དོལ་སྨྱོན།
བརྒྱད་གཉིས་བཅུ་དྲུག་སྨིན་པའི་
འཛུམ་པའི་ཞལ་དཀྱིལ་འོད་ཐིག་གོར་
ཕྱག་མཚན་སྙན་འཇེབས་རྒྱུད་མང་སྒྲ
སྲིད་གསུམ་འདི་ན་ངག་གི་ལྷ་གཅིག་
རིག་གསར་འཕྲུལ་གྱིས་བསྐྲུན་པ་མི
སྤྱིལ་བུར་རྟེན་པའི་དྲང་སྲོང་མི
དགུང་སྔོན་གཞལ་བའི་གཤོག་རྩལ་མེ
གང་བསམ་བགྲོད་པའི་རྐང་ཞབས་ཟུང་
ལུས་ཀྱི་གོམ་ཁ་རྡོ་རྗེ་གླིང་ནས་
ལྷོ་སྤྲིན་བུ་མོའི་འགྲོས་དང་བསྟ
ལམ་ཐག་སྤྱི་ལེ་བཞི་བཅུ་རྩ་བརྒྱ
ཀྱག་ཀྱོག་ཆེ་བའི་མི་ཚེའི་ནང་དུ་
དྲག་དལ་མཉམ་པའི་གོམ་སྒྲ་ཡངས་མོ
འབྱིན་རྔུབ་སྙོམ་པའི་དབུག་གི་རྒ
བར་མེད་གཞུར་བའི་རྔུལ་ཆུའི་ཐི
ནད་བརྒྱ་འགོག་པའི་སྲུང་བ་གཅིག་
ཆུ་འཛིན་ཕོན་པོ་གཡོ་བའི་ཀློང་ན་
ལང་ལིང་འཕྱོ་བའི་ལྗོན་པའི་རྩེ་
བར་མེད་འཐུལ་བའི་སྨུག་སྤྲིན་གསེ
ཟིམ་ཟིམ་འཇོ་བའི་སྦྲང་ཆར་ཟེགས་
མཛངས་ལྡན་བུ་མོའི་སོར་བཅུས་སྦྲ
བཻཌཱུར་དྭངས་མ་ཞུས་པའི་ཁུ་བས་
རྒྱ་མཚོའི་གོས་ཅན་དུམ་བུར་དྲས་
རིག་པ་གསར་པའི་འཕྲུལ་ལས་ཐོན་པའི
གསོན་ཉམས་ལྡན་པའི་སྙན་འཇེབས་གླུ
ཐར་ཐོར་ཆགས་པའི་གྲོང་ཚོའི་ཚོམ་
རང་བྱུང་ཁམས་ཀྱི་ལྷག་རླུང་བསིལ་
སྣ་མང་བཞད་པའི་མེ་ཏོག་དྲི་ངད་སྣ
ཏིལ་མར་ཁུ་བས་ལན་བརྒྱར་བྱུགས་
འཕྲུལ་གྱིས་བསྐྲུན་པའི་འཁྲུལ་
ཡང་ཟོར་ཆེ་ཞིང་དཔའ་རྩལ་རྒྱས་པའི
ཕྱོགས་དང་མཚམས་ཀྱི་ལུས་ཅན་ཀུན་
ཌར་ཇི་གླིང་དང་ཀ་ལིང་པོང་གཉིས་རྐང་པས་འཇལ་བའི་སྨྱོན་པ་ཁྱོད།།
གྱེན་དང་ཐུར་གྱི་ལམ་གྱི་ཟུར་ན་བྷའི་ནི་རྣམས་ཀྱི་འཛུམ་མདངས་དང་།།
ཨ་ཀྱོག་པ་ཀྱོག་ལམ་གྱི་སྲུབ་ནས་ཨན་ཊིའི་འཇོ་སྒེག་སྣ་ཚོགས་ལ།།
ཞར་དང་ཞོར་ནས་མིག་གིས་མདའ་མོ་ཡང་ཡང་འཕེན་པར་བྱས་སམ་ལགས། །
རྡོར་རྗེ་གླིང་ནས་ཀབ་ལི་སྤུངས་བར་རྐང་ཟུང་གཉིས་པོས་འཇལ་བའི་ཚེ།།
བྷའི་ནི་དག་གི་འཛུམས་མདངས་མི་ཚད་མྱོས་བུམ་དག་ཀྱང་རིག་རྒྱུ་འདུག།
ཨན་དྲི་དག་གི་འཇོ་སྒེགས་མི་ཚད་འགའ་རེ་གཅེར་བུར་མཐོང་རྒྱུ་འདུག།
དེ་དག་རྣམས་ལ་གཡེངས་བཞིན་བསྐྱོད་དུས་ངལ་ཞིང་དུབ་པའི་ཚོར་བ་བྲལ།།
གོམ་སྟབས་གཞན་དང་འགྲན་ཞིང་མགྱོགས། །
གཞན་སྐད་ཐོས་དྲགས་ཡིད་ལ་འཁུ། །
ཡ་མ་ཟུང་གི་ཆས་ལ་འཕྱས། །
ཀ་རྡོར་སྒང་དུ་སླེབས་པ་འདྲ། །
ཀུ་རེ་ཡིན་ནོ་དོལ་སྨྱོན་ལགས། །
རྡོ་རྗེའི་གླིང་གནས་སྨན་པ་ལྷ་རྗེའི་གཞུང་ལུགས་སྦྱངས་པས་དོལ་སྨྱོན་ཉིད།
བོད་ཀྱི་སྨན་གཞུང་མཁས་པར་མ་ཟད་བོད་ཀྱི་སྐད་ལ་མཁས་སོ་སྙམ།
ཆུང་དུས་བོད་ལ་འགྲོ་དུས་བཀའ་བློན་སྤུངས་ལ་བ་སྲུང་བུ་ཞིག་ལ།
གར་འགྲོ་ཞེས་པ་བལ་ཚིག་གཅིག་ཤེས་ལན་དུ་སློབ་གྲྭར་འགྲོ་ཟེར་དྲན།།
རྣམ་པ་གཉིས་ཕེབས་པར་དགའ་བསུ་ཞུ།
ཕོ་རྒོད་པོ་གསུམ་ལ་རྒྱུག་རྩལ་དེ་འདྲ་ཞིག་གང་ནས་ཐོབ། ད་ལྟའི་ཆ་ཡང་རྩལ་དེ་སྟོན་ཐུབ་པ་ཡོད་དམ། བྲོ་བ་དེ་སུ་ལ་ཡང་འདྲིས་ཐུབ་བམ།
རྒྱུག་རྩལ་དེ་སྦྱོང་དར་གྱི་ཁྲོད་ནས་ཐོབ་པ་དང་། དེ་ནི་འཕྲོད་བསྟེན་གྱི་མཆོག་གྱུར་གཅིག་ཀྱང་རེད།
ད་ལྟའི་ཆར་རྩལ་དེ་འདྲ་ཅུང་ཁག་ཙམ་ཡིན། རྒྱུ་མཚན་ནི་ཡུལ་དུས་དང་ལེ་ལོའི་དབང་གིས་སོ།།
ལ་དྭགས་ངག་དབང་རྒྱ་མཚོ་ནས།
མིང་དང་ཐ་སྙད་རང་འཐད་མང་ན་བདེན་པ་མི་བརྙེད་དྲང་པོ་ཡིན། །ས་གནས་རང་གི་མེས་པོའི་ཁ་རྒྱུན་དང་བསྟུན་ནས། །བཀའ་བློན་ཀབ་ལི་སྤུངས་ཞེས་ལབ་པ་གཉིས་ཀ་མིན། །ཀལྱཱན་པུར་ཞེས་སར་གནས་རྒན་པོ་རྣམས་ལས་ཐོས། །
ལ་དྭགས་ངག་དབང་རྒྱ་མཚོ།
འཕྲུལ་གྱིས་བསྐྲུན་པའི་འཁྲུལ་འཁོར་ཉོས་པ་མིན། །ཕར་ཚུར་བསླེབ་པའི་འཁོར་ལོ་འཁོར་བ་མིན། །རང་རྡུག་རང་གིས་ཉོས་པའི་འཁྲུལ་འཁོར་ཡིན། །མྱུར་མྱུར་འའཆི་བདག་འདྲེན་བྱེད་མུ་ཁྱུད་ཡིན། །
བཀའ་བློན་པུང་དང་ཀལྱཱན་པུར་ཞེས་སྣ་བར་གོ་ནའང་། ཀབ་ལི་སྤུངས་ཞེས་པ་འདི་ནི་མཁས་དབང་དོང་ཐོག་གི་ཕྱག་དེབ་ཅིག་ནས་མཐོང་སོང་། ཁོང་གིས་གསལ་བཤད་དུ། ཐ་སྙད་འདི་ནི་སྐྱབས་རྗེ་བདུད་འཇོམས་རིན་པོར་ཆེས་གསུངས་ཤིང་། རི་ཡི་དབྱིབས་ཀབ་ལི་དུ་མ་སྤུངས་པ་ལྟར་གནས་པས་ཐ་སྙད་དེ་ལྟར་ཐོག་པར་བཞེད།
ན་གཞོན་དོལ་སྨྱོན་ལགས། གོ་རྒྱུ་མེད་ས་ལ་གོ་རྒྱུ་མ་བཟོ་རོགས། ཀ་ལིང་པོང་། ཀ་ལིམ་པུང་། འདི་ kalimpong རེད། ཀ་པ་ལི་སྤུངས་ཟེར་བ་འདི་ལ་སྐྱབས་འཇུག་ཞུ་ཐུབ་མ་སོང་།
སྣ་ནས་ཐོས་རྒྱུ་ཞིག་མེད་རྣ་ལས་ཐོས་རྒྱུ་ཞིག་ཡོད། ཀཔ་ལི་འམ་ཀ་པ་ལི་ཞེས་པ་རྒྱ་གར་འཕགས་པའི་སྐད་ཡིན་ཞིང་སྤུངས་ཞེས་པ་ནི་རང་རེའི་བོད་སྐད་དུ་ཡོད་པ་དེ་ལ་རྒྱུ་མཚན་ཅི། འདྲ་བ་རྒྱུ་མཚན་དུ་བྱས་པའི་མིང་དེ་༧སྐྱབས་རྗེ་བདུད་འཇོམ་རིན་པོ་ཆེ་ལས་སྔར་ཡོད་པ་ཡིན་ནམ་ཕྱིས་སུ་བཏགས་པ་ཞིག་ཡིན། གང་ལྟར་ཡང་སྔ་ཕྱི་གཉིས་ཀ་ལ་འཁུངས་དང་རྒྱུ་མཚན་གསལ་པོ་དགོས།རྒན་རབས་ལས་ཐོས་པའི་ ཀལྱཱན་པུར་ཞེས་པ་དེ་ འཕགས་ཡུལ་གྱི་སྐད་དུ་བསྒྱུར་ན་ ཀལྱཱན་- དགེ་ལེགས་དང་བཀྲིས་སོགས་བཟང་པོའི་ཆ་ལ་གོ་ཞིང་། པུར་་་ – གྲོང་ཁྱེར་དང་ས་གནས་སོགས་ལ་གོ་བས། དུས་ད་ལྟ་ཡང་རྒྱ་གར་གྱི་ས་ཕྱོགས་མང་པོ་ཞིག་ལ་ དཔེར་ན་ ཀན་པུར། ནག་པུར་། ཨུ་དུམ་པུར་སོགས་མང་བས་རིག་པས་དཔྱད་རྒྱུ་ཡོད།
མེ་ཏོག་དཀར་པོ་ལགས། སྐུ་ཉིད་ཀྱིས་བྲིས་གནང་བའི་ཀ་ལིམ་པུང་དེའི་དོན་ཞིག་འགྲེལ་བཤད་གནང་རོགས།
གོ་དོན་གང་ཡང་མེད། kalimpong ཞེས་པའི་སྒྲ་ཅི་ཐོན་བྱས་པ་ཙམ་ཡིན།