གནས་ཚུལ་མཁོ་གཏོང་བ། རྨེའུ་དཀོན་རྒྱམ།
དེ་རིང་ཉིན་གུང་སོག་པོའི་རྒྱལ་ས་ཨོ་ལན་པཱ་ཊོར་དུ་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཐེངས་བཅུ་གསུམ་པ་དེ་དབུ་འཛུགས་གནང་ཡོད་པ་དང་། ཚོགས་ཐོག་ཏུ་བོད་ཕྱི་ནང་གཉིས་དང་ཕྱི་རྒྱལ་ཡུལ་ཁག་བཅས་ནས་བོད་རིག་པ་སྨྲ་བ་བཞི་བརྒྱ་ལྷག་འདུ་འཛོམས་ཀྱིས་མ་འོངས་པའི་ཉིན་བདུན་རིང་ཚོགས་ཆུང་ཁག་བགོས་ཀྱིས་མཁས་པ་སོ་སོའི་ཆེད་རྩོམ་སྒྲོགས་སྦྱང་གནང་རྒྱུ་རེད། སོག་པོའི་ཚན་རིག་ཞིབ་འཇུག་ལྟེ་གནས་ཀྱི་ལོ་རྒྱུས་ཞིབ་འཇུག་ཁང་དང་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པ། སོག་པོའི་རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་སྤྱི་ཚོགས་ཚན་རིག་སློབ་གླིང་དང་སོག་པོའི་བོད་རིག་པའི་ཞིབ་འཇུག་ཚོགས་པ་བཅས་མཉམ་འབྲེལ་ཐོག དེ་རིང་གཟའ་ཉི་མའི་ཉིན་རྒྱབ་ཆུ་ཚོད་ ༢།༣༠ སྟེང་། སོག་པོའི་རྒྱལ་ས་ཨོ་ལན་པཱ་ཊོར་(Ulan Bator)གྱི་སོག་པོའི་རང་དབང་ཚོགས་ཁང་ཆེན་མོ་ཞེས་པ་རུ། ༼རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་ཐེངས་བཅུ་གསུམ་པ།༽ཞེས་པ་དེ་དབུ་འཛུགས་གནང་སོང་།
ཚོགས་འདུའི་སྐུ་མགྲོན་དུ་སོག་པོའི་རྒྱལ་སར་རྟེན་གཞི་བྱས་པའི་རྒྱ་གར་གྱི་གཞུང་ཚབ་ཆེན་མོ་དང་། སོག་པོའི་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཏེ་ལོ་རིན་པོ་ཆེ། ཨ་རིར་རྟེན་གཞི་བྱེད་པའི་བོད་སོག་ནང་པའི་རིག་གཞུང་གཅེས་སྐྱོང་བསྟི་གནས་ཁང་གི་འགན་འཛིན་ཨ་ཀྱ་རིན་པོ་ཆེ་སོགས་གཙོས། གདན་ཞུའི་ཚོགས་བཅར་བ་རྣམས་དང་ཟུར་ཉན་པ་བཅས་ཁྱོན་མི་གྲངས་ ༨༠༠ ཙམ་མཉམ་ཞུགས་གནང་འདུག
ཚོགས་འདུ་དངོས་གཞིར་རྒྱལ་ཁབ་ ༣༦ གི་བོད་རིག་པའི་མཁས་པ་ ༤༦༠ ཙམ་མཉམ་ཞུགས་གནང་ཡོད་པའི་ཁྲོད། བོད་ནང་ནས་ཕེབས་མཁན་པ་སངས་དབང་འདུས་དང་། གུ་གེ་ཚེ་རིང་རྒྱལ་པོ། ཐུབ་བསྟན་ཕུན་ཚོགས། རྒྱལ་མོའི་འབྲུག་པ། སྐྱབས་ཆེན་བདེ་གྲོལ་སོགས་མཁས་པ་ ༥༠ ལྷག་དང་། རྒྱ་གར་ནས་བོད་མིའི་སྒྲིག་འཛུགས་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་དང་། ཨ་མྱེ་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་། ཤེས་རིག་ལས་ཁུངས་ཀྱི་ཉམས་ཞིབ་པ་ཆུང་ཚེ་རིང་། གློག་ཀླད་ཆེད་མཁས་པ་བློ་བཟང་སྨོན་ལམ། བསོད་ནམས་རྒྱལ་མཚན།གཙང་ཕྲུག་སྟོབས་སོགས་མི་ ༣༠ ཡས་མས། དེ་མིན་རྒྱལ་ཁབ་གཞན་ནས་འབུམ་རམས་པ་ཚེ་རིང་ཤཀྱཱ་ལགས་དང་བཀྲེས་མཐོང་བསྟན་འཛིན་རྣམ་རྒྱལ་སོགས་ཕེབས་འདུག
དབུ་འཛུགས་མཛད་སྒོའི་སྟེང་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་སྐུ་ཞབས་(Charle Ramble)ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ཐེངས་འདིའི་ཚོགས་འདུར་ཐོག་མ་སྙན་ཞུ་འབུལ་མཁན་ ༧༣༠ ཙམ་བྱུང་ཡོད་པ་ལས། ཞིབ་འཇུག་ཆེད་རྩོམ་ ༦༤༠ ཙམ་ལེགས་བདམས་ཀྱིས་གདན་ཞུ་གནང་ཡོད་ཀྱང་། རྒྱ་ནག་གཞུང་གི་བཀག་སྡོམ་འོག་བོད་ནང་ནས་མངཔོ་ཞིག་ཕེབས་ཐུབ་ཡོད་མི་འདུག ད་རེབ་ཀྱི་ཚོགས་འདུ་ཕྱི་ཚེས་༢༡ ནས་ ༢༧ བར་འཚོགས་རྒྱུ་ཡིན་པ་དང་། བོད་རིག་པའི་མཁས་པ་རྣམ་པའི་ཆེད་རྩོམ་ཁག་དབྱེ་བ་༡༧ ལ་བཀར་ཏེ་ཚོགས་ཆུང་ ༤༧ ལ་ཁག་བགོས་ཀྱིས་སྒྲོགས་སྦྱང་གནང་རྒྱུ་ཡིན་འདུག
ཚོགས་འདུ་དབུ་འཛུགས་ཐོག་སོག་པོའི་ཚན་རིན་ཞིབ་འཇུག་ལྟེ་གནས་ཀྱི་དབུ་འཛིན་(Ekhtushin)ལགས་ཀྱིས། ལ་ཋིན་(Latin)གྱི་སྐད་དང་ཡི་གེས་དུས་རིམ་བར་མའི་ཡུ་རོབ་ཀྱི་རིག་གཞུང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བྱུང་བ་ཇི་བཞིན། བོད་ཀྱི་སྐད་དང་ཡི་གེ་ཡང་དུས་རབས་ ༡༦ ནས་ ༡༩ བར་སོག་པོའི་རིག་གནས་དང་རྩོམ་རིག ལག་རྩལ་སོགས་འཕེལ་རྒྱས་འགྲོ་བར་ཕྱག་རྗེས་ཆེན་པོ་བཞག་ཡོད་སྐོར་བརྗོད་སོང་།
དེ་རྗེས་སོག་པོའི་གཙུག་ལག་སློབ་གྲྭ་ཆེན་མོའི་དབུ་འཛིན་(A.GAL.TBAYAR)ལགས་ཀྱིས། དེང་སྐབས་འཛམ་གླིང་ཡོངས་འབྲེལ་འདྲིས་ཧ་ཅང་སྟབས་བདེར་འགྱུར་བཞིན་པའི་སྐབས་འདིར། ནང་ཆོས་དང་བོད་རིག་པར་ཞིབ་འཇུག་བྱེད་མཁན་སོག་པོའི་མཁས་པ་ཙམ་མ་ཟད། འཛམ་གླིང་ཁྱོན་ཡོངས་ལ་ཁྱབ་པའི་མཁས་དབང་ཚོས་ཕན་ཚུན་ཐུག་འཕྲད་དང་། ཉམས་མྱོང་དང་གོ་རྟོགས་སྤེལ་རེས་སོགས་ཞིབ་འཇུག་གི་ཁྱབ་ཁོངས་ཇེ་ཡངས་སུ་གཏོང་གི་ཡོད་སྐོར་བརྗོད་སོང་།
སོག་པོའི་ནང་པའི་ལྟེ་གནས་ཀྱི་ཚོགས་གཙོ་བཀའ་བཅུ་པ་རྒྱ་མཚོ་མཆོག་གིས། “བོད་གངས་ཅན་གྱི་བོད་མི་ཚོས་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་ནས་རྒྱ་གར་འཕགས་པའི་ཡུལ་ནས་ཐུབ་པའི་བསྟན་པ་བོད་དུ་གདན་འདྲེན་ཞུས་པ་མ་ཟད། ཁོང་ཚོས་རྩ་ཆེའི་རིག་གཞུང་དེ་ཉིད་རྒྱུན་འཛིན་དང་གོང་འཕེལ་གཏོང་བར་མཛད་རྗེས་ཆེན་པོ་བཞག་ཡོད་ལ། དེང་སང་འཛམ་གླིང་གང་སར་བོད་ཀྱི་ནང་ཆོས་དང་དེའི་ཁྱད་དུ་འཕགས་པའི་ཤུལ་བཞག་རིག་གནས་ལ་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད། ལྷག་པར་བོད་ཀྱི་རིག་གཞུང་ལ་དགའ་དད་དང་ཞིབ་འཇུག་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། ང་ཚོ་ཆེན་པོ་ཧོར་གྱི་སོག་རིགས་ཚོས་བོད་གངས་ཅན་གྱི་ཡུལ་ནས་དམ་པའི་ཆོས་གདན་དྲངས་པ་དེས་ང་ཚོའི་རིག་གཞུང་སོགས་ཕྱོགས་ཡོངས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད། དེའི་སྟབས་ཀྱིས་ང་ཚོས་ནམ་རྒྱུན་བོད་ཀྱི་རིག་གཞུང་དང་བོད་མི་རྣམས་ལ་གུས་བརྩི་བྱེད་བཞིན་ཡོད་ལ། བོད་སོག་མི་རིགས་གཉིས་ནི་དམ་པའི་ཆོས་ཀྱི་སྤུན་མཆེད་དུ་བརྩི་བཞིན་ཡོད”ཅེས་བརྗོད་སོང་།
རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཆཱར་ལེ་རཱམ་བྷེལ་ལགས་ཀྱིས “ཐེངས་འདིའི་ཚོགས་འདུར་སྙན་ཞུ་འབུལ་མཁན་ ༧༣༠ ཙམ་བྱུང་ཡོད་པ་དང་། དེ་དག་ལས་ཞིབ་འཇུག་རྩོམ་ཡིག་ ༦༤༠ ཙམ་ཐོ་འགོད་བྱས་ཡོད་ཀྱང་། བོད་ནང་ནས་མང་པོ་ཞིག་ཐེངས་འདིའི་ཚོགས་འདུར་ཞུགས་ཞུབ་ཡོད་པ་མ་རེད། དེ་སོག་པོའི་གཞུང་གིས་བཀག་པ་མ་རེད་ལ། ལམ་གྲོན་སོགས་ཆ་རྐྱེན་གྱིས་མ་འདང་པའང་མ་རེད། དེ་རིང་ཚོགས་ཐོག་ཏུ་གནས་ཚུལ་འདི་གསལ་བོ་ཞིག་མ་ཞུས་ན། ང་ཚོགས་གཙོས་དྲང་བདེན་ལ་བརྩུ་སྲུང་མ་བྱས་པ་རེད། རྒྱ་གཞུང་གིས་བོད་རིག་པའི་ཞིབ་འཇུག་པ་མང་པོ་ཞིག་བཀག་འགོག་བྱས་པ་དེས་བོད་རིག་པའི་དཔལ་ཡོན་དེ་འཛམ་གླིང་གི་ཞིབ་འཇུག་ཁྱབ་ཁོངས་སུ་འཛུལ་རྒྱུའི་གོ་སྐབས་འཕྲོགས་པ་རེད། གལ་སྲིད། བོད་ནང་གི་ཞིབ་འཇུག་པ་མང་པོ་ཞིག་འཛུལ་ཞུགས་ཐུབ་ཡོད་ན། འཛམ་གླིང་གི་ཞིབ་འཇུག་བྱེད་ཕྱོགས་དང་རིགས་ལམ་སྣ་ཚོགས་སོགས་དངོས་སུ་མྱོང་ཐུབ་ཀྱི་ཡོད་པ་རེད”ཅེས་བརྗོད་སོང་།
ཁོང་གིས་མུ་མཐུད་དོན། “ཐེངས་འདིའི་ཚོགས་འདུ་ནི་ཕྱོགས་ཡོངས་ནས་རྒྱ་ཆེ་ཤོས་དེ་ཆགས་ཡོད། དཔེར་ན། ཞིབ་འཇུག་རྩོམ་ཡིག་གི་བརྗོད་བྱ། ཡིག་ཚགས་རིག་པ། གནམ་གཤིས་འགྱུར་ལྡོག སྤྱི་ཚོགས་ལོ་རྒྱུས་སོགས་རེད་འདུག དེ་མཚུངས་འཛམ་གླིང་གི་རྒྱལ་ཁབ་མི་འདྲ་བ་ ༣༦ ནས་ཚོགས་འདུའི་དངོས་གཞིར་ཚོགས་མི་ ༤༦༠ ལྷག་མཉམ་ཞུགས་བྱས་ཡོད། དེ་རིང་ཚོགས་འདུའི་སྐུ་མགྲོན་དུ་རྒྱ་གར་གཞུང་ཚབ་དང་ཨ་ཀྱ་ཚང་། ཏེ་ལོ་རིན་པོ་ཆེ་སོགས་མཉམ་ཞུགས་གནང་ཡོད”ཅེས་བརྗོད་བྱུང་།
ཁོང་གིས་མུ་མཐུད་དུ། རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་གྲོས་ཚོགས་ཀྱི་དམིགས་ཡུལ་དང་ཚོགས་མིའི་ཆ་རྐྱེན། ལས་དོན་གྱི་གྲུབ་འབྲས་དང་མ་འོངས་པའི་འཆར་གཞི། ལྷག་པར་རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་གྲོས་ཚོགས་ཚོགས་འདུ་ཐེངས་བཞི་པ་དེ་(German)གྱི་གྲོང་ཁྱེར་(Leipzig)ནང་ཚོགས་རྒྱུ་ཡིན་པའི་གནས་ཚུལ་བཅས་ཁྱབ་བསྒྲགས་བྱས་སོང་།
སོག་པོའི་རྒྱལ་ས་ཨོ་ལན་པཱ་ཐུར་ནས་རྨེའུ་དཀོན་རྒྱམ་ནས།
བོད་རིག་པའི་མཁས་པ་རྣམས་ཀྱི་བགྲོ་གླེང་གི་བརྗོད་གཞི་རེ་ཟུང་འདིར་དགོད་ཐུབ་ན་ཡག་པོ་འདུག
ཁ་བརྡའི་དྲ་ཉུལ་པའི་ནང་ནས་སོག་པོར་ཚོགས་པའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུར་ཕེབས་མཁན་བྱུང་ཡོད་དམ།
གསར་འགྱུར་འདི་ལྟ་བུ་འགོད་པ་པོ་ལ་བཀའ་དྲིན་ཆེ། མཁས་པའི་བགྲོ་གླེང་ནང་དུ་བོན་པོའི་མཁས་པ་སུ་དང་སུ་ཞུགས་ཡོད་དམ།
བོད་ནས་ལྔ་ཙམ་དང་རྒྱ་གར་དང་བལ་ཡུལ་ནས་བདུན་ཙམ་ཡོད་ས་རེད་ཡུ་རོབ་ནས་ཁ་ཤས་ཡོད་འདུག གཞན་ཡང་རྒྱ་ནག་ནས་གཉིས་གསུམ་དང་སོག་པོ་ནས་ཁ་ཤས་ལས་སོགས་ཡོད་སྐད་འདུག དེ་མིན་བོན་ལ་ཞིབ་འཇུག་བྱེད་མཁན་མང་པོ་ཕེབས་འདུག་འོན་ཀྱང་ངས་གོ་ཐོས་ཙམ་ལས་ངེས་གཏན་ཤོད་རྒྱུ་མེད་གཅིག་བྱས་ན་དེ་གར་ཕེབས་མི་ཞིག་གིས་གནས་ཚུལ་སྤེལ་སྲིད་པ་རེད།
ཁ་བརྡ་ནང་ན་ཁ་རྒོད་འགའ་རེ་མ་གཏོགས་ཅང་ཉན་སྤྱད། ཅི་གང་ལོ་ནི་རེ་མེད་ནོ་གཞུག་ནས་ཧ་གོ་སོང་། ད་ཚང་མས་མཁས་མདོག་སྟོན་མ་ཡོང་ཨ། ཧ་ཧ།
ཡག་གི ཞིབ་ཀྱིས་བཀླགས་ནས་བུད་སོང།
རྙིང་མའི་འཇིགས་མེད་བློ་གྲོས་དང་། ས་སྐྱའི་བྱམས་པ་བློ་གསལ། བཀའ་རྒྱུད་སྐྱོ་བྲག་དགའ་དབང་། དགེ་ལུགས་རོང་བློ་བཟང་སྙན་གྲགས། ཇོ་ནང་ངག་དབང་རྡོ་རྗེ། བོན་པོ་བྱ་འཕུར་ལྷུན་གྲུབ་རྒྱ་མཚོ་སོགས་ཚོགས་འདུ་དེར་ཞུགས་ཐུབ་ཡོད་དམ། ད་དུང་ལུང་ཚན་གྱི་ཕྱོགས་ནས་མང་པོ་ཞིག་འདྲི་རྒྱུར་ཡོད།
་་་་་་ ཁོང་གིས་མུ་མཐུད་དོན། “ཐེངས་འདིའི་ཚོགས་འདུ་ནི་ཕྱོགས་ཡོངས་ནས་རྒྱ་ཆེ་ཤོས་དེ་ཆགས་ཡོད། དཔེར་ན། ཞིབ་འཇུག་རྩོམ་ཡིག་གི་བརྗོད་བྱ། ཡིག་ཚགས་རིག་པ། གནམ་གཤིས་འགྱུར་ལྡོག སྤྱི་ཚོགས་ལོ་རྒྱུས་སོགས་རེད་འདུག དེ་མཚུངས་འཛམ་གླིང་གི་རྒྱལ་ཁབ་མི་འདྲ་བ་ ༣༦ ནས་ཚོགས་འདུའི་དངོས་གཞིར་ཚོགས་མི་ ༤༦༠ ལྷག་མཉམ་ཞུགས་བྱས་ཡོད། དེ་རིང་ཚོགས་འདུའི་སྐུ་མགྲོན་དུ་རྒྱ་གར་གཞུང་ཚབ་དང་ཨ་ཀྱ་ཚང་། ཏེ་ལོ་རིན་པོ་ཆེ་སོགས་མཉམ་ཞུགས་གནང་ཡོད”ཅེས་བརྗོད་བྱུང་། ་་་་་་
ཡིག་ཚགས་རིག་པ། ཟེར་ན་གང་རེད། འདི་ཨིན་སྐད་དུ་གང་ཡིན་ནམ། ལགས།
རྒྱལ་སྤྱིའི་བོད་རིག་པའི་ཚོགས་གཙོ་དེའི་བོད་མིང་ལ་་་་་གཡུང་དྲུང་ཚེ་དབང་ཞུ་བ་རེད།
ར་སེ་དཀོན་མཆོག་རྒྱལ་མཚན་ཡང་ཕེབས་ཡོད་འདུག
གནས་ཚུལ་ཞེས་པ་དེ་དྲང་བདེན་རིས་མེད་དུ་བྲིས་ན་ལེགས། “ཁོང་(ཚོགས་གཙོ་གཡུང་དྲུང་ཚེ་དབང་)གིས་མུ་མཐུད་དུ། རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་གྲོས་ཚོགས་ཀྱི་དམིགས་ཡུལ་དང་ཚོགས་མིའི་ཆ་རྐྱེན། ལས་དོན་གྱི་གྲུབ་འབྲས་དང་མ་འོངས་པའི་འཆར་གཞི། ལྷག་པར་རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་གྲོས་ཚོགས་ཚོགས་འདུ་ཐེངས་བཞི་པ་དེ་(German)གྱི་གྲོང་ཁྱེར་(Leipzig)ནང་ཚོགས་རྒྱུ་ཡིན་པའི་གནས་ཚུལ་བཅས་ཁྱབ་བསྒྲགས་བྱས་སོང་།” དེ་འདྲའི་དམིགས་ཡུལ་དང་ཚོགས་མིའི་ཆ་རྐྱེན། ལས་དོན་གྱི་གྲུབ་འབྲས་དང་མ་འོངས་པའི་འཆར་གཞི་རྣམས་གསུང་མཁན་དེ་རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་ཚོགས་གཙོ་གྷུ་རུང་སྐལ་བཟང་ནོར་བུ་ལགས་རེད། ཁོང་བོན་པོ་ཞིག་རེད།
ད་དུང་བོད་ནས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་གླིང་གི་གླིང་གཙོ་སྟེ། སློབ་དཔོན་ཆེན་མོ་ཚེ་རིང་ཐར་ལགས་དང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ཤར་པ་ཐོགས་མེད་གཉིས་ཀྱང་ཕེབས་ཡོད་ཅིང་། ཁོང་གཉིས་ཀྱང་བོན་པོ་རེད།
ད་དུང་རྒྱ་བལ་དང་ནུབ་ཕྱོགས་སོགས་ནས་ཕེབས་པའི་བོན་པོའི་ཞིབ་འཇུག་པ་མང་པོ་ཡོད་པའང་མཉམ་པར་བསྒྲོན་ཡོད་པ་ལ་གཟིགས་ན་ཤེས།
ཕྱོགས་ཡོངས་ནས་བལྟས་ན་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་མགོ་འཛུག་དང་རྒྱུན་སྲིང་མཇུག་སྐྱོང་ཚང་མའི་ཐད་བོན་པོའི་མཁས་དབང་ཚོ་བཀའ་དྲིན་ཆེན་པོ་རེད། ཚོགས་འདུ་འདི་ཐོག་མར་མགོ་འཛུག་གནང་མཁན་གཙོ་བོ་ཞིག་ནི་རྙིང་བོན་པ་ནམ་མཁའི་ནོར་བུ་ཡིན་ཞིང་། ཁོང་གི་རྗེས་སུ་ཚོགས་འདུ་གཙོ་སྐྱོང་བ་ཞིག་ནི་བོན་པོ་མཁར་རྨེའུ་བསམ་གཏན་རེད། མཁར་རྨེའུ་རྗེས་སུ་དེང་སྐབས་ཀྱི་གཙོ་སྐྱོང་བ་ཆར་ལེ་སི་ཡང་བོན་གྱི་ཞིབ་འཇུག་པ་གྲགས་ཅན་ཞིག་རེད། བོན་པོ་ཚོ་ནི་མི་གྲངས་ཉུང་ཡང་ཡོན་ཏན་ཆེན་པོ། ཐབ་ཆུང་ཆུང་ནང་ལ་མེ་ཚ་བོ་འབུད་མཁན་དེ་འདྲ་རེད། མི་བདེན་བསམས་ན་རྒྱ་གར་གྱི་སིམ་ལའི་བོན་དགོན་དུ་ཕེབས་དང་ཤེས་ཡོང་།
http://www.himalayabon.com/news/2013-07-17/243.html
རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཐེངས་བཅུ་གསུམ་པ་དོན་དང་ལྡན་པ་འོངས་བའི་སྨོན་འདུན་ཡོད། བོད་རིག་པ་དར་རྒྱས་ཤོག །
གང་ལྟར་རྒྱལ་སྤྱིའི་བོད་རིག་པའི་གཞོན་ནུའི་ཚོགས་པའི་དམིགས་ཡུལ་དང་ཚོགས་མིའི་ཆ་རྐྱེན། ལས་དོན་གྱི་གྲུབ་འབྲས་དང་མ་འོངས་པའི་འཆར་གཞི་རྣམས་གསུང་མཁན་དེ་ཚོགས་གཙོ་གཡུང་དྲུང་ཚེ་དབང་མ་ཡིན་པར་གཞོན་ནུའི་བོད་རིག་པའི་ཚོགས་གཙོ་གྷུ་རུང་སྐལ་བཟང་ནོར་བུ་ཡིན་པར་ཤེས་དགོས།
Advertisement
A 30-year-old woman from Tibet and two Nigerian nationals have been arrested by the New Delhi district police for allegedly running an international drug peddling racket. The police also recovered 940 grams of cocaine from them, estimated to be worth Rs. 1 crore at least in the international market.
The gang was involved in smuggling of banned drugs and psychotropic substances to western countries through cargo and courier agencies. The seized drugs are sedatives and hypnotic substances, commonly used in rave parties, police said.
The woman, identified as Tsering Choezom, worked in beauty parlors at Majnu Ka Tila and Saket. She was arrested on Saturday along with her two Nigerian associates, identified as Isika Collins, 27, and Omenoys Favor, 27.
SBS Tyagi, DCP (New Delhi), said the police acted after receiving a complaint from one Vashist Kumar, who is the proprietor of a courier agency. In his complaint, Kumar reported about a suspicious parcel that was to be sent abroad.
“Kumar told us that the parcel was booked by a female customer, Pooja Ray, who had sent similar parcels to foreign countries such as Holland and Australia earlier too.
The last parcel — containing fancy laces, golden threads and spiral bands — was given by her for dispatch on July 12 but had been delayed due to documentation issues. Ray made repeated telephone calls and displayed extreme anxiety over the delay in delivery of the parcel, making Kumar suspicious about her credentials. He informed us about the matter,” Tyagi said.
Accordingly, a preliminary forensic check of the substance concealed in the consignment was made with the help of NDPS Kit and upon positive confirmation of presence of a controlled drug, a case was registered and the accused were nabbed from a flat in Tilak Nagar after extensive efforts, added Tyagi.
“In view of the huge quantity of SIM cards, dongles, laptops and other incriminating documents seized from the arrested persons, the possibility of their involvement in the online lottery cheating offences cannot be ruled out,” he said.
དིལླིའི་མ་ཇུ་ཊི་ནང་དུ་ཡོད་པའི་མཛེས་བཛོ་བ་བོད་པའི་བུ་མོ་ཚེརིང་ཆོས་འཛོམ་ལོ་ན་སུམ་ཅུ་ཅན་པོས་ཉལ་ཐག་ཚོང་འབྲེལ་གྱི་གནས་ཚུལ་འདི་ཞབས་འདྲེན་ཞུས་བཞག་ཚགས་པར་འདི་གཟིགས་དང་ཁ་བརྡ་ནང་ལ་གཏོང་ཐབས་ཞུ། ངས་གཡོང་ཤེས་མ་དོང་བས་གཟིགས་རོག།
བོད་རིག་པ་ལ་ཉམས་ཆག་འབྱུང་གི་ཡོད་དང་འཕེལ་རྒྱས་འགྲོ་གི་ཡོད་ཞུ་མི་ཤེས་མོད། བོད་རིག་པའི་ཞིབ་འཇུག་གྲོས་ཚོགས་ནང་ལ་བོད་རིག་པའི་སྐོར་བཤད་པ་གནང་མཁན་བརྒྱ་ཆ་ནས་༨༠ ཐམ་པ་བོད་རིགས་ལས་གཞན་པའི་མི་རིགས་རེད་འདུག་གོ། དེ་ཡིན་དུས་བོད་རིགས་ཚོས་དེ་འདྲའི་ཚོགས་འདུ་ནང་ལ་ཕེབས་རྒྱུ་གལ་ཆེན་པོ་འདུག་དྲན་གྱི་ཡོད། བོན་ཕྱོགས་ནས་བན་དེ་བ་དང་སྣང་ཤེས་དགེ་སམ་དམུ་ཐག་བུ་བརྒྱུད། ཆོས་ཕྱོགས་ནས་ཀླུ་སྨྱོན་རྣམ་པ་ཚོ་ཚོགས་འདུར་ཞུགས་ཡོད་ལས་ཆེ་བསམ་ཡོད་དེ་ཡིན་ན་ཡང་དེ་རིང་བྱས་དུས་ཁོང་ཚོ་བཞུགས་མེད་པ་ཤེས་སོང་། ཁྱེད་རྣམ་པས་མ་འོངས་བོད་རིག་པ་ལ་དོ་སྣང་ཅན་ངེད་ཚོ་ལ་ལམ་སྟོན་གནང་ཆེད་དུ་དེ་འདྲའི་ཚོགས་འདུ་ཞུགས་གནང་རོགས་ཞེས་འབོད་སྐུལ་ཞུ་གི་ཡིན། སྤྱིར་བཏང་གི་བོད་རིག་པའི་སྐོར་ལ་ཞིབ་འཇུག་གནང་མཁན་བོད་སྐད་དང་བོད་རིག་པ་ལ་རྒྱུས་མངའ་ཡག་པོ་ཡོད་མཁན་དབྱིན་ཇི་མང་པོ་འདུག་སྟེ། ཁ་ཤས་བོད་སྐད་ཀློག་ཤེས་མ་ཤེས་ཙམ་བྱས་པ་ཡང་མང་པོ་ཡོད་པ་ལ་བལྟ་དུས། བོད་རིག་པའི་ཚོགས་འདུ་དེ་ཁྱད་མཚར་པོ་འདྲ་ཞིག་ཀྱང་མཐོང་གི་འདུག དེ་ཡིན་དུས་ཁྱེད་བོད་རིག་པའི་མཁྱེན་པའི་བདག་པོ་ཚོ་རྒྱབ་ལོགས་ལ་ཡིབ་ནས་མ་བཞུགས་པར་མདུན་དུ་ཐོན་ནས་ངེད་ཚོའི་མདུན་ལམ་ཞིག་བཟོ་རོགས་གནང་ཟེར་ཡང་བསྐྱར་དུ་གསོལ་འདེབས་ཞུ་གི་ཡོད།
འདི་འདྲའི་རྒྱབ་ལྗོངས་ལ་བོད་མི་རིགས་ཀྱི་གནའ་བོའི་ཆོས་དང་རིག་གནས་རྣམས་གྲོལ་ཕུག་གང་ཡིན་པ་དང་། བོད་མི་རིགས་དེ་བོན་མི་རིགས་ཞིག་ལ་སྒྲུབ་རྒྱུ་མིན་ནམ་སྙམ། གང་ལྟར་དེ་རང་ཡིན་ན་བོད་པ་དེ་རིན་ཐང་ཆེན་པོ་ཞིག་སྒྲུབ་ཡོད།
གཡུ་འབྲུག་དཀར་པོ་ལགས། ཐོག་མར་འདི་ལོའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུར་དམིགས་པའི་དཔྱད་རྩོམ་ཐེབས་ཆག་ཅིག་འབྲི་རྩིས་ཡོད་ཀྱང་། ཨ་རིའི་ནང་གི་ཕྱོགས་བསྐྱོད་ཆོས་འཆད་ཀྱི་ལས་རིམ་འདྲ་མིན་བང་འདྲ་བོ་ཞིག་བསྒྲིགས་ནས་བྱུང་མ་སོང་། སོག་པོའི་རྩྭ་ཐང་ཆེན་པོར་ལན་གཅིག་འགྲོ་དགོས་ནས་རྐང་མཐིལ་ལ་ཟ་འཕྲུག་ལངས་བསྡད་ཡོད།
འོ་གཡུ་འབྲུག་ལགས་ཐུགས་རྗེ་ཆེ་དེ་ལྟར་གསུངས་བར། ཡིན་ནའང་ང་ནི་དེ་ལྟའི་ཤེས་ཡོན་ཅན་ཅིག་མིན། དེ་ལས་འབྲུག་ཡུལ་ལ་ལན་གཅིག་ཡུལ་བསྐོར་སྤྲོ་འཁྱམས་ཞིག་ལ་ཡོང་འདོད། ད་ལྟའི་འཛམ་གླིང་ནང་དུ་ནང་པའི་རྒྱལ་ཁབ་གཅིག་པུ་ཞིག་ཡོད་དེ་ནི་འབྲུག་ཡུལ་རེད། ལྷག་པར་དུ་ང་ཡི་གྲོགས་པོ་ཕྱི་རྒྱལ་བ་ཁ་ཤས་འབྲུག་ཡུལ་ལ་སྤྲོ་ཁྱམས་ལ་འགྲོ་རྒྱུར་དགའ་སྣང་ཆེ་ཤོས་དང། ལྷག་པར་དུ་འབྲུག་ཡུལ་ནི་རང་བྱུང་གི་མཛེས་སྡུག་གིས་བརྒྱན་པའི་ཡུལ་ལུང་ཞིག་རེད་ཅེས་བཤད་བྱུང། ཉིན་ཅིག་སླེབས་པའི་རེ་བ་ཡོད།
འོ་ཁ་སང་རྒན་ཀླུ་སྨྱོན་ལགས་ཕེབས་རྩིས་ཡོད་གསུངས་སོང། ཡིན་ནའང་ཕེབས་མེད་པ་འདྲ། ཡིན་ནའང་ང་ཡི་གྲོགས་པོ་ཞིག་གིས་དེ་ནས་wea hat བརྒྱུད་ནས་བཤད་གསལ་ལ་རྟ་ཡི་འོ་མ་བཏུང་བ་ཡིན་ལས་ཞིམ་པོ་ཞེ་དྲག་འདུག་གསུངས། ཡིན་ནའང་རྟ་ཡི་ཤ་ད་དུང་ཁ་ལ་མ་རག་ཟེར། ཀླུ་སྨྱོན་རྟ་ཤ་དང་རྟ་འོ་རྟ་ཞོ་ཞིག་ད་ལམ་བཟའ་འཐུང་གི་བསྐལ་བ་ཆད་པ་འདྲ། ཡིན་ནའང་ཌོ་ལར་ཡོད་ན་ག་དུས་འགྲོ་འགྲོ་རེད་པ།
ཀླུ་སྨྱོན་ལགས་ཀྱི་རྐང་འཐིལ་ཟ་འཕྲུག་རྒྱབ་མིན་མི་ཤེས་་གཅིག་པོ་དེ་ཏན་ཏན་ཟ་འཕྲུག་རྒྱབ་ཡོད་མདོག་རེད།
ཨ་ལགས་ཀུ་རྩེད་ཞུས་ཡིན། ཀླུ་སྨྱོན་ཁྱེད་རྗེས་མ་Germany ལ་ངེས་པར་དུ་ཕེབས་རོགས། ཡིན་ནའང་དེ་བོད་རིག་པའི་གཞོན་ནུའི་ཚོགས་འདུ་རེད་ཟེར། དེ་བྱས་དུས་ལོ་ན་ཆུང་ཆུང་གི་བཟོ་ལྟ་སྟོན་དགོས་པ་རེད།
གནས་ཚུལ་ཟེར་ན་འདི་འདྲ་དགོས། ཕྱོགས་ཡོངས་ནས་གཟིགས་རྒྱ་ཆེན་པོས་གསུངས་པ་འདི་ཡག་པོ་འདུག ཆུང་ཚེ་རིང་ལགས་དང་དགེ་བཤེས་བློ་བརྟན་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བར་གཤམ་གྱི་དྲ་འབྲེལ་ནས་གསན་རོགས་གནང་།
http://www.rfa.org/tibetan/tamlenggiletsen/tamlengzhalpar/iats-xiii-ulaanbaatar-mongolia-call-in-07222013143913.html
Ulaanbaatar = ཨུ་ལྰན་བྰ་ཏར།
ཚོགས་ཐེངས་བཅུ་གསུམ་ནང་ནས་གཅིག་ཇ་པྰན་ཉི་ཧོང་དང་། གཉིས་པ་ད་ལོ་སོག་ཡུལ་དུ་འཚོགས་པ་འདི་ཨེ་ཤི་ཡ་ནང་ལན་གཉིས་ཙམ་ལས་འཚོགས་མ་ཐུབ་པ་དེ་རྒྱུ་མཚན་གང་ལ་ཐུག་ཡོད་དམ། ལགས།
ཨེ་ཤ་བ་དཔལ་འབྱོར་ཅུང་སྐྱོ་བས་རེད། གྲ་སྒྲིག་གི་དཔལ་འབྱོར་གྱིས་རྐྱེན་གྱི་ཡིན་སྲིད མ་རེད་པས།
བོད་རིག་པའི་ཚོགས་འདུ་ཉི་ཧོང་དང་། སོག་ཡུལ་འཚོགས་ཐུབ་སར། བོད་ཀྱི་རྒྱལ་ས་ལྷ་སར་འཚོགས་མ་ཐུབ་པ་དེ། རྒྱ་གཞུང་གི་ཞབས་འདྲེན་དང་། བོད་རིགས་ལས་བྱེད་པདྨ་འཕྲིས་སོགས་ཀྱང་ངོ་ཚ་དགོས་པའི་གནས་སུ་མི་མཐོང་ངམ། ལགས།
བཀྲ་ཤིས་བདེ་ལེགས་ཡོད། གོ་ཐོས་བྱས་ན། སྐུ་ཞབས་རྩོམ་པ་པོ་དང་ཤར་ཕྱོགས་ཁུག་རྟ་དང་པཎ་ཆེན་སྲས་མོ་རིག་འཛིན་དབང་མོ་རྣམ་གཉིས་ཀྱང་སོག་པོ་ཞིག་ཏུ་དེང་སང་ཐུག་འཕྲད་གནང་སྟེ་དབུ་མའི་ལམ་གྱི་སྐོར་བཀའ་མོལ་གནང་གི་ཡོད་པ་རེད་ཟེར། དོན་དག་ཅི་ཡིན་གོ་མ་སོང། གཅིག་བྱས་ན་ཁོང་རྣམ་པ་གཉིས་ཀྱང་བོད་རིག་པའི་ཚོགས་འདུར་ཕེབས་ཡོད་ཤག་རེད། ཚོགས་ཐོག་དེར་ཤར་ཕྱོགས་ཁུག་རྟས་དབུ་མའི་ལམ་གྱི་སྐོར་ནས་དྲངས་ཏེ་རྒྱལ་བ་རིན་པོ་ཆེའི་དགོངས་གཞི་དང། མ་འོངས་བོད་སྤྱི་ཚོགས་ཀྱི་རིག་གནས་ཀྱི་སྙིང་དོན་སྐོར་བཤད་ཡོད་ཤག་རེད། དེའི་སྐོར་མཁྱེན་བྱུང་ངམ།།
ཕྲན་རང་ཉིད་ད་ལྟ་སོག་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་༡༣པའི་ཐོག་ཏུ་ཚོགས་ཞུགས་ཞུ་བཞིན་མཆིས་མོད། འོན་ཀྱང་ཚོགས་འདུ་འདི་ནི་མིང་ཆེ་ཡང་དོན་གྱི་ཉམས་ལ་དེ་ཙམ་གྱི་དགེ་མཚན་མ་མཐོང་། གང་ལགས་ཤེ་ན་ཚོགས་ཆུང་མང་པོ་ཞིག་ཁག་བགོས་ཏེ་བཤད་མཁན་སུ་བབས་ཀྱིས་སྐར་མ་༢༠ནས་༣༠ཙམ་སྐད་ཡིག་གཞན་གྱིས་གོ་མིན་ལ་མ་ལྟོས་པར་རང་སྐད་ཐོག་རང་རྩོམ་ལྡེབ་མ་ཁ་ཤས་མར་ཀློག་གིན་བརྙན་པར་ཁ་ཤས་གློག་ཀླད་རྒྱུད་ནས་བསྟན་ཐུབ་པ་ཙམ་གྱིས་འགྲིག་པའི་བཟོ་དང་། གལ་སྲིད་ཉན་མཁན་གཅིག་ཀྱང་མེད་ནའང་རང་རྩོམ་དེ་བཀླགས་ཐུབ་པ་ཙམ་གྱིས་འགྲིག་པའི་བཟོ་འདུག བརྗོད་བྱ་ནི་བོད་རིག་པའི་གནད་ལ་ཁེལ་ཀྱང་རུང་མ་ཁེལ་ཀྱང་རུང་ཅི་དྲན་དྲན་གང་ཤར་ཤར་བྱུང་ན་འགྲིག་པའི་བཟོ་འདུག སྒྲ་སྒྲིག་ཁྲ་ཁྲིམས་ཁུར་མི་དགོས་པར་ཚོགས་འདུའི་ཐོག་བགྲོ་གླེང་བྱེད་བཞིན་ལ་གང་འདོད་འདོད་དུ་རྒྱུགས་སོང་ནའང་མི་འགྲིག་པ་མེད་པ་ལྟར་རེད། ཡང་མིན་ན་ཚང་མ་མཁས་པ་རྐྱང་རྐྱང་ཡིན་ལབ་ནས་མཁས་པའི་ཉམས་སྟོན་གྱི་ཡོད་ས་རེད། ཧ་ཧ་ཧ་་་་་སྐུ་རྩེད་ཞུས་ཡིན་རྣམ་པ་ཚོ་དགོངས་འགལ་མེད་པར་མཁྱེན།།
ད་ངས་ནམ་ཡིན་ཡང་བཀྲ་མི་ཤེས་པཔ་རྐྱང་རྐྱང་བཤད་གི་ཡོད་པ་འདྲ་བར་གོ་ཉེན་འདུག་བསམ་ནས་འདིའི་སྐོར་ལ་མ་བཤད་པར་བསྡད་པ་ཡིན། ད་ལྟོས་སྡོད་དང་། འདི་ཉི་མ་གཅིག་ལ་རྒྱ་ནག་གི་ལག་ལ་དབང་ཆ་ཆ་ཚང་ཤོར་ཉེན་འདུག དེ་དུས་ད་གུང་ཁྲན་གྱི་ཁྱབ་བསྒྲགས་འཁྲབ་སྟེགས་ཙམ་ལ་འགྱུར་བ་རེད།
རྒྱལ་མོས་བཤད་པ་དེ་ཏན་ཏན་རེད་འདུག། ང་ཡང་ཚོགས་འདུ་འདིར་ལྟད་མོ་བལྟ་མཁན་གྱི་གྲལ་ལ་ཡོད། བོད་རིག་པའི་མཁས་པ་ཞིག་ལ་ནི་དུས་ཚོད་འདིས་ལྡང་གི་མི་འདུག་ལ། གང་ཡང་མི་ཤེས་མཁན་མཁས་མདོག་མདོག་གིས་བཤད་སྡོད་མཁན་ཚོ་ལ་ནི་དུས་ཚོད་འདི་མང་དྲག་འདུག། ཡིན་ན་ཡང་བོད་རིག་པ་ལ་མཁས་པའི་བོད་རིགས་ཚོ་གང་མང་ཞིག་ཕེབས་ཐུབ་ན་དགེ་མཚན་ཆེན་པོ་ཡོང་ས་རེད་དྲན་གྱི་འདུག། དེ་བས་ཀྱང་གྲྭ་པ་ཚོ་ཕེབས་ཐུབ་ན་ཡག་ས་རེད། གྲྭ་པ་ཚོ་འདིར་ཕེབས་ཐུབ་ན་རྩོད་པ་རྒྱག་སྟངས་ཀྱི་སྐོར་ལ་སློབ་སྦྱོང་ཡག་པོ་རག་ཐུབ་ས་རེད། ག་རེ་ཟེར་ན་ཚོགས་འདུ་འདིར་བརྩམས་ཆོས་སྒྲོག་སྦྱོང་གནང་མཁན་དང་ཉན་མཁན་གྱི་བར་དུ་དྲི་བ་དྲིས་ལན་སོགས་བྱེད་དུས་ཡིན་ན་ཡང་རེད། ཚོགས་འདུ་གྲོལ་ནས་ཕྱི་ལོག་ལ་ཡིན་ན་ཡང་རེད། དྲི་བ་དྲིས་ལན་དང་རྩོད་པ་སོགས་བྱེད་དུས་དཔེ་མི་སྲིད་སྙན་པོ་དང་གུས་ཞབས་ཀྱི་ཐོག་ནས་རྒྱབ་ཀྱི་འདུག། ང་ཚོ་ཁ་བརྡ་སྒང་ལ་རྩོད་རྒྱག་པ་ནང་བཞིན་རྒྱག་གི་མི་འདུག། ད་ལྟ་ཡང་བོད་རིག་པའི་ཉམས་ཞིབ་པ་རྒྱ་ནག་དང་འབྲུག་པ་དབྱིན་ཇི་འགའ་ཤས་ཤིག་ཕྱི་ལོག་ལ་རྩོད་པ་རྒྱག་བཞིན་ཡོད། ང་ནི་ཁོང་གི་རྩོད་པ་རྒྱག་སྟངས་ལ་བལྟས་ནས་དཔེ་མི་སྲིད་པའི་ཡིད་དབང་ཤོར་སོང་། ཁ་བརྡའི་སྒང་ལ་ཡང་རྩོད་པ་དེ་འདྲ་ཞིག་རྒྱབ་ཐུབ་ན་ཅི་མ་རུང་སྙམ་བསམ་པའི་སྐྱེས་སོང་།
གང་ལྟར་མཁས་དབང་ཀླུ་སྨྱོན་དང་བན་དེ་སྤོབས་མཐའ་ཨོ་ཉི་སོགས་ངའི་ངོས་ནས་བོད་རིག་པའི་མཁས་པ་ཞིག་ཡིན་པའི་ཡིད་ཆེས་ཆེན་པོ་ཡོད། ངས་ཁོག་པའི་གཏིང་ནས་ཞུ་གི་ཡོད། བོད་རིག་པའི་ཚོགས་འདུ་ཟེར་ནས་ཚོགས་ཞུགས་པ་མང་ཆེ་བ་དབྱིན་ཇི་སོགས་བོད་རིགས་མ་ཡིན་པ་མང་པོ་མཐོང་དུས་ང་རང་རྩ་བ་ནས་སེམས་ལ་བདེ་པོ་བྱུང་མ་སོང་། འབྲུག་ནས་ཀྱང་འབྲུག་པ་མི་དྲུག་མ་གཏོགས་མིན་འདུག། རྒྱ་ཡུལ་ནས་རྒྱ་རིགས་དང་བོད་རིགས་བསྡོམས་ནས་མི་གྲངས་བཅུ་མ་གཏོགས་མེད་ཟེར་གྱི་འདུག། དེ་ཡིན་དུས་ཕྱིས་སུ་དེ་འདྲའི་ཚོགས་འདུ་འཚོགས་དུས་རྒྱ་གར་དུ་བཞུགས་པའི་བོད་རིག་པའི་མཁས་མཆོག་ཚོས་དོ་སྣང་གནང་ཐུབ་ན་ཡག་ས་རེད།
དེ་ནི་བན་དེ་བ་ལ་ཞུ་རྒྱུ། ཁྱེད་རང་འབྲུག་ལ་ཕེབས་དུས་ང་ལ་གསུངས་རོགས། ང་ཁྱེད་དང་མཇལ་འདུན་ཡོད།
བན་དེ་བ་ལགས།
སྐད་ཆ་འདི་འདྲ་ཞིག་སུས་ལབ་ཀི་འདུག། རྟ་འོ་དང་རྟ་ཞོ། དེ་ལ་བོད་གངས་ཅན་པས་རྒོད་མའི་འོ་མ་དང་རྒོད་ཞོ་ཟེར་བ་རེད། གཞིས་ཆགས་ནས་ལོ་མང་འགོར་ཡོད་པ་མིན་ནམ།
གཡག་ལ་འོ་མ་བཞོ་ཟེར་བ་དང་གཅིག་པ་རེད། སྐད་ཆ་འདི་མོ་བཤད་པ་ལ་ངོ་ཚ་རྒྱུ་མེད་དམ། བོད་ཡིན། བོད་ཡིག་པ་ཡིན། ཤེས་ལྡན་པ་ཡིན། མི་ལོ་སྟོང་ཕྲག་གི་ལོ་རྒྱུས་བཤད་ཤེས་བའི་ལོ་རྒྱུས་བ་ཡིན། མ་འོངས་མདུན་དུ་བསུ་བའི་གསར་གཏོད་པ་ཡིན། ཅིག་ཅིག་ཤེས། མུག་མུག་ཤེས་ཟེར་མཁན་ཚོས་སྐད་ཆ་འདི་འདྲ་བཤད་ན་ངོ་རྒོད་ཡོད།
དེང་གི་དུས་སུ་འཛམ་གླིང་འདིའི་ཐོག་ཏུ་བོད་ཀྱི་ལོ་རྒྱུས་ཀྱི་སྐོར་ལ་མཁས་དབང་འཇམ་དབྱངས་ནོར་བུ་ལས་ལྷག་པའི་མི་ཞིག་འཛམ་གླིང་འདི་ན་མི་འདུག་བསམས་ཀྱི་ཡོད། བོད་རང་གི་བོད་ལོ་རྒྱུས་གང་འདྲ་བཤད་ཀྱི་ཡོད་མེད་དང་ཕྱིའི་རྒྱལ་ཁབ་ཁག་གི་མཁས་དབང་ཚོའི་བོད་ལོ་རྒྱུས་ལ་ངོས་འཛིན་གང་འདྲ་ཡོད་མེད་སོགས་ཀྱི་ཐོག་ཏུ་འཇམ་ནོར་ལས་ལྷག་པའི་བོད་ཀྱི་ལོ་རྒྱུས་རིག་པ་བ་ཤིག་སུ་གང་ཡང་མཐོང་གྱི་མེད།
དགེ་ཆོས་མཆོག་གིས།
ཤེས་བརྩོན་ཐོས་པ་ཅན་གྱི་ཉམ་ཆུང་གི་ཁ་གཏམ།
བླུན་པོ་ནོར་རྐྱལ་ཁུར་བའི་དབང་གཤེད་ཀྱིས་བཅོམ་སྟེ།
ཚུལ་མཐུན་བཞུགས་གྲལ་བཀུར་སྟི་མགོ་རྟིང་དུ་ལྡོག་ནས།
སེང་གེ་ཁྱི་ལ་འགྱུར་བའི་ངང་ཚུལ་འདིར་སྐྱོ་བ། ་ཅེས་པ་ལྟར་དོན་ལ་ལོ་རྒྱུས་མཁས་པའི་རིག་པ་བ་ནི་སྐད་བཏང་མི་འདུག མི་མཁས་མཁས་མདོག་ཅན་ཚོས་ཅིག་བཤད་པ་ཡིན་ནའང་བོད་ལོ་རྒྱུས་འདི་ཡང་དཀྱོག་དཀྱོག་ཞིག་མི་བཟོ་བའི་ངེས་པ་མི་འདུག་སྙམ་མོ།
ཨོ་གནམ་འདི་ཡིས་ནམ་མཁའ་སྟོང་པ་ལ་སྐད་རྒྱབ་ཀྱིན་འདུག རྟ་ཡིན་ན་མོ་ཡིན་དགོས་པས་ཁྱབ་ཟེར་མཁན་སུ་འདུག་གམ རྟ་རྒོད་མ་ཟེར་བ་ཅིས་ཕྱིར་ཟེར་བ་རེད་དམ། གཡག་ཡིན་ན་ཕོ་ཡིན་པས་ཁྱབ་་་དེས་ཕྱིར་གཡག་གི་འོ་མ་ཞོ་སོགས་འབྱུང་མི་སྲིད། རྟ་ལ་ཕོ་དང་མོ་གཉིས་ཀ་ཡོད། རྟ་ཡིན་ན་ཕོ་ཡིན་པས་ཁྱབ་པ་ཁྱོད་ལ་ཨེ་མ་ཧོས་ཀྱིས་ལུང་དུ་བསྟན་པ་རེད་དམ། དེ་མིན་སོག་པོ་བ་རྣམས་ཀྱིས་རྟ་རྒོད་མའི་འོ་མ་བཞོས་ཏེ་ཞོ་བཟོ་བ་དང་འོ་མ་འཐུང་བ་གོ་མ་མྱོང་ངམ། ད་ཕ་ཡུལ་གྱི་སྐད་ཀྱང་བརྗེད་པ་འདྲ། དངོས་གནས་གནམ་ནི་གནམ་རང་རེད་ཐམས་ཅད་སྟོང་པ་ཆགས་འདུག རྟ་ཕོ་རྒྱུགས་རྩལ་ཆེ། ཟེར་བ་ཅིས་ཕྱིར་རྟ་ཕོ་ཟེར་བ་རེད། ཁྱོད་ལྟར་ན་རྟ་ཞེས་པས་འགྲིག་པའི་ཕྱིར། ལུག་ཡིན་ན་ཕོ་ཡིན་དགོས་པ་རེད་དམ། ལུག་མོ་ལ་ལུག་མ་མོ་དང། ར་ཡིན་ན་མོ་ཡིན་དགོས་སམ། ད་དངོས་གནས་ཞབས་འདྲེན་ཞུས་ཡོང་གི་འདུག མདོ་ཁམས་ཀྱི་ཡུལ་ལུང་འགའ་ཞིག་ཏུ། མི་ཟེར་དུས་སྐྱེས་པ་ཕོ་ལ་གོ་རབས་ཅིག་བཤད་ཀྱི་འདུག དེ་འདྲའི་སྣང་བས་སྦོས་པ་མ་རེད་དམ། དེང་སང་བུད་མེད་ཐམས་ཅད་མི་རེད་ད། བུད་མེད་ཚོགས་པ་ལ་བུད་མེད་མི་མ་རེད་ཅེས་ཤོད་དང། ཁྱོད་ལ་པང་གདན་གདབ་སྟེ་ཐར་བཀྲོད་གཏོང་སྲིད།
གནམ་ལགས་བོད་གངས་ཅན་པས་རྟ་ཡི་འོ་མ་འཐུང་མཁན་དང་རྒོད་མའི་ཞོ་བཟའ་མཁན་སུ་རེད་དམ།
མ་གཞི་ནས་རྒོད་ཅེས་པ་བྱ་རྒོད་ལ་ཟེར་བ་རེད། ཾཁྱོད་ཀྱི་བྱ་རྒོད་ཀྱི་འོ་མ་དང་ཞོ་ཟས་པ་ཡིན་ནམ། ཧཧཧཧ
དྲ་གྲོགས་གཡུ་འབྲུག་ལགས་དངོས་གནས་མགྲོན་འབོད་གནང་བར་ཐུགས་རྗེ་ཆེ། ང་ཡི་མི་ཚེ་འདིར་འབྲུག་ལ་ཐེངས་གཅིག་ཏན་ཏན་ཡོང་ཐུབ་པ་བྱེད་ཀྱི་ཡིན། འབྲུག་ཡུལ་ལྗོངས་རྒྱུའི་བཀོད་པའི་པར་དང་གློག་བརྙན་མང་པོ་མཐོང་མྱོང། ཧ་ཅང་གི་སྐྱིད་པོ་རེད། ང་ལ་འབྲུག་པ་ངོ་ཤེས་གང་འཚམས་ཡོད། ངས་ངོ་ཤེས་པ་ཨ་རིར་བཞུགས་པའི་མཁན་པོ་བསོད་ནམས་ཞུ་བ་ཞིག་ཡོད་ཁོང་ལྕམ་ཡོད་ཅིང་སྲས་མོ་ཞིག་ཀྱང་འདུག ཁོང་དང་ངེད་གཉིས་ཨེ་མ་དྷ་ཙི་མང་པོ་ཟ་མྱོང། ང་ཟ་མ་དེ་རིགས་ལ་དགའ་བོ་ཡོད། ཁ་ཧ་ཅང་གི་ཚ་བོ་རེད་འོན་ཀྱང་བྲོད་བཅུད་ཆེ་ལ་ཁ་ལག་ཟས་པའི་ངོ་ཡོད་པ་ཞིག་ཡོང་གི་འདུག
རྒྱལ་མོ་ལགས་དེ་འདྲ་རང་ཨེ་ཡིན། མ་གཞི་ནས་་་་ལེགས་བཤད་བྱིས་པའི་ཁ་ནས་ལེན། ཟེར་བ་རེད། ཏན་ཏན་མི་རེ་རེ་ལ་ཡོན་ཏན་མི་འདྲ་བ་རེད་ཡོད། ང་ནི་དུས་རྟག་ཏུ་མིང་གྲགས་ཆེ་བ་དང་ཐོབ་གོ་གནས་ཆེ་བ་ལས་སོགས་ལས་དམའ་རིམ་གྱི་མི་སྣར་ཐུག་འཕྲད་དང་བཀའ་མོལ་ཞུ་ལ་དགའ་མཁན་ཞིག་ཡིན། མི་དེ་རིགས་འགྲོགས་བདེ་བ་དང་ཁ་གསང་པོ་གནས་ཚུལ་མང་པོ་ཞིག་ཐོབ་ཡོང་གི་འདུག མི་ཆེན་རིགས་ནི་ཡོན་ཏན་གྱིས་ང་རྒྱལ་དང། ཡང་ན་རྒྱུ་ཡི་ང་རྒྱལ་དང། ཡང་ན་ཐོབ་གོ་གནས་ཀྱི་ང་རྒྱལ་གྱིས་བཏུམས་ཏེ་སྐད་ཆ་ཤོད་དུས་སུ་ཁ་གསང་པོ་དང་འགྲོགས་བདེ་མོ་མེད་པ་རྟག་ཏུ་གུས་གིས་ཞུམ་ཞུམ་གྱིས་ཤོད་བསམ་པའི་སྐད་ཆ་དང་གནས་ཚུལ་ཤོད་མི་ཐུབ་ལ་ཐོབ་དགོས་པའི་ཡོན་ཏན་དེ་རིགས་ཤིན་ཏུ་དཀའ་བ་ཞིག་རེད། མཁས་པ་མཁས་པའི་གྲལ་ན་བཙུན། གླང་ཆེན་ཀུ་ཤའི་ཚལ་ན་སྐྱིད། ཀྲི་སྙ་སྨན་གྱི་ཚལ་ན་བདེ། ཟེར་བ་ལྟ་བུ་རེད། ཁྱེད་རྣམ་པ་ནི་མི་ཆེན་དང་མཉམ་དུ་སྐྱིད་པོ་ཡོད་སྲིད།
ཞོ་བཟའ།།།། བན་དེ་བ་ཁྱོད་ཤི་མ་བསྡད་ན།
མདོ་ཁམས་ཀྱི་སྐད་ཆའི་སྒྱུ་རྩལ་ལ་གོ་བ་གཏང་ཟབ་མེད་ན་མྱི་ཟེར་བ་དེ་འགྲོ་བ་མི་ལ་གོ་ན་ཐང་། མྱི་མྱི་ཡིན་ན་ཡང་མྱི་མྱི་ལ་ཆགས་པའི་རྒྱུ་མཚན་ནི་དཔའ་བོ་ཡིན་མིན་ལ་གོ་དགོས་བ་རེད། སྐྱེས་ཕོ་མོ་གཉིས་ལས་ཕོ་དཔའ་བས་ན་མྱི་རུ་ཆགས་པ་རེད། བན་ཁོ་དྲིན་ཆེན་པོ།
གནམ་རྒན་ལགས་ཁྱེད་ཀྱིས་འདོད་པ་ལྟར། རྒོད་མ་ལ་ཞོན་ནས་འགྲོ་དུས་མི་ཚོས་གནམ་རྒན་རྟ་ལ་ཞོན་འདུག་ཟེར་གི་རེད་དམ་མ་རེད། སྒོ་རུ་རྒོད་མ་གསུམ་ལས་རྟ་ཕོ་མེད་མཁན་གྱི་མི་ཚང་དེ་ལ། མི་ཚང་དེ་ལ་རྟ་མེད་ཅེས་ཤོད་རྒྱུ་ཡིན་ནམ། ཨ་བོ་གནམ་རྒན་དང་པོ་རྩོད་མི་དགོས། གཉིས་པ་རྩོད་ན་རྩོད་ལན་ལ་ལན་འདེབས་དགོས་པ་ཨེ་ཤེས། ང་ཡིས་གོང་དུ་བྲིས་པའི་དྲི་ལན་ལ་ལན་ཅིག་ཐོབ་དང། དེ་ནས་ཁྱོད་མྱི་རེད་འདུག་གམ་མི་འདུག་བལྟ་ཆོག་གི་རེད།
ཨ་བོ་ཧོར་པས་ཞོ་བཟའ་འཛོ་ལི་རེད་ད། ཨ་བོ་ཧོར་མདོ་ཁམས་པ་རེད་ད། གནམ་རྒན་ལགས།
སོག་ཡུལ་བོད་རིག་ཚོགས་འདུར་ཞུགས་སྐལ་ཆད། །
སོག་པོའི་རྩྭ་ཐང་ཆེན་པོར་འགྲོ་སྐལ་ཆད། །
སོག་མོ་འདོམ་ཡངས་མ་ཚོར་འགྲོག་སྐལ་ཆད། །
སོག་རྟ་རྒོད་མའི་འོ་མ་འཐུང་སྐལ་ཆད། །
ཁྱོད་རྒད་པོ་རྒོད་བཞོན་ཞིག་གི།
ཞེ་སྣང་བ་རྟ་ལ་འཕྲུལ་འདུག་ཟེར་ན་ག་རེ་རེད།
དགའ་དགའ་ནས་རྒོན་མ་ཞོན་པས།
(སྒུག་སྒུག)་ནས་ཐང་ལ་བརྒྱབས་འདུག་ཟེར་ན་ག་རེ་རེད།
རྒོད་པོ་ནི་འདུལ་སྦྱོང་མ་ཐུབ་པའི་རིགས་ཚང་མ་ལ་བཀོལ་ཐུབ།
མྱི་རྒོད། རྟ་རྒོད། བྱ་རྒོད། གཡག་རྒོད་་སོག་བཀོལ་ས་མང་པོ་ཡོད། ཡིན་ན་ཡང་རྒོད་མ་ཟེར་ན་གོ་གཅིག་ལས་གཉིས་མེད། ཨེ་གོ་ཐལ།
ཨ་ཕོ་ཧོར་བས་ཞོ་བཟའ་ཟེར་མིན་མི་ཤེས། གལ་སྲིད་དེ་འདྲ་ཟེར་ན། ཨ་ཕོ་ཧོར་ལ་ཞོ་བཟའ་སྤྱད་ཀྱི་སོ་མ་དཔེ་བ་ཞིག་ཡོད་ནི་ན། ཡང་ན་ཨ་ཕོ་ཧོར་བའི་ཞོ་དེ་ཆུར་བ་འདྲ་བའི་ཁྲག་པོ་ཡོད་རྒྱུ་རེད་བསམ། འགྲོ་ནི་མ་མྱོང་། ཧཧཧ། ལན་ཏག་ཏག་བྱུང་སོང་ངམ། བད་དེ་ཆུ་བླུག་མགོ།
(སྒུག་སྒུག་)ཟེར་བ་དེའི་དག་ཆ་མི་ཤེས། ལྷ་ས་བས་རྟས་རྐུབ་ཙོག་གཡུག་ཟེར་བ་རེད།
གནམ་རྒན་འདི་གང་ན་ཕྱིན་ཀྱང་བཀའ་བསྐྱོན་ཟ་མཁན་གཅིག་རེད་འདུག ད་མང་པོ་མི་བཤད་་་་་ང་ཡི་དྲི་བར་ལན་བཏབ་མི་འདུག་དེ་ལན་མ་བཏབ་པ་མ་རེད་་་་ལན་མ་ཐེབས་པར་བརྩི་རྒྱུ་ཡིན།