གནས་ཚུལ་གཏོང་མཁན། ཀ་ཉག་ཚེ་རིང་།
ཕྱི་ལོ་༢༠༡༥ ཟླ་༧ ཚེས་༢ ཉིན་རྔ་པ་རྨེའུ་རུ་མའི་ཡུལ་ཚོའི་སྟེང་ནས་རང་ལོ་༢༠ ཡིན་པའི་བུ་མོ་བཀྲ་ཤིས་སྐྱིད་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་འདུག་ལ། སྐབས་ཐོག་དེར་ཉེན་རྟོག་པས་ཡར་རྔ་པ་རྫོང་མཁར་དུ་ཁྲིད་ཡོད་པ་ཙམ་ལས་ད་བར་གང་དུ་བཀག་ཉར་བྱས་ཡོད་མེད་དང་གནས་སྟངས་ག་འདྲ་ཡིན་སོགས་གསལ་པོ་ཤེས་རྟོགས་བྱུང་མེད།
ཁོང་མོ་ནི་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གསུམ་པའི་མོ་ནུ་ཚང་གི་ཕ་མོ་ནུ་དང་། མ་མིང་ཚེ་རིང་སྐྱིད་གཉིས་ཀྱི་བུ་མོ་ཡིན་ཞིང་། ཆུང་ཆུང་སྐབས་ནས་སློབ་གྲྭར་འགྲོ་མྱོང་མེད་པར་ཕ་མ་དང་མཉམ་དུ་འབྲོག་ལས་བྱས་ནས་འཚར་ལོངས་བྱུང་བ་དང་། དེང་སྐབས་ཡུལ་ཚོའི་སྟེང་ཕ་མ་གཉིས་ལ་ཞབས་གཡོག་བྱས་ནས་བསྡད་ཡོད་འདུག
ཁོང་མོ་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ཐད་གནས་ཚུལ་ཡོང་ཁུངས་ནས་བཤད་ན་གྱ་སྟོན་ཉིན་གྱི་བྱེད་སྒོ་རེ་དང་འབྲེལ་བ་ཡོད་ཚུལ་གླེང་ནའང་ཉིན་དེར་ཁོང་མོས་ཅི་བྱས་སོགས་གསལ་པོ་ཤེས་རྟོགས་མ་བྱུང་བ་བཅས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་༢༠༡༥ ཟླ་༧ ཚེས་༡༠ ལ།
ཆབ་སྲིད་དང་འབྲེལ་བའི་གནད་དོན་རིགས་གནས་ཚུལ་ཆ་ཚང་རྟོགས་ནས་གསལ་བསྒྲགས་གནང་རོགས་ དེ་མིན་བོད་རྒྱ་གཉིས་དང་མི་རིགས་བར་སྤྱི་ཚོགས་ནང་བཅས་པར་དཀྲུགས་ཤིང་དུ་འགྲོ་སྲིད་པ་བཅས་ཟབ་ཟབ་གནང་རོགས་།