བློ་བཟང་ཡོན་ཏན།
བླ་བྲང་བཀྲ་ཤིས་འཁྱིལ་དུ་དགེ་ཆོས་ཀྱི་སྐབས་སུ་ཡོད་པའི་སའི་གོ་ལ་རིལ་རིལ་གྱི་ས་ཁྲ་ཟླུམ་པོ།
ཁ་སང་གྲོགས་པོ་ཤིག་གིས་ཁ་བརྡའི་དྲ་རྒྱ་སྟེང་བཀོད་པའི་རྩོམ་མིང་ལ་སའི་གོ་ལེབ་ལེབ་དུ་འདོད་པའི་གནའ་བོའི་མཚར་གཏམ་ཟེར་བ་ཞིག་དང། ཁ་ཆེའི་ཀོ་རན་ལས་བཤད་པའི་སའི་གོ་ལ་ལེབ་ལེབ་ཟེར་བ་ཞིག་དང། དེ་གཉིས་ལ་བཏབ་པའི་མཆན་དང་བཅས་བསྐུར་ཡོང་ནས། “་གྲོགས་པོ་ལགས། ས་དཀྲུག་གནམ་དཀྲུག་བྱས་ཚར་འདུག། ད་བྲོས་བསམ་ཡང་ཐར་ས་ཅིག་མི་འདུག”་ཅེས་རྩེད་མཚར་གྱི་ཚུལ་དུ་གསུང་ཞིང། དེ་བཞིན་རྔ་བ་རྒྱལ་ཁམས་པས་བྲིས་བའི་རྩོམ་འདི་ལ་ལན་ཞིག་ངེས་པར་ཏུ་ཡོད་པ་ཞེས་བྲིས་འདུག་པས། བློ་ཞིབ་མོ་དང་དྲང་བོ་ཞིག་གིས་རྩོམ་དེ་གཉིས་ཀློག་པ་ཡིན། སྤྱིར་བཏང་རྩོད་པའི་ཆེད་དུ་རྩོད་པ་འདྲ་བརྒྱབ་ན་ཡོང་རྒྱུ་དང་ཐོབ་རྒྱུ་ཅི་ཡང་མེད་པས་ཁར།་ ཕྱོགས་གཉིས་ཀས་ཆུ་ཚོད་འཕྲོ་བརླག་ཏུ་འགྲོ་བ་ལས་གཞན་ཅི་ཡང་མ་ཡིན། དེ་བཞིན་ཁ་ཅིག་གིས་དགེ་ཆོས་ལ་བསྟོད་པའི་དཔའ་བོ་ཞིག་གིས་མིང་ཁུར་ཁུལ་དང། བོད་ལའང་ཤ་ཚུལ་ཁུལ་བྱས། ཁ་ཅིག་གིས་”ཁྱེད་ཀྱིས་དགེ་ཆོས་ལའང་དེ་ལྟར་བྱེད་ཀྱིན་ཡིན་ནམ”་ཞེས་ཧ་ལས་བ་སོགས་བྱེད་ཁུལ་བྱས་ཏེ།་དེ་ལ་ཚུལ་བཞིན་དུ་དགག་པ་དང་དོགས་དཔྱོད་སོགས་བྱེད་མཁན་དག་ལ་་བརྙས་བཅོས་དང། འཕྱ་སྨོད། ཐ་ན་སྐད་ཆ་བཤད་ཆོག་མིན་སོགས་ཀྱི་སྐད་ཆའང་བཤད་དེ། དགེ་ཆོས་ལ་རྒྱབ་སྐྱོར་བྱ་ཁུལ་དང། འདོར་ནསྔོན་དུ་ཡོ་རོབ་དང། ཨ་རབ་སོགས་ན་སའི་གོ་ལ་ལེབ་ལེབ་དུ་འདོད་པའི་ལྟ་བ་ཡོངས་གྲགས་ཡིན་པར་སྒྲུབ་ཅི་ཐུབ་བྱས་ནས། དགེ་ཆོས་ཀྱི་མགོ་ལེབ་ལེབ་ཀྱི་སྟེང་ནས་བྱུང་བའི་སའི་གོ་ལ་རིལ་རིལ་ལ་ཁུངས་ཤིག་ཡོད་པ་སྒྲུལ་ཁུལ་བྱེད་བཞིན་ཡོད་མོད།་སྤྱིར་བཏང་མི་དེ་དག་ལ་ཚན་རིག་གི་བདེན་པ་ཟེར་བ་དང། ཁུངས་ལྡན་ར་སྤྲོད་སོགས་ཅི་ཡང་མི་དགོས་པར། ཁོ་ཚོ་ལ་དགོས་བ་ནི་རྒྱབ་ཤ་དམར་པོ་དགེ་ཆོས་ཀྱི་དཔེ་དེབ་དེ་གསུམ་ལས་གཞན་ཅི་ཡང་མེད་པ་གསལ་བོ་རེད། དེའི་ཕྱིར་སེམས་རྣལ་དུ་ཕབ་ནས་བསམ་བློ་བཏང་ན། ཁོ་ཚོའི་སེམས་ཀྱི་ཕྲ་མོ་དུང་དུང་བ་དེའི་ནང་དུ་ད་དུང་ཡང་ཆུང་བྱིས་བའི་དུས་ཀྱི་གྲལ་རིམ་འཐབ་རྩོད་དང། “རྙིང་གཏོར་”གྱི་”སྙིང་སྟོབས་”་དང་”་གསར་བ”་དང་གསར་བརྗེའི་ཀུན་སློང་ཤིག་ལས་གཞན་ཅི་ཡང་མེད་པར་མངོན།
དེ་བཞིན་ཐོག་མར་ལས་དང་པོ་བ་ཞིག་གིས་སྙན་གྲགས་ཅན་དང། ཁུངས་ལྡན་གྱི་ཚན་རིག་གི་ལོ་རྒྱུས་རྣམས་ལ་ཁུངས་མ་བཅོལ། རང་གིས་དེའི་སྐོར་གྱི་དཔེ་དེབ་ཀློག་པ་དང།་སློབ་གཉེར་སོགས་བྱེད་མ་ཐུབ་པའམ་དེ་དག་གི་དོན་གསལ་པོ་ཞིག་མ་གོ། དེ་དག་ལ་ཞིབ་དཔྱད་དང། གནས་ལུགས་ཅི་ཡང་མེད་པར་ད་ལྟ་ཁྱབ་བཞིན་པའི་དྲ་རྒྱ་སྟེང་གི་མཚར་གཏམ་འགའ་རེ་དང་དགེ་ཆོས་ལྟར་དུས་རབས་བཅུ་དགུའི་རྗེས་སུ་བྱུང་བའི་སྒྲུང་གཏམ་ཆབ་སྲིད་དང་འདྲེས་བ་འགའ་ཞིག་དང། ་ལོ་རྒྱུས་དྲི་མ་ཅན་གྱི་བཤད་ཚུལ་ཡོད་པ་དེ་ཚོ་ཚན་རིག་གི་ལོ་རྒྱུས་དངོས་ལ་བཟུང་ཏེ། ཚན་རིག་གི་ལོ་རྒྱུས་དངོས་སུ་འཁྲུལ་ནས་ཕྱོགས་ཀུན་དུ་བཀྲམས།་གནོད་ཚབས་ཆེ་བ་ཞིག་ལ་ནུབ་ཀྱི་ཚན་རིག་ལོ་རྒྱུས་སྨྲ་བ་ཤིག་གི་སྟེང་དུ་མི་ཟད་པའི་སྒྲོ་མདོགས་ཆེན་པོ་ཞིག་བྱས་ནས་དགེ་ཆོས་ལ་ཁུངས་ཡོད་མདོག་མདོག་ཤིག་སྒྲུབ་ཅི་ཐུབ་་བྱ་བཞིན་ཡོད་པ་འདིས། བོད་མི་དམར་སྲུང་བ་དང་གཅམ་བུ་རྣམས་ལ་མགུ་བར་བྱེད་པའི་རྒྱུ་ཞིག་ཏུ་གྱུར་ཡོད་ནའང། བློ་ལྡན་བློ་གཟུ་བོ་རྣམས་ཀྱི་མགུ་བའི་གནས་སུ་ཅི་ཡང་མེད་ཅིང། དེ་བས་རྩོམ་པ་རང་ཉིད་ཀྱང་ཚན་རིག་གི་ལོ་རྒྱུས་འབྲི་མཁན་ཞིག་གིས་དངོས་ནས་མཚོན་ན། ་རང་ཉིད་རང་གིས་སྨད་པའི་ཚུལ་དུ་བསྡད་པ་ཞིག་ཆགས་བསྡད་ཡོད། དེ་ན་སྤྱིར་བཏང་དགེ་ཆོས་ལྟར་ཧམ་བཤད་དང། གཞན་ལ་ཟུར་ཟ་དང། འཕྱ་སྨོད་གཏོང་མཁན་དག་ལ་དོན་དགག་པའི་ཞོར་ལ་ཚིག་ཡང་ཁོ་རང་གིས་བཀོལ་བ་ལྟར་འཕྱ་སྨོད་དང། ཟུར་ཟའི་ཚིག་ལས་བརྩི་བཀུར་བྱ་བ་དང། བསྟོད་པ་འོས་བ་ནི་ནམ་ཡང་མ་ཡིན་མོད། ་ཡང་རྩོམ་པ་པོ་འདིས་་”རྩོམ་ཡིག་འདི་མི་ཁོམ་བའི་བར་གསེང་ཞིག་ནས་འཕྲལ་མར་སྤེལ་སྟབས། ཚིག་དོན་གྱི་ཆ་ལ་སྐྱོན་ཡོད་ངེས་པས་མཁྱེན་ལྡན་དག་གིས་ཡོ་བསྲིང་ཡོང་པའི་རེ་བ་བཅས་རེ་ཞིག་རྫོགས་པར་བྱས་སོ”་ཞེས་ཁེངས་སྐྱུང་དང། བློ་གཟུ་མོའི་གཏམ་ཞིག་གསུང་འདུག་ན།་ཁོ་ལ་བསམ་འཆར་བརྗེ་རེའི་ཚུལ་དང། ལྷག་པར་ལས་དང་པོ་རྣམས་ལོག་ལམ་དུ་ཕྱིན་ན་ལེགས་པོ་མེད་པ་དང། བློ་གཟུ་བོ་དག་པོ་ལ་ཕན་པ་རེ་བྱུང་ན་སྙམ་པས་སྐད་ཆ་འདི་དག་བརྗོད་པར་བྱའོ།
ཐོག་མར། རྔ་བ་རྒྱལ་ཁམས་པས་”ས་གཞི་འདི་དང༌། ཉི་ཟླ་གཟའ་སྐར་སོགས་ཀྱི་ཐད་ཚོད་སྒམ་བྱེད་ཐུབ་པའི་རྟོག་གེ་བ་དང༌། མཚན་ཉིད་པ། ཚན་རིག་པ་སོགས་བྱུང་བ་རེད། ཨི་ཏྲ་ལིའི་མཉན་པ་གྲགས་ཅན་ཁུར་སི་ཁྲོ་སྤིར་ཁོ་ལིམ་བྷ་སིChristopher Columbus) ཞེས་པ་སྤྱི་ལོ་༡༤༩༢སི་པན་ནས་མཚོ་འགྲུལ་གྱིས་ཉིན་གྲངས་༧༡རྗེས་ཨ་རིའི་གླིང་ཕྲན་དུ་འབྱོར་ཞིང༌། མཚོ་འགྲུལ་དེ་ལ་བརྟེན་ནས་སའི་གོ་ལའི་དབྱིབས་རིལ་རིལ་ཡིན་པ་གཞི་ནས་ཤེས་རྟོགས་བྱུང་བར་འདོད་མཁན་ཧ་ཅང་གི་མང་བོ་ཡོད་ཅིང༌།” ་ཞེས་བཤད་པ་འདི་ནི་ཧ་ཅང་གི་མ་དག་པ་ཤིག་ཡིན། ཅི་ཕྱིར་ཞེ་ན། ལྟ་བ་འདི་ཐོག་མར་འདོན་མཁན་ནི་སྐུ་ཞབས་ཝ་ཤིན་ཏུན་ཡ་ར་བུན་གྱིས་Washington Irving ( 1783 – 1859)ཟེར་བ་དེ་ཡིན། ་ཁོས་1828་ལོར་བོད་མིང་དུ་མེ་པ་རཱ་ཛཱ་འམ་ཡང་ན་ཀ་ལམ་པཱ་ཚ་སྟེ་ལྷམ་གྱི་རྒྱལ་བོ་ཞེས་འབོད་པའི་མི་ཚེ་དང། ཁོང་གི་འགྲུལ་བཞུད་ཟེར་བའི་དཔེ་དེབ་ཅིག་བརྩམས་པ་དང། དཔེ་དེབ་ནང་དུ་ཐོག་དང་པོར་ཀ་ལ་པཱ་ཚ་ཡིས་སའི་གོ་ལ་རིལ་རིལ་ཡིན་པར་རྟོགས་པར་བཤད་པ་དང། དཔེ་ཆ་དེ་མ་བརྩམས་པའི་སྔོན་དུ་ནུབ་ཕྱོགས་སུ་སྐད་ཆ་དེ་ལྟ་བུ་གཅིག་ཀྱང་མེད་པ་མ་ཟད། མེ་པ་ར་ཛ་ཁོང་གིས་རྒྱ་གར་དང་ཡོ་རོབ་གཉིས་ཀྱི་བར་ཆོད་དེ་དཀྱིས་ཞག་གིས་ལམ་ནས་བརྩིས་ཡོད་པ་ལོ་རྒྱུས་གང་གི་ནང་དུའང་ཡོངས་གྲགས་རེད། ་ཁོང་བཞུགས་དུས་སའི་གོ་ལ་རིལ་རིལ་དང་ལེབ་ལེབ་ཀྱི་སྐོར་ལ་སྐད་ཆ་གཅིག་ཀྱང་མེད་པ། ཁྱེད་རང་གིས་ལུང་དྲངས་བའི་སྐུ་ཞབས་ཇི་ཧྥི་རེ་ཟེར་བས་དེའི་དཔེ་དེབ་ནང་གསལ་བོ་གསུང་འདུག།དེའི་ཕྱིར་ཁྱོད་ཀྱིས་བཤད་པའི”༡༨༥༣ལོར་པར་སྐྲུན་བྱས་པའི་༼ཁོ་ལིམ་བྷ་སིའི་མི་ཚེ༽ཞེས་པའི་ལོ་རྒྱུས་ཀྱི་ནང༌། ཁོ་ལིམ་བྷ་སིའི་སྐུ་འཚོ་བཞུགས་སྐབས”་ཞེས་བའི་དཔེ་ཆ་དེ་ངས་གོང་དུ་དྲངས་བའི་་སྐུ་ཞབས་ཝ་་ཤིན་ཏུན་ཡ་ར་བུན་གྱི་དཔེ་ཆ་དེ་ཡིན་ན། དེ་ནི་ལོ་རྒྱུས་ཀྱི་དཔེ་དེབ་ཅིག་མ་ཡིན་པར།་ལོ་རྒྱུས་ལས་འཕྲོས་བའི་སྒྲུང་གཏམ་་ཤིག་རེད།
སྐབས་འདིར། ངེས་པར་ཏུ་བརྗོད་དགོས་བ་ཞིག་ལ། བོད་དུ་ཀ་ལམ་པཱ་ཚ་ཡི་མིང་ཐོག་དང་པོ་་དྲངས་ནས་ཁོང་གིས་བྱང་ཨ་རི་རྙེད་མཁན་ཡིན་པར་སྟོན་པ་ནི། ་དགེ་ཆོས་མ་ཡིན་པར་བཙན་པོ་ནོ་མོན་ཧན་བསྟན་འཛིན་འཕྲིན་ལས་(1779-1839) རེད། ཁོང་གིས་”དཔལ་ལྡན་ཤམ་བྷ་ལའི་ཡུལ་གྱི་ཙི་ན་བའི་གྲོང་ཁྱེར་ཏུ་སྐྱེས་བའི་མཁས་བ་ཆེན་པོ་མེ་པ་རཱ་ཛཱའམ་མིང་གཞན་ཀ་ལམ་པཱ་ཚ་སྟེ་ལྷམ་གྱི་རྒྱལ་བོ་ཞེས་བྱ་བ་བྱང་གླིང་ཏུ་སོང་སྐབས་ཐོག་མར་པཱ་ཀམ་ཟེར་བའི་གླིང་དེར་སླེབས་པ་ཡིན་ནོ།”ཞེས་གསུངས་བ་དང། དེ་བཞིན་ཁོང་གིས་རྒྱལ་ཁམས་ཨི་ས་སཱ་ནི་ཡ་ཟེར་བ་དང། དེང་དུས་ཡོངས་གྲགས་སུ་སི་ཕན་ཞེས་འབོད་པའི་རྒྱལ་ཁམས་དེའི་སྐོར་གླེང་སྐབས་སུ།་ལྷམ་གྱི་རྒྱལ་བོ་ལ་ཡུལ་དེའི་རྒྱལ་བོས་རྒྱུ་དང་འབྱོར་བའི་སྤྱར་ཏེ། གླིང་བཞི་ལ་སྐོར་བ་བྱས་ནས་འཇིག་རྟེན་ཁམས་ཀྱི་རྣམ་བཞག་རྒྱས་བ་བརྩམས་ཞེས་གསལ་བོ་གསུངས་འདུག།་་སྐད་ཆ་འདི་ལྟ་བུ་བོད་ཀྱི་དམར་སྲུང་དམག་དག་གིས་དགེ་ཆོས་ཀྱི་སྔོན་དུ་བོད་ཀྱི་མཁས་བ་ཞིག་གིས་དེ་འདྲ་བཤད་པ་ཡོད་སྲིད་ཀྱིན་མ་རེད་ཅེས་ཡིད་མི་ཆེས་བའམ། ཡང་ན་འདི་ནི་དགེ་ཆོས་ཀྱི་བཤད་པ་རེད་ཅེས་བཙན་པོའི་འཛམ་གླིང་རྒྱས་བཤད་དགེ་ཆོས་ཀྱི་གསུང་རྩོམ་ནང་བཅུག་པ་བཙན་པོ་འཛམ་གླིང་རྒྱས་བཤད་ཡང་དགེ་ཆོས་ཀྱི་གསུང་ནང་དུ་མཇུག་སྲིད་པ་ཞིག་རེད། ཡང་་ངས་སྐད་ཆ་འདི་བཙན་པོས་གསུང་བ་ཡིན་པའི་སྒྲུབ་བྱེད་ལོ་ཚིགས་དང་བཅས་ཁྱེར་ཡོང་ན། ཡང་ཁོ་ཚོས་འདི་ནི་རྙིང་བ་ཤིག་རེད་ཅེས་མེ་ལའང་བསྲེགས་སྲིད་མོད།བཙན་པོའི་སྐད་ཆ་འདི་འདྲ་བློ་ལྡན་གཟུ་བོ་གནས་བར་དག་ལ་མི་ཟད་པའི་དགའ་བ་སྐྱེས་དགོས་བ་ཞིག་དང། སྤོབས་པ་སྐྱེས་དགོས་བ་ཆགས་བསྡད་ཡོད།་ཅི་ཕྱིར་ཞེ་ན། དགེ་ཆོས་རྒྱ་གར་ཏུ་གོམ་པ་མ་སྤོས་བའི་ལོ་བརྒྱ་ཙམ་སྔོན་དུ་བོད་ཀྱི་མཁས་བ་ཤིག་གིས་ཀ་ལམ་པཱ་ཚ་སྟེ་ལོ་རྒྱུས་གསུང་ཡོད་པ་ནི།བོད་ལམཚོན་ན་ལོ་རྒྱུས་གལ་ཆེན་པོ་ཤིག་མཚོན་ཡོད་པ་རེད།་སྔོན་གྱི་བོད་ཀྱི་མཁས་བ་རྣམས་ཡང་འཛམ་གླིང་ལ་དོ་སྣང་ཡོད། ་ཧ་གོ་མཁན། དེ་དག་ལ་ཚུལ་བཞིན་དུ་དཔྱད་མཁན་འགའ་མཚོན་གྱིན་ཡོད་པ་རེད།་དེ་བཞིན་བཙན་པོས་ཡོ་རོབ་རྣམས་ཤམ་བྷ་ལའི་ཡུལ་དུ་ངོས་འཛིན་མཛད་པ་སོགས་ཀྱི་གཏམ་རྒྱུད་ངོ་མཚར་ཅན་འགའ་རེ་ཡང་ང་ལ་བཤད་རྒྱུ་ཡོད་མོད། དམར་སྲུང་དམག་དག་ལ། དགེ་ཆོས་ཀྱི་དཔེ་དེབ་དམར་པོ་གསུམ་ལས་གཞན་ཅི་ཡང་མི་དགོས་བས་ད་ལྟ་རེ་ཞིག་མཚམས་འཇོག་གིན་ཡིན།
རྔ་བ་རྒྱལ་ཁམས་པས”དེང་རབ་ཀྱི་ལོ་རྒྱུས་སྨྲ་བ་སྐུ་ཞབས་བྷིར་ཁྲོན་ར སིལ་ Jeffrey Burton Russel (1934) མཆོག་གིས་ཁོ་ལིམ་བྷ་སིས་ཨ་རི་མ་རྙེད་ཡར་སྔོན་དུ་ས་གཞི་རིལ་རིལ་ཡིན་པར་རྟོགས་མཁན་ཧ་ལམ་མེད་ཅིང༌། མི་རྣམས་གནའ་བོའི་༼མུན་བསྐལ༽གྱི་རྨོངས་དད་ལྟ་ཚུལ་ནང་ཕྱིར་སྣུར་བྱས་པས། གནའ་བོའི་དགུ་རིག་དག་གི་ས་གཞི་རིལ་རིལ་གྱི་ཤེས་བྱ་བོར་བརླག་ཏུ་སོང་ཞིང༌། ཁོ་ལིམ་བྷ་སིའི་དུས་ཚན་རིག་དང་མཐུན་པའི་ས་ལྒང་རིལ་རིལ་ཞིག་རྙེད་པར་བཤད་༌།”ཅེས་བཤད་པ་ནི། ཇི་ཧྥི་རེ་གསུང་ལ་མི་ཟད་པའི་ལོག་འགྲེལ་བརྒྱབ་པ་ཤིག་རེད། ཁོང་གིས་་སྐད་ཆ་འདི་ལྟ་བ་ཞིག་ནམ་ཡང་བཤད་མེད་ཅེས་ངས་ཚིག་ཐག་བཅད་ནས་བཤད་ཐུབ།་སྐུ་ཞབས་ཇི་ཧྥི་རེ་ནི། བཙན་པོས་ཀ་ལི་ཕི་རྣི་ཡ་ཞེས་འབོད་པའི་མངལ་སྡེ། དེང་དུས་ཨ་རིའི་ཁུལ་ལྔ་བཅུ་ནང་གི་ཡ་གྱལ་ཀ་ལི་ཕི་རྣི་ཡ་ཟེར་བའི་མངའ་སྡེ་དེའི་སློབ་ཆེན་ཞིག་ཏུ་ཆོས་ཀྱི་ལོ་རྒྱུས་ཀྱི་དཔེ་ཁྲིད་སོགས་བྱས་ཏེ། ད་ལྟ་ལས་འཁྱུར་ངལ་གསོ་བྱ་བཞིན་པ་དང། ཁོས་ནུབ་ཀྱི་ཆོས་དང། ཚན་རིག་གི་ལོ་རྒྱུས་སྐོར་ལ་དཔེ་དེབ་འགའ་ཤས་བྲིས་ཡོད་པ་དེའི་དག་གི་ནང་ནས་སའི་གོ་ལ་ལེབ་ལེབ་གསར་གཏོད་དང་དེང་རབས་ཀྱི་ལོ་རྒྱུས་སྨྲ་བ་རྣམས་་Inventing the Flat Earth: Columbus and Modern Historians ཟེར་བའི་དཔེ་དེབ་དེ་ནི་སྐབས་འདིར་བརྗོད་བྱ་རུ་གྱུར་ཡོད་པ། སྐབས་འདིར་དཔེ་དེབ་དེའི་ནང་དོན་རྣམས་ཅུང་རྒྱས་བར་ངོ་སྤྲོད་བྱེད་ན་འགྲིག་མོད། འདིར་ལྟ་བུའི་ཆ་ཚོད་དང། དཀའ་ལས་ཡང་བྱེད་མི་དགོས་བར། འདི་སྐུ་ཞབས་ཇི་ཧྥི་རེས་དཔེ་དེབ་དེ་ལས་འཕྲོས་བའི་གསུང་བཤད་ཅིག་ཁོང་གིས་ཕྱི་ལོ་༡༩༩༧་ཨ་རིའི་སློབ་ཆེན་ཞིག་གི་ནང་གནང་བ་དེ་དྲངས་ནས། ཁོ་རང་གིས་དངོས་གནས་ག་རེད་ལབ་ཡོད་མེད་དེ་འདི་ལ་བལྟས་ན་གསལ་བོ་རེད། ཁོང་གིས། “ངས་ནས་སྔོན་གྱི་སྐད་ཆ་ཤིག་སྟེ་དུས་རབས་བར་མའི་ནང་དུ་རོམ་གྱི་ཡེ་ཤུ་ཆོས་བ་རྣམས་ཀྱིས་སའི་གོ་ལ་ལེབ་ལེབ་ཡིན་པར་འདོད་པའི་ལྟ་ཚུལ་དེ་ལ་བལྟས་བ་ཡིན། ངས་དེ་དག་གི་ཁྲོད་དུ་སའི་གོ་ལ་ལེབ་ལེབ་འདོད་མཁན་ཞིག་མ་མཐོང་བ་མ་ཟད། རོམ་གྱི་གྲུབ་མཐའ་ལ་ངོ་ལོག་པའི་ངོ་ལོག་གི་གྲུབ་མཐའ་འཛིན་པ་དག་གི་ཁྲོད་དུ་མཐོང་རྒྱུ་མ་བྱུང་ལ། དེ་བཞིན་ཁུ་ཕུ་ནི་ཁུ་དང། ཀ་ལ་ལེ་འོ། ཡང་ན་ཁོ་ཚོའི་རྗེས་སུ་འབྲངས་པ་དག་གིས་ཉི་མ་ནི་གོ་ལའི་་སྐར་མ་ཡོངས་ཀྱི་དཀྱིལ་དུ་འདོད་པའི་གྲུབ་མཐའ་དང། དེའི་སྒྲུབ་བྱེད་དང་བཅས་གསལ་བོ་བཏོན་འདུག་མོད། དེ་ཡང་སའི་གོ་ལ་རིལ་རིལ་གྱི་སྐོར་མ་རེད། དེ་བཞིན་ཕྲན་གྱིས་དུས་རབས་བཅོ་བརྒྱད་པའི་མཚན་ཉིད་རིག་པ་བ་ཡེ་ཤུ་ཆོས་ལ་སྡང་བ་དག་གི་ཁྲོད་དུ་ཡེ་ཤུའི་སའི་གོ་ལ་ལེབ་ལེབ་རེད་ཅེས་འདོད་པའི་སྐད་ཆ་ཞིག་རྙེད་རྒྱུ་རེད་བསམ་མོད། དེ་ལའང་ཚིག་གཅིག་ཀྱང་མི་འདུག། དེ་བས་ད་དུང་ཡང་ཐོག་དང་པོ་ཡེ་ཤུའི་སའི་གོ་ལ་ལེབ་ལེབ་དུ་འདོད་པའི་སྐད་ཆ་དེ་གང་ནས་བྱུང་བ་ཡིན་ནམ་ཞེས་ཡ་མཚར་བཞིན་ཡོད། ༡༨༣༠་སྔོན་ལ་མི་སུས་ཀྱང་དུས་རབས་བར་མའི་མི་དག་གི་སའི་གོ་ལ་ལེབ་ལེབ་འདོད་གིན་རེད་ཅེས་བསམ་ཡོད་པ་མ་རེད།”་ཅེས་གསལ་བོ་དག་པོ་གསུང་ཡོད་པ་བཞིན། སྔོན་གྱི་དུས་ནས། ཡོ་རོབ་དུ་སའི་གོ་ལ་ལེབ་ལེབ་འདོད་མཁན་ཧ་ལམ་མེད་པ་མ་ཟད། དགེ་ཆོས་ཀྱི་རྙོག་བཤད་ལྟར། དེ་ལྟར་བཤད་ན་མེ་ལ་བསྲེགས་པའི་ལོ་རྒྱུས་ཤིག་ཡོ་རོབ་ཀྱི་ལོ་རྒྱུས་སུ་བྱུང་ཡོད་པ་མ་རེད་
སྐུ་ཞབས་ཡན་ཐོ་ནི་འོ་ཇམ་ལི་ཁྲོ་ནན
ཡིན་ནའང་དུས་རབས་བཅུ་དགུ་བའི་ནང་དུ།་བཙན་པོ་ནོ་མོན་ཧན་གྱིས་ཕྲེམ་ཀྵ་འམ་སྤ་རནྐྵ་དེང་དུས་ཡོངས་གྲགས་སུ་ཧྥ་རན་སའི་རྒྱལ་ཁམས་དུ་འབོད་པའི་དེ་རུ་སྐྱེས་བའི་སྐུ་ཞབས་ཡན་ཐོ་ནི་འོ་ཇམ་ལི་ཁྲོ་ནན་Antoine-Jean Letronne (1787-1848)ཟེར་བ་དང། ཨ་རིའི་སྒྲུང་གཏམ་རྩོམ་པ་པོ་ཝ་ཤིན་ཏུན་ཡ་ར་བུན་གྱིས་ཁུངས་ལུང་དང་རྒྱུ་མཚན་ཅི་ཡང་མེད་པར་དུས་རབས་བར་མའི་ནང་དུ་རོམ་གྱི་ཆོས་བ་དག་གིས་སའི་གོ་ལ་ལེབ་ལེབ་དུ་འདོད་ཅེས་ཐོག་མར་བསྒྲགས་པ་དང། ཀ་ལམ་པཱ་ཚ་ནི་ཐོག་དང་པོ་སའི་གོ་ལ་རིལ་རིལ་ཡིན་པར་རྟོགས་མཁན་ཡིན་ཞེས་སྒྲུང་གཏམ་དང་ལོ་རྒྱུས་འདྲེས་མ་ཅན་གྱི་སྐད་ཆ་དེ་བཤད་པའི་མགོ་བརྩམས། དེ་ནས་རིམ་གྱི་ཁམ་ཟམ་གཙུག་ལག་སློབ་གྲ་ཆེན་མོའི་ཐོར་ནི་ཐེ་གྲ་ཚང་གི་མཁས་བ་་ཨོ་ལན་ཝེ་ཝར་་William Whewell (24 May 1794 – 1866)་གྱིས་ཐོག་མར་ཡུ་ཤེ་ཆོས་བ་སྟོང་ཕྲག་མང་པོ་ནང་ནས་སྔོན་གྱི་རྟོག་གེ་སྨྲ་བ་མིང་ལ་ལ་ཁོ་ཐན་ཐོ་སི་་Lactantius དང་ཁོ་སི་མ་སི། ཡི་དི་ཁོ་ཕུ་ལོ་སི་ཐུ་སི ་ Cosmas Indicopleustes,་གཉིས་ཀྱི་མིང་་ཆེད་དུ་བཏོན་ནས།་དུས་རབས་བར་མའི་ནང། ཡེ་ཤུའི་ཆོས་འཛིན་པ་དག་གི་ཁྲོད་དུ་སའི་གོ་ལ་ལེབ་ལེབ་དུ་འཛིན་པར་འདོད་མཁན་མང་པོ་ཡོད་པར་བཤད་པ་དང། ་ལྷག་པར་ཏུ་དེའི་རྗེས་སུ་ཐོར་ནི་ཐེ་གྲ་ཚང་གི་མཁས་བ་ཆེན་པོ་ཏར་ཝུན་གྱི་སྐྱེ་བའི་དངོས་བོ་འགྱུར་བ་ཅན་གྱི་གྲུབ་མཐའི་ལུགས་བཏོན་པ་ན། ལྟ་བ་དེ་ནི་ཡི་ཤུ་དབང་ཕྱག་གིས་འཇིག་རྟེན་བཟོས་བར་འདོད་པའི་གྲུབ་མཐའ་དང་མི་མཐུན་པར་བྱུང་བར་བརྟེན། ་ཏར་ཝུན་གྱི་རྗེས་སུ་མཇུག་པའི་མཁས་བ་ཁ་ཅིག་གིས་ཡི་ཤུ་ཆོས་བ་རྣམས་ལ་སའི་གོ་ལ་ལེབ་ལེབ་ཏུ་འདོད་པའི་ལྟ་བ་མཁྲེགས་འཛིན་མཁན་དང། བླུན་པོ་ཅེས་སོགས་མིང་དུ་བཏགས་ནས། རིག་གསར་སྐབས་སུ་དམར་དམག་དག་གིས་བསམ་བཞིན་ཏུ་མཁས་བ་དག་ལ་སྐྱོན་བཙུགས་པ་ནང་བཞིན། གཏམ་དེ་འདྲ་གང་སར་བསྒྲགས་པའི་མགོ་ཚུགས་པ་རེད། ཡིན་ནའང་ནུབ་ཀྱི་ལོ་རྒྱུས་ཤེས་པའི་མཁས་བ་ཕལ་ཆེ་བས་འཆལ་གཏམ་དེ་དག་ནི་བསམ་བཞིང་དུ་བཟོ་བའི་རྫུན་ཤིག་ལས་བདེན་པ་ཡིན་བསམ་པ་ནམ་ཡང་བཟུང་མེད། ་དེའི་རྗེས་སུ་སའི་གོ་ལ་ལེབ་ལེབ་ཀྱི་ལྟ་བ་འདི་བྱིས་སྒྲུང་ལྟ་བུ་ཆགས་ནས། བྱིས་པའི་སྒྲུང་ནང་དུ་མང་དུ་མཐོང་རྒྱུ་ཡོད་ཅིང། དེང་དུས་རི་མོ་ལམ་ནས་ཀ་ལམཔཱ་ཚ་ཡི་སྐྱེས་རབས་སོགས་བྲིས་སྐབས་ཁོའི་སྔོན་དུ་སའི་གོ་ལ་ལེབ་ལེབ་ཡིན་པ་སོགས་ཀྱི་བཤད་སྲོལ་ཡོད་ལ། ཆོས་ལུགས་ཡ་མ་ཟུང་གི་རྗེས་སུ་ཞུགས་པ་འགའ་ཤས་ཀྱིས་སའི་གོ་ལ་ལེབ་ལེབ་ཡིན་པའི་་སྐོར་གྱི་དཔེ་དེབ། བརྙན་ཐག། ཐ་ན་ཚོགས་འདུ་སོགས་ཡང་ཚོགས་བཞིན་ཡོད་པ་དེ་ལྟར་རེད།
ཡང་རྣམ་དཔྱོད་ཅན་དེས་ཁ་ཆེའི་དམ་པའི་གསུང་རབ་ཀྱི་རྩ་བ་དང་འགྲེལ་བཤད་ཁ་ཤས་དྲངས་ཏེ།་ཁ་ཆེའི་ཆོས་ཀྱི་ལུགས་ལའང། སའི་གོ་ལ་ལེབ་ལེབ་ཏུ་འདོད་མཁན་ཡོད་པར་སྒྲུབ་བཞིན་ཡོད་པ་ལ། ་སྤྱིར་བཏང་ལན་འདེབས་དགོས་བའི་རྒྱུ་མཚན་ཅི་ཡང་མ་མཐོང། དགེ་ཆོས་ཀྱིས་ཀྱང་དེའི་སྐོར་སྐད་ཆ་གཅིག་ཀྱང་བཤད་མེད་པ་མ་ཟད། ཁ་ཆེའི་ཚོས་ག་རེ་ལབ་ཀྱང། དགེ་ཆོས་ཀྱི་སའི་གོ་ལ་ལེབ་ལེབ་སྐོར་གྱི་ཧམ་བཤད་ལ་འབྲེལ་བ་གཅིག་ཀྱང་མི་འདུག་སྙམ། ཡིན་ནའང་ང་ཚོས་མཐའ་གཅིག་ཏུ་ཁ་ཆེ་བ་རྣམས་ཀྱིས་སའི་གོ་ལ་ལེབ་ལེབ་ཏུ་འདོད་པ་རེད་ཅེས་ལབ་ན། དེ་ནི་ལོ་རྒྱུས་དངོས་དང་མི་མཐུན་པ་མ་ཟད། སྔོན་གྱི་ཁ་ཆེའི་མཁས་རྣམས་ལ་སྐུར་བ་བཏབ་པ་ཞིག་ཡིན། ཁ་ཆེ་མཁས་བ་མང་པོ་ཤིག་གིས་སའི་གོ་ལ་རིལ་རིལ་དུ་འདོད།་དཔེར་ན་ཁ་ཆེ་ཆོས་བ་ཡོངས་ཀྱི་མཁས་བའི་གཙུག་རྒྱན་་ལྟ་བུ།སྙན་དངགས་པ་ཆེན་མོ་ཨལ་བུ་རི་ནི་Abū Rayḥān Muḥammad ibn Aḥmad Bīrūnī ( ابوریحان محمد بن احمد بیرونی་ 973 -1048 ) སའི་གོ་ལ་རིལ་རིལ་དུ་འདོད་པ་མ་ཟད།་སའི་གོ་ལ་རིལ་རིལ་འདོད་པའི་རྩིས་ཀྱི་བསྟན་བཅོས་མང་པོ་བརྩམས་ཡོད། སའི་གོ་ལའི་སོ་སོར་ཕྱེ་བའི་རྩིས་ཀྱི་རྣམ་བཞག་ཡང་གཏན་ལ་ཕབ་ཐུབ་པ་བྱུང་སྟེ། སའི་གོ་ལའི་་ཕྱིའི་སྐོར་ཨང་གྲངས་གསལ་བོ་འགོད་ཐུབ་པ་བྱུང་ཡོད། ཁོང་ནི་ཆུ་བྱ་ལ་༩༧༣་ཧོ་ཐོན་ཐོད་དཀར་ཡུལ་ལམ་དེང་དུས་ཧ་སག་ཞེས་འབོད་པའི་རྒྱལ་ཁམས་སུ་འཁྲུངས། ཁོ་རང་ལོ་ཉི་ཤུ་ཙམ་ལ་ཏུ་རུ་ཁའི་རྒྱལ་བོ་སུ་བུ་གཏེ་ཇན་གྱི་བུ་གཉིས་འཁྲུགས་ཏེ། གཅེན་པོ་མ་ཧ་མ་ད་ཡིས་གཅུང་བོ་ཨེ་ས་མེལ་ཕམ་ཏེ་རྒྱལ་ས་ཐོབ་པ་ན། རང་ཉིད་ཁ་ཆེ་ཆོས་ཀྱི་རྒྱལ་བོའམ་སུལ་ཏན་དུ་བསྒྲགས་ཏེ་རྟ་དམག་ཁྲི་གཅིག་དང་བཅས་རྒྱ་གར་ཡུལ་དབུས་སུ་དམག་དྲངས། དེ་ནས་མ་ཧ་མ་ད་ཡིས་ཨལ་བུ་རི་ནི་རྒྱ་གར་ཏུ་ཁྲིད་དེ། རྒྱ་གར་གྱི་ཡུལ་ལུང་ཀུན་འགྲིམས་ནས། རྒྱ་གར་འགྲིམས་པའི་ལམ་ཡིག་དང། དེའི་ལོ་རྒྱུས་ཤིག་བརྩམས་ཡོད་པ་དེའི་སྐབས་སུ་རྒྱ་གར་གི་ལོ་རྒྱུས་རྟོགས་པའི་མེ་ལོང་ཏུ་གྱུར་ཏེ། ཕྱི་ནང་གཉིས་ཀྱི་མཁས་བ་དག་གིས་ཚད་མ་འཛིན་ཤིང། མཚོ་ཆེན་ཐོང་ཀུ་བར་ཏུ་འགྲིམས་ནས་སྔོན་གྱི་རྒྱལ་ཁམས་དག་གི་ལོ་རྒྱུས་ཕྲེང་བ་ཟེར་བ་ཤིག་དང། མ་སོ་དའི་སུལ་ཏན་རྒྱལ་བོའི་སྲས་ཀྱི་བསྟན་བཅོས་ཟེར་བ་ཤིག་བརྩམས་ནས་རྒྱལ་སྲས་མ་སོ་ད་ལ་ཕུལ་བ་ལ། རྒྱལ་སྲས་ཀྱི་གླང་ཆེན་དངུལ་གྱི་རྒྱན་པ་ཤིག་གནང་ཡང་མ་བླངས་བར་བཤད། བསྟན་བཅོས་དེའི་ནང་དུ་སའི་གོ་ལ་རང་འཁོར་རྒྱག་བཞིན་པའི་ལུགས་བཏོན་པ་དང། སྐར་གྱི་རྩ་བའི་རྣམ་བཤད་ཟེར་བ་ཞིག་ཀྱང་བརྩམས་ནས། གསོ་རིག་དང། ས་བཤིས་ཀྱི་སྐོར་བྲིས་བ་དང། སྔོན་གྱི་རྩིས་ཀྱི་བདེ་སྤྱོར་ཟེར་བ་ཤིག་་ལེགས་སྤྱར་གྱི་སྐད་དུ་བསྒྱུར་ཡོད་པར་བཤད་མོད་བོད་དུ་བསྒྱུར་ཡོད་མེད་ནི་མ་ཤེས་་དགུང་ལོ་དོན་ལྔ༡༠༤༨ལ་སྐུ་བཤེགས་པར་བཤད་དོ། མཁས་བ་དེའི་སྐོར་ལ་དགེ་ཆོས་ཀྱི་ཅུང་ཟད་བྲིས་ཡོད་པ་དེ་དག་ཁུངས་དག་མོད། ཡང་ཁོང་གིས་ཇོ་ནང་ཏ་ར་ན་ཐའི་རྒྱ་གར་ཆོས་འབྱུང་ཏུ་གསུངས་བའི་མོ་ལ་ཏན་གྱི་མཁས་བ་འདི་མིན་ནམ་སྙམ་པའི་དོགས་སློང་ཤིག་བྱས་ཡོད་པ་མ་དག་པར་སེམས། ་ཇོ་ནང་བས་གསུང་བའི་སྟག་གཟིག་སོག་པོའི་རྒྱལ་བོ་ཧ་ལ་ལུ་ནི་ཨརྦྷོ་ཨ་ཕུ་རྡོ་ལ་མ་ཧ་མོ་ད་ཡིན་པར་བསམ་ཤིང། ཇོ་ནང་ཆོས་འབྱུང་ལས། དེའི་ཚེ་ནུབ་ཕྱོགས་མོ་ལ་ཏཱ་ན་ཞེས་བྱ་བའི་གྲོང་ཁྱེར་བཱ་ག་ད་ཞེས་པྱ་བར་ཀླ་ཀློའི་སྟོན་པའི་རྗེས་སུ་ཞུགས་བ་སྟག་གཟིག་སོག་པོའི་རྒྱལ་པོ་ཧ་ལ་ལུ་ཞེས་བ་བྱུང་ངོ་ཞེས་བཱ་ག་ད་ཞེས་དངོས་སུ་བྱུང་བ་དང། ཧ་ལ་ལུ་ཞེས་བ་ཨརྦི་ཡི་གེ་རུ་ཆོས་ཀྱི་བདག་པོའམ་ཆོས་ཀྱི་རྒྱལ་བོ་ཟེར་བའི་དོན་ཡིན། འདི་དག་གི་སྐོར་རྗེས་སུ་བདག་གིས་འབྲི་བཞིན་པའི་ཚན་རིག་གི་དཔེ་དེབ་ནང་ཞིབ་ཕྲ་ཡོད་པས་དེ་རུ་གཟིགས་པར་ཞུ།་
ལར་ནས་འདི་ལྟར་བསམ་ན་ཆེས་དགོད་བྲོ་བ་ཞིག་ནི་ཁྱེད་ཅག་གིས་འདོད་པའི་བོད་ཀྱི་མཁས་དབང་ཆེན་པོ། སྔོན་ཆད་མ་བྱུང་བ་ཕྱིས་ཀྱང་འབྱུང་དཀའ་བ་དགེ་ཆོས་ཀྱིས་ནུབ་ཀྱི་བྱིས་སྒྲུང་ཤིག་ཚན་རིག་གི་ལོ་རྒྱུས་ཡིན་ཁུལ་དུ་བོད་ཡིག་ཏུ་བྲིས། དེ་ནས་གཅམ་བུ་དག་གིས་རྩོམ་འདི་ལག་ཏུ་བཟུང་ནས་མཁས་བ་ཆེན་པོའི་ཞེས་བསྟོད་བསྔགས་འདྲ་བྱ་ཁུལ་བྱས། ཡང་ང་འདྲ་བ་ཞིག་གིས་དེ་ལ་དོགས་སློང་འདྲ་བྱེད་ན་དམར་སྲུང་དམག་བཞིན་དུ། ཁྱོད་སུ་ཡིན་ནམ། ཁྱོད་ཀྱི་དགེ་ཆོས་ལ་ཡང་སྡིག་རྒྱུ་ཡིན་ནམ་ཞེས་ཅི་མི་སྙམ་པར་འཐབ་རྩོད་ཤིག་གི་མགོ་རྩོམ་ཡོང་བ་ནི་དངོས་གནས་དགོད་བྲོ་བ་ཤིག་རེད།
མདོར་ན་འདི་ལྟ་བུ་ཤིག་རེད།
མི་ལོ་བརྒྱད་བརྒྱའི་ཡུན་ལ་རྒྱ་གར་ཏུ། མ་སླེབས་ཕྱི་དལ་ཅན་གྱི་རྒྱལ་ཁམས་པ། ནུབ་ཀྱི་ཁྱིམ་ཕྱགས་དངོས་སུ་འཐུ་མཁན་ཞིག།། སྔོན་དུ་མ་ག་ངྷ་རུ་ཡོད་སྐད་ཐོས།
དགེ་ཆོས་ཀྱིས་མི་ལོ་བརྒྱད་བརྒྱའི་ཡུན་ལ་རྒྱ་གར་ཏུ་ཟེར་བའི་ཚིག་འདི་ཡང་མ་དག་པ་ཡིན་ཚུལ་ཤིག་ལོ་རྒྱུས་ཀྱི་ཡིག་ཆ་ཁུངས་མང་པོ་ཤིག་ང་ལ་བཤད་རྒྱུ་ཡོད་། རྗེས་སུ་ག་ལེར་ཡོང་གིན་རེད་།
རྩོམ་ཡིག་འདི་ནི་གྲོགས་པོ་ཞིག་གི་རེ་འདོད་བཞིན་གཤམ་གྱི་ལྷ་ས་བར་སྐོར་དྲ་ཚིགས་ལས་བཤུས་པ་ཡིན།
http://www.lhasabarkhor.com/lhasa-barkhor-blog
བཀྲ་ཤིས་བདེ་ལེགས། །
I’m will be looking forward to the publication of his book on western science history.
བོད་ཡིག་གི་དྲ་བ་འདིར་བོད་ཡིག་བྲིས་ན་ཧྲ་ནི་རེད། ཡིག་རིགས་གཞན་ཆར་ཆོར་རེ་འབྲི་ཤེས་ནི་ལོས་ཡོད་ཀོ།
ཨ་ཤུ་རེ་གོ
རྨི་ལམ་ངན་པ། །
ན་མོ་གུ་རུ་བྷྱ། །
སད་རྨི་བར་དོའི་འཇིགས་རུང་ཕྲེང་ལ། །
བསླུ་མེད་གཏན་གྱི་སྐྱབས་གནས་མཇལ་ཡང་། །
མི་འདོད་བར་ཆད་རླུང་ནག་འཁྲིགས་ནས། །
གར་འགྲོའི་མདུན་ལམ་མུན་པས་སྒྲིབ་ཐལ། །
མངར་མོ་ཟས་ཀྱི་བསླུ་ཁྲིད་འོག་ནས། །
དམ་གཙང་གངས་སེང་གཡུ་རལ་ཉམས་ཞིང་། །
མི་འདོད་ཉི་མ་ཆུ་ལྷར་ཕྱོགས་པའི་། །
འཁྲུལ་བའི་རྨི་ལམ་སེམས་པ་སྐྱོ་བ། །
སྲིད་པ་གངས་ལྷའི་སྤྱན་ཆབ་དྭངས་མོས། །
གོ་ལ་ཧྲིལ་བོ་བརླན་གྱིས་ཁྱབ་ཀྱང་། །
མི་འདོད་སྲིན་མོ་དམ་སྲི་དམར་པོས། །
ཁྲེལ་ཚིག་གད་རྒྱངས་སེམས་ཁམས་དཀྲུགས་ཐལ། །
གཡག་མགོ་ཀེང་རུས་ལབ་རྩེའི་ཟུར་ནས། །
ལྷ་གསོལ་ཀླུ་འབོད་བསྐང་གསོལ་བྱས་ཀྱང་། །
མི་འདོད་སྙིང་ཁྲག་རྒྱུ་བ་འགགས་པས། །
ཀླད་ཞོ་དཀར་དམར་མཉམ་དུ་འདྲེས་ཐལ། །
སྲིད་གསུམ་བདག་པོ་ཡ་མན་ཏ་ཀའི། །
འཇིགས་རུང་སྲིན་པོའི་ཁ་རུ་གནས་ཀྱང་། །
མི་འདོད་སྒྲོ་བཀུར་ཁུས་མོ་འབུད་པས། །
ཞི་བདེའི་ཉི་མ་གཟི་མདངས་ཤོར་ཐལ། །
གངས་ཁྲྭའི་གླང་ཆེན་འགྱིང་རིའི་རྩ་ནས། །
ཟ་འདོད་རྔམས་པའི་སྐྱ་མིན་སེར་མིན། །
མི་འདོད་རང་མྱི་དགྲ་ལ་ལོངས་པས། །
ལྷ་ཁང་གྲུ་བཞི་ཁྲག་ཞགས་མཆོད་ཐལ། །
གསང་གསུམ་བཀའ་སྲུང་ལས་ལ་གཉེར་བས། །
གློ་བུར་བར་ཆད་སེལ་ཐབས་མེད་ན། །
མི་འདོད་དགྲ་བོ་དགའ་བའི་སྟོན་ཆེན། །
འཁྲུལ་བའི་རྟོག་པ་ཟིང་ཟིངས་རྨིས་ཐལ། །
ཤུགས་དྲག་ཁྲག་རླུང་སྟོད་ལ་འཚང་ནས། །
ཤུགས་རིང་ན་ཚས་སྒྱུ་ལུས་གནར་བས། །
མི་འདོད་འོག་འགྱུ་ཚ་བརླབས་འཕྱུར་བ། །
སྙིང་ནད་འདི་འདྲ་སྲིད་ན་དཀོན་པ། །
འགྲོ་ཀུན་སྡིག་སྡུག་བདག་ལ་སྨིན་ནས། །
ཞི་བདེའི་ཉི་མ་སེམས་ཀྱི་རང་བཞིན། །
མ་ལུས་འགྲོ་བའི་རྒྱུད་ལ་འཕོས་པའི། །
དངོས་གྲུབ་རྣམ་གཉིས་མཆོད་སྦྱིན་འབུལ་ལོ། །
ཞེས་པ་༢༠༠༩ ༡༢ ༢༨ཉིན་ཐོ་རངས་ལ་མྱུར་བྲིས་བགྱིས་པ་ཡིན་ནོ། །
འདི་ལ་གོ་རྒྱུ་ཆེན་པོ་ཞིག་ཡོད་སྙམ་མོ། རྨི་ལམ་གྱི་རྐྱེན་ལ་བསྟེན་ན་པ་ཞིག་ཡིན་ཀྱང་
གྲོགས་པོ་ཚོ་ལ་དཔྱད་གཞི་ཙམ་དུ་ཤྲྰིས་གུས་ཕུལ། །
ཨ་་་ཧ་ཧ་ ། ཡང་བློ་ཡོན་གྱིས་སྒྱོགས་ཆེན་ཞིག་འཕངས་འདུག་ཀ བློ་ཡོན་འདིས་ཚན་རིག་མཁས་དབང་དང་བསམ་བློ་བ། གསར་བཏོད་པ་དགེ་ཆོས་ཚང་ལ་བཟོད་དཀའ་བའི་ཟུར་བྱས་འདུག་པས། རྒྱལ་ཁམས་པ་དང་དགེ་རབ།ཕྱག་གཉིས་པ་སོགས་ཀྱིས་གནད་ལ་ཁེལ་བའི་བགྲོ་གླེང་གི་ལན་རེ་་གནང་ཐུབ་པའི་རེ་བ་ཡོད་དྰ།
NASA དང་ EESA མཉམ་སྦྲེལ་གྱིས་རང་རེའི་འཇིག་རྟེན་ཙམ་མ་ཟད་སྟོང་གསུམ་གྱི་འཇིག་རྟེན་བྱེ་བ་ཕྲག་དང་བཅས་པ་བརྙན་པར་དུ་བཀོད་ནས་མ་རེད་ཟེར་ས་མི་འགྲོ་བའི་དུས་ལ་སླེབས་སྐབས་སུའང་ད་དུང་འཇིག་རྟེན་ལེབ་ལེབ་ཡིན་མིན་གྱི་རྩོད་ཐག་མ་ཆོད་པར་སྡོད་པ་འདིས་ཡང་སྙིང་རྟགས་ཅི་ཞིག་སྟོན་གྱི་ཡོད་ཟེར་ན་ཅི་ཙམ་གྱིས་སྨག་སྟུག་ན་དེ་ཙམ་གྱིས་འོད་གསལ་ཞེས་པ་ལྟར་དགེ་ཆོས་ལ་དོན་མེད་འུར་སྟོད་བྱེད་མཁན་ཚོའི་སྐྱོན་ཡིན་པ་ལས་དགེ་ཆོས་རང་ཉིད་ཀྱི་ཉེས་པར་མིན་པར་་སེམས།
གསལ་བོར་བཤད་ན་དགེ་ཆོས་དུས་རབས་ཀྱི་བོད་མིའི་འཇིག་རྟེན་ལྟ་ཚུལ་གྱི་གོ་རྟོགས་ཙམ་ལ་ཐུག་པ་ལས་བོད་མི་རིགས་སྤྱིའི་འཇིག་རྟེན་ལྟ་ཚུལ་ནི་ཟབ་ཅིང་གཏིང་ལ་ཚན་རིག་དང་མཐུན་པ་ཞིག་ཡིན་ཞེས་བཤད་ཆོག ལོ་ངོ་ཆིག་ཁྲི་དགུ་སྟོང་གི་ལོ་རྒྱུས་ལྡན་པའི་གཡུང་དྲུང་བོན་གྱི་རྒྱལ་རབས་ཅིག་ན་་་་ཐོག་མ་གསེར་གྱི་སྒོ་ང་ཆེན་པོ་ཞིག་རྡོལ་ཚུལ་ནས་གསུངས་ཡོད་པ་ལྟ་བུ་རེད།
མ་ཟད་བོན་གྱི་རྗེས་སུ་བྱུང་བའི་བོད་ཀྱི་མཁས་པ་ཕལ་མོ་ཆེས་ཀྱང་འཇིག་རྟེན་ནི་ལེབ་ལེབ་དང་གྲུ་བཞི་གང་དུ་ཡང་གསུངས་མེད། འཇིག་རྟེན་གྱི་དབྱིབས་འདི་ཙམ་ཞེས་ཐག་བཅད་མེད་ན་ཡང་འཇིག་རྟེན་གྱི་ཕྱོགས་བཞི་དང་མཚམས་བརྒྱད། སྟེང་འོག་དང་བཅས་པའི་མཐའ་ཡོངས་སུ་སྟོང་ཞིང་བར་ཐག་ངེས་ཅན་ཞིག་ན་འཇིག་རྟེན་གཞན་དང་གཞན་གྱིས་གྲངས་གིས་མི་ཟིན་པ་གསུངས་ཡོད།
ད་མང་པོ་མང་པོ་ཞིག་གླེང་མི་དགོས་ནི་ཡིས། ་སྐབས་སུ་ཞུ་འདོད་པ་ནི་བློ་བཟང་ཡོན་ཏན་ལགས་ནས་དགེ་ཆོས་ཞེས་པའི་མིང་དེ་རྩོམ་ནང་དུ་མ་ཡོང་བའི་ཐོག་ནས་འཇིག་རྟེན་དང་ཚན་རིག་སྐོར་གི་གླེང་མོལ་མང་ཙམ་ཞིག་བྱ་ཐུབ་ན་རྒྱ་ཆེའི་ཀློག་མཁན་དག་ལ་ཐུགས་ཕན་དང་བློ་སྐྱེད་གསར་བ་རེ་ཡོང་ཁོ་ཐག་རེད།
ཧཧཧཧ
ངོ་མ་ཚིག་ཐག་ཆོད་པའི་སྒྲུབ་བྱེད་མང་བོ་ཞིག་བཏང་སྟངས་ལ་བལྟས་ན་གནས་ལུགས་དང་ཉེ་བའི་རྟགས་ཡིན་ན་བཟང་གི།་་་་་་་་་གང་ཌྷལྟར་སྒྲུབ་བྱེད་གཙོ་བོ་ལྷ་སྐུ་རྙིང་བ་ཞིག་མདུན་དུ་ས་ཁྲ་ཟླུམ་པོ་ཞིག་ཡོད་པ་དེ་རེད་འདུག
ཁྱེད་ཀྱིས་བླ་བྲང་དུ་དགེ་ཆོས་བཞུགས་སྐབས་ས་ཁྲ་ཟླུམ་པོའི་དཔེ་རིས་ཡོད་ཚུལ་སོགས་བཀོད་པ་འདུག་པ་དེ་དཔེ་གསར་ས་ཁྲ་འདི་འདྲ་ཞིག་ཡིན་པ་རེད་དྲན་མ་བྱུང།
རྡོ་སྦིས་བློ་བཟང་ཡོན་ཏན་ཟེར་བ་འདིས་ལུང་རིགས་ཀྱིས་སྒྲུབ་བྱེད་ཟེར་ནོ་རྡོ་སྒྲིག་སྒྲིག་བྱས་འདུག་གཱ ཁྱེད་ཀྱི་རྩོམ་ཡིག་སྔ་རྗེས་སུ་བཀླགས་དང་ཀློག་བཞིན་ཡོད། བློ་སྐྱེད་ཆེན་པོ་རེ་སྤྲད་པ་མ་ཟད། མ་ཤེས་རྨོངས་པ་རེ་ཡང་སངས་སུ་བཅུག་སོང་བས་ཁྱེད་ལ་ཐུགས་རྗེ་ཆེ་ཞུས་པ་ཡིན།
འདི་ལ་ http://www.lhasabarkhor.com/Home གཟིགས་དང་། འདི་ན་གོ་ལ་རིལ་རིལ་འདིའི་ཕྱོགས་གཞན་པ་ཞིག་རིག་ཐུབ་ཀི
མདོ་སྨད་བླ་བྲང་དུ་ཡོད་པའི་སའོ་གོ་ལ་རིལ་རིལ་དེ་ཚོགས་ཆེན་འདུ་ཁང་ངམ་གང་ཞིག་ཏུ་ཡོད་པ་རེད། དྲ་གྲོགས་སུ་ཞིག་གིས་ང་ལ་ལན་ཞིག་གསུངས་དང་།
རྟ་མཆོག་གི་སྒོ་ང་དང་འབྲུག་གི་སྒོ་ང་ཡོད་ས་དེའི་རྒྱབ་ལོག་ན་ཡོད་པ་རེད། འོན་ཀྱང་སྒོ་ང་དེ་གཉིས་ནི་དེང་སང་བཤད་ན་ཨ་ཧྤི་རི་ཀའི་བྱ་ཆེན་པོ་དེའི་སྒོ་ང་རེད་ཟེར།
ཨོ་ཡ། ཟླ་བ་གཞོན་ནུ་ཁྱོད་བཟང་ཐལ། ང་ད་སོང་ནས་ཅིག་བལྟ་ཡོང་།
ཁྱོད་ཀྱི་མཐོང་རྒྱ་ལ་ཡིད་སྨོན་ཡོད། ཚན་རིག་ལོ་རྒྱུས་དེ་ག་དུས་སྤར་མིན་དང་། གང་ནས་རེག་མིན་སོགས་ཀྱི་ཐད་ངོ་སྤྲོད་རེ་ཐུབ་ན་ཕན་ཐོག་ཆེ།
ད་ཐེངས་ད་བློ་བཟང་གི་རྩོམ་འདིས་རྔ་བ་རྒྱལ་ཁམས་པ་ཁོང་ལ་དཀའ་ངལ་ཅུང་བྱིན་སོང་ནི་ཡིན་ས་རེད་ཀོ
རྒྱལ་ཁམས་པ་ཁོང་མ་སླེབས་ནས་ཉིན་ཤས་བུད་ཐལ།
ཨ་ཁ་ཁ།
རྩོད་པའི་ཐོག་ནས་སུ་ཕམ་དང་སུ་རྒྱལ་ལ་གནད་དོན་ཆེན་པོ་མི་འདུག རྩོད་པ་འདིའི་བརྒྱུད་རིམ་གྱི་ཁྲོད་ནས་མི་མང་པོ་ཞིག་ལ་དོ་སྣང་གསར་པ་ཞིག་དང་། གོ་རྟོགས་གསར་པ་ཞིག ལྟ་ཚུལ་གསར་པ་ཞིག་ཀྱང་ཡོང་ཐུབ་པའི་རེ་བ་འདུག གནད་དོན་འདིའི་ཐོག་བགྲོ་གླེང་བྱེད་མཁན་ཡོངས་རྫོགས་ལ་ཐུགས་ཆེ་ཞུ།
འདིར་ས་སྒང་རིལ་རིལ་དང་ལེབ་ལེབ་གང་ཡིན་འདོད་མཁན་སོ་སོའི་གཞུང་ལུགས་ཀྱི་བྱུང་རབས་དང་རིག་པའི་ཐོག་རྩོད་པ་བྱེད་པ་ལས། ས་སྒང་རིལ་རིལ་དང་ལེབ་ལེབ་གང་ཡིན་སུ་གང་གིས་ཀྱང་རྩོད་པ་བྱེད་ཀྱི་མེད་པ་ཡང་ཤེས་དགོས་མཁན་ཡང་འདུག
གོང་གི་ས་ཁྲ་འདི་ཕར་བལྟས་ཙམ་གྱིས་དུས་ཕྱིས་སུ་བཟོས་པའི་ས་ཁྲ་ཞིག་ཡིན་པ་ཐག་གིས་ཆོད། ས་ཁྲ་འདི་དགེ་ཆོས་ཀྱི་སྐུ་དུས་སུ་བླ་བྲང་དུ་ཡོད་པ་བདེན་སྲིད་ཀྱང། གཞན་པའི་མི་རིགས་ཀྱིས་ས་ལྒང་ཟླུམ་པོ་ཡིན་པ་ཐག་བཅད་ནས་བཟོས་པའི་མཚོན་བྱེད་རིལ་རིལ་འདི་ལ་དགེ་ཆོས་དང་མི་ཐོག་མཉམ་པའི་བོད་མི་ཚོས་ལྟ་ཚུལ་ཅི་ཡོད་ང་ཚོས་ཕལ་ཆེར་རྟོགས་ཐུབ། ངས་བསམ་ཚུལ་བྱས་ན་བོད་ཡུལ་སྤྱི་དང་ལྷག་པར་དུ་དགོན་པ་ཆེ་ཁག་ཏུ་གནའ་ནས་ད་བར་མངོན་པའི་ལུགས་ཀྱི་འཇིག་རྟེན་ཆགས་ཚུལ་གྱི་བཤད་པ་དར་ཁྱབ་ཆེ་བར་མ་ཟད། བདེན་གཙིགས་ཆེ་བས་འདི་ས་སྒང་གི་མཚོན་བྱེད་ཡིན་པའི་གོ་རྟོགས་ཙམ་ཡང་ཡོད་མཁན་ཤིན་ཏུ་དཀོན་པོ་ཡིན་རྒྱུ་རེད་ལ། གལ་སྲིད་ས་ལྒང་གི་མཚོན་བྱེད་ཡིན་པའི་མཐོང་ཐོས་ཙམ་ཡོད་པའི་དབང་དུ་བྱས་ཀྱང་། གོང་དུ་དྲ་གྲོགས་ཤིག་གིས་བཤད་ཚུལ་དངོས་བདེན་ཡིན་ན་འདི་དང་མཉམ་དུ་དངོས་པོ་ཁྱད་མཚར་རེ་ཟུང་ཡོད་ཚོད་འདུག ས་སྒང་རིལ་རིལ་རེད་ཟེར་བའི་བཤད་ཚུལ་ནི། རྟ་མཆོག་གི་སྒོ་ང་དང་འབྲུག་གི་སྒོ་ང་དང་མཐོང་བ་དང་འདྲ་བར་ཤིན་ཏུ་ཁྱད་མཚར་ཞིག་ཏུ་ངོས་འཛིན་བྱས་ཡོད་པ་ཐག་གིས་ཆོད། གང་ལྟར་ཡང་བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུས་ཤེས་མ་ཐུབ་པའི་གནད་དོན་དགེ་ཆོས་ཀྱིས་གསལ་པོར་གཟིགས་ནས་གསལ་བཤད་བྱས་པ་འདི་གཟི་བརྗིད་ཆེན་པོ་ཡིན་པ་ང་ཚོ་ཀུན་གྱིས་ཁས་ལེན་མི་བྱ་དགོས་པའི་རྒྱུ་མཚན་གཏན་ནས་མེད།