གནས་ཚུལ་གཏོང་མཁན། ཀ་ཉག་ཚེ་རིང་།
ཕྱི་ལོ་༢༠༡༥ ཟླ་༨ ཚེས་༡༥ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༣ ཙམ་ལ་བོད་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་སྟེང་ནས་རང་ལོ་༢༣ ཡས་མས་ཡིན་པའི་བུ་མོ་འོད་དཀར་སྐྱིད་ལགས་ཀྱིས་’’བོད་ལ་རང་དབང་དགོས། ༸གོང་ས་མཆོག་བོད་ནང་ལ་གདན་འདྲེན་ཞུ་དགོས། ང་ཚོ་ལ་གཉའ་གནོན་བྱས་པ་ཚད་ལས་བརྒལ་སོང་’’ཞེས་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་ངོ་རྒོལ་སྐད་འབོད་གནང་ཡོད་ཀྱང་། དེ་མ་ཉིད་དུ་ས་གནས་དེ་གའི་ཉེན་རྟོག་མི་སྣས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པས་རྗེས་ཀྱི་གནས་ཚུལ་གསལ་པོ་ཤེས་རྟོགས་མ་བྱུང་།
ཁོ་མོ་ནི་རྨེའུ་རུ་མའི་རུ་ཆེན་དང་པོ་ནས་ཡིན་ཞིང་། ཕ་མིང་ལ་ཀུན་པོ་དང་། མ་མིང་ལ་འཕགས་པ། ཁྱོ་གའི་མིང་ལ་བཀྲ་ཤིས་ཡིན་པ་དང་། ཁོང་གཉིས་ཀྱིས་ཁྱིམ་གསར་དུ་བཟུང་བ་ཡིན་ཞིང་ཁོང་གཉིས་ལ་བུ་ལོ་༤ ཅན་ཞིག་ཡོད་འདུག ཁོང་མོ་ཆུང་ཆུང་སྐབས་ནས་ཕ་མ་དང་མཉམ་དུ་འབྲོག་ལས་བྱས་ཏེ་འཚར་ལོངས་བྱུང་བ་ལས་སློབ་གྲྭར་འགྲོ་མྱོང་མེད་པ་བཅས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་༢༠༡༥ ཟླ་༨ ཚེས་༡༧ ལ།
དཔའ་མོ་ལགས། ཁྱེད་ཚོས་དེ་གར་རང་སྲོག་ལ་མ་འཛེམ་པར་རྒྱ་གཞུང་ངོ་རྒོལ་གནང་གི་ཡོད་པ་ལ་བཀའ་དྲིན་ཆེ་ཞུ།ཡིན་ཡང་ང་ཚོས་འདིར་ཆོལ་ཁའི་འཐེན་འཁྱེར་དང་དགའ་ཉེ་རིང་གསུམ་བར་ན་སྨྱུག་འཛིངས་བྱེད་ཀྱི་ཡོད་པས་ངོ་ཚ་ཡང་ཅི་བྱ།
ཁྱེད་དངོས་གནས་དཔའ་མོ་ཡིན་ སྐད་འབོད་བྱས་པ་དེ་དཔའ་མོ་ཡིན་ལ་ རང་སྲོག་རང་གིས་མ་བཅད་པ་དེའང་དཔའ་མོ་ཡིན་
མགྱོགས་མྱུར་ཁྱེད་ནང་མི་མཉམ་དུ་འཛོམས་ཐུབས་པའོ་སྨོན་ལམ་ཞུ་།།
བླ་མ་དད་པ་ཆེན་པོ་འདུག་
བོད་མོ་འདི་མགྱོག་པོར་བཙོན་ནས་གློད་ཡོང་བར་ཤོགས།། གསར་འགྱུར་སྤེལ་མཁན་ལགས་མདོ་སྨད་རྔ་བ་རྫོང་རྨེའུ་རུ་མ་ཟེར་བ་འདི་ཀྲུང་གོ་བས་ཟི་ཁྲོན་ཞིང་ཆེན་རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོ་ཟེར་ས་དེ་རེད་དམ།། བོད་རང་གི་སྐད་ཡིག་ནང་མདོ་དབུས་ཁམས་གསུམ་བེད་སྤྱོད་སྐབས་དེ་ལ་རྔ་བ་རྫོང་དང་མི་རྫོང་གི་བཏག་མིང་འདི་ཡོད་མེད་ལ་བསམ་བློ་གཏོང་དགོས་བ་མཐོང་།། མདོ་སྨད་རྔ་བའི་ཡུལ་ལ་རྔ་བ་རྫོང་ཞེས་བ་ནི་༡༩༦༠་རྗེས་སུ་ཀྲུང་གོ་བས་བཏག་པའི་མིང་ཡིན་པ་ཤེས་དགོས་ལ་དེ་ཡང་ཁོ་རང་ཚོས་ཟི་ཁྲོན་ཞིང་ཆེན་ཞེས་བའི་མངའ་འོག་ལ་བགོས་ཡོད་པ་འདི་མ་བརྗེད་པར་ཞུ།།
མི་རིགས་ཀྱི་ལ་རྒྱར་རང་ཉིད་བློས་གཏོང་བའི་དཔའ་མོ་འདི་ལ་ཡི་རངས་ཞུ།