རླུང་དམར།
ཁྱོད་ཀྱི་ལག་པ
ནག་པོ་ནག་པོ་དེ་ཡིན་ན
ཁྱོད་ཀྱི་ཁ
ནག་པོའི་ནང་གི་ནག་པོ་དེ་ཡིན
ཅི་བཤད་སྣོག་འབྲས་ཀྱི་ལས་རྩོམ་དེ་དག
སྙིང་ལ་ཕན་པའི་ནོར་སྦྱིན་རེད་མི་འདུག
བདེན་པའི་དོན་དུ
སྙིང་ལ་རུས་རྐང་གི་ཁེར་ཚུགས་ཡོད་ན
མཐུན་པོ་གནོངས
ནང་དགྲ་ནང་འཕྲོག་དེ་སྐྱོའང
གོ་ས་རྩོད་དེ་གོ་དབང་ཐོབ་ན
ལག་ནག་ཁ་ནག་དེ་ཚོས
ང་ཚོ་ལ་བར་ཆད་བཏང་བ་ཉུང་ཉུང་རེད་མི་འདུག
ད་ལས་རྩོམ
གཡུག་དགོས་པ་དེ་ཚོ་གཡུགས་ན་རེད
འཐུ་དགོས་པ་དེ་ཚོ་འཐུ་ན་རེད
འདྲེ་དང་གདོན
ཁྱི་དང་ར
གསོན་དང་ཤི
འདི་དག་ཅི་ཡིན་ན་ཡིན
བློ་མིག་རེ་དགོངས
ཉེ་དུ་ཚོ
རིགས་ཀྱི་ཐུ་བྷོད
༢༠༢༡-༡༠-༠༡ ཉིན།