ཨ་ཀ་སྤྲུལ་སྐུ་བཀྲ་ཤིས་བཟང་པོ་ནས།
ཉེ་ལམ་ནས་འབྱུང་འགྱུར་གྱི་བཀའ་ཁྲི་དང་སྤྱི་འཐུས་སྐོར་ལ་སྒེར་དང་ཐུན་མོང་གང་རུང་གི་རྣམ་པ་བརྒྱུད་། ཚགས་ཤོག་དང་། གློག་བརྙན་འཕྲིན། དྲ་ལམ་སོགས་ནས་སོ་སོའི་མངོན་འདོད་དང་འཚམ་པའི་འོས་དམིགས་སྣ་ཚོགས་ཤིག་དྲིལ་སྒྲོག་པ་དང་། འོས་དམིགས་འདོན་པ། བློ་འགུགས་གོ་བསྐོན་བྱེད་པ་སོགས་ཀྱི་ལས་འགུལ་རིམ་པར་སྤེལ་ཞིང་། དེ་མཚུངས་རང་གཞུང་ནས་ཀྱང་བཀའ་སྤྱིའི་འོས་བསྡུས་ཆེད་ལས་པ་གསར་བསྐོ་དང་འབྲེལ་ལས་རིམ་མང་པོ་རྒྱུན་མཐུད་བཞིན་པའི་སྐབས་འདིར། གུས་པ་རང་ཉིད་ཀྱང་བོད་མི་ཞིག་ཡིན་པའི་འགན་ཁུར་དང་དབང་ཚད་གཞི་རྩར་བཟུང་ནས་མ་འོངས་བཀའ་ཁྲིའི་འོས་གཞི་ཞིག་མཚམས་སྦྱོར་བྱ་རྒྱུ་ཡིན། གུས་པས་མཚམས་སྦྱོར་བྱའི་བཀའ་ཁྲིའི་འོས་མི་ནི་རྣམ་དཔྱོད་དང་སྤོབས་པས་ཕྱུག་པའི་གཞོན་སྐྱེས་ཤེས་ལྡན་པ་རྔ་བ་ཚེ་རྒྱམ་ལགས་ཡིན།
རྔ་བ་ཚེ་རྒྱམ་ལགས་ནི་འཐབ་རྩོད་མནར་གཅོད་ཀྱི་དུས་རབས་ཡ་ང་བ་ཞིག་ཏུ་སྐྱེས་ཤིང་། གོ་རིམ་དེ་དང་མཐུན་པའི་ཁོར་ཡུག་དང་སློབ་གསོ་བརྒྱུད་ནས་འཚར་ལོང་བྱུང་བ་ཞིག་རེད། འོན་ཀྱང་ཐུན་མོང་མ་ཡིན་པའི་ཁོང་མི་སྒེར་གྱི་མི་གཤིས་ཀྱི་ཤུགས་རྐྱེན་འོག སློབ་གྲྭ་ཆུང་འབྲིང་གི་གནས་སྐབས་ནས་ཀྱང་བོད་ཀྱི་མགོ་འཕང་མཐོ་རུ་འདེགས་པའི་འགྲན་རྩོད་ཁྲོད་ཞུགས་ཏེ། ལུས་སེམས་གཉི་གའི་ནུས་ཤུགས་སྣ་ཚོགས་བཏོན་པའི་གླེང་བརྗོད་ཧ་ཅང་མང་པོ་བཞག་ཡོད་ལ། མཁས་པའི་དབང་པོ་རྗེ་དམུ་དགེ་བསམ་གཏན་སོགས་རང་རེའི་རིག་གཞུང་དང་མི་རིགས་ལ་ཤ་ཚ་སེམས་དཀར་གངས་ལས་དཀར་བ་དག་གིས་ཐད་ཀའི་གསོ་སྐྱོང་དང་སློབ་གསོ་བརྒྱུད། རང་རིགས་ཀྱི་རིག་གནས་སྣ་ཚོགས་ལ་གཏིང་ཚུགས་པའི་སྦྱོང་གཉེར་མཐར་ཕྱིན་པ་གནང་ཞིང་། ཆུང་དུས་ནས་དགེ་རྒན་དང་། འགན་འཛིན་སོགས་ཀྱི་ལས་སྟེགས་སུ་བུད་དེ་འཛིན་སྐྱོང་དང་སྲིད་ཁྲིམས་ཀྱི་ཉམས་མྱོང་གཏིང་ཟབ་ལྡན་པ་མ་ཟད།
ད་ལྟའི་བོད་ནང་གི་ལུང་ཚན་དབྱེ་འབྱེད་ཀྱི་ཆབ་སྲིད་འཛིན་སྐྱོང་དང་། དཔོན་གནས་གྲལ་རིམ་ལྟར་གྱི་དབང་བསྒྱུར་སྲིད་ཇུས་སོགས་མདོར་ན་རྒྱ་གཞུང་གུང་ཁྲན་ཏང་གིས་ཇི་ལྟར་བོད་དུ་རྐང་པ་འཛུགས་བཞིན་པ་དང་། རྣམ་པ་ཇི་ཞིག་གིས་འཛུགས་ཐུབ་སོང་བ་སོགས་རྒྱ་གཞུང་གི་བྱེད་ལུགས་བྱེད་སྟངས་ཡོངས་རྫོགས་ལ་རྒྱུས་མངའ་གཏིང་ཟབ་ལྡན་པ་མ་ཟད། བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་ལམ་ལུགས་དང་། ཆབ་སྲིད་ཁོར་ཡུག་བཅས་ལའང་འདས་པའི་ལོ་ངོ་བཅུ་བདུན་ཙམ་ལ་དངོས་སུ་མཉམ་ཞུགས་དང་། ལག་ལེན་གནང་བ་བརྒྱུད་ཕྱི་ནང་གང་ཅིའི་ཐད་ཁོང་དུ་ཆུབ་པའི་གདེང་ཚོད་ལྡན་པར་གྱུར་ཡོད།
ལྷག་པར་དུ་༸གོང་ས་ཐམས་ཅད་མཁྱེན་པའི་བཀའ་དགོངས་བཞིན། རང་རེའི་དམངས་གཙོའི་ལམ་བུ་བརྒྱུད་ཐག་གཅོད་གཏན་འབེབ་གནང་བའི་སྲིད་བྱུས་ཁག་ལ་རྒྱུ་མཚན་དང་ངེས་ཤེས་འདྲོངས་པའི་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་མཁན་ཞིག་མ་ཟད། བོད་མི་རིགས་ཀྱི་བུ་ཕྲུག་ཅིག་གི་ངོས་ནས་ཕྱི་མཛེས་ནང་གཙང་གི་བསམ་བློ་དང་། སྤྱོད་ཚུལ་བཅས་ནས་ད་ལྟའི་བར་ཁོང་གི་ཕྱིས་རྗེས་ལ་ནག་ནོག་གི་ཤན་དང་གླེང་རྙོག་གི་བརྗོད་བབ་ཏིལ་ཙམ་ཡང་ཕོག་མ་མྱོང་བ་མ་ཟད། སྔ་ཕྱིར་ཁུར་དུ་བླངས་པའི་ལས་འགན་མཐའ་དག་པར་མཐོང་ཆོས་མངོན་གསལ་གྱི་གྲུབ་འབྲས་རླབས་ཆེན་མངའ་སྟབས། རང་གཞུང་ནས་ཀྱང་འགན་དབང་འོས་བབ་ཀྱི་གཟིགས་མཐོང་སྔར་ལས་ཆེ་བར་གནང་ཡོད། ཁོང་ཤེས་ཡོན་པ་ཞིག་གི་དམིགས་བསལ་འབྲེལ་ལམ་ལས་རྒྱ་ནག་གི་ད་ལྟའི་ཤེས་ཡོན་པའམ་མི་དམངས་ཀྱི་བདེ་སྡུག་སྨྲ་མཁན་ཚོར་རྣམ་པ་ཅི་རིགས་པའི་འབྲེལ་འདྲིས་དང་རྒྱུས་ལོན་ཟབ་མོར་མངའ་སྟབས་རང་རེའི་ད་ལྟའི་གནས་བབ་དང་ཆབ་སྲིད་ཁོར་ཡུག་ལ་གཞན་དྲིང་མི་འཇོག་པའི་ཕན་རླབས་ཆེས་ཆེར་ལྡན་པར་མཐོང་བས། སྐུ་ཞབས་་རྔ་བ་ཚེ་རྒྱམ་ལགས་མ་འོངས་བཀའ་ཁྲིའི་འོས་གཞིར་དམིགས་འཛུགས་བྱས་པ་ལགས།
ཨ་ཀ་སྤྲུལ་སྐུ་བཀྲ་ཤིས་བཟང་པོ་ནས།
རྒྱ་ཆེའི་ཀློག་མཁན་རྣམ་པས་གཤམ་དུ་བཀོད་པའི་ཁོང་གི་ལོ་རྒྱུས་མདོར་བསྡུས་ལས་རྔ་བ་ཚེ་རྒྱམ་རྒྱུས་ལོན་ཡོང་བ་ཞུ།
༄༅། །རྔ་བ་ཚེ་རྒྱམ་གྱི་ལོ་རྒྱུས་མདོར་བསྡུས།
རྔ་བ་ཚེ་རྒྱམ་ནི་༡༩༦༤ལོར་མདོ་སྨད་རྔ་ཡུལ་དུ་ཇོ་ལེབས་སྡེ་བར་སྐྱེས། རང་ལོ་བདུན་ནས་བཟུང་རྔ་བ་རྫོང་གི་སློབ་གྲྭ་ཆུང་འབྲིང་སོགས་རིམ་གྱིས་འགྲིམས། ༡༩༨༠ ལོ་ནས་ལོ་གསུམ་རིང་རྔ་བ་བོད་རིགས་རང་སྐྱོང་ཁུལ་དགེ་འོས་ཆེད་སྦྱོང་སློབ་གྲྭ་འགྲིམས་ཏེ་མཐར་ཕྱིན།
༡༩༨༣་ལོར་རྔ་བ་རྫོང་དུ་བོད་ཡིག་སློབ་འབྲིང་གསར་འཛུགས་ཀྱི་འགན་འཁུར་དང་། ལོ་ལྔའི་རིང་སློབ་གྲྭའི་དགེ་རྒན་དང་དགེ་ཆེ། སློབ་སྤྱི་གཞོན་པ་སོགས་ཀྱི་ལས་འགན་ཁུར།
༡༩༨༨ ལོར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོར་ཡིག་རྒྱུགས་འཕྲོད་དེ་བོད་རྒྱ་སྐད་གཉིས་སྨྲ་བའི་འཛིན་གྲྭར་ཞུགས་པ་དང། བོད་རིགས་སློབ་མའི་རིག་གཞུང་ལྷན་ཚོགས་ཀྱི་འགན་འཛིན་དུ་འདེམས་ཐོན་བྱུང་། དུས་མཚུངས་སུ་མཐོ་སླབ་དེའི་<<སྒྲོན་སྟེགས་>>དུས་དེབ་ཀྱི་རྩོམ་སྒྲིག་པ་བྱས།
༡༩༨༩ལོར་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་གཏོང་བའི་གསར་བརྗེ་ངོ་ལོག་པའི་ཉེས་མིང་གཡོགས་ཏེ་འཛིན་བཟུང་བྱས་ཤིང་། མཐར་ཁྲིམས་བཅད་བཙོན་འཇུག་ལོ་ཅིག་ལྷག་རིང་བྱས།
༡༩༩༠ལོའི་ལོ་མཇུག་ནས་དུས་ཡུན་ཟླ་དྲུག་རིང་ལོ་རྒྱུས་དཔྱད་ཞིབ་དང་གནས་ཚུལ་རྒྱུས་ལོན་གྱི་ཆེད་མདོ་སྟོད་སྨད་ཀྱི་ས་ཁུལ་ཕལ་མོ་ཆེར་འགྲིམས།
བོད་ནས་སྦྲང་ཆར་དང་། བོད་ཀྱི་རྩོམ་རིགས་སྒྱུ་རྩལ། གངས་དཀར་རི་བོ་སོགས་དུས་དེབ་དང་། བོད་ལྗོངས་ཉིན་ཚགས། མཚོ་སྔོན་བོད་ཡིག་གསར་ཤོག མཚོ་སྔོན་ཁྲིམས་ལུགས་ཚགས་པར། རྔ་བའི་གསར་ཤོག་སོགས་ཀྱི་ཐོག་སྙན་རྩོམ་དང་ལྷུག་རྩོམ་མི་ཉུང་བར་སྤེལ།
༡༩༩༢ ལོའི་ཕྱི་ཟླ་ལྔ་བར་བོད་ནས་བཙན་བྱོལ་གྱིས་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར།
༡༩༩༣ལོར་བོད་གཞུང་གིས་བོད་རྒྱ་སྐད་གཉིས་ཤེས་པའི་གཞུང་ཞབས་གསར་འདེམས་ཀྱི་ཡིག་རྒྱུགས་ཐེངས་དང་པོར་ཞུགས་ཤིང་། རྒྱུགས་འབྲས་ཨང་དང་པོ་ཐོབ་སྟེ་བདེ་སྲུང་བོད་གནས་ཉམས་ཞིབ་ཁང་གི་ཟུང་འབྲེལ་དྲུང་ཆེར་བསྐོས།
༡༩༩༥ ལོར་བོད་གཞུང་བདེ་སྲུང་བོད་གནས་ཉམས་ཞིབ་ཁང་གི་འགན་འཛིན་དུ་བསྐོ་བཞག་བྱས།
༡༩༩༨ལོར་བོད་གཞུང་གིས་བོད་རྒྱ་ཞི་མོལ་གྲ་སྒྲིག་ཚོགས་ཆུང་གསར་འཛུགས་སྐབས་ཀྱི་ཐོག་མའི་ཚོགས་མིར་བསྐོས།
༡༩༩༩ལོའི་ཕྱི་ཟླ་བཞི་བར་བོད་གཞུང་ཐའེ་ཝན་སྐུ་ཚབ་དོན་གཅོག་ཁང་གི་དོན་གཅོད་ལས་རོགས་སུ་བསྐོས་ཤིང་། ལས་རྒྱུན་རིང་ཐའེ་ཝན་དང་ཧོང་ཀོང་སོགས་ནས་བཏོན་པའི་རྒྱ་ཡིག་གི་གསར་ཤོག་དང་དུས་དེབ་འདྲ་མིན་ཐོག་བོད་དོན་སྐོར་གྱི་རྩོམ་ཡིག་བཅུ་ཕྲག་ཁ་ཤས་སྤེལ།
༢༠༠༣ ལོར་བོད་གཞུང་ཐའེ་ཝན་སྐུ་ཚབ་དོན་གཅོད་དུ་བསྐོས་ཏེ་ལོ་ལྔའི་རིང་དོན་གཅོད་ཀྱི་ལས་འགན་བསྒྲུབས།
༢༠༠༨ལོའི་ཕྱི་ཟླ་ལྔ་བར་ཐའེ་ཝན་ཕྱི་སྲིད་ལས་ཁུངས་ནས་ཐའེ་བོད་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་བཏང་བའི་གདེང་འཇོག་གི་དམིགས་བསལ་གཟེངས་རྟགས་གནང།
༢༠༠༨ལོའི་ཕྱི་ཟླ་ལྔ་བར་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་རུ་བསྐོ་བཞག་གིས་ཞབས་ཞུ་སྒྲུབ་མུས་སོ།།
འདི་ལས་ཡག་པའི་གཏམ་བཟང་ཉུང་ཚོད་གདའ་།
ཁོང་ལ་རྒྱབ་སྐྱོར་གནང་རྒྱུ་མ་ཧ་ཅང་གལ་ཆེན་པོ་རེད་སྙམ། ང་ཚོར་མཁོ་བའི་བཀའ་ཁྲི་དེ་མཁས་པ་དང་སྐུ་དྲག་གི་རྒྱུད་པ་ཙམ། ཡང་ན་ཀུན་ལ་བསྟུན་མཁས་ཀྱི་ཁ་ཡག་ངོ་ཡག་ཙམ་མིན་པར་སྲིད་དོན་ཐད་ཤེས་འཇོན་གཉིས་ལྡན་ཞིག་ཡིན་དགོས་འདུག དུས་བབ་ལ་གཞིག་ན་རྒྱ་ཕྱོགས་ལ་ཐབས་མཁས་པ། བློ་མང་བ་ ཁོང་འདྲ་བ་ཞིག་ གསེར་གྱི་བཞུ་མར་སྦར་ནས་བཙལ་ཀྱང་རྙེད་དཀའ་། དེ་མིན་གོང་ས་མཆོག་གི་དགོངས་དོན་ལ་ངེས་ཤེས་གཏིང་ཟབ་རྙེད་མཁན་ཞིག་ཁྱང་ཡིན། གོང་ས་མཆོག་ནས་འོས་ཤོག་དེ་ཁོང་ལ་བླུགས་གནང་གི་རེད་བསམ། ཕྱི་རྒྱལ་ནས་ཕྱག་ལས་ཉམས་མྱོང་ཡོད་པ་ཞིག་ཀྱང་ཡིན། ཨ་རི་ཐའེ་ཝན་སོགས་སུ།
རྔ་བ་ཚེ་རྒྱམ་ནི་བཙན་བྱོལ་བོད་གཞུང་གི་ལོ་གཞོན་ནང་ནས་ཨ་ཡོད་ནང་གི་ད་ཡོད་དང་། སྒོང་ང་ནང་གི་སེར་རིས་ཞིག་རེད་། ར་རྒྱ་བློ་དབང་ལགས་ཀྱི་དགོང་ཚུལ་དེར་ཐུགས་རྗེ་ཆེ་ཞུ་རྒྱ་ཡིན།
ཚེ་ཡི་རྒྱ་མཚོ་འདི་ད་སང་དཀའ་མོ་རེད་མོད། སྔ་ས་ནས་མི་མང་ལ་ངོ་ཤེས་གི་འཇོག་རྒྱུ་གལ་ཆེན་པོ་རེད་ཡ།
yes very good. we must support him. he is a very greatest man.
རྐུདྲགས་རྐུན་མ་བཀྲས་མཐོང་ལས་ད་ཁོང་ཡག་གི་རེད།
གྲལ་རིམ་འཐབ་རྩོད་དང་སྐུ་དྲག་མ་དྲག་ཟེར་ནས་ནང་དཀྲུགས་མ་གནང་རོགས། ཡིན་ན་ཡང་ཚེ་རྒྱལ་ཁོང་ཡག་པོ་གདའ་།།
རྔ་བ་ཚེ་རྒྱམ་ལགས། བཀའ་ཁྲི་ལ་ཕེབས་པར་དགའ་བསུ་ཡོད།
ལུང་པ་ཕུ་དུང་ཙམ་ལ།། ཨ་བྲ་གཡག་ཤེད་འདྲ་བོ།། བཙན་བྱོལ་སྤྱི་ཚོགས་ནང་ལ།། རྔ་པ་ཚེ་རྒྱམ་ལས་མེད།།
ཅེས་བརྗོད་ལོས་ཆོག། འོན་ཀྱང་༧གོང་ས་མཆོག་གིས་ཀྱང་ཁོང་ལ་འོས་བླུག་གི་རེད། གང་ཡིན་ཟེར་ན་ཞེ་ཚིག་མཇུག་མ་བྲིས་ཀྱང་ཤེས་ཀི་ཡ། གཞན་གང་བཤད་ཀྱང་༧་གོང་ས་མཆོག་ལ་འདི་འདྲའི་སྨ་འབེབས་མ་བྱས་ན་ངོ་མ་བཟང་གི
ངས་ཀྱང་ཚེ་རྒྱམ་གྱི་སྐོར་ཅུང་ཞིག་བཤད་ན་བསམ། སྤྱིར་ཁོང་གི་ཕ་གཞིས་ནི་ང་ཚོའི་ཡུལ་དང་ཐག་མི་རིང་བའི་སར་ཡོད་ཅིང། སྐྱ་མི་ཞིག་གིས་ཕལ་ཆེར་ཉིན་ཕྱེད་ཙམ་གྱིས་སླེབ་ཐུབ། འཇིག་རྟེན་རྙིང་པའི་སྐབས་ནས་བཟུང་ནས་ད་བར་ང་ནི་བོད་སྤྱི་ཚོགས་ཁྲོད་ཞྭ་མོ་ཅན་ཞེས་དཀའ་སྡུག་གི་ཁུར་བོས་ཕྲག་པར་མནན་པའི་ཁྱིམ་རྒྱུད་དུ་སྐྱེས་ཤིང་། དེ་དུས་ཀྱི་མགོ་ཆོག་ཁག་གི་བུ་ཕྲུག་ལྟར་རྒྱ་གཞུང་གི་སློབ་གྲྭར་འགྲོ་བ་སོགས་ཀྱི་གོ་སྐབས་རེག་མ་ཐུབ་པར་གྱུར། འོན་ཀྱང་ཚེ་རྒྱམ་ལགས་ཀྱི་ཁྱིམ་གཞིས་ནི་མགོ་ཆོག་གི་ཁྱིམ་ཚང་ཞིག་ཀྱང་ཡིན་རབས་མེད་ན་ཡང། སྟབས་ལེགས་པ་ཞིག་ལ་ཁོང་གི་ཆུང་དུས་ཀྱི་གནས་རིམ་ཕལ་ཆེར་སློབ་གྲྭར་བསྐྱལ་བའི་གོ་སྐབས་རེག་ཡོད་ལ། རིམ་གྱིས་ས་གནས་རྫོང་གི་བོད་ཡིག་སློབ་གྲྭར་དགེ་རྒན་གྱི་ལས་ཀ་བྱས་འདུག ང་ཚོའི་ཕྱོགས་ནས་ཁོང་ལ་ཚེ་འཇའ་ལོ་སི་ཟེར། ༼ལོ་སི་ཞེས་པ་རྒྱ་མྱིང་ཐོག་དགེ་རྒན་ལ་གོ་བས། དགེ་རྒན་ཚེ་རྒྱམ་ཟེར་བ་རེད་འདུག༽གང་ལྟར་ཚེ་རྒྱམ་གྱིས་རྒྱུན་དུ་སློབ་གྲྭའི་ནང་དུའང་བོད་དོན་ཆབ་སྲིད་ཀྱི་གནས་བབ་ཡང་ཡང་བསྒྲགས་པས་དྲང་མོར་བཤད་ན་ས་གནས་རྫོང་གི་ལས་བྱེད་ལས་པ་མང་པོར་སུན་བཙེར་བཟོས་པའི་ཚུལ་དུ་སྣང། ཉིན་ཞིག་ཡུལ་མའི་བཤད་ཚོད་ལ་ཚེ་འཇའ་རྒྱ་གཞུང་གིས་ལྐོག་གསོད་བྱས་པ་རེད་ཟེར། ཁ་ཅིག་གིས་ཚེ་འཇའ་རང་ཤི་རྒྱབ་པ་རེད་ཟེར། འགའ་རེས་ཚེ་འཇའ་རྒྱ་གར་དུ་བྲོས་པ་རེད་ཟེར། དོན་ངོ་མ་ཆབ་སྲིད་ཀྱི་གནས་སྟངས་འོག་རྒྱ་གར་དུ་བདེན་པ་རེད་འདུག མ་ཟད་རྒྱ་གར་དུ་ཕྱིན་རྗེས་ཀྱང་བོད་དོན་ཆབ་སྲིད་ཀྱི་གནས་བབ་འོག་ཕྱག་ལས་འདྲ་མིན་གནང་ཞིང། གཙོ་བོ་ཁོང་ཉིད་ཟ་སྐད་འཐུང་སྐད་ཙམ་མ་ཡིན་པར་རྒྱ་བོད་གཉིས་ཀྱི་སྐད་ཡིག་ལ་བྱང་ཆ་ཆེ་བ་དང། དབྱིན་ཡིག་གི་རྨང་གཞིའང་གང་འཚམས་ལྡན་འདུག་པས། མདོར་ན་ཁོང་ལ་འབྱུང་འགྱུར་བཀའ་ཁྲིའི་འོས་ཤོག་ཐོབ་མིན་གང་ལྟར་ང་ཚོའི་ངོས་ནས་འདི་ལྟའི་མི་སྣ་ནི་བཀའ་ཁྲིར་འདེམས་རན་པ་བརྗོད་མེད་དུ་བསམ། རྒྱུ་མཚན་སྤྱིའི་ཆ་ནས་བཤད་ན་ཁོང་ནི་ལོ་ནའི་ཚད་གཞི་རན་པ་དང། གཞིས་བྱེས་གཉིས་ཀྱི་སྤྱི་ཚོགས་ལ་རྒྱུས་ལོན་གྱི་ཉམས་མྱོང་གཏིང་ཟབ་ཡོད་པ། རྒྱ་བོད་གཉིས་ཀྱི་སྐད་ཡིག་ལ་བྱང་ཆ་ཕུན་སུམ་ཚོགས་པས་རྒྱ་བོད་ཕན་ཚུན་གྱི་གནས་སྟངས་ངོ་མ་ལ་རྒྱུས་ལོན་ཞིབ་གསལ་བྱེད་ཐུབ་པ། དེའི་ནང་ནས་ཀྱང་རྒྱ་ནག་གི་རྩ་ཁྲིམས་ལ་སློབ་སྦྱོང་གི་མཐུན་རྐྱེན་ལེགས་པ་སོགས།
ཁོང་གི་འདས་པའི་ཕྱག་ལས་གང་ལའང་སྤྱིའི་ཆ་ནས་མངོན་བྱང་ཤིན་ཏུ་ལེགས་པའི་ཡོན་ཏན་ལྡན་འདུག་སྙམ། སྤྱིར་དབྱིན་ཇིའི་སྐད་ཡིག་སྐད་ཡིག་དང་ཁྲིམས་ལུགས་སོགས་ལ་སློབ་སྦྱོང་དང་བྱང་ཆ་ཡོད་དགོས་པ་ཤིན་ཏུ་གལ་ཆེ་ན་ཡང། ང་ཚོའི་ཁ་གཏད་ནི་རྒྱ་ནག་ཚང་གི་རྩ་ཁྲིམས་དང་མི་མང་གི་འདོད་བློ་ལ་གདོང་བ་བསྟན་དགོས་པས་ཚེ་འཇའི་ཤེས་ཡོན་ནི་དེའི་གདོང་ལ་མཛའ་བའི་ཤེས་ཡོན་ཞིག་རེད་མི་འདུག་གམ།
རྟོགས་སད་ལགས། ་་་་སྤྱི་ཙོགས་རྙིང་པ་་་་ཟེར་ན་ག་རེ་རེད་ལགས།
ཚེ་རྒྱམ་ལ་བསྟོད་པར་སྐུ་དྲག་ལ་སྨད་ཨེ་དགོས། ང་ཚོའི་དྲ་གྲོགས་ཚོས་ག་དུས་ཡིན་ནའང་གཡོན་ལ་མ་སྨད་པར་གཡས་ལ་བསྟོད་མི་ཤེས་པ་ཞིག་རེད་འདུག འགའ་ཤས་ཀྱིས་སྐུ་དྲག་ལ་སྡང་ལུགས་ལ་ལྟོས་དང་། ཞེ་འཁོན་ཆེན་པོ་དེ་འདྲ་རྒྱ་མི་ལའང་ཨ་ཡོད་བསམ་བསམ་འདུག
ཉམ་ཆུང་ལགས། ངས་གོང་དུ་་་སྤྱི་ཙོགས་རྙིང་པ་་་་ཞེས་པའི་ཚིག་ཅིག་བྲིས་མེད་པ་འདྲ། ཁྱེད་ཀྱི་མཆན་དེ་འབྱོར་རྗེས་ངའི་གོང་གི་མཆན་ཚར་གཅིག་ཞིབ་ཏུ་བཀླགས་ཀྱང་ཚིག་དེ་རྙེད་མ་སོང་། སྤྱིར་མཆན་རེ་བྲིས་རྗེས་དུས་ཚོད་ཀྱིས་བསྐྱར་ཀློག་ཡང་ཀློག་བྱེད་རྒྱུའི་དུས་ཚོད་མི་འདུག་པས། ཡིག་སྐྱོན་སོགས་ཅི་མང་བྱུང་བར་སྙིང་ནས་མཐོལ་ལོ་བཤགས། ཁྱོད་ཀྱིས་ངས་གོང་དུ་བྲིས་པའི་འཇིག་རྟེན་རྙིང་པ་ཞེས་པའི་ཚིག་ཟེར་གྱི་ཡོད་ན། ད་ནི་རྒད་པོ་ང་ལོ་ན་བདུན་ཅུ་ལ་ཉེ་བས་དུས་ངན་ང་དགུའི་གཡས་གཡོན་གཉིས་ཀྱི་ས་མཚམས་ཐམས་ཅད་མཐོང་ཕྱིར་དེ་གཉིས་ལ་འཇིག་རྟེན་གསར་རྙིང་ཞེས་བརྗོད་པ་ཡིན། ངའི་ཐོག་ཏུ་ཡོང་མྱོང་བའི་སྡུག་བསྔལ་ནི་གཙོ་བོ་རྒྱ་ནག་གི་རྒྱུགས་ཁྱི་ལྟར་གྱུར་བའི་བོད་མི་མགོ་ཆོག་ཁག་ཅིག་དང་། རྗེས་སུ་ངའི་བུ་རྒྱུད་ཀྱིས་མྱང་དགོས་བྱུང་བའི་རྒྱ་ནག་མི་རིགས་ཁག་ཅིག་གི་མེ་མདའི་ཁ་དུད་དེ་ཡིན་པས། ངས་ནམ་ཡང་བོད་ཀྱི་སྐུ་དྲག་མི་དྲག་སོགས་བོད་རིགས་ཤིག་ཡིན་ན་འདྲ། རྒྱ་རིགས་ཤིག་ཡིན་ན་འདྲ། གང་ལྟར་ངའི་མྱངས་དགོས་བྱུང་བའི་ཞེ་འཁོན་ལ་ཁྱད་པར་ཏིལ་འབྲུ་ཙམ་ཡང་གཏན་ནས་མེད། དཔེར་ན་བོད་ལ་ཆག་འཇིག་སྐབས་ངེད་ཚང་གི་བླ་མའི་སྟེང་ན་རྟ་བཞིན་ཞོན་མཁན་དེ་ཡང་བོད་མི་ཞིག་ཡིན་ལ། ངེད་ཚང་གི་ལྷ་སྐུ་རྟེན་གསུམ་རྙིང་པ་ཐམས་ཅད་རྒྱ་ལག་ཏུ་སྤྲོད་མཁན་ཡང་བོད་མི་ཁག་ཅིག་ཡིན། ང་ཚོའི་དགོན་པའི་སྡེའི་འཚོགས་ཁང་མེ་ལ་བསྒྲོན་མཁན་ཡང་བོད་མི་ཞིག་ཡིན་པ་རྒན་པོ་ངས་དངོས་སུ་མཐོང་མྱོང་། མདོར་ན་ངའི་ཞེ་འཁོན་ནི་ང་ལ་སུས་སུན་བཙེར་དང་སྡུག་བསྔལ་སྤྲད་མཁན་སུ་ལའང་ཡོད། འདི་ནི་མེ་ཏོག་དཀར་པོ་ཟེར་བར་བྲིས་པ་ཡིན།
ཚེ་རྒྱམ་གྱི་འདྲ་པར་ཡག་པོ་ཞིག་འབྱོར་འདུག ངའི་བསམ་བློ་ལ་ཡང་སྔོན་མ་དེ་ཅུང་མ་ལེགས་པ་འདྲ་ཞིག་མཐོང་སོང།་
ཁྱེད་ཚང་གི་བླ་མའི་སྒང་ལ་རྟ་བཞིན་བཞོན་མཁན་བོད་པ་ཞིག་རེད་འདུག་པས་འོ་ན་ཚེ་རྒྱམ་ཡང་ཡག་པོ་ཞིག་མེད་པ་ཐག་ཆོད།
འདི་རྟོག་སད་ཀྱི་རིགས་པའི་བགྲོས་རེད། ང་ལ་ལེ་ལན་མ་འདའ་ཞིག
འདི་མིག་ཡ་གཅིག་གི་རིགས་པའང་ཟེར།
གོང་གི་གཏམ་ལ་དཔྱད་ན་རྒྱུས་ཡོད་མིས་ཟུར་ཟ་ཡིན་པ་ཐག་ཆོད། ཚོ་བའི་ནང་འཁོན་ཅུང་ཟད་ཡོད་ཚོད་གདའ། དེ་བོད་པའི་ནང་གི་བློ་རྒྱ་ཁབ་མིག་ལས་དོག་པ་རྣམས་ཀྱི་ཤེས་བྱ་རེད། རང་རེ་མི་རིག་གསར་བ་ལ་དེའི་ལྷད་ཞུགས་མི་རུང་། ད་ལྟ་ཆིག་སྒྲིལ་དང་གདུང་སེམས་མཉམ་བསྐྱེད་ཀྱི་དུས་རབས་ལ་སླེབས་པ་རེད། ཚོ་བ་དང་། ཆོལ་ཁ། ཆོས་རྒྱུན་ལ་མི་བལྟ་བར་མི་དེའི་འཇོན་ཐང་ལ་གཞིག་དགོས། ཚེ་རྒྱམ་ལ་མཚོན་ལ་འདས་པའི་ལོ་རྒྱུས་ནང་རྐུབ་སྟེགས་གང་དུ་བཞག་ཀྱང་བྱས་རྗེས་ལས་ཞབས་འདྲེན་ཞུ་མྱོང་མེད། གླེང་ལོག་རྫུན་འདེབས་ཞིག་བྱས་ན་མ་གཏོགས་ལོ་རྒྱུས་གཙང་ཞིང་མཛད་རྗེས་མི་ཆུང་བས། དེ་ལྟར་རྒྱུན་སྐྱོང་བྱས་ན་མ་འོང་པར་བཀའ་བློན་ཁྲི་བར་མི་འོས་པའི་སྐྱོན་གང་ཡང མི་འདུག འོས་པའི་མི་ལ་རྒྱབ་སྐྱོར་བྱས་ན་རན་པ་ཞིག་རེད།
ར་རྒྱ་བློ་དབང་ལགས་ཐུགས་རྗེ་ཆེ། ད་བར་སྤྱི་ཚོགས་ནང་འོས་གཞི་འདོན་མཁན་མང་པོ་ཞིག་གིས་རྔ་བ་ཚེ་རྒྱམ་གྱི་མིང་ཁྲལ་སོད་ཐབས་ལྟ་བུར་བྲིས་པ་མང་པོ་མཐོང་ཡང་། ཁོང་གི་ལོ་རྒྱུས་ངོ་སྤྲོད་དང་། ཆེད་དུ་ཁོང་གི་སྐོར་བགྲོ་གླེང་བྱེད་མཁན་མེད་པ་དེ་སྟོང་ཆ་ཆེན་པོ་ཞིག་རེད། རྔ་བ་ཚེ་རྒྱམ་ངས་མིག་གིས་མཐོང་མྱོང་བ་ལས། ཕན་ཚུན་སྐད་ཆ་ཚིག་གཅིག་བཤད་རེས་བྱེད་མྱོང་མེད། ངས་ཁོང་ཤེས་པ་ལས་ཁོང་གིས་ང་གཏན་ནས་ཤེས་ཀྱི་མ་རེད། འོན་ཀྱང་ང་ཁོང་ལ་ཧ་ཅང་དགའ་པོ་ཡོད། བཙན་བྱོལ་སྤྱི་ཚོགས་ནང་དཔེ་དེབ་དཀོན་པའི་སྐབས་བདེ་སྲུང་བོད་གནས་ཉམས་ཞིབ་ཁང་གི་དཔེ་དེབ་སྤུས་དག་མང་པོ་ཞིག་བཏོན་སོང་ངས་ཀློག་མ་མྱོང་བ་གཅིག་ཀྱང་མེད། སྐབས་དེའི་བདེ་སྲུང་བོད་གནས་ཉམས་ཞིབ་ཁང་གི་འགན་འཛིན་ཁོང་རེད་འདུག ད་ལྟའི་ཆར་བདེ་སྲུང་ཉམས་ཞིབ་ཀྱིས་བཏོན་པའི་དེབ་གཅིག་ཀྱང་མཐོང་རྒྱུ་མི་འདུག་ལ། གོ་རྒྱུ་ཚོར་རྒྱུ་ཡང་མི་འདུག དེའི་རྗེས་སུ་ཐེ་ཝན་དོན་གཅོད་ཀྱི་ཕྱག་ལས་གནང་བའི་སྐབས་ཀྱང་ལས་དོན་ཧ་ཅང་ཡག་པོ་བསྒྲུབས་པ་དང་། ད་ལྟའི་ཆར་སྐུ་སྒེར་དྲུང་ཆེ་གནང་བའི་སྐབས་སུ་དགའ་ཉེ་ཕྱོགས་ལྷུང་མེད་པའི་མི་ཡག་པོ་ཞིག་ཡིན་པ་ཡོངས་གྲགས་རེད། དེར་བརྟེན་ཁོང་དང་། མཁས་དབང་བློ་བཟང་སེང་གེ་གཉིས་སུ་བཀའ་བློན་ཁྲི་པར་འདེམས་ཐུབ་ནའང་ངའི་ངོས་ནས་བཤད་ན་བློ་བདེ་ཐག་ཆོད་ཡིན། བཀྲས་མཐོང་བསྟན་རྣམ་དང་། རྒྱ་རི་སྒྲོལ་མ། སྤེན་པ་ཚེ་རིང་སོགས་སུ་སླེབས་ཀྱང་སེམས་ཁ་རྩ་བ་ཉིད་ནས་ཁེངས་ས་མ་རེད། དངོས་གནས་བཤད་ན་ཁོང་ཚོ་སྲིད་དོན་རགས་པ་འཁྲབ་མཁན་དང་། སྒེར་ཁེ་དོན་དུ་གཉེར་བ་ལས་བོད་སྤྱི་པ་ལ་བསམ་བློ་གཏོང་མཁན་གཏན་ནས་མ་རེད། འོན་ཀྱང་རྔ་བ་ཚེ་རྒྱམ་ལ་བསྟོད་པ་བྱེད་པའི་སྐབས་གཞན་དག་ལ་ཟུར་ཟ་དགོས་དོན་མེད་པས་བཞག་ལ། མདོར་ན་རྔ་བ་ཚེ་རྒྱམ་གྱི་ཉམས་མྱོང་དང་། བོད་ཀྱི་རིག་གནས་དང་ཆབ་སྲིད། རྒྱ་ནག་གི་རིག་གནས་དང་ཆབ་སྲིད། བོད་རྒྱ་གཉིས་ཀྱི་སྐད་ཡིག་ལ་ཕུལ་དུ་བྱུང་བའི་མཁས་པ་ཡིན་པ་མ་ཟད། དྲང་བདེན་དང་ལྷག་བསམ་རྣམ་དག་དང་། གཏམ་བཤད་ཀྱི་རྩལ་ཧ་ཅང་ཡག་པོ་ཡོད་སོགས་བཀའ་བློན་ཁྲི་པ་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་ཡོངས་སུ་ཚང་ཡོད། ཁོང་གིས་དབྱིན་ཡིག་ལ་སྦྱང་པ་དེ་ཙམ་བྱེད་རྒྱུ་བྱུང་མེད་ཀྱང་། འཛམ་གླིང་གི་དཔོན་རིགས་རྣམས་ཀྱིས་སྐད་བསྒྱུར་ཁྲིད་པ་འདི་གཟི་བརྗིད་དུ་བརྩི་བཞིན་ཡོད་པ་དང་། ཡོ་རོབ་ཀྱི་རྒྱལ་ཁབ་ཧྥ་རན་སི་སོགས་རྒྱལ་ཁབ་ཁག་ཅིག་གི་དཔོན་རིགས་ཚོས་དབྱིན་སྐད་ཤེས་ཀྱང་རང་ཉིད་ཀྱི་སྐད་ཡིག་ལ་ཤ་ཞེན་གྱི་ཐོག་ནས་སྐད་སྒྱུར་ཆེད་འཛུགས་གནང་གི་ཡོད་པ་སོགས་ཀྱང་མིག་དཔེ་བལྟ་འོས་པ་ཞིག་རེད། མི་ལ་འཇོན་ཐང་དང་རྣམ་དཔྱོད་ཡོད་ན། སྐད་སྒྱུར་རྒྱུ་དེ་ལས་སླ་པོ་རེད། མི་ལ་རྣམ་དཔྱོད་དང་ཡོན་ཏན་མེད་ན་སྐད་ཤེས་པས་གང་ཡང་བྱེད་མི་ཐུབ། རྔ་པ་ཚེ་རྒྱམ་ལ་རྒྱབ་སྐྱོར་འཐོབ་དགོས་པ་གལ་ཆེན་པོ་རེད། ངས་ཁོང་འོས་འཚམས་ཤིག་ཏུ་མཐོང་གི་འདུག
དེ་རིང་ངོ་མ་ར་རྒྱའི་བློ་དབང་ལགས་ཀྱིས་བཀའ་ཁྲིར་འཚམ་པའི་འོས་གཞི་དག་དག་ཅིག་བཏོན་འདུག་མོས་མཐུན་ཡོད་ཐུགས་རྗེ་ཆེ།
གནད་འགག་གི་དུས་འདིར་རྔ་བ་ཚེ་རྒྱམ་ལགས་བཀའ་ཁྲིར་འཚམ་ཤོས་ཡིན། ཁོང་གི་ལྷག་བསམ་དང་ཤེས་ཡོན། སྙིང་སྟོབས་འཇོན་ཐང་གཞུང་དྲང་སོགས་ཀྱི་ཆ་ནས་བཤད་མ་དགོས་པ་ཞིག་རེད། ཕལ་ཆེར་བཙན་བྱོལ་གཞུང་ལ་རྒྱུས་མངའ་ཅུང་ཡོད་མཁན་ཞིག་ཡིན་ན་ཤེས་རྒྱུ་རེད།
དེས་ན་དུས་ཚོད་ཀྱི་ཆ་ནས་ཁོང་བཀའ་ཁྲིར་གལ་ཆེན་ཆགས་ཡོད། རྒྱུ་མཚན་བོད་རྒྱའི་གནད་དོན་དེ་ཐད་ཀར་རྒྱ་བོད་འབྲེལ་བའི་ལམ་ནས་སེལ་དགོས་པ་དངོས་ཡོད་གནས་ཚུལ་ཡིན་སྟབས་༸གོང་ས་མཆོག་གིས་ཀྱང་བརྒྱུད་ལམ་སྣ་ཚོགས་པའི་ལམ་ནས་རྒྱ་མི་རིགས་དང་འབྲེལ་བ་བྱས་ཏེ་བོད་རྒྱའི་གནས་སྟངས་དངོས་གང་ཡིན་དང། རྒྱ་གཞུང་གིས་བརྗོད་ཚུལ་དང་བཙན་བྱོལ་གཞུང་གི་ལངས་ཕྱོགས་སོགས་ཇི་མ་ཇི་བཞིན་སོགས་རྒྱ་རིགས་མང་ཚོགས་ཀྱི་ཤེས་ཐབས་ཡོང་བའི་ཐབས་ལམ་འདྲ་མིན་འཚོལ་བཞིན་པའི་སྐབས་འདིར་རྔ་བ་ཚེ་རྒྱམ་ལགས་ལས་གཞན་པའི་བཀའ་ཁྲིར་འོས་འཚམ་ཞིག་མཐོང་མ་སོང།
དཔེར་ན། རྒྱ་རིགས་སོགས་ལ་བོད་རྒྱའི་གནས་དོན་འགྲེལ་བཤད་བྱེད་སྐབས་རྔ་བ་ཚེ་རྒྱམ་ལ་དམིགས་བསལ་གྱི་ཆ་ཆོས་དང་ཆ་རྐྱེན་ཡོད།
༡ བོད་རྒྱའི་གནས་བབས་སོགས་གསར་འགྱུར་བརྒྱུད་ལམ་དང་ཡིག་ཐོག་ཏུ་བཀོད་པའི་འགྲེལ་བཤད་རྣམས་ཕྱོགས་བསྡུས་བྱས་པ་ཙམ་མ་ཡིན་པར་དངོས་སུ་ཉམས་མྱོང་གི་ཐོག་ནས་བརྗོད་ཐུབ།
༢ བོད་ནང་གི་གནས་སྟངས་སོགས་རྒྱལ་སྤྱི་དང་རྒྱ་རིགས་གང་ལ་བརྗོད་ཀྱང་དངོས་སུ་མྱོང་བ་ཡོད་མཁན་ཞིག་གིས་བརྗོད་ན་དེའི་ནུས་པ་དང་ཉན་མཁན་རྣམས་ཀྱི་ཚོར་ཤུགས་ཀྱང་མི་འདྲ། དཔེ་མཚོན་ཆུང་བ་ཞིག་བརྗོད་ན། རྒྱ་སྐད་ཀྱི་ལམ་ནས་རང་གི་ཕ་ཡུལ་གྱི་གནས་སྟངས་སོགས་འགྲེལ་བཤད་ཐུང་ངུ་ཞིག་རྒྱ་རིགས་ཤིག་བརྗོད་ཚེ་དེར་ནུས་ཆེན་པོ་ཡོད།
མདོར་ན་བོད་རྒྱའི་གནད་དོན་སེལ་དགོས་པ་གལ་ཆེན་ཏུ་བརྩིས་ན་ཁོང་ཉིད་འཚམ་ཤོས་སུ་སྣང།
རྔ་བ་ཚེ་རྒྱམ་ལགས་འབྱུང་འགྱརུ་བཀའ་ཁྲིའི་འོས་སུ་འདམས་པ་འདིར་ད་བར་མཆན་བཅུ་ལྷག་བཀོད་འདུག་སྟེ། རང་གཙོས་པས་དྲ་གྲོགས་རེ་འགས་ཕན་ཚུན་སྣ་ཟིན་སྤུ་ཟིན་ཙམ་རེ་བྱས་པ་ལས། དོན་དངོས་སུ་ཚེ་རྒྱམ་གྱི་ལུས་ངག་ཡིད་གསུམ་ལ་བརྟགས་ནས་དཔྱད་པ་བྱས་པ་ཉུང་ལ། རེ་གཉིས་ཡོད་པར་ཡང་ཁོང་བཀའ་ཁྲིར་མི་འོས་པའི་སྐྱོན་བཙལ་ཏེ་བསྒྲུབས་པ་ཞིག་ཕལ་ཆེར་མི་འདུག དེས་ན་བདག་ལ་མཚོན་ན་མཁས་དབང་བློ་བཟང་སེང་གེ་དང་། མཁས་དབང་རྔ་བ་ཚེ་རྒྱམ་ལགས་སུ་རུང་ལ་ཐོབ་ཚེ་འགྱོད་པ་གཏན་ནས་མེད། རྒྱུ་མཚན་ནི་ཁོང་རྣམ་གཉིས་ཕྱི་ནང་གཉིས་ཀྱི་ཆབ་སྲིད་དང་སྐད་ཡིག་ལ་མཁྱེན་རྒྱ་ཟབ་ཅིང་། གཞིས་བྱེས་གཉིས་ཀའི་སྤྱི་ཚོགས་ཀྱི་གནས་སྟངས་ལ་ཆ་རྒྱུས་ཧ་ཅང་ཆེ། དེ་བཞིན་ཨ་ཞང་ཚང་གིས་གོང་ས་མཆོག་གི་དགུང་ནའི་བབ་ལ་བརྟགས་ཏེ་བོད་དོན་ཕྱིར་འཐེན་ཡང་འཐེན་བྱེད་བཞིན་པའི་སྐབས་འདིར། ཅུང་སྐུ་ན་གཞོན་པའི་ཤེས་ཡོན་པ་ཞིག་བོད་རྒྱལ་ཁབ་ཀྱི་བདག་པོའམ་བཀའ་ཁྲིར་སླེབས་ཚེ། རྒྱ་གཞུང་གི་སྙིང་ཁོང་ན་རྡོག་སྒྲ་དྲག་པོས་ཐེངས་གཅིག་གཞུས་པ་དང་གཅིག་མཚུངས་རེད།
ཡ། ཁ་ཕྱོགས་མེད་དང་བློ་དབང་སོགས། ད་དེས་ན་འུ་ཚོས་ཚེ་རྒྱམ་ལ་འོས་བླུག འདི་ལྟར་བརྗོད་ན་འགྲིག་གི་ཡོད་མེད་ཀྱང་མི་ཤེས། གང་ལྟར་ང་ཚོས་དྲ་ངོས་འདིར་བརྗོད་པ་ཙམ་མ་ཡིན་པར་བྱེས་སྡོད་བོད་མིའི་སྤྱི་ཚོགས་ཁྲོད་དུ་སྒྲོག་དགོས། གཅིག་ནས་ཚེ་རྒྱམ་ཟེར་བ་ནམ་རྒྱུན་མཁས་པའི་ཁྱད་ཆོས་ཕྱིར་འདོན༌པ་ལ་གཏན་ནས་མི་དགའ་ལ། མང་ཚོགས་ཀྱི་མདུན་དུ་ལངས་ནས་ང་ལ་འོས་བླུགས་དང་ངས་འདི་བྱེད་དེ་བྱེད་ཅེས་བཤད་པའི་ཧམ་སེམས་ཡང་ཡོད་མདོག་ཁ་བོ་མ་རེད། གཉིས་ནས་ཕྱོགས་གང་སར་ཁྱབ་བསྒྲགས་བྱེད་པའི་དཔལ་འབྱོར་གྱི་ཡོངས་སྒོ་ཆེན་པོ་ཞིག་ཀྱང་ཡོད་ཚོད་མ་ཐོས། གང་ལྟར་བོད་མི་ཚང་མས་ཤུགས་རྒྱོབ་དང་རྒྱ་ནག་ཚང་གི་འགྲམ་གོང་ན་འགྲམ་ལྕགས་ཚ་བེར་བ་ཞིག་གཞུ་ཐུབ།
ར་རྒྱ་བློ་དབང་ལགས་ཀྱིས་དངོས་གནས་བསམ་བློ་རྣལ་དུ་ཕབ་ནས་ཅིག་བདམས་བསྡད་འདུག ཁྱེད་ལ་རྒྱབ་སྐྱོར་ཆ་ཚང་ཡོད། རྔ་བ་ཚེ་རྒྱམ་ལགས་ཀྱིས་བོད་རྒྱའི་རིག་གཞུང་ཕལ་ཆེར་ཞིག་ལ་ཐུགས་སྦྱོང་མཐར་ཆགས་སུ་གནང་སྟེ། དེ་གཉིས་གང་གི་ཐད་ལའང་གཞན་དྲང་མི་འཇོག་པའི་མཁྱེན་རྩལ་རྫོགས་བསྡད་ཡོད་པ་རེད། ངའི་ཕ་ཡུལ་ན་དགེ་རྒན་ཚེ་འཇའ་ཞེས། རྒན་དར་གཞོན་གསུམ། སྐྱ་སེར་རིས་མེད་ཀྱིས་བརྩི་བཀུར་དང་། གདེངས་འཇོག་ཆེན་པོ་ཞུ་ས་ཞིག་ཡིན། མི་གཞིའི་ཐད། ཁོོང་སྐྱ་བོ་ཞིག་དང་། ང་སེར་མོ་འདྲ་ཞིག་ཡིན་པའི་ཆ་ནས་འགྲོ་ལམ་ཁ་ཁ་འདྲ་བོ་ཞིག་ཡིན་མོད། ངས་དྲན་སོས་པ་ཞིག་ལ། ཁོང་དང་འབྲེལ་བའི་སྤྱི་སྒེར་གྱི་ལས་དོན་གང་ཞིག་ཡོད་ནའང་། བོད་ཀྱི་ཐུན་མིན་ཁྱད་ཆོས་རེ་མེད་ས་མི་སྲིད་ཅེས་བཤད་ཐུབ་པ་ཞིག་ཡིན། ལོ་ན་དེ་ཙམ་ཕྲ་ནའང་། ཤེས་རིག་ཡོན་ཏན་ལ་དང་དོད་དང་། ཡ་རབས་གཞུང་དྲང་གི་གཤིས་སྤྱོད། ལེགས་ཉེས་དབྱེ་འབྱེད་ཀྱི་བློ་གྲོས། བོད་མི་རིགས་ཀྱི་ལར་ཞེན་སོགས་ནི། ཁོང་གི་ཐུགས་རྒྱུད་ལ་ལྷན་སྐྱེས་ཀྱི་ཚུལ་དུ་ཡོད་ངེས་ཤིག་ཡིན། དེ་རྗེས་ཁོང་བཙན་བྱོལ་ལ་ཡོང་དགོས་བྱུང་བ་རེད། ཉིན་ཞིག་ངས་ཁོང་དང་མཉམ་དུ་བོད་རྒྱའི་གནད་དོན་སྐོར་ཞིག་གླེང་སློང་བྱས་པ་ཞིག སྐབས་དེར་ཁོང་གིས་ང་ལ་ལྷག་པར་ཡང་བརྗེད་དཀའ་བའི་བགས་ཆགས་ཤིག་བཞག་པ་ནི། ཁོང་གིས༼བོད་རྒྱའི་ཆབ་སྲིད་ཀྱི་གནད་དོན་ཐད་ངས་རྒྱ་ནག་གི་མགོ་ཁྲིད་ཏིན་ཤོ་ཕེན་ལྟ་བུ་དང་མཉམ་དུ་རྩོད་གླེང་བྱེད་དགོས་ཀྱང་འཇིགས་ཞིམ་དང་། བག་ཁུམ་གྱི་འཚེར་སྣང་ཅྭང་ཟད་ཙམ་ཡང་མེད༽ཅེས་རང་ཉིད་ལ་གདེངས་འཇོག་ཞུས་དེ་རེད།
ཨ། ཡུམ་དུམ་པ་རྒྱལ་ཁམས་པ། ད་ངས་འདི་ནས་ཚོད་དཔག་ཅིག་བྱེད་ཀི་ཡིན། ཁྱོད་ད་ལྟ་བར་དུ་སྨྱུག་མིང་རྒྱལ་ཁམས་པའི་འོག་ནས་རྒྱལ་ཁམས་འགྲུམས་བསྡད་པ་རེད་ལ། ཁྱོད་ཀྱི་རྩོམ་ཡག་པོ་ཁག་ཅིག་ངས་བཀླགས་མྱོང། འོན་ཀྱང་ཁྱོད་སུ་ཡིན་ངས་ད་དུང་ཏན་ཏན་ཞིག་ཤེས་མེད་མོད། ད་ངས་ཅིག་དྲན་སོང་། ངེད་གཉིས་ཀྱིས་ཉིན་ཤས་སྔོན་ Skype བརྒྱུད་ནས་གླེང་མོལ་སྣ་ཚོགས་ཤིག་བྱས་ཀྱང་ཁྱེད་ཀྱི་སྨྱུག་མིང་ཅི་ཡིན་འདྲ་རྒྱུ་མ་བྱུང། ཁྱོད་དེ་ཡིན་ནམ་མིན། ང་ནི་རྟོག་གེའི་རིག་པ་ལས་སད་པའི་འཁྱམས་པ་བ་དེ་ཡིན།
ཁྲི་དེ་ད་དུང་སྟོང་པར་བཞག་གནང་རོགས། ང་མ་སླེབས་སྔོན་ལ། །ཨ་ལས་་སྔོན་ལ་ཞབས་བཀྱག་ཁ་ཤས་བགོ་བཤའ་ཅིག་བརྒྱབ། དང་པོ་མཁས་བློ་བཟང་སེང་གེ་ཟེར་པ་དེ་ཕྱི་འབྲེལ་བཀའ་བློན་ལ་བསྐོས། ཁོང་གིས་ཁྲི་པ་མ་རེག་ན་སྡོད་གི་མིན་ཨ་རིར་ལོག་འགྲོ་གི་ཡིན་གསུང་ན་དེའི་ཚབ་ལ་གཞན་པ་ཞིག་བསམ་པློ་གཏོང་གི་ཡིན་། དཔེར་ན་ཕྱི་རྒྱལ་གྱི་སྐུ་ཟླ་བཞེས་མཁན་ཞིག
དེ་ནས་ཚེ་རྒྱམ་ཟེར་པ་དེ་བདེ་སྲུང་བཀའ་བློན་ལ་བསྐོས། ཁོང་རྒྱ་ཕྱོགས་ལ་མཁས་པར་སྣང་། ཁོང་གིས་དེ་ཆུང་དྲག་སོང་མ་དགོངས་ན།
དེ་ནས་བཀྲས་མཐོང་བསྟན་རྣམ་ལགས་ཆོས་རིག་ཡིན་ཡིན་པ་རེད། ཆོས་རིག་ལ་མཁས་པ་ཁོང་ཡིན་ད་ཡིན།
ཨ་རིར་བཞུགས་ཡུན་རིང་ནས་བརྗེད་ཚར་མེད་ན།
དེ་ནས་རྒྱ་རི་སྒྲོལ་མ་ལགས་ནི་ནོར་སྲིད་ཡིན་དང་ཡིན། གཅིག་ནས་ཨ་ལྕག་ཚོ་ནོར་གསོག་ལ་མཁས་པ་གཉིས་ནས་ཁོང་ནི་འཇོན་པ་ལྷག་འཇོན་། འོག་འཇུག་ནང་ལོགས་ལ་གསེར་གྱི་གའུ་ཆེན་པོ་ཞིག་སྦས་བཞག་འདུག ད་སུས་ཅིག་སགོས་ཡོད་ཟེར་གི་འདུག། ཨོ་ སྤེན་པ་ཚེ་རིང་ཁོང་། བུད་མེད་ལས་ཁུངས་ལ་འགྲིག་འདུག མི་གཤིས་ཀ་འཇམ་པོ་དེ་འདྲ་ཞིག་རྙེད་དཀའ་།
དེ་ནས་ད་ཁྲི་པ་ཞིག་དགོས་གི་འདུག མིང་དེ་ཡང་བརྗེ་པོ་བརྒྱབ་ཞོག བོད་ཀྱི་སྲིད་འཛིན་ཡིན་ན་ཅིག་བཏགས་ཞོག ད་དུང་བསམ་བློ་གཏོང་གནང་དང་། ད་སུ་ཡོད་ན་། ང་ཚོར་། མ་རྙེད་པ་ཡིན་ན་ཁོང་ཚོ་ལས་ཚེ་རྒྱམ་ཡིན་ད།། ཡིན་ད།།།
རྒྱལ་ཁམས་པས་་་་་ས་བསྟོད་་་་གནམ་བསྟོད་གནང་འདུག་་་ཨ་ཨ་ཨ།
རྭ་རྒྱ་བློ་དབང་ལགས་ནས་སྤྱི་དོན་འཁུར་ལེན་གྱིས་རྔ་བ་ཚེ་རྒྱམ་མཆོག་གི་སྐོར་བཀོད་པ་ཐུགས་རྗེ་ཆེ།
ཕྲན་གྱིས་ཀྱང་ཡུན་རིང་རྒྱུས་ལོན་བྱས་པ་བརྒྱུད། རྔ་བ་ཚེ་རྒྱམ་མཆོག་བཀའ་ཁྲིར་འོས་པའི་ཆ་རྐྱེན་གཞན་ལས་མང་པར་མཐོང།
གཅིག སློབ་སྦྱོང་གི་ངོས་ནས་བཤད་ན་ཁོང་གིས་བོད་ནང་དུ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་མཐར་ཕྱིན་ཡོད་པ་མ་ཟད།མཁས་དབང་དམུ་དགེ་བསམ་གཏན་སོགས་བསྟེན་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་སློབ་སྦྱོང་གཏིང་ཟབ་གནང་ཡོད། ཁོང་གིས་བྲིས་པའི་དཔྱད་རྩོམ་དང་སྙན་ངག་སོགས་ལས་ཁོང་གི་བོད་སྐད་ཡིག་གི་ཆུ་ཚད་རྟོགས་ཐུབ། དེ་བཞིན་རྒྱའི་སྐད་ཡིག་གི་སྒང་ནས་བོད་རྒྱའི་ཆབ་སྲིད་གནད་དོན་དང། རྒྱ་ནག་གི་ཆབ་སྲིད་འགྱུར་འགྲོས་སོགས་ཀྱི་ཐད་དཔེ་དེབ་འགའ་བྲིས་གནང་མཛད་འདུག། དབྱིན་ཇིའི་སྐད་ཡིག་ཀྱང་རང་མགོ་ཐོན་ངེས་ཡོད་པ་བཅས། མདོར་ན། འདབ་གཤོག་ཟུང་ལྡན་དང་སྐད་ཡིག་གསུམ་སྨྲ་བའི་མཁས་པ་ཤེས་ཡོན་ཅན་ཞིག་ཡིན་པ་དང་།
གཉིས། ཆབ་སྲིད་ཀྱི་གོ་རྟོགས་དང་ཉམས་མྱོང། ཁོང་ནི་ཆུང་དུས་ནས་ཆབ་སྲིད་སྐོར་ལ་དོ་སྣང་དང་སེམས་ཤུགས་ཆེན་པོ་ཅན་ཞིག་ཡིན་པར་བརྟེན། རྔ་བ་རྫོང་བོད་ཡིག་སློབ་འབྲིང་དུ་དགེ་རྒན་གནང་སྐབས་ཆབ་སྲིད་ཀྱི་གནད་དོན་དབང་གིས་བཙན་བྱོལ་དུ་ཡོང་དགོས་བྱུང་ཡོད། བཙན་བྱོལ་དུ་སླེབས་རྗེས་བདེ་སྲུང་བོད་གནས་ཉམས་ཞིབ་ཀྱི་འགན་འཛིན་དང་ཐེ་ཝན་དོན་གཅོད་སོགས་གནང་སྐབས་གྲུབ་འབྲས་དང་ལག་རྗེས་འབུར་ཐོན་བཞག་པར་བརྟེན། སྐུ་སྒེར་ཆབ་སྲིད་དང་རྒྱ་ཡིག་དྲུང་ཆེར་ཐད་འཐེན་གནང་ཡོད་པ་དང། ད་ལྟའི་བོད་རྒྱ་ཞི་མོལ་ཚོགས་ཆུང་ནང་ལ་ཆ་བཞག་ནའང་ཁོང་ནི་རྒྱ་ནག་སྐོར་གྱི་ཆབ་སྲིད་ལ་གཏིང་ཟབ་མོས་ཤེས་རྟོགས་ཡོད་མཁན་དང་སྐད་ཆ་ཤོད་ཐུབ་མཁན་དེ་ཡིན་ཚུལ་རྒྱ་རི་བློ་གྲོས་རྒྱལ་མཚན་སོགས་འབྲེལ་ཡོད་ཀྱིས་གསུངས་འདུག། ལྷག་པར་དུ་ཐེ་ཝན་དུ་ཕྱག་ལས་གནང་རིང། རྒྱ་ནག་གི་ཆབ་སྲིད་སྐོར་ལ་ཆེད་དུ་ཉམས་ཞིབ་གནང་ཡོད་པ་ནི་གཞན་ལ་མེད་པའི་ཆ་རྐྱེན་ཞིག་རེད།
གསུམ། གཞན་ཡང་། ཁོང་ནི་ལོ་གཞོན་གསོན་ཤུགས་ཀྱིས་ཁེངས་པ་ཞིག་ཡིན་པ་མ་ཟད། མི་གཤིས་ཡ་རབས་དང། བོད་ཕྱི་ནང་གི་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་ཡོད་པ། བཙན་བྱོལ་གཞུང་ལ་ལོ་མང་རིང་ཕྱག་ལས་གནང་པའི་ཉམས་མྱོང་ཡོད་པ། ལྷག་པར་དུ་ད་སྐབས་ཁོང་གིས་སྐུ་སྒེར་ལ་ཕྱག་ལས་གནང་བཞིན་པ་འདིས་དོན་དངོས་ཐོག་སྐུ་སྒེར་ཡིག་ཚང་གི་ལས་ཀ་སྤྱི་དང་ལྷག་པར་དུ་བོད་རྒྱའི་སྐད་ཡིག་དང་འབྲེལ་པའི་ལས་ཀ་ཁག་། ལྷག་པར་དུ་གོང་ས་མཆོག་གི་བོད་རྒྱའི་ཆབ་སྲིད་དང་འབྲེལ་པའི་མཛད་ཕྲིན་ཐད་གཞོགས་འདེགས་གཞན་འགྲན་མ་མཆིས་པ་གནང་བཞིན་པ་ནི་རྒྱུས་ཡོད་སུས་ཀྱང་མཐོང་བཞིན་པ་ལྟར་རོ།
ཨོ་རེད་རེད། རྒྱ་ནག་ལ་ཁ་བསྐོར་ན་ཚེ་རྒྱམ་ཅིག་ཅིག་བཟང་ནའང་ཐང་། འོན་ཀྱང་བཙན་བྱོལ་ནང་དུ་རྭ་ལྟར་གྱོང་ཞིང་རྣོ་ལྟར་མཁྲེགས་པའི་འཐུས་མི་ཡང་མང་པོ་ཡོད་ལ། ད་དུང་རྟགས་གསལ་གཏོང་ལ་མཁས་པ། དཔའ་གཏམ་བཤད་ལ་ངར་བ། རྒྱུ་ཤེད་ངོམས་ལ་རྔམས་པ། ཨེ་་་་་ཚེ་རྒྱམ་འདིས་ཁ་ཡོག་ལག་ཡོག་ལ་ཆུགས་མི་ཡོང་པ།
འདི་ལ་རེ་བ་ཡོད་ནི་མརེད།དྲིན་ཆེན་ཆོ་་་་་་ད་རང་གི་ཀླད་པར་སྡུག་བཀོལ་གི་མ་འདུག་་་་སྤྱི་ཚོགས་འདི་ཚེ་རྒྱམ་ཚང་དང་ཚེ་རྒྱམ་་ཚིང་གི་ཆོལ་ཁ་ལ་དབང་གི་མ་རེད་་་དེར་བལྟས་ན་ཁོ་དྲུང་ཆེའི་ལས་ཐོག་ནས་ཡག་པོ་འདུག་གི་བཅུག་མ་གཏོགས་་་ནམ་ཉི་མ་ཞིག་ལ་དེ་ཡང་ལག་ནས་ཤོར་འགྲོ་གི་རེད་་
འོ་ཡ་ད་རྔ་བ་ཚེ་རྒྱམ་ལགས་འདི་ངོ་མ་ཡག་པོ་ཀྲ་མ་གཅིག་གདའ་ མང་ཚོགས་ནང་རྒྱུས་ཡོད་ཤེས་རྟོགས་ཆེད་ངོ་སྤྲོད་ཀྱི་ཁྱབས་གྲགས་ལས་མགུལ་ཤུགས་ཆེ་ཙམ་སྤེལ་དགོས་ཞི་གདའ་མོ་ བཙན་བྱོལ་གཞུང་གསར་པའི་ནང་བློ་བཟང་སེངྒེ་ལགས་དང་ རྔ་བ་ཚེ་རྒྱམ་ལགས་འདི་གཉིས་ བཀའ་ཁྲི་དང་ བཀའ་ཁྲི་གཞོན་པར་འདེམས་ཐུབ་ན་ངོ་མ་ ༧གོང་ས་མཆོག་གི་ཕྱག་གཡས་པ་དང་གཡོན་པ་ནས་རབ་འདེགས་ཀྱིས་མ་འོངས་བོད་དོན་བདེན་པའི་ཐབས་བརྩོད་ཆེད་ཀྱི་འགོ་འཁྲིད་རེ་བ་ཆེ་ཤོས་དེ་ཁོང་གཉིས་ལས་ལྷག་སུ་གང་ཡང་མིན་འདུག་ བཀའ་ཁྲིའི་འོས་མི་གཞན་ཐམས་ཅད་ནི་སྤྱི་འཐུས་གསར་པར་བཀོས་ན་འོས་མཚམས་རེད་གདའ་ལེ་།
བློ་དབང་ལགས་ཀྱིས་དངོས་གནས་དོན་ལ་གནས་པ་ཞིག་གསུང་འདུག་མོད། ཚེ་རྒྱམ་ཁོང་བཀའ་ཁྲི་ལས་ད་ལྟའི་ལས་གནས་འདིའི་སྒང་ནས་བསྡད་ན་ཡག རྒྱུ་མཚན་ནི་༸གོང་ས་མཆོག་ལ་དགྱ་ནག་དང་འབྲེལ་བའི་གནད་དོན་མང་བོ་ཞིག་བཀའ་འདྲི་གནང་ས་དགོས། ད་དུང་སྐུ་སྒེར་གྱི་དངོས་ནས་ཁོང་ཧ་ཅང་གི་གནད་འགག་ཅན་ཞིག་ཡིན་ཡ། ད་དུང་ཁོང་སྐུ་ན་ཕྲ་བས་བཀའ་ཁྲིའི་ས་དམིགས་དེ་རྗེས་ཕྱོགས་མནན་ཆོག་གི་རེད། ངས་ནི་ད་དུང་ཁོང་གི་ལས་གནས་འདི་གནད་འགག་ཏུ་མཐོང་ཡོད། གང་ལྟར་ཁོང་ནི་རླབས་ཆེན་གྱི་མི་སྣ་ཞིག་ཡིན་པ་སྔ་མོ་ནས་མཐོང་ཡོད།
ཚེ་རྒྱམ་ལྟ་བུ་ཤེས་ཡོན་དང་ ལྷག་བསམ་ཅན་གྱི་མི་སྣ་ ཡོད་པ་ཤིན་ཏུ་དགའ་བྱུང་། ད་་ཡོད་གྱི་ལས་གནས་འདི་ཡང་ཤིན་ཏུ་གལ་ཆེན་རེད་འདུག་བསམ་ མ་གཞི་བཀའ་བློན་ཁྲི་པའི་གོ་སར་བཞེངས་རྒྱུ་ ཁོང་རང་ཉིད་ལ་ འདོད་པ་ཤུགས་ཆེར་ཡོད་མེད་དང་ ཡོད་ན་ མ་འོངས་འཆར་འགོད་དང་ བསམ་འཆར་སོགས་ དྲི་བ་འདྲི་ལན་གཅིག་གནང་ཐུབ་ན་མི་མང་ ལ་ གོ་རྟོག་ ཡོང་ཡའི་ ཕན་ཐོགས་འདུག་ཅེས་དྲན།
རྔ་བ་ཚེ་རྒྱམ་ལགས་བཀའ་ཁྲིའི་འོས་མིར་འོས་ཆོས་ཚང་མིན་གྱི་ཐད་ནས་སེམས་ཁྲལ་ཅི་ཡང་མེད། བརྒྱ་ཆ་བརྒྱ་ཁོ་ལྟ་བུ་རེ་ཟུང་ལས་མེད་ཅེས་བརྗོད་པར་སྤོབས། ཡང་རེ་ཟུང་གིས་ཁོང་གིས་བཀའ་ཁྲི་ལས་ཀྱང་༧གོང་ས་མཆོག་གིས་ཕྱག་རོགས་གནང་རྒྱུར་གལ་ཆེར་གཟིགས་འདུག དེ་ལ་རྒྱུ་མཚན་ངེས་ཅན་ཞིག་གི་སྟེང་ནས་ལྟ་དགོས་པར་འདོད།
ཡང་གཅིག་བཤད་ན་༧གོང་ས་མཆོག་གི་ཕྱག་རོགས་སུ་རྒྱ་ཡིག་དང་བོད་ཡིག་གི་མཁྱེན་རྒྱ་ཁོང་ལྟར་ཡངས་པའི་མི་རྙེད་ཐུབ་ཀྱང་། བོད་ཀྱི་བཀའ་བློན་ཁྲི་པར་འོས་པའི་ཁོང་ལྟ་བུ་རྙེད་ཁག་རྒྱུ་རེད་བསམ་གི གནད་དོན་འདི་གཉིས་རྒྱ་མའི་སྟེང་བཞག་ནས་དཔྱད་ཚེ་ཏན་ཏན་རྗེས་མ་དེ་གལ་ཆེན་པོ་ཆགས་ཀི་རེད། དེ་ལྟར་ན། ངས་ནི་སྔོན་ཆད་ནས་ཁོང་བཀའ་ཁྲིའི་འོས་མིར་བཏོན་ཡོད་ལ། ད་ཐེངས་གྲོགས་རྭ་རྒྱ་བློ་དབང་གིས་ཁོང་བཀའ་ཁྲིའི་འོས་མིར་བསྒྲགས་པའི་གོ་སྐབས་འདི་བརྒྱུད། ཁོང་ནི་བཀའ་བློན་ཁྲི་པ་ཤེས་འཇོན་གཉིས་ལྡན་དང་ཉམས་མྱོང་ཕུན་སུམ་ཚོགས་པའི་མི་རླབས་ཆེན་ཞིག་དང་། ༧གོང་ས་མཆོག་གི་དབུ་འོག་དཔུང་འདེགས་བྱ་རྒྱུར་ཐེ་ཚོམ་སྤུ་ཉག་ཙམ་མེད་པའི་བཀའ་ཁྲིའི་འོས་མི་ཚད་ལྡན་ཞིག་ཏུ་མཐཽང་གི་འདུག
ཚང་མས་ཀྱང་ཐུགས་བསམ་ནན་ཏན་གྱིས་བཞེས་རོགས།
ཅི་འདྲའི་དགའ་འོས་པ་ཞིག་མ་རེད་དམ།
བཀའ་ཁྲིའི་འོས་མི་ཇེ་མང་ནས་ཇེ་མང་དུ་འགྲོ་གིན་འདུག
དེ་ཡང་བཀྲ་ཤིས་པའི་གཏམ་བཟང་རེད།
འོན་ཀྱང་འོས་མི་ཡོད་ཚད་བཀའ་ཁྲིར་སླེབས་ཐབས་བྲལ་བས།
ཁོང་བཀའ་ཁྲིར་མ་སླེབས་ཀྱང་བཀའ་བློན་གང་རུང་ཞིག་ཏུ་རུང་ལ། ཁོང་ནི་བཀའ་ཁྲིའི་ཕྱག་རོགས་གལ་ཆེན་ཆེན་ཞིག་ཏུ་འགྱུར་བར་སྨོན།།
གསལ་བཤད།
ཁ་སང་རྩོམ་འདི་ར་རྒྱ་བློ་དབང་ཟེར་བ་ཞིག་གིས་གློག་འཕྲིན་བརྒྱུད་ང་ཚོར་བཏང་འདུག
འོན་ཀྱང་། རྩོམ་འབྲི་མཁན་གཞན་ཞིག་ཡིན་པའི་མིང་བྲིས་མི་འདུག དེར་བརྟེན།
ར་རྒྱ་བློ་དབང་ཟེར་བ་དེ་རྩོམ་འབྲི་མཁན་གྱི་མིང་ལ་བཞག་པ་ཡིན།
རྗེས་སུ་ང་ཚོས་ཤེས་རྟོགས་བྱུང་བ་ལྟར་ན། དོ་བདག་རྩོམ་འབྲི་བའི་མིང་ལ་ཨ་ཀ་སྤྲུལ་སྐུ་བཀྲ་ཤིས་བཟང་པོ་ཟེར་གི་འདུག
ད་ལྟ་དེ་ལྟར་བཅོས་ཡོད་།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།
ཡ་་་་ཡ་་་་་། ཁ་བརྡ་དྲིན་ཅན་པོ། ར་རྒྱ་བློ་དབང་ཡིན་ན་འདྲ། ཨ་ཀ་སྤྲུལ་སྐུ་ཡིན་ན་འདྲ། གང་ལྟར་བཀའ་ཁྲིར་འོས་པའི་མི་བཟང་པོ་ཞིག་ངོ་སྤྲོད་བྱས་སོང།
ངོ་མ་ཡག་ཁི། ཚེ་རྒྱམ་ལགས་ལ་ངས་འོས་བླུགས་ཐག་ཆོད་ཡིན། གང་ཡིན་ཟེར་ན་འོས་མི་དག་ལས་ཁོང་ལས་བཟང་བར་མཐོང་མ་སོང་།
འོས་སྦྱོར་བྱེད་མཁན་ནས་ཁོང་གི་རྔ་བ་ཚེ་རྒྱམ་སྐོར་གྱི་གནས་ཚུལ་འདི་བོད་ཀྱི་དུས་བབ་དྲ་ཚིགས་སུ་འགོད་ཐུབ་ན་ལེགས། ཐུགས་རྗེ་ཆེ།
བོད་ཀྱི་དུས་བབ་དྲ་ཚིགས་སུ་བློ་བཟང་སེང་གེ་དང་རྒྱ་རི་སྒྲོལ་མ་སོགས་ཀྱི་སྐོར་འུར་ཟིང་ཟིང་གིས་གླེང་སློང་བྱེད་ཀྱི་འདུག་ཀྱང་། རྔ་བ་ཚེ་རྒྱམ་མཆོག་གི་སྐོར་འགོད་མཁན་མི་འདུག།
དུས་བབ་ཚང་ལ་ཕྱོགས་ཞེན་གྱི་ན་ཚགཞིག་ཡོད་པ་འདྲ་།
དེད་སང་མི་ཚང་མས་འར་འཌྷུར་ཟང་ཟིང་གིས་བཀའ་ཁྲིའི་འོས་གཞིར་དོ་སྣང་དང་དཔྱད་པ་བྱེད་བཞིན་ཡོད་མོད་ངས་ཀྱང་རྔ་བ་ཚེ་རྒྱམ་དང་བློ་བཟང་སེང་གེ་གཉིས་བསྡུར་ནས་བཤད་ན་བློ་བཟང་སེང་གེ་ནི་བོད་རྒྱ་གཉིས་ལོ་རྒྱུས་ལ་ནང་བྱན་ཆུད་པ་ཞིག་ཡིན་པ་མ་ཟད་ད་དུང་རྒྱལ་སྤྱིའི་ཁྲིམས་ལུགས་ལ་དེ་བས་ཀྱང་མཁས་པར་བྱའོ།བྱས་ཙང་ང་ཚོའི་ད་ལྟའི་གནས་བབ་ལ་གཞིགས་ན་ང་ཚོར་ངེས་པར་དུ་བཀའ་བློན་ཁྲི་པ་རྒྱལ་སྤྱིའི་ཁྲིམས་ཤེས་མཁན་ཞིག་དགོས་པ་དེ་ཁ་ཚ་དགོས་གཏུག་ཏུ་གྱུར་འདུག
རྔ་བ་ཚེ་རྒྱམ་ལགས་དེ་ཙམ་མི་འདུག་གོ།
The exile Amdu “Gaden Podrang” which founded in 1642. It is nothing to do with Amdu in it more the 400 years history. Particularly Kudrak nothing to do with Amdu, never been a part of gaden Podrang Kudrak did not took pine from Amdu. I hope you know that. Amdu do’t have any rights or reason to say any thing About kudrak. Your (all amdu ) father or mother have seen kudrak in their life time for many generation. if there is anything to criticise or condemn on Kudrak we will to do it because we have been under then Kudrak rules it regime . You are lucky to be part of Exile gov’s citizen since 1959 for the first time .. it is real joke Amdu want become Kalon. How can you give speech in Amdu accent, how you explain yourself? Who are you ?Look at the tibet history, was there any Amdu who worked in Lhasa for Gaden podrang office in its history ?.. Did any Amdu people paid tax to gaden pordrang or Kudrak ? Did any Amdu meet Gaden Podrang’s officer or staffs? did any Amdu people seen gaden Podrang officer before 1959. We know your (exile amdu) history but you (exile amdu ) don’t forget who you are and what is your history. I read all the article in the Kubda, but I never put my opinion because there is enough problem in exile community and I don’t want to divide its people and don’t want make people unhappy……… you should know more than me you it . It is Too MUCH by know.
You exile Amdu(only exile Amdu) have to think carefully here in Kabda and it is important to understand who you are and what you saying here. if you want Amdu Kalon, go Amdu to find a your gov, than you would have Amdu kalon, other ways it is impossible. I know Tsekim very well. He is good person did great job. I will never say Kuma or Chagpa or any other bad language.
thank you .
བློ་བཟང་སེང་གེ་དང་རྔ་བ་ཚེ་རྒྱམ་གཉིས་ཀྱི་རྒྱ་ནག་སྐོར་གྱི་སློབ་སྦྱོང་གི་ཚུ་ཚད་བསྡུར་ན་རྔ་བ་ཚེ་རྒྱམ་ལེགས་པ་ཧ་ཅང་གསལ་པོ་རེད། རྒྱལ་སྤྱིའི་ཁྲིམས་དང་ལོ་རྒྱུས་ཤེས་ལོས་དགོས་ཀྱང་དོན་དག་གཙོ་བོ་ང་ཚོའི་ཁ་གཏད་རྒྱ་ནག་གི་ལོ་རྒྱུས་དང་རིག་གཞུང།་དེའི་ཆབ་སྲིད་ཀྱི་སྲིད་ཇུས་གནས་བབ་སོགས་ཤེས་རྒྱུ་ནི་གལ་ཆེ་ན་རྔ་བ་ཚེ་རྒྱམ་ལས་ལྷག་ཅིག་འུ་ཅག་བཙན་བྱོལ་གྱི་ཁོར་ཡུག་འདིར་མེད་པ་ཧ་ཅང་གསལ་པོ་རེད། དེའི་ཐོག་ད་དུང་ཁོང་བོད་ཀྱི་རིག་གནས་དང་སྐད་ཡིག་ལ་ནང་བྱན་ཆུད་པའི་གཞོན་སྐྱེས་ཤེས་ཡོན་ཅན་ཞིག་རེད། ལྷག་པར་དུ་བོད་ནང་གི་དངོས་ཡོད་གནས་ཚུལ་རང་གི་མྱོང་ཐོག་ནས་ཀྱང་མཁྱེན་རྟོགས་ཡོད་པ་རེད། རྒྱལ་སྤྱིའི་ཁྲིམས་ལུགས་ཀྱིས་བོད་ཀྱི་གནད་དོན་ཐག་གཅོད་བྱེད་ཐུབ་དང་། ཁ་གཏད་རྒྱ་ནག་གི་གནས་བབ་ལ་བལྟས་ནས་འཐབ་རྩོད་ཀྱི་སྲིད་བྱུས་འཛིན་དགོས་དཔྱད་པར་བྱའོ
རྔ་བ་ཚེ་རྒྱམ་དང་བློ་བཟང་སེང་གེ་གཉིས་ཀྱི་ཁྱད་པར་གཙོ་བོ་ཞིག་ནི། བློ་བཟང་སེང་གེ་ལགས་སྤྱི་ཚོགས་ཀྱི་ཟུར་ཐམས་ཅད་དུ་འཛུལ་ཏེ་ངས་འཇོན་གྱི་ཡོད། ངས་ཤེས་ཀྱི་ཡོད། ངས་འགན་འཁྲིི་འདི་ཐེགས་ཀྱི་ཡོད་ཅེས་གསུངས་བཤད་དང་ལས་འགུལ་སྤེལ་པ་དང་། རྔ་བ་ཚེ་རྒྱམ་མཆོག་གིས་དངོས་སུ་སྤྱི་ཚོགས་ཀྱི་གདོང་ལ་ཐོན་ནས་ངས་ཤེས་དང་འཇོན་ཞེས་གསུངས་ཀྱི་མེད་པ་དེ་རེད།་གཅིག་བྱས་ན་སྐུ་སྒེར་གྱི་ཆབ་སྲིད་ཀྱི་རྒྱ་ཡིག་གི་དྲུང་ཆེར་སོང་མཛད་བྲེལ་གྱིས་ཡིན་རྒྱུ་རེད། གང་ལྟར་བློ་སེང་གི་གནང་སྟངས་དེ་ཡང་མཐའ་གཅིག་ཏུ་ལེགས་པོ་རེད། རྔ་བ་ཚེ་རྒྱམ་ལགས་ནས་ཀྱང་དངོས་སུ་སྤྱི་ཚོགས་ཁྲོད་དང་བརྒྱུད་ལམ་ནས་ཁོང་གི་དགོངས་ཚུལ་མང་ཚོགས་ལ་ཤེས་སུ་བཅུག་ན་ཅི་མ་རུང། འདིའི་ཐད་དུས་བབ་ནས་འགན་འཁུར་དགོས་པར་སྣང་ཡང་།་ད་ཕན་བྱས་མ་སོང། གཅིག་བྱས་ན་གོང་དུ་དྲ་གྲོགས་ཉམ་ཆུང་ནས་བཤད་པ་ལྟར་ན་ཚ་དེ་འདྲ་ཡོད་པ་མིན་འགྲོ། དེ་ནི་དོགས་འཆར་ཙམ་མོ།
དེ་རང་ལྷོད་དུས་དང་བསྟུན་ནས་བསམ་ཚུལ་འདི་བཤད་འདོད། གང་ལྟར་ངའི་བསམ་ཚུལ་ལ་འགྱུར་བ་མེད། དེ་ཡང་བཀའ་ཁྲི་ན་གཞོན་ཞིག་སླེབས་ཐུབ་རྒྱུ་དེ་ཡིན། མི་རྒན་ཚོའི་ཀླད་པའི་ཕྱེད་ཀར་བོད་རིགས་ནང་ཁུལ་གྱི་ཕྱོགས་རེས་དང་འཐེན་ཁྱེར་གྱི་རྣག་བརྒྱབ་ཡོད་པ་རེད། བོད་མི་རིགས་འཁོན་སེམས་ཆེ་ཤོས་བོད་རྒྱལ་ཁབ་དངོས་ཤུགས་བརྒྱུད་གསུམ་ནས་རྒྱ་དམར་ལ་སྤྲོད་མཁན་བོད་ཀྱི་སྐུ་དྲག་དང་། བོད་མི་རིགས་ལ་རྒྱུན་རིང་མནར་གཅོད་གཏོང་མཁན་གྱི་རྒྱ་དམར་གཞུང་གཉིས་རེད། ང་ཚོར་འདི་ལས་ལྷག་པའི་འཁོན་སེམས་འཛིན་ས་དང་དགྲ་ཤ་ལེན་ས་གཞན་མེད། འདི་གཉིས་ང་ཚོའི་དགྲ་དང་པོ་རེད། ང་ད་དུང་ང་ཚོའི་འཁོན་སེམས་ཡོད་ས་གཉིས་པ་བཙན་བྱོལ་ནང་གི་ཤེས་ཡོན་མེད་མཁན་གྱི་སྐུ་ངོ་དེ་ཚོ་རེད། ནང་ཁུལ་གྱི་ཕྱོགས་རེས་རྐྱང་རྐྱང་སྤྱད་ནས་རང་ཉིད་ལ་རྒྱུ་དང་དབང་དང་མིང་བཟོ་མཁན་དེ་ཚོ་རེད། འདི་ཚོའི་ལྐད་པའི་ནང་ནང་འཁྲུགས་སློང་འདོད་ཀྱི་རྣག་འབུ་འགུལ་བཞིན་ཡོད་པ་རེད། ཁོ་ཚོའི་ཁ་ནང་ནང་ཐོན་པའི་སྐད་ཆ་ཚིག་གཅིག་ཡིན་ནའང་ནང་ཁུལ་ཕྱོགས་འབྱེད་ཀྱི་ཁྲག་དྲི་བྲོ་གི་རེད། དེའི་ཕྱིར་ཀླད་པ་གཙང་མ་ནང་ཁུལ་འཐེན་འཁྱེར་གྱི་རྣག་འབུ་གསོན་པོ་མེད་མཁན་ན་གཞོན་ཞིག་སླེབས་རྒྱུའི་རེ་བ་ཡོད། དེའི་ཕྱིར་ངས་ནམ་ཡང་བཀྲས་མཐོང་ལྟ་བུ་ལྐོལ་ཟ་བྱེད་མཁན་ལ་འོས་མི་བླུག་ཐག་ཆོད་ཡིན། གང་ལྟར་བོད་རིགས་ཆོལ་གསུམ་སྤུན་ཟླའི་སྤྱི་སེམས་སླད་མེད་ཡོད་མཁན་ཀླད་པ་གཙང་མ་ཞོ་འདྲ་བོ་ན་གཞོན་ཞིག་འདེམས་ངེས་ཡིན། བློ་བཟང་སེང་གེ་གཙོའི་ན་གཞོ་འདི་ཚོའི་ཀླད་པར་རྣག་འབུ་ཆུང་ཆུང་ཞུགས་ཡོད་མེད་ལ་བརྩད་ཞིབ་བྱེད་ཀྱི་ཡོད།
ཆབ་སྲིད་དང་རྒྱ་ཡིག་གི་དྲུང་ཆེར་སོང་ཞེས་བཅོས་རོགས
སུ་མཁས་རྩོད་པ་གནང་ནས་དགའ་ལྡན་ཁྲི་པ་འདེམས་པ་མ་རེད་སྲིད་དོན་པ་འདེམས་དགོས་རེད།།
སྤྱི་པའི་འགྲོ་ལུགས་ཡིན་ན་གཁས་པ་ཚོས་དཔོན་རིགས་ལ་པློ་འདོན་དང་སྲི་ཞུ་སྒྲུབ་དགོས་རེད།།
ལོ་རྒྱུས་སྒང་ལ་མཁས་པ་དཔོན་པོ་ཉུང་། དཔོན་པོ་མཁས་པ་ཉུང་།། ཨོབྷམ་ལྟ་བུ་ཡང་སྤྱི་ཚོགས་དེའི་ནང་ལ་མཁས་པ་རེད་ཟེར་ནས་ཐོན་པ་མ་རེད།
མཁས་པ་དེ་ཚོས་དཔལ་འབྱོར་དང་དམག་ཇུས། ཤེས་རིག་ལས་ཀ་ལ བློ་འདོན་བྱེད་གི་ཡོད་རེད།
བློ་བཟང་སེང་གེ་འདྲ་པའི་དེང་རབས་སློབ་གསོ་ཡག་པོ་ མཐའ་ཆོད་ཅིག་ཐོན་ཚར་པ་མང་པོ་ཡོད་རེད།
དེ་ལ་མཁས་དབང་ཟེར་དགོས་རྒྱུ་མཚན་གང་ཡང་ཡོད་མ་རེད།། མཁས་དབང་ཅིག་ད་གཡུག་ཞོག མཁས་པ་ཙམ་གྱི་མིང་འདོགས་དགོས་ན་ཡང་བརྩམས་པའི་བསྟན་བཅོས་དང་ཉམས་ཞིབ་འབྲས་བུ་སོགས་དགོས་རེད།
དེ་ལས་ད་འཇམ་དྱངས་ནོར་བུ་ཡག་ག། བློ་སེང་ལྟ་བུ་ནི་ཁྲི་པའི་པློ་འདོན་ལ་ཏག་ཏག་བཟོས་ཡོད་རེད།
xxxxx
དྲ་གྲོགས་རྣམས་ཀྱིས་བློ་བཟང་སེང་གེ་དང་རྔ་བ་ཚེ་རྒྱམ་བསྡུར་ནས་བསམ་ཚུལ་མང་བོ་བཏོན་འདུག
ངས་ཀྱང་རང་གི་བསམ་ཚུལ་ཅུང་ཟད་ཅིག་བཤད་འདོད་བྱུང།
དང་པོ། ༸གོང་ས་མཆོག་གིས་དབུས་པའི་བོད་ཀྱི་མི་རྒན་དག་གིས་བཙན་བྱོལ་བོད་གཞུང་ཞིག་འཛུགས་དགོས་དོན་གཙོ་གནད་ཅིག་ནི་བོད་རྒྱ་ལག་ཏུ་ཤོར་སྟབས་བོད་ཀྱི་ཆོས་དང་རིག་གཞུང་ཉམས་རྒུད་དུ་འགྲོ་རྒྱུ་ཡིན་པ་མངོན་གཟིགས་ཐོག་དེ་མི་ཉམས་རྒྱུན་བྱ་རྒྱུའི་ལས་དོན་ལ་ཁ་ཕྱོགས་ནས་བཙུགས་པ་ཞིག་དང།
གཉིས་པ། ད་ལྟའི་ཆར་ང་ཚོས་དུས་རྒྱུན་དུ་རྒྱལ་སྤྱིའི་ཐོག་རྒྱ་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་ཉིན་རེ་ནས་ཉིན་རེ་བཞིན་རྩར་མེད་བཟོ་བཞིན་འདུག་ཅེས་སྐད་བརྒྱབས་ཀྱི་ཡོད་པ་རེད་ལ་བརྒྱབ་དགོས་ཀྱང་དགོས་ཀྱི་རེད།
དྲ་གྲོགས་རྣམ་པ་ང་ཚོས་འདིའི་ཐོག་ནས་བློ་བཟང་སེང་གེ་དང་རྔ་བ་ཚེ་རྒྱམ་གཉིས་བཀའ་ཁྲིར་གང་འོས་དཔྱད་བསྡུར་ཅིག་བྱེད།
རེད་ཡ། རང་རྒྱུད་ན་བོད་ཀྱི་ཆོས་དང་རིག་གཞུང་གི་དྲི་མ་ཅུང་ཙམ་ཞིག་ལས་མེད་ན་ཁ་ཕྱིར་འཁོར་ནས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབས་བྱེད་དགོས་ཞེས་དྲིལ་བསྒྲགས་ཤུགས་ཆེ་བྱས་ཀྱང་དོན་དེ་ཙམ་རེད་མོད། བོད་ཀྱི་རིག་གནས་མི་ཉམས་རྒྱུན་བྱེད་དགོས་ན་ཁོང་གཉིས་ལས་སུ་ཡག་གི་ཁྱེད་ཚོས་སོམས་དང།
གཞན་གལ་ཆེན་ཞིག་བོད་རྒྱ་བར་གྱི་དཀའ་ངལ་སེལ་ཐབས་བྱ་རྒྱུ་དེ་རེད།
དེའི་ཐོག་ནས་ཀྱང་དྲ་གྲོགས་རྣམ་པ་ང་ཚོས་ཁོང་གཉིས་ལ་ཅིག་བལྟ།
དང་པོ། བོད་རྒྱའི་གནད་དོན་དེ་རྒྱལ་སྤྱིའི་ཁྲིམས་ལུགས་མ་ཤེས་པའི་ཐོག་ནས་སེལ་མ་ཐུབ་པར་ལྷག་བསྡད་ཡོད་ནི་མ་རེད་དེ་འདྲ་ཡིན་ན་བློ་སེང་བཟང་སྲིད་ཀྱང་དོན་དུ་དེ་འདྲ་ཞིག་མ་རེད།
གཉིས་པ། བོད་རྒྱའི་གནད་དོན་དེ་ཐད་ཀར་བོད་རྒྱ་གཉིས་མོལ་གྱིས་ལམ་ནས་སེལ་དགོས་ཡོད་སྟབས་དེའི་ཐོག་ལ་བློ་སེང་དང་ཚེ་རྒྱམ་གཉིས་བསྡུར་ནས་བཟང་བལྟས་ཚེ་རྔ་བ་ཚེ་རྒྱམ་ལགས་ལ་ཆ་རྐྱེན་མང་བོ་ཚང་གི་རེད། ངས་མ་བཤད་ཀྱང་ཚང་མའི་ཤེས་སླ།
ཡང་གཞན་ཞིག།ཁོང་གཉིས་ཀྱི་སྒེར་གྱི་དེ་སྔའི་ལོ་རྒྱུས་ལ་གཟིགས་དང་ཁྱད་པར་ཤིན་ཏུ་ཆེ།
དེའི་ཕྱིར་ངས་རྔ་བ་ཚེ་རྒྱམ་འོས་ཤོས་སུ་འདོད་ཀི་ཡོད།
༧ཆེན་པོ་རྒྱ་ལ་ཁ་གཏད་བཅག་ནས་བོད་དོན་བདེན་མཐའ་གསལ་དགོས་ན།།
རྒྱ་ནག་སྲིད་ཇུས་ནང་བྱན་ཆུད་པ་རྔ་བ་ཚེ་རྒྱམ་འདེམས་པར་གཅེས།།
རྒྱལ་སྤྱིའི་ཁྲིམས་ཀྱིས་བོད་ཀྱི་གནད་དོན་རྒྱལ་སྤྱིའི་མདུན་སར་སྐྱེལ་དགོས་ན།།
ཁྲིམས་ལུགས་ཆེད་མཁས་བློ་བཟང་སེང་གེ་རང་རེའི་བཀའ་ཁྲིར་འོས་པ་ཉིད།།
རྒྱ་བལ་གཙོས་པའི་བཙན་བྱོལ་བོད་མའི་གནས་བབ་བརྟན་པོ་བཟོ་དགོས་ན།།
སེམས་ཤུགས་འབར་པའི་རྒྱ་རི་སྒྲོལ་མ་ཏག་ཏག་འཚམས་པ་སུས་ཀྱང་ཤེས།།
བྱས་རྗེས་ཆེ་ཞིང་ཉམས་མྱོང་ལྡན་པའི་རྒན་པོ་གཙིགས་སུ་འཛིན་དགོས་ན།།
བཀྲས་མཐོང་བསྟན་རྣམ་ན་གཞོན་དག་ལས་འབུར་དུ་ཐོན་པ་ཀུན་ཀྱིས་སོོམས།།
ད་དུང་ན་གཞོན་འཇོན་ཐང་ལྡན་པ་ཚོགས་གཙོ་སྤེན་པ་ཚེ་རིང་སོགས།།
སུ་ན་གང་ཡོད་རྩད་གཅོད་བགྱིས་ཏེ་ད་ནི་དཔྱད་བསྡུར་དུས་ལ་བབ།།
xxxxx
ཕྱོགས་ཞེན་དང་ཆགས་སྡང་མ་སྦྲེལ་བར་དྲང་བདེན་གྱིས་བསམ་ཚུལ་བཤད་དགོས་པ་དེ་ང་ཚོའི་མང་ཚོགས་ཀྱི་འོས་འགན་ཆེ་ཤོས་ཤིག་ཆགས་ཡོད་སྟབས་ངས་ཀྱང་རྔ་བ་ཚེ་རྒྱམ་ལགས་བཀའ་ཁྲིར་ཕེབས་པར་ཡིན་ན་ཁོང་ལ་ཆ་རྐྱེན་ཚང་གི་མི་འདུག་ལ་རྒྱལ་སྤྱིའི་ཁྲིམས་ལུགས་དེ་བས་ཀྱང་ཁོང་གི་མཁྱེན་གྱི་ཡོད་པ་མ་རེད།
ང་ཚོར་ངེས་པར་དུ་རྒྱལ་སྤྱིའི་ཁྲིམས་ལུགས་ཤེས་མཁན་གྱི་བཀའ་ཁྲི་ཞིག་དགོས་པ་ཁ་ཚ་དགོས་གཏུག་ཏུ་གྱུར་འདུག
ཐོག་མར་དྲ་གྲོགས་ཡོངས་ལ་སྐུ་ཁམས་བཟང་ཞུ་རྒྱུ་དང་ཆབས་ཅིག་ངས་བརྗོད་འདོད་པ་རྣམས་བརྗོད་ཆོག་པར་ཞུ།རྔ་བ་ཚེ་རྒྱམ་ལགས་ནི་བོད་དུ་ཡོད་དུས་དགེ་རྒན་གྱི་ལས་ཀ་ལོ་ཁ་ཤས་རིང་ལ་གཉེར་ཞིང་ཆབ་སྲིད་ཀྱི་ཐད་ལ་ཌྷའང་མཉམ་མྱོང་ཕུན་སུམ་ཚོགས་པ་ཡོད་པ་རེད་ཅེས་ཐོས་མྱོང་ལ་དེ་བས་ཀྱང་རྒྱ་ཡིག་ལ་མཁས་༷ཤིང་ཆུད་པ་ཞིག་ཡིན་པ་སྨོས་མ་དགོས་སོ།
ཡིན་ནང་བློ་བཟང་སེང་གེ་དང་བསྡུར་བ་ན་རྔ་བ་ཚེ་རྒྱམ་ཁོང་ནི་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཐད་ལ་མཉམ་མྱོང་ཞེ་དྲག་ཡོད་པ་མ་རེད་བསམ་གྱི་འདུག།གང་ཡིན་ཟེར་ན་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་འགྲོ་སྟངས་དང་།ཁྲིམས་ལུགས་རྩོད་སྟངས་ཁྲིམས་ལུགས་དང་འགལ་སྟངས་སོགས་ཀྱི་གནད་འགག་གི་ཐད་ལ་བློ་བཟང་སེང་གེ་ནང་ལྟར་མཉམམྱོང་དང་བྱང་ཆ་མེད་པ་ང་ཚོ་ཚང་མས་ཐེ་ཚོམ་ཅི་ཡང་ཟ་མི་དགོས།
དེར་བརྟེན་འབྱུང་འགྱུར་གྱི་བཀའ་ཁྲིར་རྒྱལ་སྤྱིའི་ཁྲིམས་ལུགས་མཁྱེན་མཁན་ཞིག་ངེས་པར་དུ་མཁོ།
རྔ་བ་ཚེ་རྒྱམ་ལས་ལྷག་པའི་གཞོན་སྐྱེས་འཇོན་པོ་རྒོད་པོ་ཞིག་ཡོད་པ་གོ་མ་མྱོང་། ཁོང་རྒྱ་ནག་གིས་བཙོན་འཇུག་བྱས་སྐབས་ཁོ་རང་གིས་ཁོ་རང་གི་ཁྲིམས་རྩོད་པ་བྱས་ནས་སྐད་གྲགས་རྔ་བ་ན་ཁྱབས་ཡོད། བོད་གཞུང་གིས་སྐད་གཉིས་ཤེས་པའི་ལས་བྱེད་བསྡུ་བསྐོངས་སྐབས་ཨང་དང་པོ་བླངས་ཡོད། ཁོང་ཐེ་ཝན་དོན་གཅོད་གྲུབ་རྗེས་ཐེ་ཝན་གཞུང་གིས་ཆེའི་ཕུལ་བྱུང་གི་བྱ་དགའ་དེ་ཚེ་རྒྱམ་ལ་གནང་ཡོད། བཙན་བྱོལ་བོད་གཞུང་གིས་བོད་ནས་གསར་དུ་འབྱོར་མཁན་ཡོངས་ནས་གོ་གནས་མཐོ་ཤོས་གནང་ཡོད། རྒྱུ་མཚན་དེས་ཐོག་ནས་ཧ་གོ། གཉིས་ནས་༸གོང་ས་མཆོག་གིས་བཀའ་དགོངས་བཞིན་ཕྱག་ལས་གནང་ནས་རྒྱ་རིགས་ལ་འབྲེལ་ལམ་ལོ་གཉིས་གསུམ་ནང་གནམ་ས་བསྒྱུར་བ་ལྟ་བུའི་འབྲེལ་ལམ་ཡར་རྒྱས་ཕྱིན་ཡོད་པ་མིག་མཐོང་ལག་ཟིན་ཡིན། དེ་མིན་རིག་གཞུང་དང་འབྲེལ་བའི་ཕྱག་ལས་མང་པོ་ཞིག་གནང་ཡོད་པ་འདིར་བཤད་དགོས་མེད།
(དོན་གྲུབ་ལྷ་དར།) མིང་རྫུན་འོག་གནས་པའི་གཏེ་པོ་དེར་བཤད་རྒྱུ། ཁྱོད་ཀྱིས་བཤད་པ་བཞིན་ཚེ་རྒྱམ་ལགས་ཀྱིས་མཐོང་ཆུང་དང་ཁྱད་གསོད་སྤྲེལ་ལད་ཆོལ་ཁའི་ཞེན་ཁོག་ཡོད་པ་རེ་རེ་ནས་ཁུངས་སྐྱེལ་དགོས། དེ་མིན་ཁྱོད་ནི་ཐ་ཤལ་མ་རབ་ཀླ་གློ་ཧམ་པ་ཅན་བོད་མི་རིགས་འདི་ཁྲག་དཀྲུགས་གནག་དཀྲུགས་བྱེད་མཁན་ཞིག་དུ་ངོས་འཛིན་བྱ་རྒྱུ་ཡིན། ཁྱོད་ཀྱི་མིང་གང་ཡིན་ལ་མ་ལྟོས་པར་ཁྱོད་ཀྱི་སེམས་ལ་ཆེས་ཐ་ཤལ་ཞིག་ཡིན་པ་མ་བརྗེད་པ་བྱོས།
གོང་གི་དྲྭ་གྲོགས་རྣམས་ཀྱི་བསམ་ཚུལ་ཡག་པོ་སྟོན་འདུག འོན་ཀྱང་མཆན་བུ་རྣམས་རེ་རེ་བཞིན་ཀློག་པས་ལྷ་སའི་བ་སྐོར་ནང་གི་བོད་སྐད་ཤེས་ལས་མ་ཤེས་ཀྱི་ཁ་ཆེའི་ཚོང་པ་དེ་དག་དྲན་བྱུང་། གཡག་གི་ཕྱུ་ར། གཡག་གི་ཕྱུ་ར་ཡག་པོ་ཡག་པོ། ཁེ་པོ་ཁེ་པོ། གཙང་མ་གཙང་མ། ལྷམ་རྐོག་ཀོ་བ་ཀོ་ཀྱང་ཡིན་ཀོ་བ་ཀོ་ཀྱང་ཡིན།
དངོས་ནས་ཉོབ་སོང་འུར་བསྟོད་དང་སྒྲོ་དོགས་མང་བས་དངོས་གནས་སུ་ཡིན་དང་རྫུན་མ་སུ་ཡིན་ཤེས་ཐབས་མིན་འདུག
རྔ་བ་ཚེ་རྒྱམ་གྱི་ལོ་རྒྱུས་ལ་ལྟོས་ན་དངོས་གནས་ཁོང་བཀའ་བློན་ཁྲི་བར་འོས་པ་འདུག་པས་རྒྱབ་སྐྱོར་ཡོད།
དྲ་གྲོགས་རྣམས་པ་ལགས་འབྱུར་འགྱུར་གྱི་བཀའ་ཁྲིར་འོས་མི་སུ་འཚམ་པོ་ཡིན་མིན་དེ་ང་ཚོས་ཁོང་ཚོར་སྐྱོན་བརྗོད་ས་མ་རེད་ལ་གང་དྲན་དྲན་གྱི་སྐད་ཆ་ཆོ་མེད་དག་བཤད་ས་དེ་བས་ཀྱང་མ་རེད།རྒྱུ་མཚན་ནི་ང་ཚོ་ཚང་མ་རང་དབང་ལོངས་སུ་སྤྱོད་སྟངས་དང་དམངས་གཙོ་ལམ་ལུགས་སོགས་ཤེས་མཁན་ཡིན་པའི་ཁུལ་རེད།བྱས་ཙང་ང་ཚོ་གཙོ་བོ་བོད་ཕྱི་ནང་གཉིས་ཀྱི་མང་ཚོགས་ཚོར་དམིགས་སུ་བཟུང་སྟེ་སོ་སོས་དྲང་བདེན་གྱིས་སྐད་ཆ་བཤད་གླེང་སློང་བྱེད་དགོས་པ་དེ་གལ་འགེངས་ཤིན་ཏུ་ཆེའོ།
ད་དུང་ང་ཚོས་རྔ་བ་ཚེ་རྒྱམ་དང་བློ་བཟང་སེང་གེ་སོགས་ཀྱི་རྒྱབ་སྗོངས་ལོ་རྒྱུས་དང་ཁོང་རྣམས་པའི་མཛད་རྗེས་སྦྱངས་འབྲས་སོགས་ལ་ཞིབ་ཏུ་དཔྱད་ན་ད་གཟོད་སུ་མ་འོངས་པའི་བཀའ་ཁྲིར་འོས་མིན་དཔོག་ཐུབ་ངེས་རེད།དེ་མིན་གང་དྲན་དྲན་གྱི་སྐད་ཆ་ཆོ་མེད་དེ་ཚོ་མ་བཤད་རོགས་ཞེས་སྙིད་དབུས་ནས་ཌྷའབོད་སྐུལ་ཞུའོ།
རྒྱ་དམར་གྱིས་བོད་ས་ཡོངས་རྫོགས་བཙན་འདྷཛུལ་བྱས་ཏེ་ལོ་ངོ་ལྔ་བཅུ་ལྷག་ཕྱིན་སོང་ལ་ད་དུང་མུ་མཐུད་དེ་བོད་མི་ཚོར་མནར་གཅོད་དང་རྡུང་འདེགས་གཏོང་གིན་ཡོད་པ་དེ་ཚོ་ཡང་རྒྱལ་སྤྱིའི་ཁྲིམས་ལུགས་དང་མི་མཐུན་པ་ང་ཚོའི་བཀའ་ཁྲི་དང་བཀའ་བློན་དག་གིས་ཀྱང་གསལ་པོར་མཁྱེན་གྱི་ཡོད།ཡིན་ནའང་ང་ཚོའི་བཀའ་ཁྲི་དང་བཀའ་བློན་ཚོས་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་འགྲོ་སྟངས་དང་ཁྲིམས་ལུགས་རྩོད་སྟངས་ཁྲིམས་ལུགས་དང་འགལ་སྟངས་སོགས་མ་བྱས་པའི་རྐྱེན་གྱིས་ལོ་ངོ་ལྔར་རིང་ལ་རྒྱ་གཞུང་ལ་གནོན་ཤུགས་ཏིལ་འབྲུ་ཙམ་ཞིག་སྤྲད་མ་ཐུབ་པ་དེའི་རྒྱུ་རྐྱེན་གཙོ་བོ་ནི་ཁྲིམས་ལུགས་མ་ཤེས་པའི་སྐྱོན་ཁོ་ན་རེད།
སོང་ཙང་མ་འོངས་པའི་བཀའ་ཁྲིར་ངེས་པར་དུ་རྒྱལ་སྤྱིའི་ཁྲིམས་ལུགས་མཁྱེན་བྷམཁན་ཞིག་དགོས་པ་གལ་ཆེ་ལ་ད་དུང་རྒྱ་གཞུང་ལ་ཁྲིམས་ལུགས་ཀྱིས་ཁ་གཏད་གཅོག་ཐུབ་མཁན་ཞིག་ངེས་པར་དུ་མཁོ།
རྒྱ་དམར་གྱིས་བོད་ས་ཡོངས་རྫོགས་བཙན་འདྷཛུལ་བྱས་ཏེ་ལོ་ངོ་ལྔ་བཅུ་ལྷག་ཕྱིན་སོང་ལ་ད་དུང་མུ་མཐུད་དེ་བོད་མི་ཚོར་མནར་གཅོད་དང་རྡུང་འདེགས་གཏོང་གིན་ཡོད་པ་དེ་ཚོ་ཡང་རྒྱལ་སྤྱིའི་ཁྲིམས་ལུགས་དང་མི་མཐུན་པ་ང་ཚོའི་བཀའ་ཁྲི་དང་བཀའ་བློན་དག་གིས་ཀྱང་གསལ་པོར་མཁྱེན་གྱི་ཡོད།ཡིན་ནའང་ང་ཚོའི་བཀའ་ཁྲི་དང་བཀའ་བློན་ཚོས་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་འགྲོ་སྟངས་དང་ཁྲིམས་ལུགས་རྩོད་སྟངས་ཁྲིམས་ལུགས་དང་འགལ་སྟངས་སོགས་མ་ཤེས་པའི་རྐྱེན་གྱིས་ལོ་ངོ་ལྔར་རིང་ལ་རྒྱ་གཞུང་ལ་གནོན་ཤུགས་ཏིལ་འབྲུ་ཙམ་ཞིག་སྤྲད་མ་ཐུབ་པ་དེའི་རྒྱུ་རྐྱེན་གཙོ་བོ་ནི་ཁྲིམས་ལུགས་མ་ཤེས་པའི་སྐྱོན་ཁོ་ན་རེད།
སོང་ཙང་མ་འོངས་པའི་བཀའ་ཁྲིར་ངེས་པར་དུ་རྒྱལ་སྤྱིའི་ཁྲིམས་ལུགས་མཁྱེན་བྷམཁན་ཞིག་དགོས་པ་གལ་ཆེ་ལ་ད་དུང་རྒྱ་གཞུང་ལ་ཁྲིམས་ལུགས་ཀྱིས་ཁ་གཏད་གཅོག་ཐུབ་མཁན་ཞིག་ངེས་པར་དུ་མཁོ།
དངོས་གནས་རྔ་བ་ཚེ་རྒྱམ་ལྟ་བུ་ཤེས་འབྱོན་ལྷག་བསམ་འཛོམ་ལ་མི་དགོས་པའི་ཁ་ཕྱོགས་ཀྱིས་འཐེན་འཁྱེར་མེད་པ་དང་། ལྷག་པར་ང་ཚོའི་ཁ་གཏད་རྒྱ་དམར་གཞུང་གི་སྲིད་ཇུས་ཤེས་ལ་འབྲེལ་བ་བྱེད་སྟངས་ཤེས་པ།
བཀའ་ཁྲིའི་མཚན་ཉིད་ཡོངས་སུ་ཚང་བ་ཞིག་རེད།
ང་ཚོས་ཕན་ཚུན་ལ་བརྩི་འཇོག་དང་བསམ་ཤེས་ཀྱི་ཁོར་ཡུག་ཡངས་པོ་ཞིག་གི་ཐོག་། གཞི་ནས་བཀའ་ཁྲིའི་འོས་གཞི་ལ་དཔྱད་བརྗོད་དང་འོས་སྦྱོར་གྱི་བགྲོ་གླེང་ལ་མཉམ་ཞུགས་དང་བླང་བྱ་འདོན་དགོས་ངེས་ཞིག་རེད།
ཡིན་ནའང་ཐོག་མར་རང་ཉིད་ལ་མི་ཡག་པོ་ཞིག་ཡིན་པའི་ཡིད་ཆེས་དང་ངོས་འཛིན་ཚད་མཐོན་པོ་ཞིག་འཛིན་ཐུབ་པ་ཡིན་ན། རང་གི་ལྟ་ཚུལ་དང་དཔྱད་བརྗོད་དེ་གཞི་ནས་ལམ་གཙང་མ་ཞིག་ཏུ་འགྲོ་ཐུབ་པ་ཞིག་ཡིན། དེས་ན་དྲ་གྲོགས་ཚོས་ཐོག་མར་རང་ཉིད་ལ་རེ་བ་ཆེ་ཙམ་འཛིན་དགོས་པའི་ནན་སྐུལ་བྱེད་རྒྱུ་ཡིན།
དྲང་བོར་བཤད་ན་མི་སུ་ཡིན་རུང་རང་ཉིད་མི་ཡག་པོ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད་མ་གཏོགས་རང་ཉིད་མི་སྡུག་ཆགས་ཤིག་ཡིན་པ་སུས་ངོས་འཛིན་གྱི་མེད།མ་ཟད་རང་ཉིད་རང་ལ་ལྐོགས་གྱུར་མིན་པ་ཤེས་པར་གྱིས།
ད་དུང་སོ་སོའི་ཡོན་ཏན་གྱི་ཆུ་ཚད་དང་བསམ་བློའི་གོ་རྟོགས་ལ་བཌྷལྟས་ཏེ་རང་ཉིད་ཚད་ག་འདྲ་ཞིག་ཡིན་པ་ཤེས་ཐུབ་བ་ཟད་མ་འོངས་བཀའ་ཁྲིའི་ཐད་ལ་སོ་སོའི་བསམ་བློའི་ཆུ་ཚད་དང་ཡོད་ཏན་གྱི་ཆུ་ཚད་ལ་དཔོག་སྟེ་དཔྱད་བརྗོད་སྤེལ་བ་བགྲོ་གླེང་ཚོགས་པ་བསམ་ཚུལ་དང་མཉམ་མྱོང་སོགས་བརྗེ་རེས་བྱེད་པ་དེ་ང་ཚོའི་འོས་འགན་ཆེ་ཤོས་ཤིག་ཏུ་ཆགས་ཡོད།
དེ་མིན་གང་དྲན་དྲན་གྱིས་སྐད་ཆ་བཤད་པ་ཡིན་ན་དེ་ལ་སྙིང་བོ་ཅི་འདུག
ཟླ་བ་ལྷ་མོས་བློ་བཟང་སེང་གེ་ལ་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པ་རེད་ཟེར། ཉམས་མྱོང་དེ་ལས་ཀ་གང་ནས་བྱས་ཏེ་བསགས་པ་རེད་དམ། གསལ་བྱེད་ཞིག་གནང་རོགས། ཉམས་མྱོང་ཟེར་ན་ལས་ཀ་དེ་ལས་ནས་ཉམས་མྱོང་བསགས་དགོས་པ་རེད་དམ་མ་རེད།
ཆབ་སྲིད་པ་ཟེར་ན། ནམ་ཡིན་རུང་གོ་སྐབས་དང་འགྱུར་ལྡོག་གི་ནུས་པ་གཙོ་བོར་འཛིན་མཁན་ཞིག་དང་། གང་བསམ་པ་དང་། གང་བཤད་པ། གང་སྒྲུབ་པ་སོགས་ཤར་ལྷོ་ནུབ་ལྟ་བུའི་ཐ་དད་དུ་འཇོག་ཐུབ་པ། ཛ་དྲག་གི་ནས་བབ་གང་འདྲ་ཞིག་ཏུའང། ཐབས་ཇུས་ཀྱི་རིམ་པ་ལ་བརྟེན་ནས་རྒྱལ་ཁ་ལེན་པ་དང་ཁེ་ཕན་སྒྲུབ་པའི་ཁོར་ཡུག་ཏུ་དཔུང་བསྐྱོད་ལ་མཁས་པ་ཞིག་ལས། རྩོམ་པ་པོ་དང་རྩོམ་སྒྲིག་པ། ཁྲིམས་རྩོད་པ་དང་སྒྱུ་རྩལ་པ། གསོ་རིག་མཁས་པ་སོགས་ཀྱིས་སྒྲུབ་འདོད་ཀྱང་འགྲུབ་ཐུབ་པ་ཞིག་མིན།
དཔེར་ན། རྒྱ་གར་ལ་མཁས་པ་མང་ཡང་ཆབ་སྲིད་པ་ཉུང་བ་དང་། རྒྱ་ནག་ལ་མཁས་པ་ཉུང་ཡང་ཆབ་སྲིད་པ་མང་བ་ལྟ་བུ་རེད།
སྤྱིར་བཏང་གི་ཆ་ནས་བཤད་ན་ཆབ་སྲིད་རང་ལུགས་ཞེས་པ་དེ་དངོས་གནས་མང་ཚོགས་ལ་ཁེ་ཕན་ཁོ་ན་སྒྲུབ་པ་་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་མོད།
འོན་ཀྱང་དེང་སང་རྒྱ་གར་ནག་གཉིས་ཀྱི་ཆབ་སྲིད་ཀྱི་ལམ་ལུགས་ལ་ནག་ནོག་གི་་དྲི་མས་སྦག་ཡོད་པ་མ་ཟད་རྒྱ་གར་ཆབ་སྲིད་ཌྷཔའི་བསམ་བློར་དཔལ་འབྱོར་གྱི་ཌྷལྷད་ཞུགས་པ་དང་རྒྱ་ནག་ཆབ་སྲིད་པའི་བསམ་བློར་གཡོ་རྫུན་གྱི་ལྷད་ཞུགས་པ་རེད།
བྱས་ཙང་དེང་སང་རྒྱལ་ཁབ་གང་ཞིག་ཡིན་རུང་འཁྲུལ་མེད་ཆབ་སྲིད་ཀྱི་ལམ་ཁར་འགྲོ་མཁན་ཞིག་ཁག་པོ་རེད།
གཞན་ཡང་གཞོན་ནུ་ཟླ་མེད་ལགས་སུ་མཉམ་མྱོང་བསགས་ཞེས་པ་དེ་གང་ཟག་དེས་གང་སྤྱང་པ་དེ་དང་དུས་མཉམ་དུ་སྤྱང་པ་དེ་མཉམ་མྱོང་གསོག་གིན་ཡོད་དཔེར་ན་ཆུར་རྐྱལ་མཁན་ཞིག་ཡིན་ན་འང་ཐོག་མར་ཆུར་འཛུལ་ཏེ་ཆུར་རྐྱལ་བ་སྤྱང་བ་དང་མཉམ་མྱོང་བསགས་པ་དུས་མཉམ་ཡིན་ནོ།
流亡Amdu“加登Podrang”,这在1642年成立。这是什么做的它与Amdu更多的400多年的历史。特别Kudrak无关Amdu,从来就不是加登Podrang Kudrak部分没有了从Amdu松树。我希望你知道。 Amdu do’t任何权利或理由说任何事情kudrak。您的(所有amdu)父亲或母亲已见到他们的许多世代生活时间kudrak。如果有任何批评或谴责Kudrak我们将做到这一点,因为我们当时已经Kudrak规则下它的政权。你是幸运地成为流放州长的公民的一部分,因为在1959年首次..它是真实的笑话Amdu想成为噶伦。你怎么能给予Amdu口音讲话,你怎么解释你自己?你是谁?看看西藏的历史,没有任何Amdu谁在拉萨工作了加登podrang在其历史上的办公室?..没有任何人支付的税款Amdu加登pordrang或Kudrak?没有任何Amdu满足加登Podrang的人员或人员?没有人见过的任何Amdu 1959加登Podrang人员。我们知道您的(流亡amdu)的历史,但你(流亡amdu)不要忘记你是谁,什么是你的历史。我看了所有的Kubda文章,但我从来没有把我的意见,因为有足够的流亡社会的问题,我不想分裂人民,不要使人们感到不满… … …你应该知道得比我多你。这是太多的了解。
您流亡Amdu(只流亡Amdu)必须仔细考虑在Kabda这里重要的是要了解你是谁和你说的这句话。如果你想Amdu噶伦,去寻找你的Amdu政务,比你会Amdu噶伦,其他方法是不可能的。我知道Tsekim很好。他是好人做伟大的工作。我永远不会说球磨或Chagpa或任何其他不良用语。
谢谢。
ཚེ་རྒྱམ་ཁོང་བཀའ་ཁྲི་ཐོབ་ན་དགའ་བསུ་ཞུ།
龍་གྲོགས་པོ། ཁྱོད་ཀྱི་ལྟ་བ་ནི་ཨ་མདོའི་བོད་གཞུང་ལ་ཁྲལ་སྤྲ་མ་མྱོང་པ་དང་། ཨ་མདོ་བ་བོད་གཞུངགི་བཀའ་ཁྲིར་སྡོད་མ་མྱོང་བ། སྐུ་དྲག་མིན་ན་བཀའ་བློན་ཐོབ་ཐབས་མེད་པ། མི་ཡག་པོ་ཞིག་གིས་བཀའ་བློན་ཡོང་ཐབས་མེད་པ་བཅས་ནི་ཐལ་དྲག་པའི་དཔྱད་པ་རེད་སྙམ། ཁྱོད་ཀྱིས་གསུང་པ་དེ་སྔོན་གྱི་ལོ་རྒྱུས་དང་མི་མཐུན་ལ་དམངས་གཙོའི་འཕེལ་ཕྱོགས་དང་ཐ་ཐད་པར་གྱུར་ཡོད་མེད་དཔྱད་པར་འཚལ། རྒྱ་ཡིག་གི་བརྗོད་བྱ་བརྗོད་བྱེད་གང་ལ་བལྟས་ཀྱང་སྐུ་ཉིད་བོད་པ་ཞིག་དང་འདི་བོད་ཡིག་གི་གླེང་སྟེགས་ལགས་པས་དེ་ལྟར་བྲིས་པ་ཡིན། དོན་མ་གོ་ན་རྒྱ་ཡིག་འབྲི་ཆོག་པ་བཅས།
འོ་ད་ བློ་བཟང་སེངྒེ་ལགས་ལ་བཀའ་ཁྲི་ཐོབ་ན་ ཁོང་གི་བཀའ་ཤག་ནང་ཚེ་རྒྱམ་ལགས་ཕྱི་དྲིལ་བཀའ་བློན་བཀོ་རོགས་ཞུ་ལེ་ཡིན་ ཡང་ན་ཚེ་རྒྱམ་ལགས་ལ་བཀའ་ཁྲི་ཐོབ་ན་ཁོང་གི་བཀའ་ཤག་ནང་བློ་བཟང་སེངྒེ་ལགས་ལ་ཕྱི་དྲིལ་བཀའ་བློན་བཀོ་རོགས་ཞུ་ལེ་ཡིན་ དེ་མིན་ བསྟན་རྣམ་ལགས་དང་ རྒྱ་རི་སྒྲོལ་མ་ བོུ་ཚེ་རིང་ པདྨ་འབྱུང་གནས་ ཏའོ་བློ་བཟང་དཔལ་ལྡན་ བྲོང་ཆུང་དངོས་གྲུབ་ དབྱིན་ཡུལ་དོན་གཅོད་ཐུབ་བསྟན་བསམ་འགྲུབ་ ཨ་རི་རླུང་འཕྲིན་ཁང་གི་ཚེ་བརྟན་དབང་ཕྱུག་ བཅས་ཀྱང་བཀའ་བློན་གསར་པར་འོས་མཚམས་གདའ་།
དྲ་གྲོགས་རྣམ་པས་དགོངས་ཚུལ་ལེགས་པོ་འདུག་ཡག་པོ་འདུག་དེར་བརྟེན་ངས་ཀྱང་ང་རང་གི་བསམ་ཚུལ་ཐུང་ཐུང་ཞིག་ཞུ་ན་བསམ་བྱུང་།རྔ་བ་ཚེ་རྒྱམ་ལགས་ནི་མ་འོངས་པའི་བཀའ་ཁྲིའི་འོས་མིར་གདམ་ན་ཏག་ཏག་འོས་ཤིང་འཚམས་པ་ཞིག་རེད།གང་ཡིན་ཟེར་ན་ཁོང་ནི་བོད་རྒྱ་གཉིས་ཀྱི་འབྲེལ་ལམ་ལ་ནང་བྱན་ཆུད་པའི་གང་ཟག་མེད་དུ་མི་རུང་བ་ཞིག་དང་སྒོས་སུ་ད་ལྟའི་ང་ཚོའི་བཙན་བྱོལ་དུ་གལ་ཆེན་ནང་གི་འགེངས་ཆེན་དུ་ཆགས་ཡོད་པ་མདོན་གསལ་དེད་པོ་རེད།
འབྱུང་འགྱུར་བཀའ་ཁྲིར་མི་སྣ་ཁ་ཤས་ཤིག་ཡོད་མོད་དེ་དག་ཚང་མའི་ནང་དུ་བྷབཀའ་ཁྲིར་འཚམ་པ་ཞིག་རྔ་བ་ཚེ་རྒྱམ་ལགས་དང་བློ་བཟང་སེང་གེ་ཁོང་རྣམ་པ་གཉིས་རང་ལས་མི་འདུག
我的希望是阿坝次尖和洛藏桑根他两位正真的合适将来的噶伦。
谢谢。
我的希望是阿坝次尖和洛藏桑根他两位正真的合适将来的噶伦篪岜。
谢谢。
龙先生:看你写中文,我也就用中文给你一点建议,首先;看你取的名字{龙},你应该是个爱龙人士,也接受过龙的教育,还以为你是龙的传人呢!不过,看了你的评论,可以确定你是一个雪域人,虽然用中文书写,但里面有太重的糌粑味,既然是吃糌粑的,中文表达能力又不好,何必勉强自己用中文书写呢?再说这里可是藏文论坛,用藏文书写即使表达的不是很完美,也不会有窝窝头的味道。可以清楚的表达你的想法,用它族语言写一些牛头不对马嘴的东西只会辛苦了你。还有要告诉你的是,流亡社区是一个自由民主的社会,不管这次的首席嘎伦候选人来自哪一个区域,只要是有能力的人,我相信大家一定会选他的。希望你不要耸人听闻,在三区间挑拨离间。
སྐུ་ངོ་ཚེ་རྒྱམ་མཆོག་བཀའ་བློན་ཁྲི་བར་ཕེབས་པར་དགའ་སུ་ཞུ།
བོད་ཕྲུག་ཚེ་རྒྱམ་འབྱུང་འགྱུར་གྱི་བཀའ་བློན་ཁྲི་བར་འོས་ཤིང་འཚམ་པ་ཞིག་རེད། འོན་ཀྱང་བྱ་བ་གཞན་བྱས་ནས་བོད་མི་རིགས་ལ་ཕན་པ་ཡོད་ན་དེ་བྱས་ན་བཟང་། རྐུབ་སྟེགས་གཅིག་ལ་མི་མང་པོ་འཚང་ཀ་རྒྱག་དགོས་རྒྱུ་མ་རེད། བཀའ་ཁྲི་ཟེར་བས་གྲོས་ཚོགས་ཀྱིས་ཐག་བཅད་པ་དེ་མཛུབ་མོ་གར་བསྟན་ཤར་རེད་ཟེར་དགོས་པས། རང་གི་ནུས་པ་ཆེན་པོ་འདོན་མི་ཐུབ། ཆོས་དང་མི་རིགས་ལ་ཞབས་ཞུ་འགྲུབ་ན་མིང་ཆེན་པོ་ཞིག་ལ་རྩོད་པ་བྱེད་དགོས་མི་འདུག་སྙམ།
འོ་ད་ཡིན་ན་ ཕ་ཡུལ་བོད་ལ་ཀྲང་གོ་གུང་དྲན་ཏང་གི་བཙན་འཛུལ་བྱས་པ་མི་ཚད་ཁ་བརྡ་དྲ་རྒྱའི་ནང་རྒྱ་ཡིག་པུ་དུང་ཧུཨའི་བཙན་འཛུལ་བྱེད་འགོ་ཚུགས་གདའ་། བཙན་རྒྱལ་རྒྱ་དམར་བོད་ནས་ཕྱིར་འབུད་བྱེད་ པུ་དུང་ཧུཨྰ་ཁ་བརྡ་དྲ་ནང་ནས་ཕྱིར་འབུད་བྱེད་དགོས་ཞི་གདའ་།
ཁ་བརྫ་ཚང་གིས་ཐུགས་བསམ་ཞིག་བསྐོར་དང་། སྐད་ཡིག་གང་བྱུང་གིས་ཁ་བརྡ་བརྫད་བཅུག་ཆོག་པ་ཨེ་ཡིན་ནམ།
ངའི་རེ་བར་ཁ་བརྡ་ཚང་གིས་སྐད་ཡིག་གཞན་གང་པ་ཞིག་ཐོག་ནས་མཆན་བཀོད་ན་དེ་མ་ཐག་རྒྱང་ཕུད་གཏོང་རྒྱུ་གལ་ཆེ་བར་བསམ།
སུས་ཅི་ཞིག་བཤད་ཀྱང་རང་ལག་ཏུ་ཡོད་པའི་འོས་ཤོག་དེ་ཨ་ཕར་བླུགས་ཀྱང་རང་དབང་རེད།
ཐབས་གང་གྷཞིས་བཙལ་ཏེ་གཞན་ལ་སྐུལ་སློང་བྱས་ན་དེ་ནི་ངན་གཡོ་བསླུ་བྲིད་ཁོ་ན་རེད།
སུ་ལ་ཡང་མགོ་ལ་རྣ་བ་དང་ཡ་ཐོད་དུ་མིག་ཡོད་ཅིང་། ཡ་ཆུང་དུ་སྙིང་ཡོད་པ་རེད།
བློ་སེང་དང་ཚེ་རྒྱམ་སུ་ཞིག་ཐོབ་ཀྱང་དགོས་ངེས་པ་ནི་གསར་བཏོད་ཀྱི་ལམ་བུ་ཞིག་རེད།
རྗེ་བླ་མ་ཟམ་གདོང་རིན་པོ་ཆེས་ལམ་སྲོལ་དབུ་མ་གསུམ་པ་དེས་ནི་ཆོས་གྲྭ་ལ་བརྩད་ན་མཏོགས་
རྒྱ་ངོ་མི་ལོན་ཐག་ཆོད་སོང་།
གཞོན་ནུ་ཟླ་མེད་ད་རེས་བུ་མཛེས་མ་ཟིག་ལ་ཡང་ངར་ཁོལ་སོང་། གནད་ལ་ཕོག་སོང་བ་ཨེ་ཡིན།
དྲ་གྲོགས་ཚོ་དགོངས་དག་ཞུ་ར྄ྒྱུར། གོང་དུ་ར྄ྒྱ་ཡིག་འབྲི་དགོས་དོན་ནི། 龙ཟེར་བར་དམིགས་ནས་བྲིས་པ་ཤིག་ཡིན་ཕྱིར་། ར྄ྒྱ་ཡིག་བེད་ས྄ྤྱོད་བཏང་པ་ཡིན། དྭངས་གཙང་གི་བོད་ཡིག་ལ྄ྡུམ་ར་དེའི་ནང༌། དྲི་ངན་འབག་བཙོག་གི་ར྄ྒྱ་ཡིག་བཏབ་ནི་ངའི་ནོར་འཁྲུལ་ཆེན་པོ་རེད། ར྄ྗེས་སོར་དེ་འདྲའི་ནོར་འཁྲུལ་ར྄ྩ་བ་ནས་ཡོང་མི་སྲིད།
རྔ་བ་ཚེ་རྒྱལ་ལོ་ནའི་བབ་ཁོར་ཡུག་གི་གནས་བབ་གང་ཐད་གཞོན་སྐྱེས་ཤེས་འཇོན་ཅན་ཞིག་ཡིན་པར་ངེས་ལ་བཀའ་ཁྲི་འདེམས་མི་འོས་པ་ཞིག་ཅིག་ལ་ཡིན། འོན་ཏེ་གང་ཟག་ཁ་ཤས་ཀྱིས་བསྟོད་སྨད་ཀྱི་གནས་ལུགས་མ་ཤེས་ནས་ཚད་ལས་བརྒལ་བ་བཤད་པ་ནི་ངོ་མ་གད་མོ་ཤོར་རྒྱུ་ལས་ཅི་ཡོད། དཔེར་ན་བློ་གྲོས་ཀྱིས་རྔ་བ་ཚེ་རྒྱམ་ཁོ་རང་གི་ཁྲིམས་རྩོད་པ་ཁོ་རང་ཉིད་ཀྱིས་བྱས་ནས་སྐད་གྲགས་རྔ་ཡུལ་དུ་ཁྱབ་ཡོད་ཟེར། ཁོ་རང་གི་ཁྲིམས་རྩོད་ཁོ་རང་ཉིད་ཀྱིས་བྱེད་ཆོག་པའི་ཁྲིམས་ལུགས་གང་འདྲ་ཡོད་པ་ནི་་་་་་་་་་་དེ་ལས་
དྲ་གྲོགས་ཚོ་བསམ་བློ་ཡག་པོ་ཞིག་ཐོངས་དང་མི་རབས་གསར་པ་ཁྲོད་དུ་རྒྱལ་སྤྱིའི་ཁྲིམས་ལུགས་ཤེས་མཁན་མི་ག་ཚོད་འདུག་ང་ཚོ་རྒྱ་གཞུང་གི་ཁ་གཏད་རེད་རྒྱལ་སྤྱིའི་ཁྲིམས་ལུགས་མི་ཤེས་མཁན་བཀའ་བློན་ཞིག་གིས་རྒྱ་གཞུང་ལ་ཁ་གཏད་ཇི་ལྟར་རྒྱག་བོད་ཕྱི་ནང་གཉིས་ནས་ཁྲིམས་ལུགས་ཀྱི་འབུམ་རམས་པའི་ལག་འཁྱེར་ཐོབ་མཁན་བློ་བཟང་སེང་གེ་མ་གཏོགས་གཞན་སུ་འདུག
ཉིས་སྟོང་བརྒྱད་ལོའི་ཞི་རྒོལ་ཆེན་མོར་བོད་མི་ག་ཚད་བསད་སོང་བ་ཚད་བཟུང་སོང་དེ་དག་ཚང་མ་ང་ཚོའི་བཀའ་ཁྲིར་སོགས་ཀྱིས་ཏག་ཏག་མཁྱེན་གྱི་ཡོད་ཡིན་ནའང་རྒྱ་གཞུང་ལ་གནོད་ཤུགས་ཏིལ་འབྲུ་ཙམ་ཡང་སྦྲད་མ་ཐུབ་པའི་རྒྱུ་མཚན་ནི་ང་ཚོར་རྒྱལ་སྤྱིའི་ཁྲིམས་ལུགས་ཤེས་མཁན་མེད་སོང་བའི་སྐྱོན་རེད།
ད་དུང་མུ་མཐུད་དེ་ཁྲིམས་ལུགས་མི་ཤེས་མཁན་དག་བཀའ་ཁྲིར་ཞུགས་པ་ཡིན་ན་ཉིན་མ་འཕྲོ་བརླག་གཏང་བ་མ་གཏོགས་དབུས་མའི་ལམ་གྱི་སྲིད་ཇུས་དང་ཁ་ཕྱོགས་ལ་དེ་བས་རྒྱབ་སྐྱོར་བྱ་ཐབས་བྲལ།
༡ ད་ལྟ་ལས་གང་ཞིག་གཉེར་བ་དེ་གལ་ཆེན་པོར་མཐོང་གི་མི་འདུག གཙོ་བོ་ནི་མ་འོངས་གང་ཞིག་འཐོན་པ་དེ་རེད། དབྱིན་ཇིའི་བཀའ་ཁྲི་ཆྰ་ཆིལ་ལ་ནོ་སྦེལ་རྩོམ་རིག་གཟེངས་རྟགས་རེག་མྱོང་ཡོད་རེད། དེསམདམག་ཆེན་གཉིས་པའི་སྐངས་ལ་རྗར་མ་ནི་བཟློག་ནས་དབྱིན་ཇི་བདེ་བའི་ལམ་ལ་བཀོད། རྗེ་གེའི་སྲིད་འཛིན་ཧ་ཝེལ་ཡང་སྙན་ངག་པ་རེད། ཁོང་གིས་ལུང་པ་དམངས་གཙོའི་ལམ་ལ་བསྒྱུར། ༡༩༡༡ལོར་རྒྱ་ནག་དམངས་གཙོར་འཇུག་མཁན་སོན་ཡ་ཤམ་མམ་ཤོན་ཀྲུ་སན་ཟེར་བའི་སྲིད་འཛིན་དེ་ཡང་ཨེམ་ཆི་ཞིག་རེད།
འདི་འདྲའི་དཔེ་ནི་མང་བའི་མང་ཚོད་མི་གདའ་། བཀའ་ཁྲིའི་འཁྲིས་ལ་མི་འཇོན་པོ་དཔེར་ན་ཁྲིམས་ལ་མཁས་ཡོད་ཟེར་པ་ལྟ་བུ་དགོས་པ་ལས། བཀའ་ཁྲི་དེ་རྒྱལ་སྤྱིའི་ཁྲིམས་ལ་མཁས་པའི་ཐོབ་ཐང་ཡོད་མཁན་ཞིག་ཡིན་དགོས་ཟེར་མཁན་ཚོ་ནི་རྒྱལ་སྤྱིའི་གནས་སྟངས་ལ་ཅུང་ཟད་རྨོངས་པའི་མི་རེད་མི་འདུག་གམ།
༢
བོད་ལ་ཤེས་འཇོན་གཉིས་ལྡན་གྱི་མི་ཉུང་བ་ངོ་ཐོག་ལ་ཤར་པ་འདི་རེད། སློབ་ཐོན་ལག་ཁྱེར་ཞིག་གིས་གཞན་ལ་ཞེད་སྣང་སྐུལ་གྱི་པ་འདི་རེད། ལུང་པ་གཞན་གྱིས་ང་ཚོའི་གནས་ཚུལ་ཞིབ་ཕྲ་ཧ་གོ་ན་ང་ཚོ་ངོ་ཡང་ཚ།
གལ་སྲིད་དངོས་གནས་ཁྲིམས་ལུགས་རྩ་དོན་ལ་མཁས་པ་ཞིག་ཡོད་ཀྱང་ཁི་ཡང་བོད་དོན་ལ་རང་གི་ཁེ་ཕན་བློས་གཏོང་ཐུབ་མཁན་ཞིག་ཡིན་ན། ཁོ་ནི་ཕྱི་འབྲེལ་བཀའ་བློན་ཆགས་ན་ཏག་ཏག་རེད། ཉམས་མྱོང་དེས་ཁོང་འདེམས་ཐེངས་རྗེས་མའི་བཀའ་བློན་ཆགས་པའི་རྨང་གཞི་ཡང་འདིངས་སྲིད།
ད་རེས་ཀྱི་གནས་ཚུལ་འདི་བོད་པ་ཚོ་འབྱར་སའི་གཞི་ཆགས་དགོས་པ་ལས། ཁ་ཐོར་གྱི་གླགས་ཆགས་ན་ནི་རང་དོན་མ་འགྲུབ་གཞན་གྱི་ཁ་ཟས་འགྱུར་ཉེན་འདུག མིས་བཟོས་པའི་ཁྲིམས་དེ་མིས་བཅོས་ཆོག་པས།གལ་སྲིད་སུ་ཞིག་གི་འོས་དེ་བརྒྱ་ཆའི་བ་གཅིག་ཡན་མ་ལོན་ན་། ཟམ་གདོང་མཆོག་ཡང་བསྐྱར་བཞུགས་རྒྱུ་རེད།
འདི་ནི་ང་ཚོའི་གནས་སྟངས་རེད། གཞན྄གྱི་གནས་སྟངས་ལ་ཁ྄མ་གཡར་རོགས། གཞན་ནི་རང་དབང་རང་བདག་གི་ལུང་པ་རེད། ང་ཚོ་ནི་སྐྱབས་བཅོལ་གྱི་གཞུང་རེད། ཡིན་ན་ཡང་གཞིས་བྱེས་ཀུན་གྱི་ངོ་ཚབ་ཐུབ་པ་ཞིག་དགོས་ཡོད་རེད། ད་རེས་གཞིས་ལུས་པ་ཚོ་ལ་ཡང་གོ་སྐབས་སྤྲོད་དགོས་འཁེལ།
ཚེ་རྒྱམ་ལགས་ཡག་ཤོས་ཡིན་ནམ། ཧ་མ་གོ།
སུ་ཡག་ཤོས་རེད། དེ་ཡང་ཧ་མ་གོ།
ཀརྨ་པ། དགུང་ལོ་གཞོན་སོང་མ་བསམ།
ཚེ་རྒྱམ། དངོས་གནས་ཡིན་ན་བཀའ་བློན་།
བློ་སེང་། བཀའ་བློན།
འབྲི་གུང་ཆེ་ཚང་། ཆོས་གོས་བནབས་ཡོད་ཙང་།༼འཛམ་གླིང་གི་སྣང་ངོར་བོད་ཟེར་ན་ན་བཟའ་དམར་པོ་བནབས་མཁན་ཞིག་ཆགས་བསྡད་ཡོད་རེད༽
ཟམ་གདོང་། ཡག་ཤོས།
རྒྱ་རི་སྒྲོལ་མ། གདམས་ཀ་གསུམ་པ་དེ།
ཉིས་སྟོང་བརྒྱད་ལོར་བོོད་མི་མང་པོ་བསད་སོང་བོད་མི་མང་པོ་བཟུང་སོང་བོད་མི་མང་པོ་བརླགས་སོང་།དེ་དུས་བཙན་བྱོལ་བཀའ་ཁྲི་དང་བཀའ་བློན་ཚོས་སྒྲོམ་མ་རེ་བསགས་ཏེ་ཤི་བོ་དེ་ཚོའི་རྣམ་ཤེས་བདེ་བ་ཅན་གྱི་ཞིང་ཁམས་ད་ུའདྲེན་སོང་།
གཞུང་མང་ཛ་དྲག་ཅེས་མང་གི་ཚོགས་པ་ཞིག་བཙུགས་སོང་ཡིན་ནའང་རྒྱ་གཞུང་ལ་གནོད་ཤུགས་ཅི་གང་སྦྲད་མ་ཐུབ་པ་མ་ཟད་ད་དུང་བོད་རྒྱ་ཞི་བའི་བཀའ་མོལ་ཡང་ཡག་པོ་ཞིག་བྱུང་མེད་པ་ཚང་མའི་མཁྱེན་གསལ་རེད།
ད་དུང་མ་འོངས་པའི་བཀའ་ཁྲིར་དེ་འདྲ་ཞིག་གདམ་པ་ཡིན་ན་རང་སའི་རང་སྐྱོང་ཞིག་རག་པ་ཕར་ཞོག་བཙན་བྱོལ་གཞུང་འདི་ཡང་འཐོར་ལ་ཉེན་ཁ་ཆེའོ།ད་དུང་བཙན་བྱོལ་གཞུང་འདི་གཞུང་ངོ་མ་ཆགས་མེད་པ་དེ་ཚང་མའི་ཤེས་པར་གྱིས།
ད་འགྲིགས་སོང་མང་པོ་བཤད་ན་དཀའ་ལས་ཁག་གྲོལ་རེད།
ད་དུང་མགོ་བོ་རྨོངས་ནས་བསྡད་འདུག
བོད་ཀྱི་གནད་དོན་སེལ་མི་ཐུབ་པ་འདི་རྒྱལ་སྤྱིའི་ཁྲིམས་ལུགས་ཤེས་མ་ཤེས་ཀྱི་འགག་རྩར་ཐུག་ཡོད་པ་མ་རེད།
རྒྱལ་སྤྱིའི་ཁྲིམས་ལུགས་ཞེས་མིང་བྱང་ཆེན་འདི་དོན་དངོས་སུ་གང་ཡོད་པ་མ་རེད།
རྒྱལ་སྤྱིའི་ཁྲིམས་ལུགས་ཤེས་ནས་གནད་དོན་སེལ་རྒྱུ་ཞིག་ཡིན་ན་བོད་མ་ཡིན་པའི་འཛམ་གླིང་ཡུལ་གྲུ་མང་བོའི་དཀའ་རྙོག་མང་སེལ་མ་ཐུབ་པར་ལྷག་བསྡད་ཡོད་པ་རེད། གསལ་བོ་བཤད་ན་དེ་དག་གིས་ཀྱང་རྒྱལ་སྤྱིའི་ཁྲིམས་ལུགས་མ་ཤེས་པར་ལྷག་སོང་བ་དེ་འདྲ་མ་རེད
རྒྱལ་སྤྱིའི་ཁྲིམས་ལུགས་ཀྱིས་བོད་དོན་འགྱུར་བ་གཏོང་ཐུབ་ཀྱི་ཡོད་ན་ང་ཚོས་བློ་བཟང་སེང་གེ་ལས་ལྷག་པའི་ཁྲིམས་ལུགས་ལ་ཆེད་མཁས་པ་དང་ཁྲིམས་རྩོད་པ་བཙལ་ཆོག་གི་དེ་འདྲའི་ནུས་པ་ཙམ་བཙན་བྱོལ་གཞུང་ལ་ཡོད་པ་རེད་འོན་ཀྱང་དེའི་གང་བྱེད་ཐུབ་ཀྱི་ཡོད་མ་རེད།
བོད་ཀྱི་གནད་དོན་ལ་འགྱུར་བ་གཏོང་དགོས་ན་རྒྱ་མི་དང་མཉམ་འབྲེལ་བྱས་ནས་འགུལ་དགོས་པ་ཞིག་ཡིན་པ་གསལ་བོ་ཆགས་ཡོད།
རྔ་བ་ཚེ་རྒྱམ་ལགས་ལ་འཇོན་ཐང་ཡོད་མེད་ལས་ཀྱང་གལ་འགངས་ཆེ་བ་དེ་གང་རེད་ཟེར་ན། མི་མང་གི་ཡིད་ཆེས་དང་རྒྱུས་མངའ་ཡོད་མེད་རེད། བྱས་རྗེས་ཡོད་ན་མི་མང་གིས་རྒྱུས་མངའ་ཡོང་རྒྱུ་དང་། ཡིད་ཆེས་ཀྱང་ཞར་ལ་ཡོང་རྒྱུ་རེད། བྱས་རྗེས་ཡོད་མེད་དེ་འཇོན་ཐང་ཡོད་པ་དངོས་སུ་གྲུབ་འབྲས་ཀྱིས་བསྟན་ཡོད་མེད་རེད། དེའི་རྒྱབ་ཏུ་མངོན་གསལ་དོད་པོ་མེད་པའི་ལྷག་བསམ་ཡོད་དང་མེད་ལ་ཐུག་ཡོད།
བོད་ཀྱི་གནད་དོན་ལ་འགྱུར་བ་གཏོང་དགོས་ན་རྒྱ་མི་དང་མཉམ་འབྲེལ་བྱས་ནས་འགུལ་དགོས་པ་ཞིག་ཡིན་པ་གསལ་བོ་ཆགས་ཡོད། གསུངས་པ་འདི་བདེན་པ་འདུག
ཁ་ཕྱོགས་མེད་ལགས་དངོས་གནས་ཁྱེད་རང་ཁ་ཕྱོགས་མེད་པ་ཞིག་དང་ཤིན་ཏུ་མཚུངས།གང་ཡིན་ཟེར་ན་བོད་རྒྱའི་གནད་དོན་ནི་རྒྱ་གཞུང་གིས་བོད་ཐོག་ཏུ་འཛིན་པའི་སྲིད་ཇུས་དེ་རེད།སྲིད་ཇུས་དེ་རྒྱ་གཞུང་གི་ཁྲིམས་ལུགས་རེད།དེ་འདྲ་སོང་ཙང་བོད་རྒྱ་གྲོས་མོལ་བྱེད་ན་བོད་ཐོག་ཏུ་འཛིན་པའི་རྒྱ་གཞུང་གི་སྲིད་དྷཇུས་དེ་བྱེད་དགོས་དེ་བྱེད་ན་བོད་ཐོག་ཏུ་འཇིན་པའི་རྒྱ་གཞུང་གི་ཁྲིམས་ལུགས་དེ་བྱེད་དགོས་དེ་རྩོད་དགོས།
དེ་འདྲ་བྱེད་པ་ལ་ང་ཚོའི་ངོས་ནས་རྒྱལ་སྤྱིའི་ཁྲིམས་ལུགས་ཤེས་དགོས་པ་མ་རེད་དམ།
ང་ཚོའི་ངོས་ནས་རྒྱ་གཞུང་གི་ཁྲིམས་ལུགས་མ་ཤེས་རྒྱལ་སྤྱིའི་ཁྲིམས་ལུགས་ཡང་མ་ཤེས་པས་རྒྱ་གཞུང་གིས་བོད་ཐོག་ཏུ་འཛིན་པའི་ཁྲིམས་ལུགས་དེ་ག་འདྲས་སུ་ཐག་གཅོད་བྱེད་རྒྱུ་ཡིན།
ང་ཚོ་བོད་མིས་ད་ལྟ་བར་དུ་བོད་མི་དཀྱུས་མ་ཞིག་རྒྱལ་ཁབ་ཀྱི་གཙོ་འཛིན་དུ་བསྐོས་མྱོང་མེད་པ་དེས་ད་ལྟ་རང་ཉིད་ལ་གདེང་ཚོད་མེད་པ་ལྟ་བུ་ཞིག་དང་། གང་བྱེད་ཡོང་སྙམ་པའི་སེམས་ཁྲལ་ཞིག་ཡོང་གི་ཡོད་པ་ནི་ཆོས་ཉིད་རེད། འོན་ཀྱང་རང་ཉིད་སྒེར་ངོས་ནས་བལྟས་ན། རྔ་བ་ཚེ་རྒྱམ་ལས་ཀྱང་བློ་བཟང་སེང་གེ་ལགས་ལ་རེ་བ་ཅུང་ཟད་ཆེ་བ་བྱེད་ཀྱི་ཡོད། བློ་བཟང་སེང་གེ་ལགས་ལ་མི་འདང་བའི་ཆ་དེ་བོད་གཞུང་དུ་ཕྱག་ལས་གནང་བའི་ཉམས་མྱོང་མེད་པ་རེད། ཉམས་མྱོང་དེ་གལ་ཆེན་པོ་ཡིན་པར་སྙམ། འོན་ཀྱང་ཁོང་མ་ཡིན་པའི་གང་ཟག་གཞན་རྣམས་ལའང་དེ་མཚུངས་ཀྱི་མི་འདང་ས་མང་པོ་འདུག གང་ལྟར་འོས་དེ་མཐར་འཕེན་དགོས་ངེས་ལ་སོང་། བརྟན་པོ་བྱས་ནས་བསམ་བློ་ཞིག་བཏང་ན། བློ་བཟང་སེང་གེ་ཁོང་ཉིད་བཀའ་ཁྲིར་ཕེབས་ན་ལེགས་ཤོས་རེད་འདུག། །།
དྲ་གྲོགས་ཆབ་ཆ་སྨྲེང་བུ་ལགས།
རེད་རེེེད་ང་ཁ་ཕྱོགས་མེད་ཁ་ཕྱོགས་མེད་པ་ཞིག་ཡིན་ཁྱོད་ཀྱང་ཁ་ཕྱོགས་མཐོང་མི་ཐུབ་མཁན་ཞིག་ཡིན་པ་འདྲ།
རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་དེ་རྒྱ་གཞུང་གི་ཁྲིམས་ལུགས་མ་རེད། ཁྱོད་རྒྱ་གཞུང་གི་རྩ་ཁྲིམས་ཡང་དགོས་མང་ཉུང་མི་རིགས་ཐོག་རྩ་ཁྲིམས་ལ་རྒྱུས་མངའ་ཅུང་ཟད་ཀྱང་མེད་པ་འདྲ། དབུ་མའི་ལམ་གྱི་རྩ་བའི་སྙིང་དོན་དེ་ཡང་བོད་ཡོངས་རྫོགས་ཅིག་སྒྲིལ་གྱི་རང་སྐྱོང་ཆེན་མོ་ཞིག་དགོས་ཟེར་གྱི་ཡོད་པ་རེད། མདོར་ན་བོད་ཡོངས་རྫོགས་ཅིག་སྒྲིལ་ཟེར་བ་ལས་གཞན་ཕ་ཆེར་ད་ཡོད་རྒྱ་ནག་གི་རྩ་ཁྲིམས་གཞིར་བཞག་ལག་ལེན་བྱེད་རོགས་ཟེར་གི་ཡོད་པ་རེད།
རྒྱ་ནག་གིས་ཡིག་ཐོག་བཀོད་པའི་ཁྲིམས་དེ་ཇི་བཞིན་ལག་ལེན་བྱེད་ཀི་མེད་པས་དེ་ལག་ལེན་བྱེད་རོགས་ཞེས་རེ་བ་བཏོན་གི་ཡོད་པ་རེད་ལོ།
ག་དུས་ཡིན་ནའང་བཙན་བྱོལ་གཞུང་གིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་སྒྲོམ་གཞི་དང་མ་འགལ་བའི་ཐོག་ནས་བོད་ཀྱི་གནད་དོན་དེ་ཐག་གཅོད་དགོས་པའི་ལམ་བུ་བརྒྱུད་བཞིན་ཡོད་པ་རེད།
དེ་མིན་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཐོག་ནས་བོད་ཀྱི་གནད་དོན་ཐག་གཅོད་དགོས་པའི་རེ་བ་བཙན་བྱོལ་གཞུང་གིས་བཏོན་གནང་གི་ཡོད་པ་མ་རེད།
དོན་དངོས་བཀའ་ཁྲིར་སུ་སླེབས་ཀྱང་དེ་སྔའི་ང་ཚོའི་སྐྱབས་བཅོལ་སྲིད་གཞུང་གིས་ལངས་ཕྱོགས་འགྱུར་གཏོང་མི་ཐུབ་པ་གསལ་ཆགས་ཡོད་པ་རེད། དེ་ཙམ་ཡིན།
དྲ་ནང་གི་བློ་འདོན་པ་ཁ་ཕྱོགས་མེད་པ་ལགས།ཁྱེད་རང་གི་དྲ་གྲོགས་ཆབ་ཆ་སྨྲེང་བུ་ལ་ཁ་བརྡའི་ལན་གྱི་ནང་དུ་བོད་རྒྱ་གཉིས་ཞིབ་མོལ་གྱི་ཐག་གཅོད་ལ་ཁྲིམས་ལུགས་དང་ལྷག་པར་དུ་རྒྱལ་སྤྱིའི་ཁྲིམས་ལུགས་ལ་མཁས་པ་ཡིན་ཀྱང་ཁྲིམས་ཀྱི་དགོས་མཁོ་མེད་པར་ཙམ་དུ་སྣང་།
ང་ཚོ་བོད་རྒྱ་གཉིས་ཀྱི་ཐག་གཅོད་དེ་ཁྲིམས་ཀྱི་སྟེང་དུ་ཐག་བྷགཅོད་བྱེད་དགོས།དཔེར་ན་རྒྱ་ནག་མཐོ་རིམ་མི་སྣའི་ཁྲིམས་ལུགས་དང་བོད་ཐོག་ལག་བསྟར་བྱེད་བཞིན་པའི་ཉེས་འགལ་གྱི་ནག་ཉེས་དེ་ང་ཚོ་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྒང་ནས་ཁྲིམས་ལུགས་ཀྱིས་ཐག་གཅོད་བྱེད་རོགས་ཞེས་ཡང་ཡང་འབོད་སྐུལ་ཞུ་བཞིན་ཡོད་།
ལྷག་པར་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་དུ་ཡོད་པའི་བོད་ལ་འཛིན་པའི་སྲིས་ཇུས་ཀྱི་གནས་བབ་དེ་ཚུལ་བཞིན་དུ་ལག་ལེན་འདེབས་དགོས་ཞེས་འབོད་སྐུལ་ཞུ་བཞིན་ཡོད་།དེས་ན་ཁྲིམས་མཐུན་གྱི་ཐག་གཅོད་དེ་ཁྲིམས་ལུགས་ཡང་དག་པ་ཞིག་ཤེས་དགོས་སྙམ།
དྲ་གྲོགས་ཁ་ཕྱོགས་མེད་ལགས།བོད་ཐོག་ཏུ་འཛིན་པའི་རྒྱ་གཞུང་གི་སྲིད་ཇུས་དེ་རྒྱ་ནག་གི་རྩ་ཁྲིམས་དང་རྒྱ་ནག་གིས་བོད་ཐོག་ཏུ་འཛིན་པའི་འགྱུར་བ་མེད་པའི་ཁྲིམས་ལུགས་ཀྱིས་བཟོས་པའི་རྩ་དོན་ཞིག་ཡིན་པ་ཤེས་བར་གྱིས།རྒྱ་གཞུང་གིས་དབུས་མའི་ལམ་གྱི་སྲིད་ཛྷཇུས་དེ་རྩ་བ་ཉིད་ནས་ཁས་ལེན་མེད་པ།མ་ཟད་ལམ་དབུས་མའི་སྲིད་ཇུས་ལ་ཁ་གཏད་ཀྱི་ལན་ཚ་བོ་གསུམ་བརྒྱབ་ཡོད།དང་པོ་རྣམ་པ་འགྱུར་བའི་རང་བཙན།གཉིས་པ།ཕྱེད་རང་བཙན།གསུམ་པ།ཕུགས་ཀྱི་རང་བྷབཙན་བཅས་དགག་པ་ཚ་ཐག་གཅོད་ཅིག་བརྒྱབ་སོང་བ་དེ་ངོས་ནས་ཁྱེད་རང་ཌྷརྣ་འོན་པ་ཞིག་མིན་ན་གོ་ཚོད་ཡིན་ལ་མིག་ལོང་བ་ཞིག་མིན་ན་མཐོང་ཚོད་ཡིན།
ད་དུང་སྐུ་ཚབ་རྣམ་པ་གཉིས་ཀྱིས་བཙན་བྱོལ་བོད་གཞུང་གིས་བཏོན་པའི་ལམ་དབུས་མའི་སྲིད་ཇུས་ཀྱི་དོན་ཚན་བཅུ་བཞི་ཁྱེར་ཏེ་རྒྱ་ནག་ཐད་ཕྱོགས་གཅིག་གྱུར་བརྒྱུད་དེ་རྒྱ་གཞུང་དཔོན་རིགས་ཚོར་ཕུལ་ཅིང་།རྒྱ་གཞུང་གིས་ཁས་ལེན་དོན་ཚན་གཅིག་ཀྱང་མ་བྱས་པས་གནས་ཚུལ་དེ་ཚོ་ཡང་གོ་མ་སོང་ངམ།
ད་དུང་གྲངས་ཉུང་མི་རིགས་ཞེས་པ་དེ་རྒྱ་གཞུང་གིས་ག་འདྲས་སུ་བཏགས་མིན་ཐད་ལའང་ཁྱེད་རང་གིས་དཔྱད་པ་ཡག་པོ་ཞིག་བྱོས།
ཡ་ད་ཡིན་ན་ཨ་མདོ་ཚོས་མི་ཡག་པོ་ག་ཡོད་ངོ་ཤེས་འདུག་འགྲིག་ག།སྤྱིར་བཏང་གཅིག་ལ་སྟོད་ར་གཏོང་སྐབས་གཅིག་ཤས་ལ་སྨད་ར་ཤུགས་ཀྱིས་ཆགས་འགྲོ་བ་ནི་སྨྲོས་མེད་།གཞན་ཡང་
བཀའ་ཁྲི་འོས་གཞི་ནང་བཀྲ་མཐོང་དང་རྒྱ་རིའི་ཚང་རྒྱ་བགྲོད་གཉིས་བོད་གཞུང་གི་གཞུང་ཞབས་ཟ་རྒན་རྙིང་པ་གྲས་རེད།ཁོ་གཉིས་ནི་རྒྱ་གར་གཞུང་གི་ལས་བྱེད་སྙིང་པ་མཁྲེགས་ཏོ་
ནམ་བཞིན་མཁྲེགས་པོ་གྱུར་ཟིན་པས་གལ་སྲིད་ཁོ་གཉིས་གང་རུང་བཀའ་ཁྲི་ལ་ཐོབ་པ་ཡིན་ན་བོད་མི་སྤྱི་ཚོགས་འདི་སྔ་རྒྱུན་སོ་ན་གནས་ལས་ཡར་རྒྱས་གོང་འཕེལ་ནི་རི་བོང་གི་རྭ་དང་
སྤུན་ཟླ་ཉག་གཅིག་རེད།མདོར་ན་བཀའ་ཁྲི་ལ་ཟ་རྒན་རྙིང་པ་གྲས་མ་སླེབས་ན་ཡག་པོ་འདུག་སྙམས་སོ།
རྔ་པ་ཚེ་རྒྱམ་འབྱུང་གྱིར་གྱི་བཀའ་ཁྲིར་བདམས་པ་དེ་ཧ་ཅང་ཡག་པོ་འདུག དྲང་བཞག་གིས་བཤད་ན་ཁོང་ལས་ཡག་པ་ཞིག་སུ་ཡང་མི་འདུག
རྔ་པ་ཚེ་རྒྱམ་རྒྱལ་གྱུར་ཅིག
རྔ་པ་ཚེ་རྒྱམ་ཡང་བཀའ་ཁྲིའི་འགྲན་རྩོད་དངོས་སུ་ཕེབས་ཏེ། མི་དམངས་ལ་དྲིལ་སྒྲོག་བྱས་ན་བཟང་བར་སྙམ།
རྔ་བ་ཚེ་རྒྱམ་ལགས་ཐེ་ཝན་དོན་གཅོད་ཁང་ནས་ཁྱེར་རང་གི་མཚན་སྙན་ཅུང་རྒྱས་ཡོད་པ་འདྲ།སྔོན་མ་ཞིག་ལ་གཞུང་གིས་བདག་པོ་མ་བྱས་ཀྱང་ད་ཆ་སྐུ་སྒེར་དུ་ཐད་ཀར་བཞག་པ་ནི་ད་ལྟའི་བཀའ་ཁྲིའི་འོས་མི་ནང་དུ་ཞུགས་ཐུབ་པའི་རྟགས་རེད།
ཁྱེད་ལ་བཀའ་ཁྲིའི་ཌྷའོས་ཐོབ་པཌྷ་ཡིན་ན་དམངས་ཀྱི་རེ་བ་ཆུད་ཟོས་སུ་མ་གཏོང་རོགས།།
བོད་རྒྱའི་དཀའ་རྙོག་སེལ་ཐུབ་པའི་བཀའ་ཁྲི་ཞིག་བོད་ལ་དགོས་ན་རྒྱ་མིའི་གནས་ཚུལ་བྱང་ཆུབ་མཁན་ཞིག་ཡིན་དགོས། ཚེ་རྒྱམ་ལ་ཆ་རྐྱེན་དེ་ཕལ་ཆེར་ཚང་གི་བསམ།
དངོས་གནས་ལྷག་བསམ་དང་སྤྱི་སེམས་ཡོད་ན་བཀའ་ཁྲི་ལ་ལངས་དགོས་པའི་རྒྱུ་མཚན་ཅི་ཡོད་དམ།
ཚེ་རྒྱམ་ལ་ཤེས་ཡོན་དང་འཇོན་ཐང་ཡོད་པ་བདེན་པ་རེད། འོན་ཀྱང་ཆབ་སྲིད་ཀྱི་གཡོ་སྐྱོམ་འདིའི་ཁྲོད་ན་གསེར་ལས་ཧ་ཡང་མཐོང་ཆེ་ནི་རེད། ཁོང་བཀའ་ཁྲི་ལ་འཁོད་ནི་མ་རེད། དེ་ངས་མ་འོངས་ལུང་བསྟན་ཡིན།
རྔ་པ་ཚེ་རྒྱམ་བཀའ་ཁྲི་ལ་བདམས་ན་འཇོན་ཐང་ཅི་ཡོད་མི་ཤེས། ད་བར་བྱས་རྗེས་བཞག་ཡོད་ལེ་འདྲ་གོ་མ་མྱོང་། གལ་སྲིད་ཡོད་ཀྱང་ཨ་མདོ་ཚོ་མི་གྲངས་ཉུང་བས་མི་ཐོབ་སེམས་ཐག་ཡིན།
སྤྱིར་ཞབས་ནས་འཇོག་མཁན་དང་གཞོགས་ནས་སྐྱོར་མཁན་དཀོན་ནི་རེད། ད་འདི་བ་ཕྱི་ལ་ཐོན་ནས་གསུང་འབྱོན་རན་ཚོད་འདུག ཕྱི་ལ་བགྱེད་བགྱེད་ན་མདུན་ལ་ཕོག་ཐུག་བཏང་ཡོང་། ཨ་མའི་བུ་ཚོ། ད་ཕྱི་ལ་ཐོན་ཤོག
ཚེ་རྒྱམ་གྱིས་ཧིན་དྷི་མི་མཁྱེན། དབྱིན་ཡིག་མི་མཁྱེན། བཀའ་ཁྲིའི་ཕྱག་ལས་ཇི་ལྟར་གནང་། རྒྱ་བོད་འབྲེལ་བའི་སྐོར་ལ་ཡག་ཤོས་ཡིན་པ་ལྟ་བུ་ཞིག་བཤད་པ་དེ་ཡང་དེ་ལྟར་མ་ཡིན་ནོ། རྒྱ་གཞུང་ལ་མཚོན་ན། ཁོང་རྒྱ་བོད་འབྲེལ་མོལ་སྐུ་ཚབ་ནང་ཡོད་པ་དེའང་མིག་ནང་གི་ཚེར་མར་གྱུར་ནས་ཕྱིར་འདོན་བཅུག་པ་མ་ཡིན་ནམ།
ཨ་ཡོ། ད་དུང་འདི་ན་ཁྲིམས་ལུགས་ཤེས་མི་ཤེས་ཤིག་བཤད་ཀྱིན་འདུག དེང་སང་འཛམ་གླིང་འདིའི་ཐོག་ཁྲིམས་ལུགས་སྲུང་མཁན་གྱི་རྒྱལ་ཁབ་ཧ་ཅང་དཀོན་མོ་རེད། ཁྲིམས་ལུགས་བརྟེན་ནས་རྒྱ་ནག་ལ་འགྱུར་བ་ཞིག་འགྲོ་རྒྱུ་ཡོད་ན། ༼རྒྱལ་སྤྱིའི་ཁྲིམས་དོན་མཁས་པའི་ཚོགས་པ༽ཞེས་སྙན་གྲགས་ཅན་གྱི་ཚོགས་པ་དེས་ང་ཚོ་སྔ་མོ་ཞིག་ནས་བསྐྱབས་ཚར་བ་རེད། མགོ་མཉམ་འབྲེལ་རྒྱལ་ཚོགས་ནས་བཟུང་སྟེ། བཅས་པའི་ཁྲིམས་ལག་ལེན་དུ་བསྟར་ཐུབ་ཀྱིན་ཡོད་པ་མ་རེད། ཨ་རིའི་ཁྲིམས་འགལ་རྐྱང་རྐྱང་ལས་བཞིན་པ་རེད། དེ་བཞིན་དབྱིན་ཇི། རྒྱ་ནག། ཨུ་རུ་སོགས་ཚང་མ་རང་དོན་ཞིག་ལ་ཐུག་ན་ཁྲིམས་བརྩི་མཁན་ཞིག་ཡོད་པ་མ་རེད། ངས་ངོ་མ་བཤད་ནི་ཡིན། ད་རྒྱ་ནག་དང་བོད་ཀྱི་གནད་དོན་འདི་ཐག་གཅོད་དགོས་ན། མང་གཙོ་ཟེར་བ་དང་། འགྲོ་བ་མིའི་ཐོབ་ཐང་། རང་དབང་སོགས། བཤད་རྒྱུ་མཚམས་འཇོག་དགོས་པ་རེད། རྒྱ་དམར་གྱིས་ཆེས་གོ་ན་མི་འདོད་པའི་སྐད་ཆ་ལབ་ན་སྲིད་དོན་ཚིག་ལབ་ན། འདི་ཚོགས་ལ་ཉན་འཇོག་བྱེད་ནི་མ་རེད། རྒྱ་ནག་གི་ནང་ལོགས་སུ་དཔལ་འབྱོར་འཕེལ་རྒྱས་དང་། ཆ་ཕྲིན་བཀོལ་སྤྱོད། རང་དང་ལྟ་བ་མི་མཐུན་པའི་ཕྱོགས་ཁག་མང་བོ་འཕེལ་ཡོང་གི་ཡོད་པ་རེད། དེ་ང་ཚོའི་གོ་སྐབས་གཅིག་རེད། དེ་དམ་འཛིན་བྱས་ནས་རྒྱ་རིགས་མཐུན་བསྒྲིལ་ཐོག གནའ་སྔ་མོའི་རྒྱ་གྲྭ་བ་ཞིག་གིས་འོས་ལངས་བྱས་ནས། རང་གི་ཁ་ཐད་མགོ་སྟིང་བསློགས་པའི་གནས་ཚུལ་འདྲ་བོ་ཡོང་ཨེ་ཐུབ་བལྟ་དགོས་རེད།
རྔ་བ་རྒྱལ་ཁམས་པས་བཤད་ནོ་བདེན་གི་ཡ། རྒྱ་རྒན་འདི་བ་ཚང་ལ་གནས་ལུགས་དང་ཁྲིམས་ལུགས་ཤིག་བགྲང་ས་གང་ན་ཡོད། མཉམ་འབྲེལ་རྒྱལ་འཚོགས་ཟེར་བའང་དེ་འདྲ་རང་རེད། རྒྱལ་ཁབ་ལྔ་པོས་གང་བྱས་རེད་མ་གཏོགས་ཉམས་ཆུང་ཚོ་མིག་གི་མཐོང་ནི་མ་རེད། ཁ་ནས་དམངས་གཙོ་བཤད་ཀྱིན་བཤད་ཀྱིན་ལག་ལེན་ལ་སྲིད་དབང་སྒེར་འཛིན་བྱེད་ཀྱིན་ཡོད་ནི་རེད། ཚོགས་མི་ལྔ་བོའི་ནང་ནས་གཅིག་གིས་དགག་པ་བརྒྱབ་ན་བྱ་བ་དེ་ལམ་ལ་མ་སོང་ནི་རེད། མང་གཙོ་ཡིན་ན་མང་མོས་ལ་རྒྱལ་ཁ་འཐོབ་དགོས་མ་རེད་མོ། ཚེ་རྒྱམ་གྱིས་ཁྲིམས་ལུགས་ཤེས་རུང་མ་ཤེས་རུང་། འཇོན་རུང་མ་འཇོན་རུང་། མཁས་རུང་མ་མཁས་རུང་། བཀའ་བློན་ཁྲི་པར་མི་འཁོད་སེམས་ཐག་རེད། དེ་ངས་ཁ་ཉིན་ནས་མ་འོངས་ལུང་བསྟན་བཤད་ཡོད། མི་བདེན་ན་ལོ་རྗེས་མར་ལྟོས་ཨ།
ནོར་བཅོས། གོང་དུ་ (འཐོབ་དགོས་མ་རེད་མོ།) ཞེས་པ་དེ་(འཐོབ་དགོས་པ་རེད་མོ།)བཅོས་རོགས།