གནས་ཚུལ་གཏོང་མཁན། བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཡིག་ཚང་།
རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་སྲུང་བརྩི།
DAY OF THE IMPRISONED WRITER 15 NOVEMBER 2013
རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་ཐེངས་སོ་གཉིས་པ་སྲུང་བརྩི་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ།
ཕྱི་ཟླ་ ༡༡ པའི་ཚེས་ ༡༥ ཉིན་རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོར་ཁེལ་ཡོད་སྟབས། རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཁྱབ་ཁོངས་བཙོན་འོག་རྩོམ་པ་པོའི་སྡེ་ཚན་གྱི་ངོས་ནས། ལོ་རེ་བཞིན་བཙོན་འོག་གི་རྩོམ་པ་པོའི་ཉིན་མོར་བཀོད་སྒྲིག་དང་། སྲུང་བརྩི་བྱེད་བཞིན་ཡོད་པ་ལྟར། ད་ལོར་རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཡན་ལག་རྒྱལ་ཁབ་ཁག་ ༡༤༦ ལྷག་གི་རྩོམ་པ་པོའི་མཐུན་ཚོགས་སོ་སོའི་ངོས་ནས་བཙོན་འོག་ན་ཡོད་པའི་བོད་ཀྱི་རྩོམ་པ་པོ་དཀོན་མཆོག་ཚེ་འཕེལ་ལགས་དང་། ཨ་ཧྥེ་རི་ཁའི་རྩོམ་པ་པོ་Rodney Sieh. ཊོར་ཀིའི་རྩོམ་པ་པོ་Fazil Say. ཨེ་རན་གྱི་རྩོམ་པ་པོ་Dr Rahnavard. ཧོན་ཌོ་ར་སའི་རྩོམ་པ་པོ་Dina Meza. སོགས་ཀྱི་ཆེད་དུ་ལས་འགུལ་དང་། བགྲོ་གླེང་། གཏམ་བཤད་སོགས་རྒྱ་ཆེར་གནང་སྟེ་རྒྱལ་ཁབ་སོ་སོའི་སྲིད་འཛིན་དང་། གཞུང་ཚབ་ཁང་སོགས་ལ་འབུལ་འཆར་ལགས་ན།
རྒྱལ་སྤྱིའི་པེན་གྱི་ཡན་ལག་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ངོས་ནས་བོད་ཀྱི་རྩོམ་པ་པོ་དཀོན་མཆོག་ཚེ་འཕེལ་ལགས་གཙོ་བྱས་པའི་བཙོན་འོག་ན་དཀའ་སྡུག་མྱོང་བཞིན་པའི་རྩོམ་པ་པོ་རྣམས་ཀྱི་གནས་བབ་སྐོར་གཤམ་གྱི་དོན་ཚན་བཞིའི་སྟེང་དུ་བགྲོ་གླེང་དང་། སྙན་ངག་གྱེར་འདོན་གྱི་ལམ་ནས་བཙོན་འོག་གི་རྩོམ་པ་པོའི་ཉིན་མོའི་སྲུང་བརྩི་ཞུ་རྒྱུ་ལགས་ན། འདི་ག་མཐུན་ཚོགས་ཀྱི་ཚོགས་མི་རྣམས་དང་དེ་བཞིན་རྡ་སའི་ཉེ་འཁོར་གྱི་ཤེས་ཡོན་ཅན་སོགས་མི་གང་མང་མཉམ་ཞུགས་ཡོང་བ་མཁྱེན།
བགློ་གླེང་གི་བརྗོད་གཞི་ཁག་ནི།
བཙོན་འོག་ན་ལྷག་པའི་བོད་ཀྱི་རྩོམ་པ་པོ་དཀོན་མཆོག་ཚེ་འཕེལ་གྱི་སྐོར་ལ་ནང་མིའི་སེམས་ཚོར་དང་བློ་འཚབ།
བུདྷ་སྐྱབས། རྩོམ་པ་པོ་དང་ཡིག་སྒྱུར་པ།
ནུབ་ཕྱོགས་པའི་རང་དབང་འཐབ་རྩོད་ཁྲོད་རྩོམ་པ་པོ་རྣམས་ཀྱིས་ཐོན་པའི་ནུས་པ།
ཚེ་རིང་མཚོ་མོ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན།
བཙོན་འོག་ཏུ་འདས་གྲོངས་སོང་བའི་བོད་ཀྱི་མཁས་པ་དང་རྩོམ་པ་པོ་རྣམས་ཕྱིར་དྲན།
རྒན་དཔལ་ལྡན་རྒྱ་མཚོ། ཆབ་སྲིད་བཙོན་ཟུར་གྲགས་ཅན།
རྒྱལ་སྤྱིའི་པེན་གྱི་ཚོགས་ཆེན་ཐོག་བོད་ཀྱི་རྩོམ་པ་པོའི་སྐོར་ལ་གྲོས་ཆོད་བཞག་པའི་བརྒྱུད་རིམ་དང་ཕན་ནུས།
སྤྲོ་ཚིགས་ཆོས་གྲགས། བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན།
བགྲོ་གླེང་གཙོ་སྐྱོང་བ། བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་དྲུང་ཆེ་གཡུ་སྒང་འོད་ཟེར།
ཚོགས་ཡུལ། ཀིརྟིའི་དགེ་རྩ་ཚོགས་པའི་ཞི་བདེའི་ཚོགས་ཁང་།
དུས་ཚོད། ཕྱི་ལོ་༢༠༡༣་ཟླ་༡༡་ཚེས་༡༥ རེས་གཟའ་པ་སངས་ཉིན། སྔ་དྲོའི་ཚུ་ཚོད་༡༠པའི་ཐོག
གོ་སྒྲིག་བྱེད་མཁན། རྒྱལ་སྤྱིའི་པེན་གྱི་ཡན་ལག་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས།
བོད་ཀྱི་རྩོམ་པ་པོ་དཀོན་མཆོག་ཚེ་འཕེལ་ཟེར་ན་སུ་རེད་ལགས།
ཁོང་གི་སྐོར་ལོ་རྒྱུས་མདོར་བསྡུས་ཤིག་གསུངས་རོགས་ཞུ་ཡ་ཡིན།
རེ་བ་ཡིན་ན་ད་ལོ་བཙོན་འོག་ཏུ་ཡོད་པའི་རྩོམ་པ་པོ་གྲགས་ཆེན་ཨ་རིག་སྒྲོལ་མ་སྐྱབས་ཐད་ལས་འགུལ་གང་མང་སྤེལ་གནང་ཡོད་པ་ཞུ། གཙོ་བོ་རྒྱལ་སྤྱིའི་སྟེང་གི་གཟེགས་རྟགས་ཁག་ནང་ངོ་སྤྲོད་དང་ཕྱི་ལོགས་སུ་སྨན་བཅོས་སླད་བསྐྱོད་པ་བཅས་ཡིན། དེ་ནི་གཞན་མ་ཡིན་པར་རྩོམ་པ་པོ་མཐུན་ཚོགས་ཀྱིས་རྒྱུན་ལས་སྔ་མ་ཚོས་ཁོང་བཙོན་ནང་ཡོད་བཞིན་དུ་ཁོང་གི་བརྩམས་ཆོས་པར་བསྐྲུན་བྱས་ཡོད་པས། གཞོལ་དུ་མེད་པའི་འགན་འཁུར་ཡོད་པ་རེད།
སང་ཉིན་གྱི་ཉིན་མོ་འདི་བོད་ཀྱི་རྩོམ་པ་པོ་རྣམས་དང་ལྷག་པར་པེན་གྱི་ཚོགས་མི་ཚོས་སྲུང་བརྩི་གནང་དགོས་ངེས་ཤིག་ཡིན་པས། འདིར་སྙན་ཚིག་རེ་སྤེལ་ཐུབ་ན་ཡང་སོ་སོའི་འོས་འགན་ཞིག་ཡིན་པས་ཐུགས་སྣང་ཡོང་བ་ཞུ།
ལྷ་སྡེ་གནམ་ལོ་ཡག་ལགས་ཀྱིས་དགོང་འཆར་གནང་བར་བཀའ་དྲིན་ཆེ་ཞུ།
ངས་དཀོན་མཆོག་ཚེ་བརྟན་ཟེར་བ་ཞིག་གི་བརྩམས་ཆོས་མཇལ་མྱོང་མེད། རྩོམ་པ་བོ་ཚོའི་ལས་འགུལ་སྤེལ་ན་ཞོགས་དུང་དང་སྒྲོལ་མ་སྐྱབས། ཚ་བ་མདའ་སྨྱུག་སོགས་ཀྱི་ཆེད་དུ་སྤེལ་དགོས་པ་ལས། མི་ཆོ་མེད་གོ་མེད་ཞིག་གློ་བུར་གླེང་སྟེ་ཡ་མཚན་བྱེད་ཁུལ་དེར་རྒྱབ་སྐྱོར་མེད་པར་ངོ་རྒོལ་ཡོད། མ་གཞི་ནས་རྡ་སའི་ཨམ་ཕྲུག་སྡོམ་པོ་འདི་ཚོར་བྱེད་རྒྱུ་མང་ག
ཨ་བུའི་རོ། ལྡོམ་པོ་མིན་ནིའི་བོད་མི་ཞིག་རྡ་ས་ན་ཡོད་དམ། ཁྱོད་ལ་ངོ་རྒོལ་བྱེད་སྤྱད་ཀྱི་སེམས་རྒྱ་དང་ཡིག་རྩའི་འདང་གི་མི་འདུག།