ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༨ ཉིན་གྱི་བོད་ནང་གི་དགོང་མོའི་དུས་ཚོད་ ༦།༣༠
ཙམ་ལ་བོད་མདོ་སྨད་རྔ་པ་རྫོང་མཁར་གྱི་སློབ་ཆུང་གཉིས་པ་ཡོད་སའི་གཞུང་ལམ་ནས་བོད་མི་ཞིག་གིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་འདུག་ཀྱང་།
གནས་ཚུལ་འགྲེལ་བརྗོད་པས་བཤད་པ་ལྟར་ན་གྲྭ་པ་ཞིག་ཡིན་ཚུལ་ཙམ་ལས་མིང་དང་ཕ་ཡུལ་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མ་བྱུང་བར་མ་ཟད།
དོན་རྐྱེན་བྱུང་མ་ཐག་དམག་མི་དང་ཉེན་རྟོག་པས་བཙན་ཁྲིད་བྱས་འདུག་པས་ཁོང་གི་ད་ལྟའི་ཤི་གསོན་གྱི་གནས་སྟངས་ཀྱང་ཤེས་རྟོགས་མ་ཐུབ།
ངོ་རྒོལ་དེ་བྱུང་སའི་ཉེ་འགྲམ་ནས་གྲྭ་པ་གཉིས་ཀྱང་འཛིན་བཟུང་བྱས་ཡོད་ནའང་སུ་ཡིན་ཤེས་རྟོགས་མ་ཐུབ་པ་བཅས།
བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས།
ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༨ ལ།
བོད་ཀྱི་དཔའ་བོ་དེ་དག་ལ་སྙིང་ནས་གུས་འདུད་ཞུ། བོད་རྒྱལ་ལོ། །
དཀོན་མཆོག་གིས་མཁྱེན་། ད་གང་དྲག བོད་ནང་གི་གནས་སྟངས་འདི་འདྲའི་ཡ་ང་བ་ཞིག་རེད་། ང་ཚོས་ལས་འགུལ་ནི་དེ་རིང་ཆུ་ཚོད་ཁ་ཤས་ནང་རྫོགས་ཟིན་། མ་འོངས་པར་ལས་མགུལ་གི་འཆར་གཞི་ནི་མེད་ཟེར་། བོད་ནང་སྤུན་ཟླ་ཚོའི་ཚེ་སྲོག་ནི་གཅིག་ཤོར་གཉིས་ཤོར་རེད་། སྙིང་བརྗེ་ཨང་།
མི་རིགས་ཤིག་གི་ཆེད་དུ་བཏང་བའི་ཚེ་སྲོག་ ཁྱེད་ལ་གུས་འདུད་ཞུ
བོད་ནང་གི་རྒྱལ་གཅེས་དཔའ་བོ་ཚོ་ལ་སྙིང་དབུས་ནས་གུས་འདུད་ཞུ། བཙན་བྱོལ་ནང་ལ་ཞལ་འདེབས་བསྡུ་བའི་གོ་སྐབས་ཞིག་ཀྱང་རྙེད་པ་རེད། ད་བླ་མ་དཀོན་མཆོག་དང་ལས་འབྲས་ཞིག་ཡོད་ན་གཟིགས་དགོས་ཚོད་རེད། བླ་མ་དཀོན་གི་མཁྱེན།
སྐྱེ་བ་རླབས་ཆེ་ཞིང ཤི་བ་གཟི་བརྗིད་ཆེ།
ཝ་རྔ་མ་ཤར་ལི་བྲོས་པ་ལས། སྟག་འཛོམ་དྲུག་ཉེར་ལི་ཤི་ན་དགའ།
དཔའ་རྒོད་རྣམས་ཀྱིས་དེ་ལྟར་བྱེད་པ་སེམས་ཤུགས་འཕེལ་བའི་རྒྱུ་ཞིག་ཅི་ལ་མིན། ཐུགས་རྗེ་ཆེ།
ཁ་སང་་ལེ་བྷེའི་ཡ་དང་གསི་རི་ཡའི་མི་སྣ་སྐོར་ཞིག་གིས་རྒྱལ་ས་ཁྲི་པུ་ལི་རུ་ཡོད་པའི་རྒྱ་ནག་གཞུང་ཚབ་མདུན་དུ་རྡོ་དང་བྱ་སྒོང་སོགས་གཡུག་ནས་སྒོ་དང་སྒེའུ་ཁུང་བཅགས་འདུག ཞིབ་ཏུ་གཟིགས་འདོད་ཡོད་ན་འདི་རུ་ལྟ་ཐུབ། ང་ཚོས་ལས་འགུལ་མུ་མཐུད་དུ་རྒྱུན་སྐྱོང་ཐུབ་ན་ཉིན་གཅིག་ལུང་བ་འདི་གཉིས་ལྟར་རྒྱལ་སྤྱིའི་དོ་སྣང་མི་བྱེད་རང་བྱེད་ཆགས་ངེས་རེད། དེ་ནི་ང་ཚོའི་ལུང་པ་དེ་གཉིས་ཀྱི་མི་མང་ལྟར་ལས་འགུལ་རྒྱུན་སྐྱོང་ཐུབ་མིན་དང་ལས་འགུལ་རྣོ་ངར་ལྡན་མིན་ལ་ཐུག་ཡོད་པ་འདོད།
http://www.youtube.com/watch?v=rcMmyQeASWY&feature=g-all-f&context=G289c3eaFAAAAAAAADAA
དགོངས་དག ཤེལ་སྒོ་བཅག་པ་ལས་སྒོ་བཅག་མི་འདུག ཁོང་ཚོས་དེ་ལྟར་བྱེད་དགོས་བའི་རྒྱུ་མཚན་ནི་རྒྱ་ནག་གིས་གསི་རི་ཡའི་དྲག་པོའི་གཞུང་ལ་རྒྱབ་སྐྱོར་གྱིས་མཚོན་ཆ་སྤྲད་པ་མ་ཟད་རྒྱལ་ཚོགས་ཀྱིས་གསེ་རི་ཡའི་གཞུང་ལ་གནོད་ཤུགས་སྤྲད་པ་འགོག་རྐྱེན་བཟོས་བས་རེད།
བོད་མི་རིགས་ཀྱི་དཔའ་པོ་དག་གིས་ཆོས་ལྡན་གངས་ཅན་པའི་ཆེད་དུ།གཅེས་པའི་ཚེ་སྲོག་ཞི་བའི་ངང་ཕུལ་བ།གཟི་བརྗིད་འོད་སྟོང་འཚེར་བའི་འཇིག་རྟེན་གྱི་སྒྲོན་མེ་རེད།བོད་མིའི་ཤ་རུས་ལས་གྲུབ་པ་ང་དང་ང་ལྟ་བུ་དག་གིས་འཇིག་རྟེན་འདིར་ནུབ་པ་མེད་པའི་མིའི་རིགས་ཀྱི་གཟི་བརྗིད་དུ་བཀུར་བར་བྱའོ།།
ཚེ་སྲོག་གི་མེ་ལྕེ་དེ་དག་བོད་ཡུལ་ནས་འབར་ཞིང་རྒྱ་ཡུལ་དུ་འཆེད་པར་སྨོན། ཚེ་སྲོག་གི་མེ་ལྕེ་དེ་དག
(ཆོས་སྲིད་རང་དབང་གཙང་མའི་) ཆེད་དུ་སྟེ།
གངས་ཅན་སྐྱིད་ཤོང་གི་ལྷིང་འཇགས་ལྡུམ་རར་འཕྱོར་སྒེག་མཛེས་སྡུག་གིས་བཞད་པའི་ཀུ་ཤུ་རྟགས་ཅན་གྱི་འཆར་ངོས་ལས་རྟག་ཏུ་མི་གསུབ་པར་སྨོན།
ཚེ་སྲོག་གི་མེ་ལྩེ་དེ་དག་བོད་ཡུལ་ནས་འབར་ཞིང་རྒྱ་ཡུལ་དུ་འཆེད་པར་སྨོན།
ཚེ་སྲོག་གི་མེ་ལྕེ་དེ་དག
(ཆོས་སྲིད་རང་དབང་གཙང་མའི་) ཆེད་དུ་སྟེ།
གངས་ཅན་སྐྱིད་ཤོང་གི་ལྷིང་འཇགས་ལྡུམ་རར་འཕྱོར་སྒེག་མཛེས་སྡུག་གིས་བཞད་པའི་ཀུ་ཤུ་རྟགས་ཅན་གྱི་འཆར་ངོས་ལས་ནམ་ཡང་མི་གསུབ་པར་སྨོན།།