ཚེ་འབར།
རྒྱལ་གཅེས་ཀྱི་ལྷག་བསམ་རི་ལས་ཀྱང་དཔང་མཐོ་བའི་རྒྱལ་སྤྱིའི་བོད་རང་བཙན་ལྷན་ཚོགས་ཀྱི་ཚོགས་ཆེན་ལ་ཕེབས་པའི་འཐབ་གྲོགས་རྣམ་པར་གློ་སྙིང་བསྟན་པ།
ཁྱེད་ཅག་གི་བོད་རང་བཙན་སླར་གསོའི་དམིགས་ཡུལ་དང་ཆོད་སེམས་ལ་རྗེས་སུ་ཡི་རང་དང་བཀའ་དྲིན་བླ་ན་མེད་པ་ཞུ་རྒྱུ་དང་། གུས་པ་ཚོགས་ཆེན་འདི་ལ་དངོས་གཅར་བྱ་འདོད་ཤིན་ཏུ་ཆེ་ན་ཡང་ཕྲན་ལ་མགྲོན་བརྡ་འབྱོར་བའི་སྐབས་སུ་ཚོགས་ཆེན་འཚོགས་རྒྱུ་ལ་བདུན་ཕྲག་གཉིས་ལས་མི་འདུག རྒྱུ་མཚན་དེ་ལ་བརྟེན་ནས་(Exit permit) ཕྱིར་ཐོན་ཆོག་མཆན་དང་(return visa) ཕྱིར་ལོག་ཆོག་མཆན་སོགས་ཡིག་ཆ་མང་དག་ཅིག་གི་དཀའ་ངལ་ལ་བརྟེན། ད་ཐེངས་ཚོགས་ཆེན་འདི་ལ་དངོས་བཅར་མ་ཐུབ་པར་བློ་ཕམ་ཚད་མེད་སྐྱེ་བཞིན་ཡོད། སྤྱིར་བོད་རང་བཙན་ཟེར་བ་དེ་ནི་བོད་མི་རིགས་འཇིག་རྟེན་འདིའི་སྟེང་གནས་དང་མ་གནས་ཀྱི་ཚེ་སྲོག་ལྟ་བུར་གྱུར་བ་ཡིན་ཙང། དེར་དགོས་དང་མི་དགོས་འགྲིག་དང་མི་འགྲིག་ཟེར་ས་གང་ཡང་མེད་པ་རེད།
རྒྱུ་མཚན་དེར་བརྟེན་བོད་རང་བཙན་འཐབ་རྩོད་བྱ་རྒྱུ་དེ་ང་ཚོའི་ཐོབ་ཐང་ཡིན་པ་མ་ཟད་ཕྲག་ཏུ་བབ་པའི་འོས་འགན་ཡང་ཡིན། ད་ལྟའི་རྒྱ་ནག་གི་སྟོབས་ཤུགས་དང་རྒྱལ་སྤྱིའི་ཁ་ཕྱོགས་སོགས་ལ་བལྟས་ན་བོད་རང་བཙན་ལ་རེ་བ་གཏན་ནས་མེད་པ་ལྟ་བུར་སྣང་སྲིད། སྐབས་འདི་འདྲ་ཞིག་ལ་བོད་རང་བཙན་བློས་གཏོང་རྩ་བ་ནས་བྱ་མི་རུང་། བོད་རང་བཙན་ནི་མི་རིགས་ཤིག་གི་ཚེ་སྲོག་ཡིན་པ་ལས་མི་ཐོག་གཅིག་གི་ཁེ་ཕན་ཡིན་མི་སྲིད། མི་ཐོག་འདིས་དཀའ་སྡུག་ཅི་ཙམ་ཞིག་མྱང་དགོས་བྱུང་ཡང་བོད་རང་བཙན་གྱི་འཐབ་རྩོད་འདི་མི་རབས་རྗེས་མར་རྩིས་སྤྲོད་ཏག་ཏག་བྱ་དགོས་པ་རེད།
འཛམ་གླིང་གི་ལོ་རྒྱུས་ནི་འགྱུར་བའི་རང་བཞིན་ལས་རྟག་བརྟན་གྱི་རང་བཞིན་ཞིག་ཡོང་མི་སྲིད་པ་རེད། རྒྱ་ནག་ནི་དེ་བས་ཀྱང་འགྱུར་ལྡོག་ལ་མྱུར་ཚད་ཧ་ཅང་ཆེ་བའི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད་དམར་ཕྱོགས་ཀྱི་སྲིད་དབང་སྒེར་འཛིན་བྱ་རྒྱུ་དེ་ཕྱོགས་ཡོངས་ནས་ཕམ་ཉེས་སུ་འགྲོ་བཞིན་པ་སྨོས་མ་དགོས་པ་ཞིག་རེད། རྒྱུ་མཚན་འདི་དག་ལ་བརྟེན་ནས་མ་འོངས་པར་བོད་རང་བཙན་སླར་གསོའི་གོ་སྐབས་ཤིག་འབྱུང་བའི་སྐབས་སུ། བོད་རང་བཙན་གྱི་འཐབ་རྩོད་བློས་བཏང་ཚར་ཡོད་ན་ང་ཚོ་ནི་ལོ་རྒྱུས་ཀྱི་ཉེས་ཅན་ཆགས་རྒྱུ་ལས་མ་འདས། ད་ལྟ་ང་ཚོའི་བཙན་བྱོལ་བོད་གཞུང་གིས་འཆད་བཞིན་པའི་ལམ་དབུ་མ་ལ་གྲུབ་འབྲས་ཤིག་ཐོབ་པའི་དབང་དུ་བཏང་ཡང་། བོད་རང་བཙན་ནི་མི་རྩོད་ཐབས་མེད་ཡིན། རང་དབང་དང་མང་གཙོ་ཇི་ལྟར་ལྡན་ཡང་མི་རིགས་ཤིག་མི་རིགས་གཞན་ཞིག་གིས་དབང་བསྒྱུར་འོག་ལ་ལོ་ངོ་སྟོང་ཕྲག་མང་པོ་འཚོ་གནས་མི་ཐུབ་པ་དེ་འཛམ་གླིང་གི་འདས་པའི་ལོ་རྒྱུས་ཀྱི་ཁ་གྲག་བསྡད་པ་ཞིག་རེད།
དཔེར་ན་དེང་སང་རང་དབང་དང་མང་གཙོ་ཚད་དང་ལྡན་པའི་ཨ་རི་དང་ཨོ་གླིང་ལྟ་བུར་མཚོན་ན་ས་དེ་གའི་གདོད་མའི་མི་རིགས་ནི་མིང་གི་ལྷག་མ་ལྟ་བུ་ལས་མེད་པ་རེད། ཨོ་གླིང་ལ་ཆ་མཚོན་ན་གཞུང་དང་ཚོགས་སྡེ་གང་འདྲ་ཞིག་ཡིན་ན་མཛད་སྒོ་ཆུང་ཆུང་ཞིག་ལས་མ་ཚུགས་རུང་གདོད་མིའི་རིགས་ཀྱི་རྒྱ་དར་སྒྲེང་སྟེ་བཀའ་དྲིན་རྗེས་དྲན་བྱ་སྲོལ་ཡོད་ན་ཡང་། དེ་ནི་ཕྱིའི་མཛེས་ཆོས་ཙམ་ལས་དོན་ངོ་མ་གདོད་མིའི་མི་རིགས་གྲོང་ཁྱེར་གྱི་ཉེ་སར་ལ་ཡོང་ཆོག་གི་མ་རེད། ད་དུང་ཁྱེད་ཚོ་སྡོད་ས་དེ་ང་ཚོས་སྤྲད་པ་ཡིན་ཙང་། ཡག་པོ་མ་བྱས་ན་སྒོ་རྒྱག་གི་ཡིན་ཞེས་ཁྱད་གསོད་བྱས་པར་བརྟེན། ཁོང་ཚོས་སྐད་འབོད་རྒྱག་བཞིན་ཡོད་པ་འདི་མ་རེད་པས། དབང་བསྒྱུར་ཡུལ་དང་བསྒྱུར་མཁན་གཉིས་མཉམ་གནས་བྱ་དགོས་བྱུང་ན་འཕྲལ་སེལ་ཙམ་རེ་དབང་བསྒྱུར་ཡུལ་ལ་ཁེ་ཕན་ཏོག་ཙམ་རག་སྲིད་ཀྱང་ཕུགས་ཀྱི་གྱོང་རྒུད་ཁོ་ན་ལས་མ་འདས།
རྒྱ་ནག་གཞུང་གི་མི་སེར་སྤེལ་བའི་སྲིད་ཇུས་སྡུག་རྩུབ་ཅན་དེ་མཚམས་འཇོག་བྱས་ཀྱང་རུང་། བོད་པ་ཚོ་རྒྱ་ནག་གི་འོག་ལ་གསོན་པོར་གཏན་ནས་གནས་མི་ཐུབ། བོད་པ་ནི་གྲངས་ཉུང་ཡིན་པ་དང་རྒྱ་ནག་ནི་གྲངས་མང་ཡིན་པའི་གནས་སྟངས་འོག་ནས། ཁོང་ཚའི་སྐད་དང་རིག་གཞུང་ཡུལ་སྲོལ་གོམས་གཤིས་སོགས་ཀྱིས་ཕྱོགས་ཡོང་ནས་བཙུར་ནན་བྱས་ཡོང་དུས། ང་ཚོའི་སྐད་དང་རིག་གཞུང་ཡུལ་སྲོལ་གོམས་གཤིས་སོགས་མི་ཐོག་ནས་མི་ཐོག་ལ་འཁྱེར་རྩ་བ་ནས་ཐུབ་ཀྱི་མ་རེད། འདི་ལྟར་བསམ་ཞིག་རེ་བྱས་ན་བོད་རང་བཙན་འཐབ་རྩོད་ནི་ངེས་པར་དུ་རྒྱུན་སྐྱོང་དགོས་ལ་རྒྱུན་སྐྱོང་བྱས་པ་དེའང་རྩ་བ་ནས་ནོར་མེད།
ང་ཚོས་ལམ་དབུ་མར་ངོས་ལེན་མ་ཐུབ་པའི་སྟེང་ནས་བོད་རང་བཙན་གྱི་འཐབ་རྩོད་རྒྱུན་སྐྱོང་བྱས་པ་དེས། རྒྱ་ནག་གཞུང་གིས་འཆད་བཞིན་པའི་ཏཱ་ལའི་བླ་མའི་སྐུ་སྒེར་གྱི་གནད་དོན་ཟེར་བ་དེར་འགྲམ་ལྕག་ཚ་ཐག་ཆོད་པ་ཞིག་བཞུས་ཡོད། འདི་ནི་ང་ཚོའི་སྤོབས་པ་དང་གཟི་བརྗིད་ཅི་ལ་མིན་ཨང་།
ད་དུང་གནས་ཚུལ་གཞན་ཞིག་ཞུ་འདོད་བྱུང་བ་ནི་བཙན་བྱོལ་བོད་གཞུང་གི་སྐོར་རེད། ང་ཚོ་འཐབ་རྩོད་པ་ཞིག་ཡིན་པའི་ཆ་ནས་བཙན་བྱོལ་བོད་གཞུང་ནི་ནམ་ཡང་ང་ཚོའི་གཞུང་ལ་ངོས་འཛིན་བྱ་ཐུབ་དགོས། དེང་སང་ནི་བོད་པའི་སྤྱི་ཚོག་ཁྲོད་ན་བོད་རང་བཙན་དང་ལམ་དབུ་མ་ཟེར་ནས་ཕན་ཚུན་འགལ་ཟླའི་ངོ་བོར་གྱུར་ནས་ཧ་ཅང་གི་ཛ་དྲག་གི་གནས་སུ་ལྷུང་ཡོད། རྒྱུ་མཚན་འདི་དག་ལ་བརྟེན་ནས་ང་ཚོ་བཙན་བྱོལ་བོད་གཞུང་གི་ཁ་གཏད་དུ་འགྲོ་གཏན་ནས་མི་རུང་། བཙན་བྱོལ་བོད་གཞུང་གིས་འཛིན་པའི་དབུ་མའི་སྲིད་ཇུས་ལ་ངོས་ལེན་མེད་ཀྱང་ཆོག་མོད། བཙན་བྱོལ་བོད་གཞུང་ནི་རང་ཉིད་ཀྱི་གཞུང་ངོ་མ་དེ་ཡིན་པར་ངོས་ལེན་བྱེད་དགོས།
བཙན་བྱོལ་བོད་གཞུང་གི་སྡིངས་ཆའི་སྟེང་ནས་མི་བུ་རེ་ཟུང་གིས་མི་མང་གི་རྐུབ་སྟེགས་བེད་སྤྱོད་ལོག་པར་བཏང་སྟེ་བོད་རང་བཙན་འཐབ་རྩོད་ལ་ནག་བསུབ་གཏོང་གང་ཐུབ་བྱེད་ཀྱིན་ཡོད་པ་དེ་ནི། ཁོ་རང་མི་བུ་སྒེར་གྱི་མི་གཞི་ལས་བརྒལ་བའི་བྱ་སྤྱོད་ཙམ་ལས་བཙན་བྱོལ་བོད་གཞུང་གི་ཁྲིམས་དང་སྒྲིག་གཞི་གང་གི་ནང་ལ་ཡང་མི་གསལ། བཙན་བྱོལ་བོད་གཞུང་དང་དབུ་མའི་སྲིད་ཇུས། བོད་རང་བཙན་གྱི་འཐབ་རྩོད། མི་བུ་སྒེར་བ་སོགས་སོ་སོར་བྱས་ཏེ་བལྟ་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་རེད་སྙམ།
བཙན་བྱོལ་བོད་གཞུང་གི་དབུ་མའི་སྲིད་ཇུས་འཛིན་པ་ཙམ་གྱི་བོད་རང་བཙན་གྱི་གཞུང་མ་ཡིན་པར་འགྱུར་ཐབས་རྩ་བ་ནས་མེད། བོད་གཞུང་ནི་སྒྲིག་འཛུགས་ཤིག་ཏུ་འགྱུར་བ་མ་ཟད་ཁྱིམ་ཚང་ཞིག་ཏུ་འགྱུར་སོང་རུང་། ང་ཚོ་འདིའི་ཁ་གཏད་ནས་འདུག་རྩ་བ་ནས་མི་ཉན། ང་ཚོའི་འཐབ་རྩོད་ཀྱི་ཁུངས་ཤིག་འཁྱོལ་ན་མ་འཁྱོལ་ན་སྙན་གྲགས་ཅན་གྱི་ཏྭ་ལའི་བླ་མས་བཙུགས་བཞག་པའི་བཙན་བྱོལ་བོད་གཞུང་འདི་སྲ་བརྟན་ཡོད་མེད་ལ་ཐུག་ཡོད། རྒྱུ་མཚན་དེར་བརྟེན་བཙན་བྱོལ་བོད་གཞུང་ནི་རང་ཉིད་ཀྱི་ཁོག་པའི་སྙིང་དང་དབྲལ་བའི་མིག་བཞིན་གཅེས་ན་འགྲིག་སྙམ།
གསལ་བཤད། རྩོམ་ཡིག་འདིའི་ནང་བཙན་བྱོལ་བོད་གཞུང་ཞེས་པའི་མིང་ཚིག་བེད་སྤྱོད་བྱས་ཡོད། གང་ལ་ཞེ་ན། དེ་ནི་རང་ཉིད་ཀྱི་སེམས་སུ་བོད་གཞུང་རང་ལ་ངོས་འཛིན་བྱས་ཡོད་པའི་རྒྱུ་མཚན་གྱིས་སོ།།
ཕྱི་ལོ་༢༠༡༥ ཟླ་༥ ཚེས་༢༢ ཉིན་བྲིས་པའོ།།
བོད་རང་བཙན་རྒྱལ་ལོ། ཚེ་འབར་རྒྱལ་ལོ། རང་བཙན་ཆེད་དུ་ཚེ་འབར་ཡག་ཀྱང་། བཙན་བྱོལ་དེ་སྒྲིག་འཛུག་དེ་ཁྱིམ་ཚང་དང་དེ་སྒེར་སྤྱོད་ལ་སྒྱུར་ན་ཁས་ལེན་དགོས་ཟེར་བ་ངོས་ལེན་ཐུབ་མ་སོང་། ངོ་མ་གཞུང་ཡང་དག་ཅིག་ཡིན་ན་ཀརྨ་གཉིས་འདྲ་མཉམ། དོལ་དགེ་གཉིས་གཅིག་པ།རྒྱ་བོད་གཉིས་དབུ་མ། གཞི་བྱེས་གཉིས་མཐུན་སྒྲིལ་བྱས་ན་རང་བཙན་བདེན་པ་ལས་སྒེར་སྤྱོད་གཅིག་ལ་རང་གཞུང་འདོད་དགོས་པ་ཤིན་ཏུ་ཐ་ཆད་རེད། འཇུ་ཆེན་གྱི་པོད་ཉེར་གཅིག་ལ་གཅིག་བལྟས་ན་བཙན་བྱོལ་ལས་རྒྱ་དམར་བཟང་པ་གསལ་བོ་བཤད་འདུག་ཡིད་མ་ཆེས་ན་འཇུ་ཆེན་གྱི་དེབ་ཆེན་དེ་ཚོ་ལ་ཞིབ་འཇུག་གནང་རོགས།
ཧི་ཐི་ལིའི་གཏམ་བཤད་གྲགས་ཅན་ཞིག
2015-04-25 ཧི་ཐི་ལི 卡瓦娘吉
ཧི་ཐི་ལིའི་གསུང་བཤད་ཅིག
བུན་ཁྲང་ཚེ་བརྟན་གྱིས་རྒྱ་ཡིག་ལས་བསྒྱུར།
དེ་རིང་། ང་ཚོ་གནས་འདི་རུ་འགྲེང་ཡོད་དེ། འཇར་མན་གྱི་རྒྱལ་ས་རུ་འགྲེང་ཡོད། པེར་ལིན་དུ་འགྲེང་ཡོད། ང་རང་ཚོའི་ཕ་མེས་ཡང་མེས་ཚོའི་ཟུངས་ཕྲག་དང་ལ་རྒྱས་བརླན་ཡོད་པའི་ས་ཆེན་འདིའི་སྟེང་དུ་འགྲེང་ཡོད། ངའི་ལྟག་རྒྱབ་དུ་ཡོད་པ་འདི་ནི། ཨན་ངྷི་ལི། ཁོ་ལི་ཨང་མཆོག་གི་བརྐོས་གཟུགས་ཡིན་ལ། ཁོང་ཉིད་ནི་འཛམ་གླིང་ཧྲིལ་བོ་ན་མགྲིན་གཅིག་ཏུ་ཁས་ལེན་གནང་གིན་པའི་རང་དབང་གི་དཔའ་རྒོད་ཅིག་ཡིན་ལ། འཇིག་རྟེན་འདིའི་ལམ་སྟོན་གྱི་སྒྲོན་མེ་ཡང་ཡིན།
ངའི་མདུན་ཕྱོགས་སུ་ཡར་འགྲེང་ཡོད་པ་འདི་ནི་མི་རིགས་ཤིག་སྟེ། ཚད་མེད་པའི་བཙན་གནོན་འོག་སྨྲེ་ངག་འུར་འུར་འདོན་བཞིན་པའི་མི་རིགས་ཤིག་རེད། འཛམ་གླིང་འཁྲུག་ཆེན་དང་པོ་མཇུག་རྫོགས་པ་ནས་བཟུང་། ང་ཚོའི་རིགས་ཀྱི་ང་རྒྱལ་དེ་གར་སོང་ཆ་མེད་དུ་གྱུར་སོང་། གཡུལ་ལས་རྒྱལ་པ་དེ་དག་ང་ཚོའི་གཉའ་རུ་ཞོན་ཏེ་དབང་ཤེད་བཙན་ཤེད་ཀྱིས་བརྙས་བཅོས་ཚད་མེད་བྱས་སོང་ལ། ང་ཚོ་སྟེ་ཡོ་རོབ་གླིང་གི་ཆེས་མཆོག་ཏུ་གྱུར་བའི་མི་རིགས་ཤིག་གི་རྩིས་ཐང་ལ་མི་དེ་དག་གིས་སྣང་མེད་དུ་རྡོག་བརྫིས་བརྒྱབས། ཁྱེད་ཚོས་ཤོད་དང་། ཁྱེད་ཚོ་པཎ་ཇེ་མན། མཱ་ཏིན་ལྟ་བུའི་རང་དབང་གི་དཔའ་རྒོད་ཅིག་བྱ་རྒྱུ་ཡིན་ནམ། ཡང་ན། བྲན་གཡོག་ཅིག་བྱ་རྒྱུ་ཡིན།
ཁྱེད་ཚོས་འདི་ལྟར་ཤོད་ཀྱང་སྲིད་དེ། སྐུ་ཞབས་ཧི་ཐི་ལི་ལགས། ང་ལ་མཁོ་བ་ནི་ལས་ཀ་ཞིག་དང་ཁ་ལག་ཙམ་ཡིན། རེད། ཁྱེད་ཚོས་བཤད་པ་དེ་ངོ་མ་རེད། ཚེ་སྲོག་ནི་དངོས་ནས་གལ་ཆེན་ནང་གི་འགངས་ཆེན་ཞིག་རེད། ཡིན་ཡང་། ངས་ཁྱེད་ཚོར་བཤད་རྒྱུ་ཞིག་ལ། འཇིག་རྟེན་འདིའི་སྟེང་དུ་ཚེ་སྲོག་ལས་ཀྱང་གལ་ཆེན་ཞིག་ཡོད་དེ། དེ་ནི་རང་དབང་རེད། དེ་ནི་ལ་རྒྱ་རེད།
ཨལ་ཟེ་ཞིན་དང་ལོའོ་རེན་གྱི་མཁའ་དབྱིངས་སུ་སྐྱོད་བཞིན་པའི་ཧྥ་རན་སིའི་རྒྱལ་དར་དེ་ཉིན་གཅིག་ལ་བསྐྱོད་མཚམས་མ་བཞག་ཚེ། ང་རང་ཚོར་ལ་རྒྱ་ཟེར་བ་ཞིག་གཏན་ནས་ཡོད་མི་སྲིད། ཧྥ་རན་སི་དང་དབྱིན་ཇི་བ་དེ་དག་གིས་འུ་ཅག་གི་ཕ་ས་གསེར་གྱི་གཞོང་བ་ལྟ་བུ་འདིའི་སྟེང་དུ་ཁྲིམས་མེད་ལུགས་མེད་ངང་རྒྱས་བཟའ་རྒྱས་འཐུང་བྱེད་པའི་མཚམས་འཇོག་ན་གནང་ཚེ། ང་ཚོར་ལ་རྒྱ་ཟེར་བ་ཞིག་གཏན་ནས་ཡོང་མི་སྲིད་དོ།། ཡོ་རོབ་གླིང་གི་མངའ་ཁོངས་སུ། འཇར་མན་ཞེས་པའི་རྒྱལ་ཁབ་འདི་སིལ་བུར་འཐོར་ནས་སྟོབས་མེད་ཉམ་ཐག་གི་གནས་སུ་གྱར་ཚེ། ང་ཚོར་ལ་རྒྱ་ཟེར་བ་ཞིག་གཏན་ནས་ཡོང་མི་སྲིད་དོ།། རྒྱབ་ཁབ་གཞན་གྱི་མི་ཚོས་ལབ་གླེང་གི་བར་གླགས་སུ་ཡང་འཇར་མན་ཞེས་པའི་ཚིག་འབྲུ་འདི་ཐོས་མ་ཐག་སྣང་ཆུང་དང་འཕྱ་དགོད་བྱེད་དུས། ང་ཚོར་ལ་རྒྱ་ཟེར་བ་ཞིག་གཏན་ནས་ཡོང་མི་སྲིད་དོ།།
ང་ཚོར་མཁོ་བ་ནི་ལྟོ་གོས་ཙམ་མ་ཡིན་པར། རང་དབང་དུ་འཚོ་བའི་ཁོར་ཡུག་ཅིག་ཡིན། མི་རིགས་ཤིག་གི་འཚོ་གནས་ཀྱི་ཁོར་ཡུག་ཅིག་ཡིན། འདི་ལྟ་བུའི་རང་དབང་ནི་གཞན་ལ་ཞུ་འབོད་དང་རྒོལ་གཏམ་ཙམ་སློག་པས་མངོན་འགྱུར་བྱ་ཐུབ་པ་ཞིག་རྩ་བ་ནས་མིན་ཏེ། ལྕགས་དང་ཁྲག་ལ་བརྟེན་པས་ད་བཟོད་འབྱུང་ཐུབ་པའོ།།
མི་རིགས་གཞན་པས་འུ་ཅག་ལ་བཟོད་པའི་མཐའ་མི་ཟད་པའི་བཙན་གནོན་བྱས་ལ། ཐ་ན་འཇིག་རྟེན་འདིའི་ཆེས་ཉམས་ཆུང་གི་མི་རིགས་ཤིག་གིས་ཀྱང་འཛེམས་ཟོན་ཅི་ཡང་མེད་པར་ང་ཚོར་ཐུབ་ཚོད་བྱེད་དུས། ང་ཚོས་འཕྲད་དུ་འདི་ལྟར་སྨྲ་སྟེ། ང་ཚོས་ཁོང་ཁྲོ་དང་རྒོལ་གཏམ་དྲག་ཏུ་བྱེད་ཅེས་ཁ་སྟོང་ནང་གི་ཚིག་སྟོང་ཁོ་ན་སྤུར། མི་འདི་འདྲ་བ་ནི་རུས་པའི་གསེང་ན་རྐང་མེད་མཁན་ཡིན་ལ། མི་འདི་ལྟ་བུ་ནི་གཉོན་ཆུང་ནུས་མེད་འབའ་ཞིག་ཡིན། དེ་ལས། ང་ཚོས་གནམ་ས་བླ་འོག་བསྒྱུར་བའི་མེ་སྒྱོགས་ཀྱི་འུར་སྒྲས་དགྲ་བོ་ཐམས་ཅད་ཀྱི་སྙིང་ཆུང་ལུ་གུ་ལྡིང་ལྡིང་དང་། ཡན་ལག་དར་ལྕོག་གཡུག་གཡུག་ཅིག་བྱེད་དུ་འཇུག་དགོས་པ་ཡིན། འུ་ཅག་གིས་ཁོ་ཚོའི་ལ་རྒྱ་དང་ཚེ་སྲོག་རྡོག་རོལ་ཏུ་བཏང་སྟེ་ང་ཚོ་ནི་རྒོལ་གཏམ་ཙམ་ལས་སློག་མི་ནུས་པའི་སྐྱག་གཟན་འབའ་ཞིག་མིན་པ་གཞི་ནས་ཤེས་སུ་འཇུག་དགོས།
ཁྱེད་ཚོས་མཁྱེན་འོས་པ་ཞིག་ལ། རྒོལ་གཏམ་ཙམ་སློག་པ་ལས་གཞན་ཅི་ཡང་མི་ནུས་པའི་རྒྱལ་ཁབ་ནི་རུས་གསེང་ན་རྐང་མེད་པའི་རྒྱལ་ཁབ་ཅིག་ཡིན་ལ། རྒོལ་གཏམ་ཙམ་སློག་པ་ལས་ཅི་ཡང་མི་ནུས་པའི་སྲིད་གཞུང་ནི་རུས་གསེང་ན་རྐང་མེད་པའི་སྲིད་གཞུང་ཞིག་ཡིན། ང་ཚོའི་ལ་རྒྱ་དང་ཕ་ཡུལ། འཚོ་གནས་ཀྱི་ཁོར་ཡུག་སོགས་འཇིག་ཉེན་གྱི་གཡང་དུ་ལྷུང་དུས། རྒོལ་གཏམ་ཙམ་ལས་ཅི་ཡང་མི་ནུས་པའི་ངོ་ཚ་མེད་པའི་སྲིད་གཞུང་དེ་ལྟ་བུ་ནི་ང་ཚོར་དགོས་དོན་གཏན་ནས་མེད་ལ། མཇུར་མཐར་ཁྱེད་ཚོས་ཁོ་ཚོ་ལོགས་སུ་གཡུག་པ་གདམ་གསེས་བྱ་ངེས།།
ཁྱེད་ཚོའི་ཁྲོད་དུ་རུས་གསེང་ན་རྐང་མེད་པའི་མི་ཐབས་རྡུགས་དེ་འདྲ་ཤིན་ཏུ་ཉུང་བས་ང་རང་ལ་བློ་སྤོབས་གནང་སོང་། ངའི་མདུན་ཕྱོགས་ཀྱི་རུ་དཔུང་འདིའི་རྩ་ལམ་དུ་རྒྱུ་བཞིན་པ་ནི་མི་ལོ་སྟོང་ཕྲག་ལྷག་གི་རིང་ལ་ཞུམ་པ་མེད་པར་སྟོབས་ཀྱིས་ཕྱུག་པའི་ཁྲག་རྒྱུན་ཅིག་ཡིན། ཁྲག་རྒྱུན་དེ་རང་ཅག་གི་ཡབ་མེས་ཚོའི་ལུས་སུ་ཡང་རྒྱུ་མྱོང་བ་ཡིན། ཁོང་ཚོའི་དཔའ་སྟོབས་དང་སྤོབས་གདེང་གིས་གཞན་སུ་ལ་ཡང་མགོ་བོ་བསྒུར་མ་མྱོང་། ད་ལྟ། ཁྲག་རྒྱུན་འདི་འུ་ཅག་གི་རྩ་ལམ་ན་ལྷོག་ལྷོག་ཏུ་འཕྱུར་བཞིན་ཡོད་པས། ཁྱེད་ཚོས་ཤོད་དང་། ང་ཚོས་ཞུམ་པ་མེད་པའི་ཟུངས་ཁྲག་དྲོན་མོ་འདིའི་ཚ་དྲོད་ཡལ་ཏུ་འཇུག་རྒྱུ་ཡིན་ནམ།
མི་རྣམས་ཀྱི་བློ་ཁ་གཞོགས་གཅིག་ཏུ་ཕྱོགས་པའི་ལས་ནི་གཉིས་སྟེ། གཅིག་ནི་ཐུན་མོང་གི་ཕུགས་བསམ་དང་། ཅིག་ཤོས་ནི་ཐུན་མོང་གི་ནག་ཉེས་བཟོ་བ་དེའོ། ། ང་རང་ཚོར་འཇར་མན་གྱི་རྒྱལ་དར་སྟེང་ལ་བཅོལ་ཡོད་པའི་རླབས་ཆེན་གྱི་ཕུགས་འདུན་མཆིས་ཤིང་། ཕུགས་འདུན་དེ་ང་ཚོའི་ཟུངས་ཁྲག་གི་རྒྱུན་མ་ཆད་པའི་བར་ཏུ་བརྩོན་ལེན་བྱ་ངེས་ཡིན། དེ་རིང་གི་པེར་ལེན་ལ་མཚོན་ན། ང་རེའི་རྒྱལ་ཁབ་འདི་སྐྱོབ་བྱེད་ནི་ཕུགས་འདུན་འདི་ལས་གཞན་གང་ཡང་མ་ཡིན་ནོ།། བདག་ཅག་ལ་མཚོན་ན། ཧྥན་ཨར་སེ་ཞི་ཆིངས་ནི་ངོ་ཚ་ཆེན་པོ་ཞིག་ཡིན་ལ། ང་ཚོས་རྩ་ཁྲིམས་དེ་ལག་བསྟར་མི་བྱེད་བའི་ཆོད་སེམས་དང་གནས་ལུགས་མཆིས་སོ། ། ད་ནས་ཁྱེད་ཚོའི་བསྒྲུབ་འདོད་པ་དེ་སྒྲུབས་ཤིག པཎ་ཇེ་མན། མཱ་ཏིན་ལྟར་ལག་ཏུ་མེ་མདའ་བཟུང་སྟེ། རང་མི་སྤུན་ཟླ་རྣམས་དང་ལྷན་དུ། རང་དབང་གི་དར་ཆ་དགུང་ལ་འཕྱར་ཞོར་དགྲ་བོར་དམར་འཛིང་བྱེད་པ་ནང་བཞིན་ནོ། ། གལ་སྲིད། ཁྱེད་ཚོས་ཀྱང་དགྲ་ཇག་དང་ཁྱོད་ཤི་ང་གསོན་གྱི་དམར་འཛིང་ཞིག་བྱ་འདོད་ན། དེ་ལྟར་གྱིས་དང་། སྐབས་དེར་ཁྱེད་ཚོ་ནི་བྲན་གཡོག་སྡར་མ་ས་ཡ་བདུན་ཡིན་ནམ། ཡང་ན་དཔའ་མཛངས་རྟུལ་ཕོད་ཀྱི་འཇར་མན་པའི་བུ་རྒོད་ས་ཡ་བདུན་ཡིན་པ་ད་གཟོད་མཐོང་ཐུབ།
གལ་སྲིད། ཉིན་ཞིག་ལ་ཨ་ཏོའོ་ཧྥུ། ཧི་ཐི་ལི་བདག་གིས་ཀྱང་པཎ་ཇེ་མན། མཱ་ཏིན་ལྟར་འུ་ཅག་འཇར་མན་པའི་དར་ཆ་དེ་དགོར་དུ་འཕྱར་ཞོར། དམར་འཛིང་གི་མདུན་ཐད་དུ་མཆོངས་དུས། ངའི་ཚེ་སྲོག་རྟ་རྔ་ཙམ་པོ་འདི་སྐད་ཅིག་ལ་རྨེད་མེད་དུ་བཏང་ཡང་། ང་རང་དགའ་དགའ་སྤྲོ་སྤྲོའི་ངང་དག་ཞིང་དུ་འགྲོ་ངེས་ཡིན་ལ། འཇར་མན་པའི་རླབས་ཆེན་གྱི་ཡབ་མེས་རྣམས་དང་མཇལ་དུས། བདག་གིས་མགོ་བོ་དགྱེ་སྟེ་རླབས་ཆེན་གྱི་མངའ་བདག་ཧྥེ་ཐི་ལེའི་མདུན་དུ་བཅར་ཏེ། རླབས་ཆེན་གྱི་མེས་པོ་ལགས། མཆོག་ཉིད་ཀྱི་བུ་རབས་ཚ་རྒྱུད་དུ་མཆེད་པའི་ཅོལ་ཆུང་ངས་ཁྱེད་ཅག་གི་བླ་རྫབ་མེད་ལ། འཇར་མན་པའི་ཆེད་དུ་ཟུངས་ཁྲག་གི་བཞུར་རྒྱུན་ཆད་རག་བར་དུ་དམར་འཛིང་བྱས་པ་ཡིན་ལགས་ཞེས་ང་རྒྱལ་དང་བཅས་ཏེ་ཞུ་ངེས་སོ།།
ང་ཚོས་རང་དབང་གི་ཆེད་དུ་དམར་འཛིང་བྱེད་པ་ལས་གཞན་སུ་ཞིག་ལ་བཙན་འཛུལ་བྱ་བའི་ཆེད་དུ་མིན། ང་ཚོ་འཕྲུལ་ཆས་མིན་ལ། དུད་འགྲོ་དེ་བས་ཀྱང་མིན། ང་ཚོ་ནི་སྨྲ་ཤེས་ཤིང་དོན་གོ་བའི་འགྲོ་བ་མིའི་རིགས་སྟེ། དུས་ནམ་ཡང་གཞན་སུ་དང་གང་ལ་ཡང་མགོ་བོ་གཏན་ནས་བསྒུར་མི་སྲིད་པའི་འཇར་མན་པ་ཡིན།
ང་ཚོས་རང་དབང་གི་མིང་ཐོག་ནས་དཔུང་རྡང་གཅིག་ཏུ་སྦྲེལ་ཏེ། རྣམ་པ་གསར་བ་དང་འདྲ་མཉམ་གྱི་འཇིག་རྟེན་ཞིག་གི་ཆེད་དུ་དམར་འཛིང་བྱེད་པ་ཡིན་ལ། མི་ཐམས་ཅད་ལ་བྱ་བ་རེ་ཡོད་པའི་ཆེད་དུ་དམར་འཛིང་བྱེད་པ་ཡིན། འུ་ཅག་ལ་བཙན་འཛུལ་བྱས་པའི་མི་དེ་དག་འཇར་མན་གྱི་ས་གཞིའི་སྟེང་ནས་མཐར་བསྐྲོད་པའི་ཆེད་དུ་དམར་འཛིང་བྱེད་པ་ཡིན་ལ། ང་རང་ཚོས་ཉིན་རེ་རེར་རྒོལ་གཏམ་སློག་མི་དགོས་པའི་ཆེད་དུ་དམར་འཛིང་བྱེད་པ་ཡིན། ང་ཚོའི་ལ་རྒྱའི་ཆེད་དུ་དམར་འཛིང་བྱེད་པ་ཡིན་ལ། འུ་ཅག་གི་དམ་བཅའི་ཆེད་དུ་དམར་འཛིང་བྱེད་པ་ཡིན། རྒྱལ་ཁབ་འདི་བཅིངས་བ་ལས་འགྲོལ་ཆེད་དམར་འཛིང་བྱེད་པ་ཡིན། འཇར་མན་པ་རྣམ་པ། ང་ཚོས་རང་རེའི་ཡབ་མེས་རྣམས་ཀྱི་གཟི་བརྗིད་ཀྱི་ཆེད་དུ་དམར་འཛིང་བྱེད་པ་བྱེད་པ་ཡིན་ལ། འུ་ཅག་གི་བུ་རབས་ཚ་རྒྱུད་ཀྱིས་དབུ་འཕངས་དགོང་ལ་གཏད་དེ་ང་ཚོ་ནི་ནམ་ཡང་ཞུམ་པ་མེད་པའི་དཔའ་མཛངས་རྟུལ་ཕོད་ཀྱི་འཇར་མན་པ་ཡིན་ཞེས་བརྗོད་ཆོག་པའི་ཆེད་དུ་དམར་འཛིང་བྱེད་པ་ཡིན།
ང་ཡི་ཡུལ་མི་སྤུན་གྲོགས་རྣམ་པ། འཇར་མན་དང་འཇར་མན་པ་རྣམས་ཁྲི་ལོ་བརྟན་པར་ཤོག རང་དབང་ཁྲི་ལོ་བརྟན་པར་ཤོག
ཁོང་གི་བཀའ་སློབ་ལ་གཟིགས་དང་། འདི་མཐོང་དུས་ང་ཚོ་རང་བཙན་འཐབ་རྩོད་པ་རྣམས་ཕམ་ཉེས་བཏང་མཁན་རྒྱལ་ཚོང་པ་ཁག་ལ་ཞེན་པ་གཏིང་ནས་ལོག་གི།
བོད་རང་བཙན་མི་ཐོབ་དོན་ཅི་ཡོད། ཝི་ཏི་ནམ་ཡང་རྒྱ་ནག་གི་མངའ་འོག་ལ་ཐེངས་གསུམ་འགྲོ་མྱོང་བ་རེད། རྒྱའི་ཧན་རྒྱལ་རབས། དེ་ནས། ཐང་རྒྱལ་རབས། དེ་ནས་ཡོན་རྒྱལ་རབས་བཅས་ཀྱི་སྐབས་སུ་རྒྱ་ཁོངས་སུ་སོང་བ་མ་ཟད་རྒྱའི་ཡིག་གཟུགས་བཟོས་པ་དང་ཁུང་ཙིའི་ལུགས་དང་ལེན་བྱས་འདུག ཡིན་ན་ཡང་རང་བཙན་ཐོབ་འདུག རྒྱལ་ཁབ་ཅིག་གི་རྩ་དོན་ཟེར་བ་དེ་མིག་རྒྱང་རིང་པོར་བལྟས་ནས་འཆར་གཞི་བཀོད། བསམ་བློ་བཏང་། གྲ་སྒྲིག་བྱེད་དགོས་པ་རེད།
རྒྱ་ནག་ཀྱང་མན་ཇུའི་འོག་ལ་ལོ་སུམ་བརྒྱ་ལྷག་ལ་བསྡད་པ་རེད། ད་ཕར་མན་ཇུ་དབང་བསྒྱུར་བྱས་ནས་བསྡད་འདུག རྒྱ་གར་ཀྱང་སྟོན་པ་འདས་ནས་ལོ་སུམ་བརྒྱ་བཞི་བརྒྱའི་ནང་དུ་གྷི་རིག་གིས་དབང་བསྒྱུར་བྱས་པ་དང་། དེ་ནས་ཆོས་རྒྱལ་མྱ་ངན་མེད་ཀྱི་རྗེས་སུ་དབུས་ཨེ་ཤེ་ཡའི་ཀུ་ཤན་རྒྱལ་རབས་ཀྱི་དབང་བསྒྱུར་བྱས། དུས་རབས་བཅུ་པ་ཙམ་ནས་ཕར་ཤི་ཡ་དང་། ཨབ་གྷ་ནི་སི་ཐན་ནས་ཡོང་བའི་སུལ་ཏན་རིན་བྱུང་དང་། དེ་ནས་སོག་པོའི་རིགས་ལས་ཆད་པའི་མུ་གྷལ་རྒྱལ་རབས། དེ་ནས་དབྱིན་ཅིས་དབང་བསྒྱུར་བྱས་ནས་ལོ་སྟོང་ཕྲག་ཙམ་གྱི་རིང་ལ་ཁོ་རང་ཚོས་ཁོ་རང་ཚོའི་ལུང་པར་དབང་བསྒྱུར་བྱས་ཐུབ་མི་འདུག ཡིན་ན་ཡང་། ད་ལྟོས་དང་། མདོར་ན་རྒྱལ་ཁབ་ཀྱི་དོན་ཆེན་ཟེར་བ་དེ་མིག་རྒྱང་རིང་པོར་ལྟ་བལྟས་ནས་བྱ་བ་བསྒྲུབ་དགོས་པ་རེད། འཆར་གཞི་བཀོད་དགོས་པ་རེད།
འཇིག་རྟེན་འདིར་ཨ་མའི་མངལ་་ནས་འཐོན་པའི་ཉི་མ་དེ་ནས་ འཇིག་རྟེན་མི་རེར་སོ་སོར་དབང་བའི་ས་ཆ་རེ་འཇིག་རྟེན་ལས་ཀྱི་སྦྱིན་ཡོད་འཇིག་རྟེན་མི་སུ་གཅིག་གི་ནམ་ཡང་འཕྲོག་མི་ཉན་ན་། ས་ཆའི་བདག་དབང་དང་མི་རིགས་རང་དབང་གཉིས་དུས་ནམ་ཡང་ནོར་ནོར་མི་ཉན་་ནོ་།
ས་ཆའི་བདག་དབང་ཐུབ་པ་ལ་རང་བཙན་་ཟེར་བ་རེད་། མི་རིགས་ལ་རང་དབང་ཡོད་ན་རང་སྐྱོང་རེད་། དེ་གཉིས་མེད་ན་སྟོང་བཤད་རེད་། དུས་ཚོད་བསྐྱལ་ནས་མི་ཡུལ་དུ་སྐྱབས་བཅོལ་ནས་འདུག་རྒྒུ་རེད་།
ཧ་ཧ་ཧ་ྸ
བོད་མི་རིགས་ལ་རྒལ་ཚིག་དང་ཁྲག་རྩ་ཡོད་ན་རང་བཙན་ལས་གཞན་དུ་ནམ་ཡང་ཁ་ཕྱོོགས་མི་ཉན་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་མེད་པའི་གཞོ་ན་ནུ་ཚོགས་པ་་འདྲ་བོ་ལྟ་སྒྲུབ་ལ་འགན་མ་འཁུར་བར་རང་མིང་གྲགས་་ཐབས་་ཀྱང་ཀྱང་བྱས་བསྡད་ནས་་བོད་མི་རིགས་ཀྱི་མདུན་ནམ་ཡང་ངོ་ཀྱག་ཁག་པོ་རེད་།
བཙན་བྱོལ་སྤྱི་ཚོགས་ནང་ཚོགས་པ་མང་པོ་ཡོད་ཀྱང་ཚང་མ་ལྟ་སྒྲུབ་མེད་པའི་གང་ཟག་ལ་རྟེན་ནས་ཕྱོགས་གཏོགས་དང་ལུང་ཚན་ཤོོག་སྒྲིལ་ལ་སྐྱབས་བཅོལ་ནས་མགོ་འདྲེན་རིང་ལུགས་བརྒྱུད་ནས་རང་མིང་གྲགས་མཁན་ཤ་སྟག་མ་རེད་དམ་།
བོད་ཀྱི་གནས་སྟངས་ཧ་ཅང་ཡ་མཚན་ཞིག་རེད་འདུག ཧ་ཅང་སེམས་ཐག་ཆོད་ཅིང་བློ་ཁོག་ཆེ་ལ་ལག་བསྟར་ཐུབ་མཁན་ཚོའི་རང་གི་ལུས་པོ་མེར་སྲེག་སྟེ་གྲོངས། ཅི་གང་ཡང་བྱེད་རྒྱུར་བློ་ཁོག་མེད་ཅིང་རང་ཉིད་ས་ཆ་བརྟན་ས་ཞིག་ལ་བསྡད་ནས་ཁ་བདེ་པོ་ཤོད་མཁན་ནི་མང་། འཛམ་གླིང་ནང་གི་ལོ་རྒྱུས་ག་ཚོད་ལུང་འདྲེན་བྱེད་རུང་དོན་དངོས་ཐོག་དུས་དང་། མི། འགོ་འཁྲིད། མི་མང་། བསམ་བློ་འཁྱེར་ཚུལ་ཚང་མའི་སྒོ་ནས་མི་འདྲ་བ་ཡིན། ལོ་རྒྱུས་སུ་རྒྱལ་ཁབ་རང་བཙན་བླང་པ་དེ་དག་ནས་ཡུལ་མི་རང་ཡུལ་ནས་ཕྱི་ལ་བྲོས་ཏེ་རང་བཙན་རྩོད་མཁན་གཅིག་ཀྱང་མེད། རང་ཉིད་འབྱོར་ལྡན་རྒྱལ་ཁབ་ཀྱི་མི་དང་གཅིག་མཚུངས་ཀྱི་བདེ་སྐྱིད་ལ་རོལ་ཞིང་རྒྱལ་ཁབ་གཞན་ལ་རང་བཙན་ལེན་རོགས་ཞུ་མཁན་ཡང་བྱུང་མྱོང་མེད། ཆུང་ས་རང་གི་མི་རིགས་ཀྱི་བུ་ཕྲུག་ལ་ཤེས་ཡོན་གྱི་མཐུན་རྐྱེན་སྤྲོད་མི་ཐུབ་པ་གཞན་ནས་སློང་སྡོད་དགོས་མཁན་གྱི་བོད་མི་ཚོའི་རང་བཙན་ཞིག་ཡོང་བ་རྨི་ལམ་གཏོང་བ་ཙམ་ནི་ཡ་མཚན་ཞིག་རེད་བསམས། གང་ལྟར་བོད་འདི་རིང་མིན་མི་ཁ་བདེ་དེ་ཚོའི་འོག་ནས་འཇའ་ལྟར་ཡལ་རྒྱུའོ། ངའི་བསམ་ཚུལ་འདི་ནང་དག་ཆ་སོགས་ནོར་ཡོད་ངེས་ལ་བརྟེན་དགོངས་འགལ་མེད་པ་ཞུ།།
ཁྱོད་ཚོས་བསམ་ཤེས་ཡོད་མདོག་གི་སྐད་ཆ་སྐྱག་དྲི་ཅན་ཚོ་འདིར་བདུགས་དགོས་དོན་མེད། སྔར་ཞིག་ནས་རང་རེའི་གོང་མའི་གོང་མ་ཚོས། ཁྱེད་ཚོས་བོད་དོན་ནི་ཚུལ་ཇི་འདྲ་ཞིག་ནས་དོན་གང་ཅན་པོ་བསྒྲུབ་རྒྱུ་ཡིན་ནའང་། དེ་ནི་ཚོགས་སྒེར་བའི་རང་དབང་ཡིན་པར་བསྒྲགས་པ་མ་ཟད། རང་བཙན་བརྩད་པ་ནི་དེ་ལས་ཀྱང་བོད་རང་གི་ལོ་རྒྱུས་ལ་གཞིགས་ནས་བཤད་ན། བདེན་པར་བརྩད་པའང་ཡོངས་སུ་གྲགས་པ་གནང་ཡོད། ད་ལྟའི་ཁྱོད་ཚོའི་སྐད་ཆ་ཤུན་པ་ལྟ་བུ་འདི་ཚོ་ནི་སངས་རྒྱས་ལ་ཀ་ཁ་དང་། ཨ་ཕ་ལ་རྒྱོ་རྒྱག་སྟངས་བསླབས་པའི་ཟོལ་ལས་མ་འདས་པར་མ་ཟད། སྡུག་ས་ནས་བཤད་ན་ནག་ཚོང་གི་སྐད་ཆ་ཏག་ཏག་རེད་འདོད།
བཙན་བྱོལ་གཞུང་མ་རེད། བཙན་བྱོལ་སྒྲིག་འཛུགས་རེད། འདི་རྩ་ཁྲིམས་ནང་གི་ཐ་སྙད་རེད། སུ་ཞིག་རང་ཁོངས་རང་གཏོགས་ཀྱི་རྩ་ཁྲིམས་དང་འགལ་བ་ཡོད་ན། མི་དེར་ལྷག་མའི་མིང་ཞིག་བྱུང་བ་ནི་ནག་ཉེས་ཅན་ཞེས་པ་ཡིན་པར་སོམས། དོན་འདི་ཁད་ཀྱི་སྣང་ཚོད་ལ་ཆུང་ངུར་བསམ་ཡང་། ནང་དོན་གྱི་ཐད་ནས་ཛ་མི་དྲག་རྒྱུ་མེད་དེ། བཅའ་ཁྲིམས་རིན་པོ་ཆེར་ངོ་ལོག་བརྒྱབ་པས་སོ།
སྤྱིར་དུས་འདིར་བོད་རང་བཙན་བཤད་ན་རྒྱ་དམར་ལས་བོད་མི་ནང་ཁུལ་ལ་ཞེད་སྣང་དགོས་པའི་དུས་ཚོད་འདི་ལ། རྒྱལ་གཅེས་ལྷག་བསམ་ལྡན་པའི་བོད་རང་བཙན་གྱི་འཚོགས་ཆེན་ཞིག་འཚོགས་བཞིན་པར་སྙིང་ཁུང་རུས་པའི་གཏིང་ནས་དགའ་བསུ་ཞུ།ང་ཚོ་དགྲ་ལས་ནང་ལ་གཟབ་དགོས་པའི་དུས་ཅི་ཡིན་ན་ཡང་། ང་ཚོས་གྲ་སྒྲིག་དང་འཆར་གཞི། རྩ་འཛུགས་ཡོད་པའི་དམིགས་ཡུལ
བཟང་བོ་ཞིག་བཟུང་ནས་ལམ་ལ་ཆས་རོགས། བོད་རང་བཙན་རྒྱལ་ལོ།
བདེན་ནོ་བདེན་་ནོ་།།
༄༄།་ ན་མོ་། སངས་རྒྱས་ཀྱི་བཀའ་བདེན་པ་དང། ཆོས་ཉིད་ཀྱིས་བདེན་པ་དང། བོད་ལོ་རྒྱུས་ཀྱི་རང་བཙན་བདེན་པ་དང། བདེན་པ་ཆེན་པོ་་སྟོབས་ཀྱིས་རྒྱ་རོ་དམར་པོ་སྐད་ཅིག་མ་གཅིག་་ལ་ཐལ་བའི་སྡུལ་འཕྲན་བཞིན་དུ་མེད་པར་ཅིག། ཤི་ཤི་རྒྱ་རོ་ཞི་ཅི་ཕིང་བདེན་བ་ཅན་དུ་སྐྱེས་ནས་བོད་ལ་ཕན་སེམས་ཡང་དག་པ་་ཞིག་སྐྱེས་བར་གྱུར་ཅིག།
“རྩོམ་ཡིག་འདིའི་ནང་བཙན་བྱོལ་བོད་གཞུང་ཞེས་པའི་མིང་ཚིག་བེད་སྤྱོད་བྱས་ཡོད།” འདིར་ཡོད། “བེད་སྤྱོད།” ཅེས་པར་ཡི་གེའི་སྦྱོར་བ་དང་མཐུན་པར་༧རྒྱལ་བ་སྐུ་འཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོས། “བྱེད་སྤྱོད།” ཅེས་ལན་མང་དུ་བྲིས་པ་བཞིན་དུ། བོད་སྲོལ་འཛིན་པར་འདོད་པ་དག་གིས་ཀྱང་འབྲི་ན་གང་འདྲ་འདུག་གམ།
ཁྱེད་ཚོས་མཁྱེན་འོས་པ་ཞིག་ལ། རྒོལ་གཏམ་ཙམ་སློག་པ་ལས་གཞན་ཅི་ཡང་མི་ནུས་པའི་རྒྱལ་ཁབ་ནི་རུས་གསེང་ན་རྐང་མེད་པའི་རྒྱལ་ཁབ་ཅིག་ཡིན་ལ། རྒོལ་གཏམ་ཙམ་སློག་པ་ལས་ཅི་ཡང་མི་ནུས་པའི་སྲིད་གཞུང་ནི་རུས་གསེང་ན་རྐང་མེད་པའི་སྲིད་གཞུང་ཞིག་ཡིན། ང་ཚོའི་ལ་རྒྱ་དང་ཕ་ཡུལ། འཚོ་གནས་ཀྱི་ཁོར་ཡུག་སོགས་འཇིག་ཉེན་གྱི་གཡང་དུ་ལྷུང་དུས། རྒོལ་གཏམ་ཙམ་ལས་ཅི་ཡང་མི་ནུས་པའི་ངོ་ཚ་མེད་པའི་སྲིད་གཞུང་དེ་ལྟ་བུ་ནི་ང་ཚོར་དགོས་དོན་གཏན་ནས་མེད་ལ། མཇུར་མཐར་ཁྱེད་ཚོས་ཁོ་ཚོ་ལོགས་སུ་གཡུག་པ་གདམ་གསེས་བྱ་ངེས།།
ཁོང་གི་བཀའ་སློབ་ལ་གཟིགས་དང་། འདི་མཐོང་དུས་ང་ཚོ་རང་བཙན་འཐབ་རྩོད་པ་རྣམས་ཕམ་ཉེས་བཏང་མཁན་རྒྱལ་ཚོང་པ་ཁག་ལ་ཞེན་པ་གཏིང་ནས་ལོག་གི།
བུ་ངན་ཕ་མར་རྩུབ་ཟེར་བའི་གཏམ་དཔེ་ལྟར། མི་འཇོན་མི་ཐུབ་ནི་དག་ལ་ནམ་ནམ་ཞར་ཞར་དུ་རང་མི་ཞིག་གིས་མ་བཟང་བ་ཞིག་བྱས་བཞག་པའི་སྣང་བ་འཁོར་སྟེ། སྤྲོ་ལངས་འདུག་ས་རང་མིའི་ཐོག་ཡིན། ངེས་དོན་དུ་འདིས་བྱས་སོང་ཟེར་བ་ཞིག་ཏན་ཏན་ཏིག་ཏིག་གིས་ངོ་སྤྲོད་རྒྱུ་མེད་ཐོག ལྡོག་སྟེ་སྒྲོ་སྐུར་ལུང་པ་གང་གིས་རང་སྡེར་དཀྲུག་ཤིང་རྒྱག་ཀྱང་དཔེ། དེ་ལས་ཀྱང་དགོད་འོང་བ་ཞིག་ནི། མ་ཤེས་ཀྱང་ཤེས་པར་བརྫུས་ནས་ཞྭ་དཔེ་ལྷམ་འགེབས་ལ་དགའ།
ཧར་བཤད་དབྱར་རྔ་ལྡིར་བའི་སྟོང་སྒྲ་ཡི།
བདག་པོ་ནམ་མཁའི་མེ་ཏོག་ཡག་ཡག་ཚོ།
དོན་ལ་ཨ་མའི་པང་ན་སྐྱིད་ཉལ་བའི།
གཅིན་སྐྱག་མཛོད་ཀྱི་བྱིས་པ་སྙིང་རྗེ་ཞིག
ཙི་ན་རྒད་པོའི་ཟླ་འོད་ངོགས་ཀྱི་མདའ།
གང་ཞིག་འོ་མའི་རྒྱ་མཚོའི་ནང་གི་ཁྲག
གསེར་མདོག་ཉིན་མོའི་སྣང་བ་གསལ་ལེ་ན།
རིགས་ཀྱི་ནང་མིའི་སྤྱན་ཁར་དམར་རྫོབ་རྫོབ།
ཀྱི་ཧུད་ཕ་སྤྲེའུ་གཅིག་པའི་བུ་རྒྱུད་ཚོ།
ཕྱི་ནང་ལྟ་ཕྱིར་བློ་མིག་གཙང་ཁྲུས་དང་།
ཨ་མས་ཕྱག་གཡས་བསྲིངས་སའི་དག་ཞིང་ནི།
སུ་ཡིས་བྲང་ནས་དབྱུང་ལ་སྤོབས་པ་ཐན།
ཤེས་ཡོན་ཡོད་ནས་ཤེས་བྱ་སྤུང་མ་རུང་།
མི་གཞི་བརླགས་ཏེ་མི་ཁ་མ་བཞག་ཚེ།
ཕ་མ་བོད་ཞིག་ཡིན་པའི་བོད་ཕྲུག་ལ།
སྐྱེས་པའི་དོན་སྒོ་སྐྱེ་བ་ཀུན་ཏུ་ཡོད།
བདེ་མོར་འཇོག
བོད་རང་བཙན་ནི། ལེན་རྒྱུ་མེད་ཡང་བཤད་རྒྱུ་དགོས་ནི་རེད། དེ་ནི་མི་རིགས་ཞིག་གི་ལོ་རྒྱུས་རེད། འདི་ནི་མགོ་ནག་ཚང་གི་ཤི་གསོན་རེད། དེ་ནི་གདོང་དམར་མེས་དཔོན་གྱིས་སྐྲུན་པའི་རྒྱལ་ཁབ་རེད། འདི་ནི་རྒྱ་དམར་ལོག་སྤྱོད་ཀྱིས་བཅོམ་པའི་ཕ་གཞི་རེད།
ཀརྨ་པ་གཉིས་དང་དོལ་དགེ་གཉིས་གཅིག་པ་དགོས་ན་བདེན་རྫུན་གཉིས་ཡང་གཅིག་པ་དགོས། གང་ཡིན་ཟེར་ན་འདི་གཉིས་ནི་གཅིག་བདེན་པ་དང་གཅིག་རྫུན་པ་ཡིན་པས་སོ། འཇུ་ཆེན་གྱིས་བཙན་བྱོལ་སྒྲིག་འཛུགས་ལས་རྒྱ་ནག་གཞུང་བཟང་བ་བཤད་ཡོད་ན་ཁོ་རྒྱ་མིའི་རྒྱུག་ཁྱི་ཡིན་པའི་རྟགས་རེད། གཞན་སུ་བཟང་སུ་ངན་མི་ཚང་མས་ཤེས་གསལ་རེད།
ལུང་རྟོག་ལགས་ཀྱི་སྐད་ཆ་དམར་པོ་མེ་ལས་ཚ་རེད། ཅི་དེ་འཚིག་རྒྱུ་ཞིག་ཡིན་ན། དེ་ཐལ་བར་ལོག་ཡོད། ཧེ་ཧེ། ཀུ་རེ་ཡིན།
ཕོ་་སྙིང་མེད་གྲི་མགོ་སག་ལ་ཟེར་།དམན་འཕྱོར་མེད་བཀྲ་ལོ་རྒྱེན་ལ་བཤད་།
ཟེར་ཡང་ཟེར་ལ་བདེན་ཡང་བདེན་།
རང་བཙན་གྱི་སྐད་ཆ་བཤད་སྐབས་ཁྱེད་ཚོ་བཞེད་དགོས་མ་རེད་།
དེ་འདྲ་བཞེད་ཀྱི་་ཡོད་ན་རྒྱ་མི་ལ་མགོ་་གུས་ཕར་བོད་ལ་ལོག་།
རང་བཙན་བརྩོད་དུ་མི་ཡུལ་དུ་ཡོང་མེད་ན་་མི་ཡུལ་དུ་མི་གཡོག་རྒྱུགས་
དུ་ཡོང་བ་ཡིན་ནམ་།
ཇུས་ཏོག་ལགས། ཁྱེད་རང་ངོ་མ་བཙན་བྱོལ་ནང་ལ་རང་བཙན་རྩོད་དུ་ཡོང་བ་ཡིན་ནམ། ཡིན་ན་ད་བར་དུ་རང་བཙན་དོན་དུ་འབད་པ་ཅི་ཞིག་བྱས་ཡོད།
༇གོང་ས་མཆོག་གིས།
བོད་རང་བཙན་ནི། ང་ཚོའི་ཐོད་ཐང་རེད། འོནད་ཀྱང་་་་་་་
ཨ་རྡོ་ལགས་ཀྱིས་བཤད་པ་བདེན། རང་བཙན་ནི་རང་ས་རང་ཡུལ་ནས་ལེན་དགོས་རེད་མ་གཏོགས་གཞན་ས་ཞིག་ནས་ལེན་རྒྱུ་ནི་ཁག་པོ་རེད། ང་ཚོའི་འདིར་རང་བཙན་དགོས། རང་བཙན་ཡིན་ཞེས་སྐད་ཅི་ཙམ་བརྒྱབ་ཀྱང་། དགྱ་ནག་པོའི་ངོ་མདོག་ཙམ་ཡང་སྟོན་རྒྱུ་མ་རེད། དེ་བས་ཀྱང་མི་སྤྲོད་པ་ཞིག་ནི་ཚད་མཐོའི་རང་སྐྱོང་རེད། རང་བཙན་ལས་ཁོང་ཚོ་འདི་ལ་སྐྲག་སྣང་ཆེ། རང་བཙན་ཞེས་པ་ཙམ་ལས་འཕྲོག་མི་ཐུབ་པ་དགྱ་ནག་པོའི་ཤེས་ཀྱི་རེད། འུ་ཚོའི་སེམས་ན་ཡང་གསལ་གྱི་རེད། རང་སྐྱོང་ནི་སྤྲད་མི་སྤྲད་ལ་ཐུག་ཡོད། མ་སྤྲད་ན་རྒྱལ་སྤྱིའི་ནང་གནོན་ཤུགས་ཆེ། སྤྲད་ན་ནི་རང་དབང་དང་སྟོབས་ཤུགས་རྒྱས་དུས་ཁོ་ཚོ་ལ་ཁེ་ཕན་ཅི་ཡང་མི་རག་པས་འདི་ལ་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་ནས་ཁ་གཅོད་ཐབས་བྱས་ནས་བསྡད་ཡོད་པ་ཀུན་ལ་གསལ་བ་འདི་རེད།