ལྷ་སྲས་བསོད་ནམས།
རྔ་བ་བློ་བརྟན་ལགས་སུ་བརྗོད་རྒྱུར། ང་ཚོ་འདི་ལ་ཁ་བའི་གྲོས་ར་ཞེས་པའི་སྐད་འཕྲིན་ཚོགས་པ་ཞིག་ཡོད། དེའི་ནང་བོད་ཕྱི་ནང་གི་ཚོགས་མི་བརྒྱ་ལྷག་ཅིག་གིས་༧གོང་ས་མཆོག་གི་མཛད་པ་འཕྲིན་ལས་དང་། བོད་ཕྱི་ནང་གི་གནས་ཚུལ། གཞན་ཡང་དོལ་ཚོགས་དང་དེའི་ཕྱོགས་གཏོགས་ཀྱི་ཉེས་སྐྱོན་ཐེར་འདོན། ཕྱོགས་ཡོངས་ཀྱི་གནས་ཚུལ་རྒྱུས་ལོན་སོགས་ཀྱི་ཆེད་དུ་ཚོགས་པ་དེའི་ནང་རྩོམ་ཡིག་ཆེ་མ་ཆུང་གསུམ་དང་། བཟང་ངན་ཅི་རིགས་རྒྱ་མཚོའི་རྦ་རླབས་ལྟར་འཕྱུར་དང་ཕྱུར་བཞིན་ཡོད་པ་རེད།
དེར་བརྟེན་ཁྱེད་རང་གི་རྩོམ་ཐུང་དེ་ཡང་”ཁ་བའི་གྲོས་ར་”སྐད་འཕྲིན་ཚོགས་པའི་ནང་དུ་མིང་བྱང་སོགས་གང་ཡང་མེད་པར་འཁྱམ་བཞིན་པ་དེ། ངའི་ངོ་དེབ་སྟེང་དུ་འདྲེན་བཀོད་བྱས་པ་ཙམ་ཡིན། སྤྱིར་བཏང་ཡིན་ན་ཁྱེད་ཀྱིས་དེ་དོན་ཐད་ནས་ཁ་བརྡ་དྲ་ཚིགས་སྟེང་གསལ་བསྒྲགས་སུ་བཀོད་དེ་ཛ་དྲག་ལྟ་བུ་བཟོ་དགོས་དོན་མི་འདུག་མོད། གཏམ་དཔེར། བོང་བུ་བསླངས་པའི་དགའ་ཚོར་མེད་པར། གཞུ་གུ་བཀོག་པའི་ཡ་ལ། ཞེས་པ་ལྟར་ཆགས་སོང་།
སྤྱིའི་འགྲོ་སྟངས་ལྟར་ན། འབྲི་མཁན་གྱི་མིང་མ་བྲིས་པ་དེ་ཡང་ཡག་པོ་མ་རེད། ང་ཚོའི་སྐད་འཕྲིན་ཚོགས་པ་ནང་འགྲོ་བཞིན་པ་དེ་ནས་འདྲེན་བཀོད་བྱས་པ་དེར་ཡང་ངའི་ཡིན་ཁུལ་གྱིས་ངའི་མིང་སོགས་ནི་ཅི་ཡང་བྲིས་མེད་པ་མ་ཟད། བསྒྱུར་རྩོམ་ཡིན་ཚུལ་སོགས་ཀྱང་གང་ཡང་གཏན་ནས་བྲིས་མེད།
དོན་དག་སྙིང་པོ་དེར་རྩོམ་དེ་ནི་༧གོང་ས་མཆོག་གི་མཛད་འཕྲིན་ལ་བསྟོད་པ་ཞིག་དང་། དེ་ཡང་བོད་མི་མང་པོ་ཞིག་གིས་ལྟ་ཀློག་ཐུབ་ན་ཡག་པོ་རེད་བསམ་ནས། རྩོམ་བྱང་གི་མགོ་དེར་ཁ་གསལ་ཡོང་བ་ཁོ་ནའི་ཆེད་དུ་༧གོང་ས་མཆོག་ཅེས་པ་གཅིག་པོ་བྲིས་པ་ཙམ་ལས་གཞན་གང་ཡང་མེད། དེ་སྔོན་བོད་ཀྱི་དུས་བབ་ཐོག་ནས་ཁྱེད་ཀྱི་རྩོམ་འདི་གཏན་ནས་མཐོང་མ་སོང་།
གང་ལྟར་ཡང་། ངའི་ངོ་དེབ་སྟེང་བཀོད་ནོར་ཐེབས་པ་ལྟ་བུ་ལ་དགོངས་སེལ་ཞུ་བ་དང་ཆབས་ཅིག ཆུ་ཚོད་ཉི་ཤུ་རྩ་བཞི་ནང་ཚུན་ཁྱེད་ཀྱི་གསལ་བསྒྲགས་ཀྱི་རྩོམ་ཐུང་དེ་ཕྱིར་འཐེན་གནང་ཆོག་པ་དགོངས་འཇགས་ཞུ་བ་དང་། ཁྱེད་ཀྱིས་དེ་སྔོན་ང་ལ་སྒེར་འབྲེལ་བྱས་ཡོད་ཟེར་ཡང་ངའི་ངོ་དེབ་ནང་གནས་ཚུལ་གང་ཡང་འབྱོར་མ་སོང་ཞེས་ཞུས་པ་ཡིན།
རྔ་བ་བློ་བརྟན་ཟེར་མཁན་འདི་སྔོན་མ་གསར་འགོད་པའི་མིང་ཐོག་ནས་ཕྱི་རྒྱལ་ལ་སོང་ནས་ནེའུ་ཡོག་ནས་བརླགས་འགྲོ་མཁན་དེ་མ་རེད་དམ། དེ་རིང་བསྐྱར་དུ་བོད་པའི་སྤྱི་ཚོགས་ནང་ལ་ཡོང་ནས་མི་གསར་བ་ཞིག་འཁྲབ་ན་འདོད་ཀྱི་ཡོད་པ་རེད།
ཡཡ་་་་ཉེས་པ་དེ་ལྷ་སྲས་ཁྱོད་རང་ལ་འདུག དངོས་ཡོད་ལ་རྒོལ་ན་ཧཧཧ
རྔ་བ་བློ་བརྟན་སྔོན་མ་དུས་བབ་གསར་འགོད་པ་ཡིན་དུས་ཨ་རི་ནས་བརླག་སོང་བ་རེད། ངོ་མ་བྱེད་དུས་རྐུ་མས་ཁྲིད་སོང་བ་ཡིན་རྒྱུ་རེད། ད་རྐུ་མ་ད་རྩད་གཅོད་བཞིན་ཡོད་པ་འདྲ།
ཡཡ་་ད་བོད་པ་ཚང་གཟབ་པར་འཚལ།
ལྷ་སྲས་བསོད་ནམས་ཟེར་བ་ལགས། ད་བཙན་གཏམ་མ་བཤད། ཕྱོགས་གང་ནས་བལྟས་ཀྱང་སྐྱོན་ཆ་ཚང་མ་ཁྱོའི་མགོ་ན་འདུག
འཇིག་རྟེན་གཏམ་དཔེར། བསམ་ངན་གཞན་ལ་བཅངས་ན།།སྦྱོར་བ་རང་ལ་རྩུབ།།ཟེར་བ་བདེན་པར་འདུག ད་རྐུན་མས་རྩད་ཆོད་ནས་དུས་བབ་གསར་འགོད་པའི་མིང་ཐོག་ནས་ཕྱི་རྒྱལ་ལ་སོང་ནས་ནེའུ་ཡོག་ནས་བརླགས་འགྲོ་མཁན་དེ་རྔ་བ་བློ་བསྟན་ཡིན་པ་རྩད་ཆོད་འདུག ཧཧཧ
རྐུན་པོ་ཧམ་ཆེན་གྱིས་མི་བསད་ཟེར་སྲོལ་ཡོད་པ་རེད། བྱས་ཙང་རྔ་བ་བློ་བརྟན་གྱིས་ཁོའི་རྩོམ་ཡིག་བརྐུས་འདུག་ཞེས་གསལ་བསྒྲགས་བསྐྱངས་པ་ལས་ཁོ་རང་ནིའུ་ཡོག་བོར་བརླག་ཕྱིན་སོང་བས་འཚོལ་རོགས་ནི་བཤད་མ་སོང་། དེས་ན་ལྷ་བསོད་ཀྱིས་རྔ་བློའི་རྩོམ་ཡིག་བརྐུས་པ་ནི་བདེན་པ་རེད་འདུག། བྱས་ཙང་གནད་དོན་འདིའི་ཐོག་ནག་ཉེས་ལྷ་བསོད་རང་ལ་འདུག་པས་ནོར་འཁྲུལ་ངོས་ལེན་བྱེད་རྒྱུ་ལས་ཧམ་པ་བཤད་རྒྱུའི་འགྲོ་ལམ་བསྡད་མི་འདུག། མ་གཞི་ལྷ་བསོད་ཟེར་བ་དེ་དོང་དེབ་ཡོད་ཚད་ནང་འབྲེལ་བ་བྱེད་རྒྱུར་དང་འདོད་འདྲ་ཞིག་ལངས་འདུག། འོན་ཀྱང་སྐབས་རེ་གནས་དོན་ཁ་ཤས་ལ་རྩོད་པ་བྱུང་ན་ལམ་སེང་རྣམ་འགྱུར་སྐྱུར་མོ་བསྟན་ཆོག་ཆོག་གི་བློ་རྒྱ་ཁབ་མིག་ལས་གུ་དོག་པའི་སྐྱེ་བོ་ཐ་ཤལ་བ་ཞིག་རེད། བྱས་ཙང་རྔ་བློའི་གསལ་བསྒྲགས་ལ་ནོར་འཁྲུལ་ངོས་ལེན་མེད་མཁར་རྐུན་པོ་ཧམ་ཆེན་གྱིས་མི་གསོད་ཟེར་བའི་དཔེ་ཟླར་གྱུར་བ་དེ་རེད།
ལྷ་སྲས་བསོད་ནམས་ཟེར་བ་འདི་ལས་ཀ་ཆགས་ཏོ་འདི་འདྲ་བྱེད རྒྱུར་གོམས་བསྡད་པ་ཞིག་ཡིན། ངོ་དེབ་ངོས་སུ་སྲང་ལམ་གྱི་སྐྱག་པ་ཡན་ཆོད་སྤེལ་འདུག་མཁན་ཞིག་ཡིན། ད་དུང་ཧམ་བཤད་བྱེད་ཀྱི་འདུག
ཞོར་ཏུ་བློ་བརྟན་བོར་བརླག་བྱུང་བ་རྩད་ཆོད་ཐུབ་པ་གཏམ་བཟང་ཞིག་རེད། ཧཧཧ