གནས་ཚུལ་བརྒྱུད་སྤྲོད་པ། མཁའ་ལོ།
ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་ཤིས་ཉི་དང་ཨོ་སི་ཁྲུ་ལི་ཡའི་རིམ་པ་དང་བཞུགས་མོལ་གནང་བ།
ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་ཚེས་བཅུ་དྲུག་ཉིན་ཤིས་ཉི་ནས་ཨོ་སི་ཁྲུ་ལི་ཡ་གླིང་གི་ཀྲུང་གོའི་ཞི་བདེ་གཅིག་གྱུར་སྐུལ་འདེད་ཚོགས་པའི་ཚོགས་འདུ་ཁང་ནས་བོད་ལྗོངས་འཕེལ་རྒྱས་སྐོར་གྱི་བཞུགས་མོལ་དང་འབྲེལ་འདྲིས་སྤེལ། སྤེལ་རེས་ཚོགས་པའི་ཚོགས་གཙོ་དང་། སི་ཁྲོན་སློབ་ཆེན་གྱི་སྤྱི་ཚོགས་འཕེལ་རྒྱས་དང་ནུབ་ཕྱོགས་གསར་སྤེལ་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་ནོར་བུ་དགྲ་འདུལ་གྱིས་ཕྱི་སྡོད་ཀྲུང་གོ་བའི་སྤུན་ཟླ་ཚོར་ཀྲུང་གོའི་བོད་ལྗོངས་ཀྱི་འདས་མ་འོངས་ད་ལྟ་ཞེས་པའི་འཆད་ཁྲིད་གནང་།
ནོར་བུ་དགྲ་འདུལ་རང་ཉིད་ཀྱིས་བོད་ལྗོངས་སྤྱི་ཚོགས་ལ་དཔྱད་ཞིབ་ཟབ་མོ་བྱས་ཏེ་བསྡུ་སྒྲིག་བྱས་པའི་རྒྱུ་ཆ་དང་འཆར་ཟིན་བརྒྱུད་ནས། བོད་ལྗོངས་རྙིང་བའི་གནས་ཚུལ་བརྗོད། སྐབས་དེར་གཅིག་ནས་ཐོན་སྐྱེད་རྒྱུ་ཆ་དང་ངལ་རྩོལ་གྲུབ་འབྲས་མི་ཉུང་ཉུང་ཞིག་གིས་བདག་འཛིན་བྱས་ཡོད། ཐོན་སྐྱེད་རྒྱུ་ཆ་ནི་ཁོངས་གཏོགས་ས་གནས་ཀྱི་བཀག་འཛིན་བྱས་ཡོད་པས་འགུལ་སྐྱོད་བྱེད་དཀའ་ལ། ཐོན་ཁུངས་བཀོད་སྒྲིག་སྐོར་མི་ཉུང་ཤོས་ཀྱིས་གཏན་ཁེལ་བྱེད་པ་རེད། སྤྱི་ཚོགས་ཀྱིས་མི་དམངས་ལ་གོ་སྐབས་དང་མང་པོ་གསར་གཏོད་བྱེད་མི་ཐུབ་པས་གསོན་ཤུགས་དཀོན། གཉིས་ནས་དུས་སྐབས་དེའི་རིང་དུ་དཔལ་འབྱོར་འཕེལ་རྒྱས་མདུན་སྐྱོད་བྱེད་མི་ཐུབ་པ་རེད། གསུམ་ནས་ཆོས་ཟུང་འབྲེལ་གྱིས་གཅིག་གྱུར་དབང་བསྒྱུར་འོག་གི་བོད་ལྗོངས་རྙིང་བར། ཆོས་ལུགས་ནི་མི་སེམས་ཞུ་བར་འགོད་པའི་དད་མོས་ཞིག་ཡིན་པ་མ་ཟད། གོང་རིམ་སྡེ་ཁག་གིས་དཔལ་འབྱོར་དོ་དམ་དང་སྤྱི་ཚོགས་བདག་སྐྱོང་། ཐོན་ཁུངས་ཚོད་འཛིན། བསམ་བློ་བཀག་འཛིན་བྱེད་པའི་ལག་ཆ་གལ་ཆེན་ཞིག་ཡིན། དད་ལྡན་མང་ཚོགས་ལ་ཆོས་ལུགས་ཐད་ནས་གོ་གནས་ཅི་ཡང་མེད་པ་རེད།
ཁོང་གིས། བོད་ལྗོངས་ཀྱིས་༡༩༨༥ ལོར་སླར་ཡང་ཐོན་སྐྱེད་རྒྱུ་ཆའི་བདག་དབང་བྱེད་ཐབས་ལ་བཅོས་བསྒྱུར་ཆེན་པོ་བྱས། བོད་ལྗོངས་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་ས་ཁུལ་ལ་འགྱུར་ལྡོག་མངོན་གསལ་བསྐྲུན་པ་དང་། ལས་ཞུགས་དང་ལས་རིགས་གསར་གཏོད། ཡོང་འབབ་ཁ་སྣོན་གྱི་གོ་སྐབས་སོགས་གང་ཡིན་ཡང་། ཚོང་རས་བཀོད་སྒྲིག་གཙོ་བོ་དང་། སྲིད་གཞུང་གིས་ཚོད་འཛིན་ཕལ་བ་བྱེད་པའི་དུས་རབས་གསར་བར་སླེབས་ཡོད་པ་དང་། གོ་སྐབས་འགྲན་རྩོད་བྱེད་པའི་དུས་རབས་གསར་བར་སླེབས་ཡོད་པ་རེད།
ནོར་བུ་དགྲ་འདུལ་གྱིས། བོད་ལྗོངས་ཀྱི་བཅོས་བསྒྱུར་དང་འཕེལ་རྒྱས་ཐད་ལ་དུས་ནམ་ཡང་ཀྲུང་དབྱང་སྲིད་གཞུང་གིས་དོ་སྣང་དང་རྒྱབ་སྐྱོར་ཚད་མཐོན་པོ་བྱས་ཡོད་ལ། བོད་ལྗོངས་ནས་ནམ་རྒྱུན་སྐད་ཆ་འདི་འདྲ་ཞིག་ཐོས་སྟེ། ང་ཚོས་གནས་འདིར་གཏོང་འཇོག་བྱས་པའི་སྒོར་བཅུ་ལས། སྒོར་མོ་དགུ་ལྷག་ཀྲུང་དབྱང་གིས་གཏོང་འཇོག་བྱས་པ་ཡིན་ཞེས་བཤད། སྤྱི་པའི་སྒྲིག་གཞི་དང་སྤྱི་པའི་ཞབས་ཞུ་མཁོ་འདོན་བྱས་པ་བརྒྱུད་ནས་དམངས་འཚོ་ལེགས་བསྒྱུར་བྱས་ཏེ། གྲོང་སྡེ་སོ་སོར་སྤྲག་འཕྲིན་ཅུས་དང་སློབ་གྲྭ། འཕྲོད་བསྟེན་ཁང་། ཞིང་འབྲོག་ལས་རིགས་ལག་རྩལ་རྒྱ་བསྐྱེད་ས་ཚིགས་དང་དངུལ་ཁང་བཙུགས་ཡོད་པ་རེད། སློབ་གསོའི་ཐད་ནས། བོད་ལྗོངས་ཀྱི་ལོ་ཚད་ལོན་པའི་བྱིས་པ་ཕལ་ཆེར་སློབ་གྲྭ་འགྲིམ་ཐུབ་པ་མ་ཟད། སློབ་མ་ཚོར་ཟ་མ་དང་སྡོད་ཁང་། སློབ་ཡོན་སོགས་འགན་ལེན་བྱས་ཡོད་པས། སློབ་མའི་ཁྱིམ་བདག་གིས་སློབ་གསོའི་ཐད་ལ་འགན་ཁུར་མེད་པ་བྱས་ཡོད།
ནོར་བུ་དགྲ་འདུལ་གྱིས། ང་ཚོས་བོད་ལྗོངས་ཀྱི་ཞིང་གསུམ་གནད་དོན་གཙུགས་མཐོང་ཚད་མཐོན་པོ་བྱེད་དགོས། ཐབས་བརྒྱ་ཇུས་སྟོང་གིས་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། ལྷག་པར་དུ་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་པོ་གཏོང་བ་བརྒྱུད་ནས། ཞིང་འབྲོག་མང་ཚོགས་ལ་ཚན་རིག་ཤེས་བྱ་དང་ཚོང་རའི་འགྲན་རྩོད་ནུས་པ་སྔར་ལས་མང་པོ་མཁོ་འདོན་བྱས་ཏེ། རྩ་བའི་ཆ་ནས་ཞིང་འབྲོག་མང་ཚོགས་ཀྱིས་གོ་སྐབས་དམ་འཛིན་དང་གོ་སྐབས་བཀོལ་སྤྱོད་བྱེད་པའི་ནུས་པ་མཐོར་འདེགས་བཏང་ནས། བོད་ལྗོངས་ཀྱི་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་འཇགས་ཡོང་བ་མངོན་འགྱུར་བྱེད་པ་དང་། འཆམ་མཐུན་དང་བདེ་སྐྱིད། གཏན་འཇགས་ཀྱི་བོད་ལྗོངས་འཛུགས་སྐྱོང་བྱེད་དགོས་ཞེས་བསྟན་པ་རེད།
བཞུགས་མོལ་ཚོགས་འདུའི་སྟེང་དུ། བོད་ལྗོངས་སློབ་ཆེན་གྱི་དཔལ་འབྱོར་དང་དོ་དམ་སློབ་གླིང་གི་དགེ་རྒན་གཞོན་པ་སྨན་གླིང་བརྩོན་འགྲོས་དང་། སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྐར་བཟང་རྒྱ་མཚོ་སོགས་ཀྱིས་ཀྱང་རང་ཉིད་ཀྱིས་བསམ་ཚུལ་ངོ་མ་བརྗོད་དེ་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་གྲུབ་འབྲས་གསར་བ་བརྗོད་པ་རེད།
ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་ཕྱི་སྡོད་ཀྲུང་གོ་བ་ཚོ་དང་མཉམ་དུ་བོད་ལྗོངས་མང་ཚོགས་ཀྱི་འཚོ་བ་དང་། སློབ་གསོ་སོགས་ཀྱི་གནད་དོན་སྐོར་ལ་བགྲོ་གླེང་མཛད། ཨོ་སི་ཁྲུ་ལི་ཡ་གཅིག་གྱུར་ཚོགས་པའི་ཚོགས་གཙོ་རམས་འབྱམས་པ་ཆའོ་ཝའེ་ཡན་གྱིས། ང་ཚོས་བོད་ལྗོངས་ལ་སེམས་ཁུར་ཧ་ཅང་ཆེ། ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པ་ཨོ་སི་ཁྲུ་ལི་ཡར་ཕེབས་ནས་བོད་ལྗོངས་ཀྱི་དཔལ་འབྱོར་རིག་གནས་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་འབྲེལ་འདྲིས་བྱ་འགུལ་སྤེལ་བ་དང་། སྔར་ལས་ལྷག་པར་བོད་ལྗོངས་དྲིལ་བསྒྲགས་བྱས་པར་དགའ་བསུ་ཞུ། དེ་ཡིས་ང་ཚོ་ཕྱི་སྡོད་ཀྲུང་གོ་བ་ཚོར་བོད་ལྗོངས་ཀྱི་འཕེལ་རྒྱས་གསར་བར་རྒྱུས་ལོན་བྱེད་དུ་བཅུག ཁྱེད་ཚོ་ཨོ་སི་ཁྲུ་ལི་ཡར་ཐེངས་མང་པོ་ཡོང་བ་དང་། དུས་རྒྱུན་དུ་ཡོང་བའི་རེ་བ་ཡོད་ཅེས་བཤད།
དེ་ལས་གཞན། ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་ཚེས་བཅུ་དྲུག་ཉིན་ཤིས་ཉི་ནས་ཨོ་སི་ཁྲུ་ལི་ཡ་ཀྲོའུ་གསར་བའི་གྲོས་ཚོགས་ཀྱི་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རོགས་མཐུན་ཚོ་ཆུང་དང་། ཨོ་སི་ཁྲུ་ལི་ཡའི་རྒྱལ་སྤྱིའི་ལས་དོན་ཞུབ་འཇུག་ཁང་ལ་བཞུགས་མོལ་བགྲོ་གླེང་མཛད་དེ། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ངོ་སྤྲོད་དང་མི་དམངས་ཀྱི་འཚོ་བ་ལེགས་བསྒྱུར། ལས་རིགས་ཁག་སོ་སོ་ཉིན་རེ་བཞིན་ཡར་རྒྱས་འགྲོ་བཞིན་པའི་འཕེལ་ཕྱོགས་གསར་བ་བཅས་ངོ་སྤྲོད་བྱས་ཏེ། ཨོ་སི་ཁྲུ་ལི་ཡའི་མི་སྣ་དག་ལ་སྔར་ལས་ལྷག་པར་བོད་ལྗོངས་ཀྱི་འཕེལ་རྒྱས་དང་འཛུགས་སྐྱོང་ཐད་རྒྱུས་ལོན་བྱེད་དུ་བཅུག
ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ།
༼ང་ཚོ་ཕྱི་སྡོད་ཀྲུང་གོ་བ་ཚོར་བོད་ལྗོངས་ཀྱི་འཕེལ་རྒྱས་གསར་བར་རྒྱུས་ལོན་བྱེད་དུ་བཅུག༽ཟེར་བཞིན་འདུག ཚང་མར་གྲགས་འགུལ་མི་འདུག བྲོས་བྱོལ་བོད་མི་ཚོ་ག་དུས་ཕྱི་སྡོད་ཀྲུང་གོ་བར་གྱུར་སོང་བ་ཡིན་ནམ།
སྲིད་བྱུས་འདི་སྔར་སྐུ་ཚབ་ཟུར་བ་རྒྱ་རི་སོགས་རྒྱ་བློན་སྐུ་གཞོན་སྲིད་ཐར་ལ་ཐུག་ནས་འབྲེལ་མོལ་བྱས་པ་ནས་བྱུང་བ་ཞིག་རེད། དེ་ནས་བོད་དོན་དྲིལ་བསྒྲགས་ཀྱི་རིམ་པ་འདིར་སླེབས་པ་རེད་ལ། འདིར་འབྲེལ་གྱི་གསར་གནས་གཅིག་ཉུང་མཐར་རྒྱ་མི་མི་དུང་ཕྱུར་ཡས་མས་ཀྱིས་ཀློག་གི་ཡོད་པ་རེད། སྒོས་སུ་བོད་མིས་བོད་དོན་གླེང་བ་འདིས་བོད་མི་ཤེས་མཁན་བྱེ་བ་མང་པོར་ཤུགས་རྐྱེན་བསྐྲུན་བཞིན་པས། སྐབས་འདིར་ཡིག་རིགས་སྣ་མང་ནང་ཡ་ལན་སྤྲོད་ཐུབ་མཁན་མེད་ན་དབུ་མའི་སྲིད་བྱུས་འགག་ཚར་བ་མཚོན་བཞིན་ཡོད།
་་་་་ སི་ཁྲོན་སློབ་ཆེན་གྱི་སྤྱི་ཚོགས་འཕེལ་རྒྱས་དང་ནུབ་ཕྱོགས་གསར་སྤེལ་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་ནོར་བུ་དགྲ་འདུལ་གྱིས་ཕྱི་སྡོད་ཀྲུང་གོ་བའི་སྤུན་ཟླ་ཚོར་ཀྲུང་གོའི་བོད་ལྗོངས་ཀྱི་འདས་མ་འོངས་ད་ལྟ་ཞེས་པའི་འཆད་ཁྲིད་གནང་། ་་་་་་་
བོད་ཀྱི་རིག་གནས་སྤེལ་རེས་ཚོགས་འདུ་དེར་མང་ཆེ་བ་རྒྱ་མི་ཡིན་པ་དང་རྒྱབ་ཀྱི་ཕྲེད་དར་དེར་རྒྱ་ཡིག་མ་ཏོག་བོད་ཡིག་མཐོང་ཡས་མིན་འདུག་
སྟག་པ་སེར་པོ་ལགས། འདི་ནི་གནད་དོན་ཚབས་ཆེན་རེད། འགན་འཁུར་ནས་སྐད་ཆ་བཤད་དགོས་པ་ནི་བཤད་མ་དགོས་པས། ད་ལོར་རྒྱལ་བ་རིན་པོ་ཆེ་ནོར་ཝེ་ཆིབས་བསྒྱུར་གནང་སྐབས་སྲིད་བློན་ཟུར་བ་མ་གཏོགས་གཞུང་འབྲེལ་དཔོན་རིགས་སུ་ལའང་འཕྲད་ཐུབ་མེད་པས། དུས་ཚོད་ནམ་ཡིན་པ་དང་སྲིད་བློན་གྱི་མིང་སོགས་ཁ་གསལ་འགོད་གནང་ཡོད་པ་ཞུ།
རེད། སྲིད་བློན་ཟུར་བ་རེད། སྲིད་བློན་མ་རེད། འགོད་ནོར་ཤོར་བ་རེད། མི་མང་པོས་བཤད་ཀྱི་འདུག་ལ། དངོས་འབྲེལ་རེད་བཞག མཐོ་རིམ་པ་མང་ཆེ་བས་ཤེས་ཀྱི་རེད། རང་གི་ད་དུང་མི་ཤེས་པར་ཧ་ལས་པ་དངོས་གནས་སྐྱོ་པོ་བྱུང་།
ཚབས་ཆེན་ཡིན་ནའི་བྱེད་ཡས་གང་ཡང་ཡོད་མ་རེད་ལོ། ཁེ་བཟང་རེད།
སྟག་པ་སེར་པོ་ལགས། གནད་དོན་འདིར་ཞིབ་འཇུག་བྱེད་ངེས་ཡིན། ཕྱོགས་གསུམ་ནས་ངོ་འཕྲོད་རྗེས་ཉུང་མཐར་མ་འོངས་ལོ་རྒྱུས་ནང་འཇོག་ངེས་ཡིན། ཐུགས་རྗེ་ཆེ། ང་རང་མི་ཉམས་ཆུང་རེད་ལ། གསང་བ་འདི་རིགས་གོ་སར་སླེབས་ཀྱི་མེད་པའམ། ཕྭོགས་ཁ་ཤས་ནས་འགོག་གི་ཡོད་པ་རེད། ཧ་ཧ་ཧ།
རྒྱ་དཔོན་གྱི་ལྐོག་ཟ་རུལ་སུངས་བྱེད་ཀྱི་ཡོད་སྐོར་ལུང་པ་གང་བཤད་ཀྱང་ང་རང་ཚོའི་ཁ་སྟབས་འདི་འདྲ་རེད།
རྒྱ་དཔོན་གྱི་ལྐོག་ཟ་རུལ་སུངས་བྱེད་ཀྱི་ཡོད་སྐོར་ལུང་པ་གང་བཤད་ཀྱང་ང་རང་ཚོའི་ཁ་སྟབས་འདི་འདྲ་རེད།
ཞིབ་འཇུག་བྱས་ནའི་ངོ་མ་འདི་རེད་ཅེས་ཤོད་མཁན་ཁག་པོ་རེད།
ངན་རུལ་གཅིག་གིས་ངན་རུལ་གཅིག་བཀབ་ནས་ངན་རུལ་གྱིས་ཁེངས་བསྡད་འདུག་ག