས་འཇིགས་སོང༌། །
མ་བྲིས་སེམས་ཀྱི་རི་མོ། །
བསུབས་ཀྱང་བསུབ་རྒྱུ་མི་འདུག །
༡༤
བརྒྱབ་པའི་ནག་ཆུང་ཐེའུས། །
གསུང་སྐད་འབྱོན་ནི་མི་ཤེས། །
ཁྲེལ་དང་གཞུང་གི་ཐེའུ། །
སོ་སོའི་སེམས་ལ་སྐྱོན་དང༌། །
༡༥
སྟོབས་ལྡན་ཧ་ལོའི་མེ་ཏོག །
མཆོད་པའི་རྫས་ལ་ཕེབས་ན། །
གཡུ་སྦྲང་གཞོན་ནུ་ང་ཡང༌། །
ལྷ་ཁང་ནང་ལ་ཁྲིད་དང༌། །
༡༦
སེམས་སོང་བུ་མོ་མི་བཞུགས། །
དམ་པའི་ཆོས་ལ་ཕེབས་ན། །
ཕོ་གཞོན་ང་ཡང་མི་སྡོད། །
རི་ཁྲོད་འགྲིམ་ལ་ཐལ་འགྲོ། །
༡༧
མཚན་ལྡན་བླ་མའི་དྲུང་དུ། །
སེམས་ཁྲིད་ཞུ་བར་ཕྱིན་པས། །
སེམས་པ་བསྐོར་ཀྱང་མི་ཐུབ། །
བྱམས་པའི་ཕྱོགས་ལ་ཤོར་སོང༌། །
༡༨
སྒོམ་པ་བླ་མའི་ཞལ་རས། །
ཡིད་ལ་འཆར་རྒྱུ་མི་འདུག །
མ་བསྒོམས་བྱམས་པའི་ཞལ་རས། །
ཡིད་ལ་ཝ་ལེ་ཝ་ལེ། །
༡༩
སེམས་པ་འདི་ལ་འགྲོ་འགྲོ།
དམ་པའི་ཆོས་ལ་ཕྱིན་ན། །
ཚེ་གཅིག་ལུས་གཅིག་ཉིད་ལ། །
སངས་རྒྱས་འཐོབ་པར་འདུག་གོ། །
༢༠
དག་པ་ཤེལ་རིའི་གངས་ཆུ། །
ཀླུ་བདུད་རྡོ་རྗེའི་ཟིལ་བ། །
བདུད་རྩི་སྨན་གྱི་ཕབ་རྒྱུན། །
ཆང་མ་ཡེ་ཤེས་མཁའ་འགྲོ །
དམ་ཚིག་གཙང་མས་བཏུང་ན། །
ངན་སོང་མྱོང་དགོས་མི་འདུག །
༢༡
རླུང་རྟ་ཡར་འགྲོའི་དུས་ལ། །
རླུང་བསྐྱེད་དར་ལྕོག་བཙུགས་པས། །
མཛངས་མ་མ་བཟང་བུ་མོས། །
ང་རང་མགྲོན་པོ་བོས་བྱུང༌། །
༢༢
སོ་དཀར་ལྤགས་པའི་འཛུམ་མདངས། །
བཞུགས་གྲལ་སྤྱི་ལ་བསྟན་ཀྱང༌། །
མིག་ཟུར་ཁྲ་མོའི་སྒྲིལ་མཚམས། །
གཞོན་པའི་གདོང་ལ་བལྟས་བྱུང༌། །
༢༣
ཧ་ཅང་སེམས་ལ་སོང་ནས། །
འགྲོགས་འདྲིས་ཨེ་ཡོང་དྲིས་པས། །
འཆི་བྲལ་བྱེད་ན་མིན་པ། །
གསོན་བྲལ་མི་བྱེད་གསུངས་བྱུང༌། །
༢༤
མཛངས་མའི་ཐུགས་དང་བསྟུན་ན། །
ཚེ་འདིའི་ཆོས་སྐལ་ཆད་འགྲོ། །
དབེན་པའི་རི་ཁྲོད་འགྲིམསན། །
བུ་མོའི་ཐུགས་དང་འགལ་འགྲོ། །
༢༥
ཀོང་ཕྲུག་གཞོན་པའི་བློ་སྣ། །
སྦྲང་བུ་རྒྱ་ལ་བཅུག་འདྲ། །
ཞག་གསུམ་ཉལ་རོགས་བྱས་པས། །
ཕུགས་ཡུལ་ལྷ་ཆོས་དྲན་བྱུང༌། །
༢༦
གཏན་གྲོགས་ཁྱོད་ལ་སེམས་པའི། །
ཁྲེལ་དང་ངོ་ཚ་མེད་ན། །
མགོ་ལ་བརྒྱབ་པའི་གཙུག་གཡུས། །
སྐད་ཆ་སྨྲ་ནི་མི་ཤེས། །
༢༧
འཛུམ་དང་སོ་དཀར་སྟོན་ཕྱོགས། །
གཞོན་པའི་བློ་བྲིད་ཡིན་འདུག །
སྙིང་ན་ཤ་ཚ་ཡོད་མེད། །
དབུ་མནའ་བཞེས་རོགས་གནང་དང༌། །
༢༨
སྙིང་ཐུབ་བྱ་རྡོ་ལམ་འཕྲད། །
ཨ་མ་ཆང་མས་སྦྱར་བྱུང༌། །
ལན་ཆགས་བུ་ལོན་བྱུང་ན། །
འཚོ་སྐྱོང་ཁྱོད་རས་གནང་ཞུ། །
༢༩
སྙིང་གཏམ་ཕ་མར་མ་བཤད། །
ཆུང་འདྲིས་བྱམས་པར་བཤད་པས། །
བྱམས་པ་ཤ་ཕོ་མང་ནས། །
གསང་གཏམ་དགྲ་བོས་གོ་སོང༌། །
༣༠
སྙིང་ཐུབ་ཡིད་འཕྲོག་ལྷ་མོ། །
རྔོན་པ་ང་རས་ཟིན་ཀྱང༌།
དབང་ཆེན་མི་ཡི་དཔོན་པོ། །
ནོར་བཟང་རྒྱལ་པོས་ཕྲོགས་སོང༌། །
༣༡
ནོར་བུ་རང་ལ་ཡོད་དུས། །
ནོར་བུའི་ནོར་ཉམས་མ་ཆོད། །
ནོར་བུ་མི་ལ་ཤོར་དུས། །
སྙིང་རླུང་སྟོད་ལ་འཚངས་བྱུང༌། །
༣༢
རང་ལ་དགའ་བའི་བྱམས་པ། །
གཞན་གྱི་འདུན་མར་བླངས་སོང༌། །
ཁོག་ནད་སེམས་པའི་གཅོང་གིས། །
ལུས་པོའི་ཤ་ཡང་བསྐམས་སོང༌། །
༣༣
སྙིང་ཐུབ་རྐུ་ལ་ཤོར་སོང༌། །
མོ་ཕྱཱ་རྩིས་འབུལ་རན་སོང༌། །
བུ་མོ་དུང་སེམས་ཅན་མ། །
རྨི་ལམ་ལ་ཡང་འཁོར་བྱུང༌། །
༣༤
བུ་མོར་འཆི་བ་མེད་ན། །
ཆང་ལ་འཛད་པ་མི་འདུག །
གཞོན་པའི་གཏན་གྱི་སྐྱབས་གནས། །
འདི་ལ་བཅོལ་བས་ལོས་ཆོག །
༣༥
བུ་མོ་ཨ་མར་མ་སྐྱེས། །
ཁམ་བུའི་ཤིང་ལ་སྐྱེས་སམ། །
ཨ་གསར་ཟད་པ་ཁམ་བུའི། །
མེ་ཏོག་དེ་ལས་མགྱོགས་པ། །
༣༦
བུ་མོ་ཆུང་འདྲིས་བྱམས་པ། །
སྤྱང་ཀིའི་རིགས་རྒྱུད་མིན་ནམ། །
ཤ་འདྲེས་ལྤགསའདྲེསབྱུང་ཡང༌། །
རི་ལ་ཤོར་གྲབས་མཛད་གིས། །
༣༧
རྟ་རྒོད་རི་ཡར་བརྒྱབ་པ། །
རྙི་དང་ཞགས་པས་ཟིན་གྱི། །
བྱམས་པས་ངོ་ལོག་བརྒྱབ་པས། །
ཐུགས་ངོ་ཟིན་པ་མི་འདུག །
ཟམ་གདོང་བླ་མ་ལྟར་བོད་ཀྱི་གྲྭ་བ་རྣམས་ཀྱིས་དབྱིན་ཡིག་དང་རྒྱ་ཡིག་ཡག་པོ་སྦྱང་དགོས་པ་དུས་ལ་བབས་འདུག །སྐད་ཡིག་བརྒྱུད་ནས་གཞན་ལ་ངོ་སྤྲོད་བྱེད་དགོས་པའི་རིགས་མང་པོ་ཞིག་ལྷག་ལུས་སུ་བསྡད་ཡོད་པ་ངེས་བར་དོ་སྣང་བྱེད་དགོས་པའི་དུས་ཚོད་ཅིག་རེད། །རྒྱ་གཞུང་གིས་གོང་ས་མཆོག་གི་གཉའ་གཅོག་འདོད་ཡོད་པ་ཚང་མས་ཤེས་གསལ་རེད། ཡིན་ཡང་ཉི་ཤར་སྦར་མོས་མི་ཐེབས་པར་གྱུར་ཡོད་པ་ནི་སྐད་ཡིག་གི་ཟམ་པ་དང་མཁྱེན་ཡོན་གྱི་འཕྲིན་ལས་ལ་བརྟེན་ནས་བྱུང་བ་མ་རེད་དམ། བོད་ཀྱི་བླ་སྤྲུལ་ཆུང་ཆུང་ཚོ། བོད་སྤྱི་བའི་དོན་དུ་དཀའ་ལས་རྒྱག་མཁན་ཁོང་ཚོའི་ཆེད་དུ་ཆ་ཤས་ཙམ་ཡང་གསོས་སུ་འགྱུར་བ་ཞིག་བྱུང་ན་ཡག་ག །
རྒྱ་རྒན་ཚང་ཁྱེད་ཚོར་རང་དབང་ཡོད་གི
གཉིས་པ་སྤོམ་མདའ་རབ་དགའ་དང་ལྕང་ལོ་བཅན་གཉིས་ཀྱི་ཡང་སྲིད་འཕེབས་ཤོག།
ད་ཐེངས། ཟམ་གདོང་རིན་པོ་ཆེ་ཡིན་གྱི་རེད་དེ། གཙོ་བོ་ཆོ་རིག་བཀའ་བློན་རེད་འདུག གོ་སྒྲིག་པ་ཞིག་གིས་ཤུབ་ཤུབ་ངང་ཁྱེད་ཚོ་འཁྱུག་ཙམ་ཕྱི་ལ་ཐོན་རོགས་གྱིས། རྒྱ་མིའི་སྐུ་ཚབ་ཚོའི་བསམ་འཆར་འདུག་ལབ་འདུག དེ་ནས་པད་མ་ཆོས་འབྱོར་གྱིས། རྒྱ་མི་ག་དུས་ཡིན་ན་དེ་འདྲ་རེད། ཐོན་གྱི་མིན། འདི་ན་ཁུ་རུ་ཡ་ཡིན་པ་ལས། རྒྱ་ནག་པེ་ཅིང་མ་རེད་ཅེས་ལན་བཏབ་འདུག དེ་ནས་རྒྱ་སྐུ་ཚོ་བྲོས་ཕྱིན་པ་འདྲ།
དྲ་ལམ་ན་དཔྱད་གཞིར་གྱུར་པའི་གྲྭ་པའི་ཞབས་འདྲེན་ཟེར་པའི་པར་ཞིག་མཐོང་སོང་། བྱ་སྤྱོད་འདི་དག་ལ་ང་ཚོས་ངེས་བར་དུ་གཟབ་དགོས་པ་ཞིག་རེད་བསམ། ཅིའི་ཕྱིར་ཞེས་ན་དམ་པ་གོང་མས་ཕྱི་སྐལ་ལྡན་དྭངས་པ་འདྲེན་པའི་མིག་རྐྱེན་དང་ཞེས་དང་། མདོ་ལས། ཤམས་ཐབས་ཟླུམ་པོ་བགོ་བ་ལ་བསླབ་པར་བྱ་འོ་ཞེས་གསུངས་པ་ལྟར་ང་ཚོ་ལ་འགྲོ་འདུག་ཉལ་གསུམ་གྱི་སྤྱོད་པ་མཐའ་དག་ལ་གདམས་པའི་ཤུལ་བཞག་གི་བང་མཛོད་སོགས་ལས་གསལ་བོར་ཤེས་ཐུབ་པོ།་ ཡིན་ན་ཡང་སྤྱིར་གྲྭ་བ་ཟེར་བ་དེ་ཕྱིའི་ཀུན་སྤྱོད་ཁོ་ནའི་སྒོ་ནས་བཞག་ན་ཅུང་ཙམ་ནོར་འདུག་སྙམ། གྲྭ་བ་ཟེར་བ་དེ་དྲི་བྲལ་གྱི་བསླབ་ཁྲིམས་བཙང་མ་ཡོད་མེད་ཀྱི་སྒོ་ནས་འཇོགདགོས། ཅིའི་ཕྱིར་ཞེས་ན་འདི་ལ་ཁྱབ་པ་ཡོད་པའི་ཕྱིར། ཕྱིའི་ཀུན་སྤྱོད་ཁོ་ནའི་སྒོ་ནས་འཇོག་ན་ཁྱབ་པ་མ་ངེས་བར་ང་ཚོས་གླེང་བཞིན་པའི་གོང་གི་ཟིན་བྲིས་འདི་དག་གི་ལེགས་པར་འགྲུབ་པོ། དེང་འདིར་ང་ཚོའི་སྤྱི་ཚོགས་ནང་ཤམས་ཐབས་དམར་པོ་གྱོན་པ་རྟགས་སུ་བྱས་ནས་གྲྭ་བའི་སྐྱོན་ཡོན་ལ་དབྱེ་ཞིབ་བྱེད་པ་ལས་ཁྱབ་པ་མེད་པ་མ་ཤེས་བ་དག་གིས་རང་ཉིད་ཀྱི་གྲྭ་བ་འཇོག་མ་ཤེས་བས་རང་འཚང་ཕྱི་རུ་མངོན་པ་དང་ཡང་ན་གྲྭ་བ་མིག་ནང་དུ་མ་མཛེས་བ་གཉིས་ལས་མ་འདས་པ་ཡིན་ནོ།
ཕ་བཟང་གི་བུ་མཛངས་པ་ལྟ་བུ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་ནི་༧གོང་ས་མཆོག་གི་བཀའ་བསྒྲུབ་ཐུབ་མཁན་བུ་སློབ་མཁས་གྲུབ་གསེར་རིའི་འཕྲེང་བའི་དབུས་སུ་ཉི་མ་ལྟར་མངོན་པར་འཕགས་ཤིང་། བླ་མའི་ནང་ཐུགས་ཀྱི་སྲས་གཅིག་པུ་དེ་ཡིན་པ་ཕྱི་གསལ་ནང་གསལ་རེད། ཁོང་གི་མཁྱེན་དཔྱོད་ལ་སུ་ཡིས་ཡ་བྱེད་ནུས།
དེང་སང་ཁམས་ཕྱོགས་ཀྱི་གྲྭ་བ་ཚོའི་ནང་དུ་བུད་མེད་དང་ནང་མིའི་སྐོར་ལ་ཇུས་རྟོགས་རྐྱང་བྱས་ནས་བསྡད་མཁན་མང་ལ། ལྷག་པར་བུད་མེད་ཆུང་ཆུང་ཚོར་འཐམ་ནས་འགྲོ་བ་སོགས་གྲྭ་བ་སྤྱིའི་ཆེ་མཐོང་ལ་གནོད་པའི་ལས་ཀ་རྐྱང་བྱས་བསྡད་མཁན་མང་བོ་འདུག དེ་ཚོར་ཁྲིམས་དང་ངོ་ཚ་ཞིག་གིས་བསྐུལ་དགོས་འདྲ།
ཡག་པོ་ཞི་དྲག་འདུག་རྗེས་སུ་ཡིད་རང་ཡོད་
གང་དུ་མཆན་བུ་༦པ་འགོད་མཁན་དེར་རི་བོང་གནམ་རྡུབ་ཀྱི་སྡུག་སྔལ་ཞིག་ཡོད་པ་འདྲ་འདུག རྒྱ་ནག་གི་རྒྱ་སྤྱིའི་ནང་པའི་ལྷན་ཚོགས་མེད་པ་ག་དུས་ཡིན་རུང་བཟོ་མི་ཐུབ་པ་ཟད། རྒྱ་སྤྱིའི་ནང་པའི་ལྷན་ཚོགས་གནས་མིན་དེར་ཁོང་ཚོར་རག་ལུས་པ་གང་ཡང་མེད། སེམས་ཆུང་མ་གནང་ཤིག ཁོང་ཚོར་དེ་ལྟ་བུ་དབང་ཤུག་ཞིག་ཡོད་ན་ཕྱིར་མ་དོན་གང་ནས་ངོས་ལན་མེད་ཞེས་ཤོད་ངེས་ཡིན་པའི་དེ་ལྟ་མིད་ཤོད་པར་ཁོ་རང་ཚོ་རང་གཅིག་པུར་དོན་དགོས་བྱུང་བ་དེ་རང་གིས་གོ་བ་ལོན་ཐུབ་དགོས། དངོས་གནས་ཡག་པོར་བྱུང་འདུག ཁོང་ཚོར་མ་སྐྱིད་པའི་ཚོར་བ་ཞིག་ཏན་ཏན་བྱུང་ཡོད་ངེས་རེད། ཕྱིར་མ་དོན་ཡང་བཀའ་ངལ་ཞིག་དང་། དོན་ཡང་བཀའ་ངལ་ཞིག ཧ་ཧ་ཧ་བདེན་པ་ནི་བདེན་པ་རང་རེད། འདི་དག་ཚང་མ་བདེན་པའི་ནུས་སྟོབ་དང་། ཟམ་གདོང་བླ་མའི་གཟི་བརྗིད་རེད་ཟེར་ཡང་མི་ཆོག་པ་གང་ཡང་མི་འདུག