ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༡ ཉིན་གྱི་བོད་ནང་གི་དགོང་མོའི་དུས་ཚོད་ ༦ ཙམ་རྔ་པ་རྫོང་རྭ་རུ་བའི་མདོ་ཤིས་སྐལ་རྒྱམ་ཚང་གི་མ་མའི་བཙུན་དགོན་གྱི་བཙུན་མ་བསྟན་འཛིན་ཆོས་སྒྲོན། རང་ལོ་ ༡༨ ། ཕ་མིང་ལ་བློ་པེ་དང་། མ་མིང་ལ་ཚེ་པོ་ཡིན་པ་ཁོང་མོས་བཙུན་དགོན་ཞོལ་གྱི་བསུ་མདོའི་ཟམ་ཁ་ནས་རང་ལུས་མེར་སྲེག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཤིང་། སྐབས་ཐོག་དེར་གྲོངས་མེད་ནའང་། དེ་མ་ཐག་དམག་མི་དང་ཉེན་རྟོག་པ་སླེབས་ནས་འབར་ཁམས་སུ་ཐད་ཀར་ཁྱེར་ཡོད་འདུག ཁོང་མོ་ཆུང་ཆུང་སྐབས་གཅའ་ཞང་ཐོག་ནས་ལོ་ ༣ ཙམ་རིང་སློབ་གྲྭར་སོང་ཞིང་། དེ་རྗེས་རྔ་སྟོད་མ་མའི་བཙུན་དགོན་དུ་བཙུན་མ་བྱས་འདུག ཁོང་མོར་ནང་མི་ ༡༢ ཡོད་པ་དང་། མིང་སྲིང་བཞི་ཡོད་པའི་ཆེ་ཤོས་ཁོང་མོ་ཡིན་འདུག རྒྱུན་ལྡན་སྨྲ་བ་ཉུང་ཞིང་དགོན་པའི་སྒྲིག་ལམ་ཚུལ་བཞིན་སྲུང་ནས་སློབ་སྦྱོང་ལ་དོ་སྣང་ཆེན་པོ་དང་སློབ་སྦྱོང་གི་གྲུབ་འབྲས་ཧ་ཅང་ཡག་པོ་ཡོད་མཁན་གྱི་དཔའ་འཛངས་གཉིས་ལྡན་གྱི་བུ་མོ་ཡ་རབ་ཞིག་ཡིན་འདུག དེ་རྗེས་དམག་མི་དང་ཉེན་རྟོག་པས་མ་མའི་བཙུན་དགོན་ཡོངས་སུ་བསྐོར་ནས་དམ་དྲག་ཆེན་པོ་བྱས་ཡོད་པས་བཙུན་དགོན་ནང་གི་གནས་ཚུལ་ཤེས་རྟོགས་མ་བྱུང་། མ་མའི་བཙུན་དགོན་ནི་བདེ་ཆེན་ཆོས་འཁོར་གླིང་ནི་རྔ་པ་རྫོང་དང་བར་ཐག་སྤྱི་ལེ་གསུམ་ལྷག་གི་ས་ན་ཡོད་པའི་རྔ་པའི་བཙུན་དགོན་ཆེ་ཤོས་དེ་ཡིན་ཞིང་། དེང་སྐབས་བཙུན་མ་ ༣༥༠ ལྷག་ཡོད། ལོ་སྔོན་མའི་ཕྱི་ཟླ་ ༡༠ ཚེས་ ༡༧ ཉིན་བཙུན་དགོན་འདིའི་བཙུན་མ་བསྟན་འཛིན་དབང་མོ་ལགས་ཀྱིས་རང་ལུས་མེར་སྲེག་གིས་ངོ་རྒོལ་སྐད་འབོད་གནང་ཞིང་། དེ་མ་ཐག་འདས་གྲོངས་སུ་གྱུར་ཡོད། ཕྱི་ལོ་ ༢༠༠༨ ལོར་བཙུན་དགོན་གྱི་བཙུན་རྣམས་ཀྱིས་ནང་པའི་ཆོས་དར་དང་༸གོང་ས་མཆོག་གི་སྐུ་པར་བཟུང་ནས་རྔ་པའི་ཁྲོམ་ས་ཡོངས་ལ་ཞི་བའི་གོམས་བགྲོད་གནང་ཞིང་དེ་རྗེས་བཙུན་མ་མང་པོ་འཛིན་བཟུང་བཀག་ཉར་དང་། བཙུན་མ་ཁག་ཅིག་ལ་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་ཀྱང་བཅད་མྱོང་ཡོད་པ་བཅས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས།
ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༡ ལ།
ད་དངོས་གནས་རྒྱ་འདིས་འདུག་བཅུག་ས་མ་རེད། དཔའ་ལོ་ཁྱེད་དག་ཞིང་དུ་ཕེབས་པ་སྨོན།
བོད་རྒྱལ་ལོ།། སྡུག་བསྔལ་གྱི་བཙོན་རར་སྡོད་པ་ལས་རླབས་ཆེན་གྱི་བྱས་རྗེས་བཞག་ནས་ཤི་བ་དགའ།།
བདེ་བ་ཅན་དུ་སྐྱེ་བར་ཤོག །
ད་ཡིན་ན་ངོ་མ་རྔ་བ་མི་མདངས་ནས་མེ་བསྲེགས་བྱེད་རྒྱུ་འཚམས་བཞག་ན་འགྲིག་གི་ཡ་་་དེ་ལ་ཕན་པ་མེད་པའི་གོམས་གཤིས་ལྟ་བུ་ཟིག་ལ་ཆགས་འགྲོ་ཀི་ཡ་་་་་་ཕ་ཡུལ་དང་དགོན་པ་ཡུལ་མི་སོགས་ལ་དཀའ་ངལ་ཐེབས་པ་རེད་་་་་དུས་ཚོད་འདི་སྒོར་མོའི་དུས་ཚོད་ཡིན་པའི་འཛམ་གླིང་གི་དཔོན་རིག་དག་གིས་རྣ་བའི་ཉན་མི་སྲིད་ལ་རྒྱ་གཞུང་ནས་དེ་པས་ཀྱང་ག་བ་ག་་་་ཕྱི་ཕྱོགས་ཀྱི་བོད་གཞུང་དང་བོད་མི་དག་གིས་དུས་ནམ་ཡང་ཁྱེད་ཚོ་སྐྱོབས་མི་ཐུབ་དེ་ལ་རེ་བ་བྱེད་ཀི་ཡོད་ན་ཁྱེད་ཚོ་ནོར་རེད་་་་་ང་རྔ་བའི་མི་ཟིག་ཡིན་པའི་དངོས་ནས་ཁྱེད་ཚོ་འདི་ལྟར་ལྐུག་པའི་རང་བཞིན་གྱི་ཤི་ན་ངོ་མ་ཕངས་པ་ལ་་་་
༄། དགོས་དགུ་ཡོངས་རྫོགས་རྨ་འབྲུ་ཀླུང་གིས་ཁྱེར།
བཙན་པོའི་དཔུང་བར་གཉོམ་པོས་ལན་ཟློག་དཀའ་།
རང་གི་ཤ་རུས་གཅིག་པའི་སྤུན་ཟླ་ཚོ།
བོད་ཀྱི་ཡུལ་ནས་རང་སྲོག་གཅེས་སྤྲས་བྱོས།
ཡང་ཡང་བོད་མི་མེ་ལ་བསྲེག་སོང་ཞེས།
ལ་རྒྱ་བསྐྱེད་པའི་གསར་འགྱུར་དག་གོ་དུས།
ང་ཡི་མིག་ཆུ་ཁུར་ཚོས་ངོས་སུ་བཞུར།
ཞེས་དང་ཚིག་འཕྲེང་རེའི་ཡིག་འབྲི་ཐོག་མ་དེ་འོག་ནས་འགོ་བར་ཀློག་རོགས།
དཔའ་མོ་ཁྱེད་དེ་ལྟར་སྤྱི་དོན་དུ་གཤེགས་པས་མ་འོངས་བར་བདེ་བ་ཅན་དུ་སྐྱེས་བ་ཤོག
དཔའ་མོ་མཆོག་དག་ཞིང་དུ་སྐྱེ་བར་སྨོན། རེ་སྨོན་འགྲུབ་པར་ཤོག ཁོང་གི་གནས་ཚུལ་ཁ་གསལ་ཤེས་ཐབས་ལ་འབྲེལ་ཡོད་ཚོས་འབད་བརྩོན་གནང་རོགས། སྙིང་སྟོབས་དང་དད་མོས་འདི་གསོན་ཐབས་ཀྱིས་བྱས་རྗེས་འཇོག་པའི་ལམ་དུ་སྐྱོད་རོགས། ད་ངོ་མ་མང་སོང། ཡོད་ཚད་ཀྱི་བདེན་དཔང་གྲུབ་སོང། རྒྱལ་ཁ་ཆེན་པོ་ཞིག་བླངས་སོང། བཀའ་དྲིན་ས་ལས་ཆེ། གནམ་ལས་ཡངས། སྐུ་གཤེགས་རྣམ་པ་ལགས།
རྒྱ་གཞུང་གིས་བོད་ཀྱི་རེ་འདོད་གང་མཚམས་ཤིག་སྐོང་ནས་དཀའ་ངལ་སེལ་རྒྱུ་གལ་གནད་ཆེ་ཞིང་། དེ་ལྟར་མ་གནང་ན་གནས་ཚུལ་འདི་བོད་ཁམས་ཀུན་ལ་ཁྱབ་ངེས་རེད། རྒྱུན་མཐུད་དུ་གནས་སྟངས་འདི་གནས་བ་ཡིན་ན་ན་ཚ་ཤུགས་ཆེ་རུ་ཕྱིན་ཏེ་བོད་རྒྱུད་ནས་གྲངས་ཉུང་མི་རིགས་གཞན་དང་རྒྱ་ནག་ནང་ཁུལ་དུ་ཁྱབ་ནས་གཞུང་འཛིན་མགོ་རྟིང་སློག་ངེས་རེད། རྒྱུ་མཚན་ནི་གནས་ཚུལ་ཡུན་རིང་བྱུང་ན་རྒྱུན་རིང་རྒྱ་གཞུང་གིས་་གསང་བ་བྱེད་མི་ཐུབ་ཅིང་མི་མང་ཀུན་གྱིས་རྟོགས་ནས་གཉིད་ལས་སེལ་ངེས་རེད།
ཁྱེད་རྣམས་འདི་ལྟར་གཞན་དོན་དུ་གཅིག་རྗེས་གཉིས་མཐུད་དུ་གཤེགས་པ་ནི་ཨེ་མ་ཤིན་ཏུ་ངོ་མཚར་ཆེ།
རྔ་པའི་གནས་སྟངས་དེ་ངོ་མ་སེམས་སྡུག་ཡོང་གཞི་ཅིག་རེད།རྔ་པའི་མི་མང་པོས་རང་ལུས་མེར་བསྲེག་བཏང་བ་འདི་ཧ་ཅང་རླབས་ཆེན་རེད།འོན་ཀྱང་།དེས་བོད་ཆོལ་གསུམ་ཕར་བཞག་མཐའ་ན་རྔ་པའི་ཉེ་འཁོར་གྱི་བོད་རྫོང་ཁག་ནས་ཀྱང་ངོ་རྒོལ་ཡོང་ཐུབ་ཀི་མེད་པ་རེད།
བཙན་བྱོལ་ནང་དུ་ནི་ལས་འགུལ་དེ་རིགས་སྲིད་ཚོགས་ཁག་ལ་ཁོ་རང་ཚོས་དཀའ་ལས་བརྒྱབ་མི་དགོས་པའི་ཆབ་སྲིད་ལག་ཆ་བདེ་མོ་ཅིག་ཡིན་པས།དེ་འཚམས་འཇོག་འབོད་སྐུལ་གྱི་ཐོབ་ཐང་སུ་ལའང་མེད་ཅེས་ཟུར་དུ་༧རྒྱལ་བ་རིན་པོ་ཆེར་ཉེན་བརྡ་མང་པོ་བཏང་བསྡད་ཡོད།
ཡིན་ནའང་།རྔ་པའི་གནས་སྟངས་ཐོག་བླ་ཆེན་ཚོས་འབོད་སྐུལ་བྱས་ཏེ་འཚམས་འཇོག་ཡོང་ཐབས་མ་བྱས་ན་གྲུབ་འབྲས་དེ་ཙམ་མེད་པའི་ཐོག།རྔ་པའི་གཞོན་སྐྱེས་མང་པོའི་སྲོག་ཤོར་གི་རེད་ལ་རྔ་པ་རུ་བཙིར་གནོན་དམ་དྲག་དམྱལ་བ་མི་ཡུལ་དུ་འཕོས་པ་ནང་ལྟར་གྱི་སྡུག་བསྔལ་མུ་མཐུད་ཤར་ངེས་རེད།
ཨ་ཁ། ད་ཡང་བོད་མིའི་བདེན་མཐའ་སེལ་ཆེད་རང་ལུས་མེ་ལ་བསྒྲོན་འདུག ཁྱེད་རྣམ་པའི་སྙིང་སྟོབས་དང་སེམས་ཤུགས་ལ་དུས་ནམ་ཡང་གུས་བཀུར་ཡི་རང་ཡོད། འོན་ཀྱང་སྙིང་སྟོབས་དང་དཔའ་ངར་གྱིས་ཕྱུག་པའི་ལོ་ཆུང་མང་པོ་ཉིན་རེ་བཞིན་མིག་མདུན་ནས་ཡལ་དུས་སེམས་པས་བཟོད་ཀྱི་མི་འདུག་ལ། དེ་བས་དཔའ་སྟོབས་ཀྱིས་ཁེངས་པའི་ན་གཞོན་གྱི་ཚེ་སྲོག་ལ་ཕངས་སེམས་ཆེ།
རང་གི་ལུས་སྲོག་གཅིག་པུ་དེ་སྤྱི་དོན་དུ་འབུལ་བ་ལས་བོད་མི་ལུས་སྲོག་གཞན་གྱི་རྒྱུད་ལ་ཞི་བའི་ལས་འགུལ་གཞི་རྒྱ་ཆེ་ལ། གཏིརང་རིང་བ། རྒྱུན་རིང་བའི་ལས་འགུལ་དེ་འདྲ་བརྩམས་ནས་བཙོན་དུ་ཕེབས་ན་མི་ལེགས་སམ། ད་ང་ལ་ཡང་ཤོད་པའི་ཚིག་ཀྱང་རྫོགས་ནས་དེ་ལས་ལྷག་མི་འདུག་གོ །
དཔའ་རྒོད་ཁེར་སྐྱེས་གཉིས་སྐྱེས །
དམར་བོའི་མེ་ལ་མ་མཆོངས། །
ཕྱི་ལྷག་བསྡར་མ་ངེད་ཚོར། །
ཁྱེད་ཅག་དེ་བས་མཁོ་གི །
མི་ཡི་བསམ་བློའི་ཚད་ལ། །
མཐའ་དང་དབུས་ཀྱང་མེད་པས། །
ཐར་ལམ་གཞན་ཞིག་བསྙེག་སྟེ། །
དཔའ་རྟགས་ངོ་མ་ཞོག་ཅིག །
ཨ་ཁ་དངོས་གནས་ཕངས་པ་ལ།བོད་མི་རིགས་དང་རྩ་དོན་གྱི་ཆེད་རང་སྲོག་མེ་རུ་སྒྲོན་པའི་དཔའ་མོ་ཞིག་ང་ཚོ་དང་གཏན་དུ་ཁ་བྲལ་སོང།དཔའ་མོ་འཇིག་རྟེན་གཞན་ཞིག་ནས་བདེ་བར་གཟིམས་དང་ཉིད་ཀྱིས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུད་བརླན་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་ཡིད་སྨོན་ལྟར་འགྲུབ་འདུག་་་་གྲོགས་པོ་ཚོ་སྙིང་སྟོབས་ཕུལ་དུ་བྱུང་བའི་བྱ་བ་རླབས་པོ་ཆེ་རང་སྟེང་ནས་མནོ་བསམ་བྱས་པའི་བྱ་འགུལ་ཞིག་ཡིན་པ་ལས་རྒྱུད་སྐུལ་དང་རྒྱབ་ལྗོངས་སྙན་གྲགས་ཀྱི་བསླད་མེད་པས་རྗེས་སུ་ཡི་རངས་སུས་མི་བྱེད།
ད་དངོས་གནས་མཚམས་བཞག་ན་བསམ་ཀི ཁོང་ཚོའི་ཆོད་སེམས་དང་བློ་སྟོབས་ཀྱིས་ཚ་ེསྲོག་མེ་རུ་བསྒྲོན་ནས་མི་རིགས་འདིའི་རང་དབང་དང་བདེ་སྐྱིད་ཞིག་གི་ཆེད་དུ་སྤར་སོང་མོད། བོད་མི་བྱིངས་ཀྱིས་མ་ཐོས་མ་གོ་བའི་ཚུལ་གྱི་གྲགས་མེད་འགུལ་མེད་དུ་འདུག་ན་ཕྲན་ཆུང་ང་མི་བུའི་སྲོག་སྙིང་བདོག་པའི་གཞོན་པ་འདི་ཚོའི་ཚེ་སྲོག་ལ་སེར་སྣ་སྐྱེས་ཀི
ཁོ་མོས་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་རང་ལུས་ལ་བསྒྲོན་པ་ནི་ངོ་མ་གོང་དུ་བཀུར་འོས་བ་དང་བོད་མི་ཡོངས་ཀྱི་དུས་ནམ་ཡང་དྲན་པའི་གཏིང་དུ་གཉེར་དགོས་བ་བཤད་མ་དགོས་བ་ཞིག་རེད ། ཡིན་ན་ཡང་གསར་འགྱུར་གཏོང་མཁན་གྱི་ཉན་མ་བཞག་ཡིན་ནམ་གང་ཡིན་མི་ཤེས་མོད་འོན་ཀྱང་གོང་འདི{མ་མིང་ལ་ཚེ་པོ་ཡིན་པ་ཁོང་མོས་བཙུན་དགོན་ཞོལ་གྱི་བསུ་མདོའི་ཟམ་ཁ་ནས་རང་ལུས་མེར་སྲེག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཤིང་། སྐབས་ཐོག་དེར་གྲོངས་མེད་ནའང་། དེ་མ་ཐག་དམག་མི་དང་ཉེན་རྟོག་པ་སླེབས་ནས་འབར་ཁམས་སུ་ཐད་ཀར་ཁྱེར་ཡོད་འདུག }ཡང་ན{ལོ་སྔོན་མའི་ཕྱི་ཟླ་ ༡༠ ཚེས་ ༡༧ ཉིན་བཙུན་དགོན་འདིའི་བཙུན་མ་བསྟན་འཛིན་དབང་མོ་ལགས་ཀྱིས་རང་ལུས་མེར་སྲེག་གིས་ངོ་རྒོལ་སྐད་འབོད་གནང་ཞིང་། དེ་མ་ཐག་འདས་གྲོངས་སུ་གྱུར་ཡོད།}ཞེས་པ་འདི་དག་ཡིན་ཅི་ཡིན་ནམ། རྗེས་མ་ང་ཚོས་འདི་དག་ཁྲིམས་ཐོག་སོགས་འགྲོ་དགོས་དུས་འདི་དག་དཀལ་ངལ་མི་ཡོང་ངམ།
ཆབ་བྲག་ལགས། ཡང་སེ་ཡང་སེ་དྲ་ཐོག་ཏུ་ཕེབས་པ་དགའ་ཡོད། ཡིན་ནའང་། བཙན་བྱོལ་དུ་ཆེས་སྙན་པ་འབུར་བའི་རྩོམ་པ་པོ་ཁྱེད་ཀྱིས་ཀྱང་མཆན་གང་མང་ཞིག་གི་ཟ་ཟུར་ན་སྨོན་ལམ་འདྲ་རེ་བརྒྱབས་ནས་མགོ་འཁོར་འདུག་པ་མཐོང་དུས་ཀློག་མཁན་ང་ཡང་ཐང་འདྲ་ཞིག་ཆད་ཀི དབུ་མའི་ལམ་དང་ད་ལྟའི་རྒྱ་ནག་གི་གནས་སྟངས་ཁྱེད་ཀྱིས་མ་མཁྱེན་པ་མ་རེད། དེས་རྐྱེན་གྱིས་འཕག་འཚག་ག་ཚོད་ཅིག་བརྒྱབ་ཀྱང་རེ་བ་ཞིག་མཐོང་གི་མི་འདུག དེ་ལས་ཁྱེད་ཀྱིས་གནས་ཚུལ་ཁ་གསལ་ཞིག་བྲིས་ནས་ཕ་ཡུལ་གྱི་གཞོན་སྐྱེས་ཚོའི་ཚེ་སྲོག་ལ་སྲུང་སྐྱོབ་རེ་བྱ་ཐུབ་ན་དེས་མི་དགའ་འམ།
རང་དབང་ལུང་པར་སྡོད་པའི་རང་རིགས་སྤུན་ཟླ་ཡོངས་དང་། ལྷག་པར་གཞིས་ལུས་བོད་རྒྱ་ཆེའི་མི་མང་གིས་རེ་བའི་ཞིང་ས་བཙན་བྱོལ་བོད་གཞུང་དང་ཆབ་སྲིད་ཀྱི་ཚོགས་པ་ཁག
བོད་ནང་ནས་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་བསྟུད་མུར་སྐུ་ལུས་མེར་བསྲེགས་དང་སྐུ་སྲོག་འབེན་དུ་བཙུགས་ནས་རྒྱ་དམར་ལ་ཞི་རྒོལ་འདི་འདྲ་གནང་བཞིན་པའི་སྐབས་འདིར། རང་དབང་ལུང་པར་སྡོད་པའི་གཞུང་མང་གཉིས་ངོས་ནས་ཉིན་གཅིག་དུས་གཅིག་ལ་སྤེལ་བའི་བསྔོ་སྨོན་མཆོད་འབུལ་ཙམ་གྱིས་འགན་འགྲུབ་སོང་པ་དང་ཁྲལ་འཇལ་ཟིན་པའི་བཟོ་དང་ཚོར་སྣང་གིས་བོད་ནང་ན་བལྟས་ནས་བཞུགས་མ་གནང་རོགས། སྐུ་མཁྱེན། ཐུགས་མཁྱེན། མ་མཐའ། ཉུང་མཐར་ཡང་ལོ་གཅིག་ཙམ་རིང་ལ་རང་དབང་ལུང་པ་སོ་སོ་ནས་མུ་མཐུད་དེ་རྒྱུན་མ་ཆད་པའི་སྒོ་ནས་ལས་འགུལ་སྣ་སྣང་སྤེལ་རོགས། ང་ཚོའི་དཀའ་ངལ་གྱི་གནས་སྟངས་འདི་རྒྱ་ནག་མི་མང་གཙོས་འཛམ་གླང་མི་མང་ཚང་མས་ཧ་གོ་ཡ་ཅིག་དང་དོ་སྣང་ཡོད་པ་ཅིག་གནང་རོགས།
ལས་འགུལ་སྤེལ་སྟངས་ཡང་བོད་པ་ཡོད་སའི་རང་དབང་ལུང་པ་ས་གནས་རྣམས་པང་སྒྲིགས་ནས་ལོ་གཅིག་གི་ཟླ་བ་བཅུ་གཉིས་དེ་བདུན་ཕྲག་དང་ཉི་མ་ཁག་བགོས་ཀྱིས་ལས་འགུལ་གོ་སྒྲིག་གནང་ན་མི་ཆོག་གམ། ཆབ་སྲིད་པ་དང་བསམ་བློ་བ་ཚོས་བསམ་ཚུལ་རེ་གསུང་དང་།
ལུས་དང་སྲོག་ལ་མེ་ལྕེའི་གོས་མནབས་ནས།།
བདེན་པའི་ཚིག་གིས་འབོད་པ་གཏོང་བ་འདིས།།
སྔོན་ཚེ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཚོས།།
འགྲོ་བའི་ཆེད་དུ་ལུས་སྲོག་ལོངས་སྤྱོད་བཅས།།
ཡོངས་སུ་བཏང་བའི་ཚུལ་དང་གཅིག་ཏུ་མཐོང་།།
ལུས་སྲོག་རིན་ཆེན་འདི་ལྟར་བཏང་བ་ཡིས།།
དཀར་ནག་མི་རིགས་དུང་ཕྱུར་དྲུག་ཅུའི་སེམས།།
བདེན་པའི་ཕྱོགས་སུ་བཀུག་པའི་སྐྱ་རེངས་ཏེ།
བདེ་སྐྱིད་ཉི་མ་བོད་ཀྱི་ནམ་མཁའ་རུ།།
འཆར་བའི་བསུ་མར་ངེས་པ་འདི་ལྟ་ན།།
ད་ནི་མ་སྲེག་མ་སྲེག་ལུས་དང་སྲོག།
སྒོ་གསུམ་ཞུམ་པའི་ངག་གིས་འདི་སྐད་ཞུ།།
བླ་མ་གྲྭ་པ་བཙུན་མ་སློབ་མ་བཅས།།
གཅིག་རྗེས་གཅིག་གིས་སྙེག་པའི་མེ་རླབས་འདི།།
ད་ནི་མཚམས་འཇོག་གནང་རོགས་སྤུན་ཟླ་དག།
ཧ་ཅང་ཞུམ་པའི་ངག་འདི་འདར་བཞིན་ཡོད།།
ཤིན་ཏུ་ཉམ་ཆུང་སེམས་འདི་ངུ་བཞིན་ཡོད།།
ཞུ་འབོད་སེམས་ཀྱི་མཚོ་མོ་སྐྱོམ་པའི་ཆུ།།
ཡ་ཐོད་མིག་ནས་གཙང་པོའི་ཟོལ་གྱིས་ལུད།།
སེམས་དང་ལུས་པོ་བོད་པ་སྐྱེ་ཡོད་ན།།
ཕྱི་བསྡོད་བོད་མིས་གཞིས་ལུས་མི་མང་གི།
སྲོག་གི་འབོད་པ་འདི་དག་ཤེས་གྱུར་ནས།།
མི་རིགས་ཤིག་གི་འཐབ་རྩོད་བྱེད་རན་རེད།
ད་ལྟའི་དུས་སུ་བོད་གཞིས་བྱེས་གཉིས་ཀའི་ལས་འགུལ་ལ་གཏིང་ཟབ་པ་དང་། གནད་ལ་འཁེལ་བ་འདུག་པས་ང་ཚོ་སེམས་ཤུགས་ཆགས་དགོས་དོན་མི་འདུག་ལ། བྱེས་འབྱོར་གཞུང་གི་དབུ་ཁྲིད་རྣམས་པས་ཀྱང་གང་ནུས་ཅི་འཇོན་བྱེད་བཞིན་འདུག་ན་འཁང་ར་དགོས་དོན་མི་འདུག་ལ་གཅིག་བྱས་མ་སོང་གཉིས་མ་སོང་མ་ལབ་ན་ཡག་པོ་འདུག
ཁྱེད་རྒྱལ་བ་དོན་གྱི་བདག་པོའི་སྐྱེས་རབས་འཕྲེང་བའི་བར་དུ་རྗེས་སུ་འཛིན་པར་བགེག་བར་ཆད་གང་ཡང་མེད་པར་མཆོག་གསུམ་བརྒྱུད་བསྐུལ་གསོལ་སྨོན་ཡང་ཡང་་བྱེད་པའི་བགྱི་བ་རང་ཉིད་མ་ཤི་བར་དུ་བྱེད་ངེས་ཡིན།
སྙིང་རེ་རྗེ་ བོད་པ་ཡིན་གོ་ཆོད་འདུག འདས་པའི་ལོ་རྒྱུས་རིང་པོའི་ནང་ལ་ཡང་རབ་བྱུང་སྡེའི་བྱེད་རྗེས་ཆེན་པོ་བཞག་ཡོད།
ད་ལྟའི་དུས་རབས་འདི་ཡང་རབ་བྱུང་བྱས་རྗེས་ཆེན་པོ་རེད།
ཨོ་མཎི་པདྨེ་ཧྰུ། བདེ་བ་ཅན་དུ་སྐྱེ་བར་ཤོག བོད་རྒྱལ་ཁབ་ཀྱི་བདེན་པའི་མཐའ་གསལ་བའི་ཆེད་དུ་རླབས་ཆེན་གྱི་རྔ་བ་མི་མང་གི་བྱས་རྗེས་བཞག་སོང་། བོད་ཆོལ་ཁ་གསུམ་གྱི་ལོ་རྒྱུས་སྟེང་གི་ཆེས་མཐོ་བའི་མཛད་འཕྲིན་ཆེན་པོ་ཞིག་རེད། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚང་མའི་སེམས་ལ་དུས་རྟག་ཏུ་མཉར་དགོས་སོ།།
རྔ་བ་འདི་སྔོན་ཆད་བཙན་པོའི་མཐའ་སྲུང་དམག་དཔུང་གི་ཤུལ་ཡིན་ཟེར། དེ་ཡིན་ནའང་ཡིན་དུ་ཆུག ལོ་རྒྱུས་ནི་ལོ་རྒྱུས་དེ་ཤི་ཟིན་པ་ཐམས་ཅད་ཤི་ཟིན་པ་རེད། རྔ་བ་འདི་དེང་སང་བཙན་པོའི་གཡུལ་ངོ་བཟློག་པའི་དམག་དཔུང་ཞིག་རེད། འུ་ཅག་ལ་དགོས་པ་ནི་དེ་ག་རང་ཡིན་ཏེ། དེ་རིང་གི་རྨ་ཁ་ལ་དེ་རིང་གི་སྨན་དགོས་པ་ལས་ཁ་རྩང་གི་བདུད་རྩི་གླེང་བས་ཅི་ལ་ཕན། གང་ལྟར། རྔ་བ་ནི་རྔ་ལྟར་གྲགས་བཞིན་འདུག་ལ་མེ་ལྟར་འབར་བཞིན་འདུག གྲགས་བཞིན་གྲགས་བཞིན། འབར་ཀྱིན་འབར་ཀྱིན། གནམ་བདེ་སྒོ་མོ་ཆེའི་རྩིག་གྱང་འགས་ལ་ཉེ་ཞིང་སྒོ་ཤིང་འཚིག་ལ་ཉེ།
ཨོ་མཎི་པདྨེ་ཧྰུ།ཨོ་མཎི་པདྨེ་ཧྰུ།ཨོ་མཎི་པདྨེ་ཧྰུ།ཨོ་མཎི་པདྨེ་ཧྰུ།
རྔ་བ་མི་མང་གིས་རྔ་བོ་ཆེ་རྡུང་བཞིན་མདུན་དུ་བསྐྱོད་པ་ལ་བོད་མི་ས་ཡ་དྲུག་གིས་རྒྱབ་ནས་ལངས་ཏེ་རྒྱབ་སྐྱོར་བྱེད་དགོས། རིག་པའི་རྩལ་དགུ་བཏོན་ནས་ཐབས་ལམ་སྟོན་དང་། འབར་བཞིན་འབར་བཞིན་ཕ་རོལ་པོ་ཡི་བླ་སྲོག་འབར་བར་བྱེད་དགོས།
གཅན་ཡེ་རྒྱམ་ལགས་ཀྱིས།
་་་་ འབར་བཞིན་འབར་བཞིན་ཕ་རོལ་པོ་ཡི་བླ་སྲོག་འབར་བར་བྱེད་དགོས། ཟེར།
ཨེ་མ་ལས་དབང་འདི་འདྲའི་སྐབས་རྒྱ་ནག་པོའི་འོག་ཏུ་རང་དབང་འབྲལ་བཞིན་འབྲལ་བཞིན་བཞུགས་པ་ལས་སངས་རྒྱས་བསྟན་པའི་སྲོག་རྩ་གངས་ལྗོངས་ཆོས་ལྡན་གྱི་དོན་འབུལ་བ་དགའ་ཚོར་ཆེ་འོན་ཀྱང་ཁྱེད་ཉིད་ནི་ངོ་མ་བློ་རིག་གསལ་ལ་དོན་གཉེར་དོན་རྟོགས་དགའ་གུས་མདོར་ན་བསྟོན་པ་གྲོགས་སུ་འཛིན་པའི་དཔའ་མོ་ཞིག་ཡིན་དུས་་ ང་དངོས་གནས་སེམས་སྐྱོ་གིན་མ་ཟད་ཁྱེད་ཀྱི་སྐུ་པར་མཇལ་སྐབས་ངའི་སྙིང་ནོར་ཡིན་ནམ་ཤར་སོང་ ཁྱེད་འཕེབས་སྔ་སོང་བྱས་ན་བདེ་བ་ཅན་གྱི་ཞིང་དུ་སུས་གིན་སླེབ་པ་