ན་མོ་གུ་པདྨ་ཀ་ར་ཡེ།
རབ་འབྱམས་རྒྱལ་ཀུན་སྤྱི་གཟུགས་སྤྲུལ་པའི་སྐུ། །
དྲང་སྲོང་རིག་འཛིན་འཆི་མེད་གྲུབ་པའི་མགོན། །
འཇའ་ལུས་ཆོས་སྐུར་གཤེགས་པའི་བླ་མ་རྗེ། །
མཚོ་སྐྱེས་རྡོ་རྗེས་འཆི་མེད་ཚེ་དབང་སྩོལ། །
འགྲོ་ཁམས་སེམས་རྒྱུད་ཡིད་བཞིན་ནོར་བུ་ལ། །
གློ་བུར་ལས་ཉོན་བག་ཆགས་སྒྲིབ་པའི་མཐུས། །
ནད་གདོན་བགེགས་རིགས་རྣམ་རྟོག་སྣ་ཚོགས་ཀྱིས། །
སྡུག་བསྔལ་གསུམ་གྱི་འཁོར་བའི་རྒྱ་མཚོ་རྒྱས། །
ཉིན་མོར་རྟག་འཛིན་ཆགས་སྡང་རྨོངས་པས་མནར། །
མཚན་མོར་མཚན་འཛིན་བག་ཆགས་འཁྲུལ་བས་བསླུས། །
ནམ་རྒྱུན་བག་མེད་འདོད་ཁམས་ཞེན་པས་མཐུས། །
ལུས་ངག་ཡིད་ཀྱི་གནད་གཅོད་བསམ་མི་ཁྱབ། །
མཆོག་ལ་སྣང་བའི་རྨི་ལམ་དངོས་སྣང་དང་། །
བདག་ལ་འཆར་བའི་ཟག་བཅས་ཚོར་སྣང་གཉིས། །
མ་གྲོས་གཅིག་མཐུན་བྱུང་བའི་རྨི་ལམ་འདིས། །
སྲས་ཆུང་ནད་གདོན་བསལ་བའི་ཐབས་ཤེས་ལགས། །
ཉེར་གཅིག་ལུས་སྦྱང་གནང་དང་ནད་ངན་བསལ། །
རྡོ་རྗེའི་གོ་ཁྲབ་བཟླས་དང་གདོན་བགེགས་དག །
བསྐྱེད་རྫོགས་རྫོགས་ཆེན་སྒོམ་དང་སྨིན་གྲོལ་ཐོབ། །
སྡུག་བསྔལ་རྣམ་དག་ཀུན་བཟང་རྒྱལ་ས་ཐོབ། །
བཀྲ་ཤིས་ཉི་མ་འཆར་བའི་སྨོན་ལམ་འདེབས། །
སྡུག་བསྔལ་ནད་ལས་གྲོལ་བའི་བྱིན་རླབས་ཡོད། །
གང་བསམ་ཕྲིན་ལས་འབྱུང་བའི་རྟེན་འབྲེལ་ཞུ། །
མི་མཐུན་གཡུལ་ལས་རྒྱལ་བའི་བདེ་ལེགས་ཤོག །
ཅེས་པ་འདི་ཡང་རབ་རྒྱན་ཆུ་སྦྲུལ་ཟླ་བ་གསུམ་པའི་ཚེས་པ་གསུམ་ཞེས་དབྱིན་རྒྱལ་གོ་རྗེའི་དུས་ཆེན་སམ། ཕྱི་ལོ་༢༠༡༣ ༤ ༢༣ཉིན་རྔ་བ་རྒྱལ་ཁམས་པའི་སྲས་ཀྱི་ན་ཚའི་ལོ་རྒྱུས་མཐོང་བའི་རྐྱེན་ལས་གྲོགས་ལ་སྙིང་ཉེ་བའི་ཤྲྰིས་ཨེ་ཝྃ་ལྔ་རིག་དཔེ་མཛོད་ཁང་ནས་སྨོན་ལམ་དང་གདམས་ངག་གླུ་རུ་བླངས་པ་དོན་དང་ལྡན་པར་གྱུར་ཅིག་གུ། །།
སེམས་ཅན་ནད་པ་ཇི་སྙེད་པ།
མྱུར་དུ་ནས་ལས་གྲོལ་གྱུར་ཅིག
འགྲོ་བ་ནད་ནི་མ་ལུས་པ།
རྟག་ཏུ་བྱུང་བ་མེད་པར་ཤོག
དེས་ན་རྗེ་བཙུན་བླ་མ་ཐུགས་རྗེ་ཅན།
མ་འགྱུར་འགྲོ་བའི་སྡིག་གྲིབ་སྡུག་བསྔལ་ཀུན།
མ་ལུས་ད་ལྟ་བདག་ལ་སྨིན་པ་དང་།
བདག་གི་བདེ་དགེ་གཞན་ལ་བཏང་བ་ཡིས།
འགྲོ་ཀུན་བདེ་དང་ལྡན་པར་བྱིན་གྱིས་རློབས།
མཚོ་སྐྱེས་རྒྱལ་བའི་བསྟན་པ་ཞེན་དྲག་ནས། །
བོད་རྒྱལ་དར་མ་བཙན་པོ་སྔ་ལམ་བརྫངས། །
བོད་མིའི་ལས་དབང་འདམ་རྫམ་ནང་དུ་གཡུགས། །
ད་དུང་མཚོ་སྐྱེས་འོད་འདོད་འབོད་འདིས་སྐྱོ། །
བུ་ཆུང་བཀྲ་ཤིས་ནད་ལས་གྲོལ་གྱུར་ཅིག །
བཅོམ་ལྡན་སྨན་ལྷའི་ཚོགས་ཀྱིས་མདུན་ནས་གཟིགས།།
འཆི་མེད་ཚེ་དཔག་མེད་ཀྱིས་རྒྱབ་ནས་སྐྱོར།།
གྲུབ་མཆོག་མཚོ་སྐྱེས་རྡོ་རྗེས་དུས་ཀུན་སྐྱོངས།།
མཆན་བུ་གོང་མ་དེ་མ་ཐག་པ་དེ་མ་བསུབ་ན་མེ་ཏོག་དཀར་པོ་ནག་པོར་འགྱུར། ཁ་བརྡ་ནང་ཟིང་ཆ་ལང་།
མིག་མཐོང་ལག་ཟིན་ཕན་པ་སྟེར་བའི་སྨན་པ་རྗེ།
ཕྲ་བའི་སྲིན་འབུ་རྡུལ་དུ་བཤིག་པའི་འཕྲུལ་ཆ་རྗེ།
གང་ལ་གང་དགོས་དེང་དུས་སྨན་གྱི་བཟོ་ཚོང་རྗེ།
བུ་ཆུང་ནད་ལས་སྐྱོབས་ཤིག་རྣམ་གསུམ་ཐུགས་རྗེས་གཟིགས།
སང་ཉིན་ནས་བཟུང་། འཛམ་གླིང་གི་ནུས་པ་ཅན་སྐྱེས་བུ་སྒེར་དང་ཚོགས་པ་ཆེ་ཆུང་གང་དང་། ཆེ་བ་རྒྱལ་ཁབ་གང་ཞིག་གིས་བཙོན་པ་ཆུང་ཤས་སུ་གྱུར་མྱོང་པའི་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་བཙོན་གྲོལ་བཏང་ཏེ་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གི་རང་དབང་དང་ལྡན་པ་ཞིག་བྱེད་ནུས་ན། ནུས་ཅན་དེ་ལ་བདག་གིས་ཨ་སྒོར་ས་ཡ་དྲུག་ཅུ་སྤྲོད་པའི་ཁས་བླངས་པ་ཡིན།
མཇུག་མཐར་བོད་མི་ཡོངས་ལ་གུས་པས་ཞུ་རྒྱུར། རང་ཉིད་ཀྱི་རྐང་པར་བརྟེན་ནས་ཨ་སྒོར་བཅུ་རེ་བསོགས་སྟེ་གཏམ་བཟང་ལ་སྒུག་ཨ། ཆིག་སྒྲིལ་གྱི་ནུས་པར་གཟིགས་ཨ། བཀྲ་ཤིས་བདེ་ལེགས།
དཔལ་དགྱེས་པ་རྡོར་རྗེ་ཚང་གི་སྨོན་ཚིག་ཐོལ་བྱུང་མ་བཀླགས་ཡོད། བཀའ་དྲིན་ཆེ། ཁྱེད་ཅག་གི་ལེགས་སྨོན་ནི་ངའི་སེམས་ཤུགས་ཡིན།
ཡང་དག་ཚད་མ་གསུམ་གྱི་ང་རོ་ཡིས།།
ལྟ་དམན་རི་དྭགས་ཚོགས་རྣམས་སྐྲག་མཛད་པ།།
ཐེག་མཆོག་སེང་གེའི་སྒྲ་དབྱངས་ས་གསུམ་ཁྱབ།།
མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་གཅིག།
ཐོག་མར་རྔ་བ་རྒྱལ་ཁམས་པའི་སྲས་པོ་བདེ་འཚམས་ཡོང་ནས་བསྟན་འགྲོ་ཕན་ཐོག་འབྱུང་བའི་སྨོན་ལམ་ཞུ།
གངས་སྨྱུག་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༢༤ གི་ཆུ་ཚོད་ ༡༠ སྐར་མ་ ༤༧
མཚོ་སྐྱེས་རྒྱལ་བའི་བསྟན་པ་ཞེན་དྲག་ནས། །མཚོ་སྐྱེས་འོད་འདོད་འབོད་འདིས་སྐྱོ། །ཟེར་བ་འདིས་ཆོས་ལུགས་ཆོལ་ཁ་ཁྲག་བཞིན་དཀྲུགས་པའི་འབྲི་གུང་པ་ཁྱོད་ལེགས་པར་ཉོན་དང་། དང་པོ་ཁྱོད་ཚོས་སློབ་དཔོན་བཀའ་དྲིན་ཅན་ལ་ཁ་ངན་གཏོང་བ་ལས། འབྲི་གུང་ཆེ་ཚང་གིས་ཉ་སྲིན་དམར་གསོད་གྲངས་མེད་བྱས་པ་དང་། མགར་ཆེན་རིན་པོ་ཆེས་ཁོ་རང་གི་བྱིས་པ་སྔ་ལམ་དུ་བརྫངས་པ་སོགས་ལ་སྡིག་བཤགས་ཀྱིས་དང་། གཟོད་མཚོ་སྐྱེས་རྗེ་འབངས་ལ་ངན་སྨོད་བྱས་ན་མི་བཟང་ངམ། རྒྱལ་བ་རིན་པོ་ཆེས། དྲིན་མཆོག་མཚོ་སྐྱེས་རྡོ་རྗེ་དྲིན་པོ་ཆེ། །ཞེས་མི་ཕྱེད་དད་པས་གསོལ་བ་འདེབས་པ་ལ་ཅི་ཕྱིར་ཟུར་ཟ་བྱེད་དམ།
བདུད་རྒྱལ་གླང་དར་བཏུལ་འདིས་བསྟན་འགྲོར་ཕན།
དྲིན་ཆེན་ལོག་པར་བལྟ་འདིས་བསྟན་འགྲོར་གནོད།
བུ་ཁྱེད་ནད་ལས་ཐར་གྱུར་ཅིག་་་ཨ་ཕའི་རེ་འདོད་འགྲུབ་པར་ཤོག་་་ཁ་བའི་ལས་དབང་གསོ་པར་ཤོག་་ཕ་ས་སྨུག་པོ་ལེན་པར་ཤོག་་་