གནས་ཚུལ་གཏོང་མཁན། ཀ་ཉག་ཚེ་རིང་།
ཕྱི་ལོ་༢༠༡༤ ཟླ་༡༢ ཚེས་༢༧ ཉིན་ཤེས་རྟོགས་བྱུང་བར། ཕྱི་ཚེས་༢༦ ཉིན་གྱི་བོད་ནང་གི་དགོང་མོ་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་ལུང་རིགས། རང་ལོ་༢༠ ཡས་མས་ཡིན་པ་ཁོང་རྒྱ་གཞུང་ཉེན་རྟོག་པས་དགོན་པའི་ནང་ནས་འཛིན་བཟུང་གིས་བཙན་ཁྲིད་བྱས་ཡོད་ཀྱང་ས་གནས་གང་དུ་བཀག་ཉར་བྱས་ཡོད་མེད་དང་། རྒྱུ་མཚན་ཅི་ཞིག་ཡིན་སོགས་ཞིབ་ཕྲ་ཤེས་རྟོགས་མ་བྱུང་།
གྲྭ་བློ་བཟང་ལུང་རིགས་ཁོང་ནི་རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་ལྔ་པའི་ཕ་རས་རས་དང་མ་ལྷ་མོ་སྒྲོན་གཉིས་ཀྱི་བུ་ཡིན་ཞིང་། ཆུང་ཆུང་སྐབས་ནས་རྔ་བ་ཀིརྟི་དགོན་པར་གྲྭ་པ་བྱས་ཏེ་དེང་སྐབས་བློ་རིག་འཛིན་གྲྭ་ཡིན་འདུག་པ་བཅས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་༢༠༡༤ ཟླ་༡༢ ཚེས་༢༧ ལ།
གནས་ཚུལ་བདེན་ལ་མི་བདེན་པ་མ་བཀོད་ན་ཡག་གི་རེད་།
དེ་མིན་ཚོད་དཔག་བྱས་ནས་་ཚོས་ལ་མ་ཚོས་པ་མང་པོ་བཀོད་ན་རྗེས་་ལ་མི་གི་
ཡིད་ཆེས་བྱེདཀྱི་མ་རེད་དོ་།
བོད་ནང་རྒྱ་མིའི་ཁྲིམས་འགལ་གྱི་ཐོག་ནས་་དོན་མེད་བོད་མི་བབརྩོན་འཇུག་་
དང་ཉེས་སྡུུང་བཏང་གི་ཡོད་ན་ང་ཚོ་བཙན་བྱོལ་བ་ཚོ་གདུང་སེམས་མཉམ་་
བསྐྱེད་ལ་མཆོད་འབུལ་སྨོན་ལམ་ཅམ་གྱི་འགྲིག་པ་མ་བྱས་པར་ཁྲིམས་ལུགས་
རིག་པ་ང་ཡིན་ཟེར་མཁན་ཚོའི་འཇོན་གྱི་ཡོད་ན་རྒྱལ་སྤྱིའི་ཁྲིམས་ཁག་ལ་
ཁྲིམས་གཏུག་གནང་དང་ཕོ་ཁྱོ་ག་རེད་་་།
ཨ་མས་བུ་རེད་དེ་མིན་་ཁྲིམས་་ཀྱི་སློབ་་སྦྱོང་་འཐོན་པའི་ལག་ཁྱེར་ལག་ལ་འཕྱར་ནས་་རང་གི་
ལྟོ་གོས་འཚོལ་མི་ཐུབ་པ་བྱུང་ན་གཞིས་སུ་ཡོད་པའི་བོད་མིའི་མདུན་ངོ་ཡང་ཚ་