བོད་ལ་ཞེན།
ཁ་སང་དེ་རིང་བོད་ཀྱི་ས་ཁུལ་ཁ་ཤས་ནང་༧གོང་ས་མཆོག་གི་སྐུ་པར་བཤམས་ཆོག་པ་དང་ཆོས་ཕྱོགས་ནས་རྗེས་སུ་འབྲང་ཆོག་པའི་གནས་ཚུལ་ཞིག་ཐོན་བཞིན་འདུག དེ་བདེན་པ་ཡིན་ཚེ་གནས་ཚུལ་བཟང་པོ་ཞིག་ཡིན་མོད། འོན་ཀྱང་ཨ་ཞང་ཚང་ནི་དོན་མེད་དང་རྒྱུ་མཚན་མེད་པར་སྲིད་ཇུས་ལྷོད་དུ་གཏོང་མི་སྲིད། འོ་ན་རྒྱུ་མཚན་གང་ཡིན་ཟེར་ན་དེ་ལ་དོགས་པ་བྱེད་ཆོག་པ་འགའ་ཞིག་ཡོད།
༡ སྔོན་མ་ཡིན་ན་༧གོང་ས་མཆོག་ལ་མཚན་སྨད་ཞུ་བ་སོགས་ཀྱི་སྒོ་ནས་བོད་མི་ངོ་རྒོལ་བ་རྣམས་དམ་དྲག་བྱེད་ཀྱང་ལམ་དུ་མ་སོང་སྟབས་ཐབས་ལམ་གཞན་ཞིག་འཚོལ་འདོད་ཡོད་པ།
༢ ཡང་ན་འཛམ་གླིང་རྒྱལ་སྤྱི་ནང་ཆོས་དད་རང་དབང་ཡོད་མདོག་བསྟན་ནས་ནམ་རྒྱུན་རྒྱ་ནག་ནང་ཆོས་དད་རང་དབང་མེད་པའི་སྙན་ཐོ་ཐོན་བཞིན་ཡོད་པ་རྣམས་ཕྱིན་ཆད་མི་འབྱུང་བའམ་ཉུང་དུ་འགྲོ་ཆེད་ཡིན་སྲིད།
༣ བོད་ནང་དེ་སྔ་རྒྱ་ནག་ལ་མི་འདོད་པའི་རྣམ་འགྱུར་དང་ངོ་རྒོལ་བྱུང་བ་རྣམས་༧གོང་ས་མཆོག་ལ་དད་པ་བྱེད་མི་ཆོག་པ་དང་མཚན་སྨད་ཞུ་བ་ལས་བྱུང་བར་ངོས་འཛིན་ནས་ཕྱིན་ཆད་བོད་ནང་ངོ་རྒོལ་རིགས་མི་ཡོང་ཆེད་བོད་ཀྱི་ས་ཆ་འགའ་ཞིག་ཏུ་ཚོད་ལྟ་བྱེད་པ་ཡིན་སྲིད།
༤ བོད་ནང་༢༠༠༨ ལོའི་ཞི་རྒོལ་དང་རང་ལུས་མེ་ལ་བསྲེགས་པའི་ངོ་རྒོལ་བཅས་ལ་བརྟེན་གྲུབ་འབྲས་ཅུང་ཟད་ཐོན་པ་ཡིན་སྲིད།
༥ བཙན་བྱོལ་ནང་དེང་སང་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ནས་རང་བཙན་མི་རྩོད་པ་དང་རང་བཙན་རྩོད་མཁན་རྣམས་དང་ལྟ་གྲུབ་ཐ་དད་ཡིན་པའི་རྣམ་འགྱུར་ཤུགས་ཆེན་བསྟན་སྟབས། རྒྱ་ནག་ཕྱོགས་ནས་ཁ་ནས་མ་བཤད་ཀྱང་བཟང་ཕྱོགས་ཀྱི་བརྡ་ལན་ཅུང་ཟད་བསྟན་པ་ཡང་ཡིན་སྲིད།
བསམ་ཚུལ་ལྔ་པ་དེ་ཡིད་ལ་ཐད་པ་ཞིག་འདུག་གང་ལ་ཞེ་ན་དེང་རིང་སང་། རང་བཙན་ཐབ་རྩོད་པ་དང་གཞོན་ནུ་ལ་བཙན་བྱོལ་ཁྲོད་ཁེར་རྐྱང་འཇོག་ཐབས་དང་། མཐོ་དམན་ཚང་མའི་ཁ་བརྡུང་ཁོག་བརྡུང་བྱེད་བཞིན་པ་དེ་ནི་རྒྱ་ནག་ལ་མཚོན་ན་དགོས་པའི་ལག་ཆ་ཞིག་ཆགས་ཡོད། གོ་སྐབས་དེ་དང་བསྟུན་ནས་འགྱུར་བ་གཏོང་བའི་ངང་ཚུལ་ལས། ནམ་ཞིག་བཙན་བྱོལ་ནང་རང་བཙན་ཐབས་རྩོད་པ་དང་། གཞོན་ནུ་རྩ་མེད་དང་ནུས་མེད་བཟོས་ཚར་རྗེས་སླར་ཡང་༧གོང་ས་མཆོག་གི་སྐུ་པར་འཇོག་རྒྱུ་དང་། ཆོས་ལུགས་ཀྱི་ཐད་ནས་རྗེས་སུ་འགྲོ་ཆོག་ཟེར་བ་དེ་ཚིག་ཙམ་ལས་དོན་དུ་གནས་རྒྱུ་དཀའ་མོ་རེད། དེང་སྐབས་བཙན་བྱོལ་པའི་གནས་སྟངས་ལ་གཞིག་ནས་རྒྱ་གཞུང་གི་བྱི་རིལ་སྤྲད་པ་འདྲ་པོ་རེད། རྒྱ་གཞུང་གི་སྣང་ཚུལ་གྱི་ཟློས་གར་དེས་དོན་ལ་བཙན་བྱོལ་ནང་གི་རང་བཙན་ཐབས་རྩོད་པ་དང་། གཞོན་ནུ་ཚོ་བརྡུང་བྱེད་ཐོ་བ་ངོ་མ་དེ་རེད་དེ་ནི་ལངས་ཕྱོགས་ཁ་ཤས་ཐད་གྲུབ་འབྲས་བརྩི་ཆོག་ཀྱང་། དོན་དུ་བོད་མི་མང་ལ་དངོས་ཡོད་ཕན་འབྲས་ཅི་ཞིག་ཡོད།
བསམས་ཚུལ་དེ་བདེན་པ་རེད་དེ་སང་༧གོང་ས་མཆོག་གིས་བཀའ་སློབ་རབ་དང་རིན་པ་མང་པོ་ཞིག་ནང་རྒྱ་ནག་ལ་བསྟུན་ནས་གསུང་ཡོད་དེ་ཚོའི་འབྲས་བུ་རེད་རྒྱ་ནག་གུང་ཁྲན་ཚོག་པ་མི་རེད་། ༧གོང་ས་མཆོག་གི་གསུང་བ་ནང་བཞིན་ང་ཚོས་གཞིས་ལུས་བོད་མི་དེ་ཚོ་ལ་བསམས་ཞིབ་ཏོག་ཙམ་བྱས་དགོས་རེད་མ་གཏོག་བཙན་བྱོལ་ནང་ནས་མང་པོ་ཞིག་གིས་ཁ་ནས་གཞིས་ལུས་བོད་མི་་བཤད་རེད་མ་གཏོག་དོན་་དུ་རང་རང་སོ་སའི་ཁེ་སང་ཅིག་པོ་བཙོན་ཉན་མང་ཤོས་རེད།
དྲ་གྲོགས་ཅིག་གིས། ཨུ་ཡོན་ཟེར་ན། འཐུས་མི་རེད་ཅེས་གསལ་བཤད་གནང་བྱུང་། ཏང་། ཀྲུང་ཧྰང། ཀྲུང་གོ། ཀྲུང་རིན་སོགས་ཚིག་དོན་གང་དང་གང་ཡིན་ནམ། རྒྱ་ཡིག་ཤེས་པའི་དྲ་གྲོགས་ཅིག་གིས་གསུང་རོགས་གནོངས་དང་།
གཞིས་བཞུགས་ལབ་ན་འགྲིགས་གི་གཞིས་ལུས་ཟེར་མིང་དེ་ཡག་པོ་མི་འདུག་ཡང་ན་རང་ཡུལ་སྟོང་པ་བཞག་ནས་ཚང་མ་བྲོས་འགྲོ་དགོས་རེད་དམ
གཞིས་བཞུགས་ལབ་ན་འགྲིགས་གི་གཞིས་ལུས་ཟེར་ན་མིང་དེ་ཡག་པོ་མི་འདུག་ཡང་ན་རང་ཡུལ་སྟོང་པ་བཞག་ནས་ཚང་མ་བྲོས་འགྲོ་དགོས་རེད་དམ
ཏང་党ནི་ཚོགས་པ་ལ་གོ། ཀྲུང་གོ་中国ནི་ད་ལྟའི་རྒྱ་ནག་གི་མིང་། ཀྲུང་ཧ་中华ཡང་དེ་དག་ཕྱོགས་འདྲ། རྒྱ་ནག་ཕྱོགས་ནས་མི་རིགས་ཁ་བྲལ་མི་འགྲོ་བའི་ཆེད་རྒྱ་ནག་ནང་ཡོད་པའི་མི་རིགས་སྤྱི་ཡོངས་ལ་ཀྲུང་ཧ་མི་རིགས中华民族་ཞེས་འབོད་ཀྱི་ཡོད། ཡིན་ནའང་གཞན་གྱི་ཧ་རན་ནི་华人རྒྱ་རིགས་ལ་ངོས་འཛིན་གྱི་ཡོད། ཀྲུའུ་རིན་ནི་འགན་འཛིན་ལ་གོ་གི་ཡོད།
འདི་ནི་བཟང་ཕྱོགས་ཡིན་པར་ངོས་འཛིན་ཞུ་རྒྱུ་དང་ཆབས་གཅིག་བོད་ནང་ཡོད་པའི་རང་རེ་སྤུན་ཟླ་རྣམས་ནས་
དོགས་ཟོན་དགོས་པ་ཞིག་ནི། མང་ཚོགས་ནང་གཏམ་བཤད་སྐབས་རྒྱུན་ལྡན་ལས་ཚད་ལས་གལ་བ་མི་གནང་རྒྱུ་དང། གང་ཡིན་ཟེར་ན་སྲིད་འཇུས་གུ་ཡངས་ནང་རྟོག་ཞིབ་ཀྱི་གསང་ལྟ་གཅིག་ཡོན་པའང་སྲིད། འདི་ནི་ཁོ་རང་ཚོའི་བྱས་སྟངས་ཞིག་རེད། རྒྱ་དོགས་པས་ཕོངས།
༦༽ བོད་ལ་ཞེན་ལགས་ནས།
ཏང་སོགས་རྒྱ་སྐད་ཚིག་འགྲེལ་སློབ་སྟོན་གནང་བར་བཀའ་དྲིན་ཆེ་ཞེས་ཞུའོ།།
༥༽ སྒྲོལ་མ་འཇིགས་བྲལ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༡ གི་ཆུ་ཚོད་ ༢༠ སྐར་མ་ ༢༤
གཞིས་བཞུགས་ལབ་ན་འགྲིགས་གི་གཞིས་ལུས་ཟེར་ན་མིང་དེ་ཡག་པོ་མི་འདུག་ཡང་ན་རང་ཡུལ་སྟོང་པ་བཞག་ནས་ཚང་མ་བྲོས་འགྲོ་དགོས་རེད་དམ། ་་་་་་ཟེར།