༄།།རབ་ཏུ་བཀུར་འོས་པའི་བཀའ་ཤག་དང་འཐུས་མི་རྣམ་པའི་མདུན་སར།
ཆེད་དུ་གུས་ཞབས་དང་བཅས་ཞུ་གསོལ།
སྙན་ཞུའི་བརྗོད་དོན་གཙོ་བོ་ནི། གསར་རྙིང་གི་ལྟ་ཚུལ་ཕྱོགས་རིས་པ་ཞིག་མ་ཡིན་པར་མ་འོངས་གཞིས་བྱེས་གཉིས་ཀྱི་མཐུན་འབྲེལ་དང་། བཀའ་ཁྲི་གསར་བའི་ཁས་བླངས་པའི་དམ་བཅའ་གསུམ་པོ་དང་འབྲེལ་བ་གཏིང་ཟབ་ཡོད་པ། ད་ལྟའི་རང་གཞུང་གི་ཁ་ཕྱོགས་སམ་གཉིས་སྨན་དབུ་མའི་ལམ་དེ་ཉམས་སུ་ལེན་ཐུབ་མིན་གྱི་ཚོད་ལྟའི་མཚན་གཞིའི་དཔེ་མཚོན་ངོ་མ་ཞིག་ཏུ་ངོས་འཛིན་བྱ་ཆོག་པའི་བརྗོད་བྱ་རྡོག་པོ་ཞིག འདིར་གང་ཟག་སྒེར་བ་ཞིག་གི་སྨྲ་བརྗོད་རང་དབང་གི་གཞི་རྩའི་ཐོབ་ཐང་དེ་ཉིད་ལོངས་སྤྱོད་དང་བཅས་བརྗོད་དོན་ནི། གཞིས་ཆགས་གཙོས་གསར་འབྱོར་བ་ཁག་ཅིག་མཉམ་པོར་ཨ་རིར་གཏོང་དགོས་པའི་བསམ་ཚུལ་ཞིག་བཏོན་པ་དེའོ།། རྒྱུ་མཚན་ནི། གལ་ཏེ་གཞིས་ཆགས་གཅིག་པོ་བཏང་ན་སྐྱོན་མང་བོ་ཡོད་པ། དཔེར་ན། བོད་སྟོད་པའི་ཕྱོགས་ནས་དེང་སང་ཕྱི་རྒྱལ་ལ་ཅུང་མང་ན་ཡང་། སྟོད་པ་དང་གཞིས་བྱེས་གཉིས་ཀྱི་བར་ན་འབྲེལ་ལམ་དེ་ཙམ་མེད་པ་དང་། གཞན་བཙལ་བྱོལ་ནང་ལ་ཡང་། རྒྱ་གར་ཁམས་པ་དང་། རང་གཞུང་སྒྲིག་འཛུགས་བར་ནའང་སླད་མེད་ཀྱི་བརྩེ་བ་ཆེན་པོ་ཞིག་མེད་པའི་གནད་དོན་ལྷག་པར་བརྟེན། གསར་འབྱོར་གང་ཡང་མེད་པའི་གཞིས་ཆགས་རྐྱང་རྐྱང་ཞིག་གིས་མ་འོངས་པར། གཞིས་བྱེས་འབྲེལ་མཐུད་མི་ཐུབ་ལ། དེ་བཞིན་རིམ་གྱིས་བོད་ཕྱི་ནང་གཉིས་ཀྱི་ཚབ་ཀྱང་མཚོན་མི་ཐུབ་པའི་སྔ་ལྟས་མང་བོ་ཞིག་མཐོང་གི་འདུག ཁག་ཅིག་གིས་བཤད་པ་བདེན་ན་གཞིས་ཆགས་ཨ་རིར་གཏོང་དགོས་པའི་྄རྒྱུ་མཚན་གཞིས་ཆགས་ཚོ་དཔལ་འབྱོར་ཞན་པ་དང་རང་རེའི་རིག་གཞུང་གི་ལར་ཞེན་མེད་པས་སོ།། ཞེས་རྒྱུ་མཚན་ལྟར་སྣང་ཞིག་འུར་སྒྲོག་བྱེད་ཀྱིན་འདུག
གཞན་ལྡོག་ཕྱོགས་ཀྱི་བསམ་གཞིག་བྱས་ན། དཔེར་ན། གསར་རྙིང་སྡེབ་པའི་ཕྱི་རྒྱལ་བོད་པ་ནང་མི་ཞིག་ལ་མཚོན་ན་ཁོང་ཚོས་གཞིས་བྱེས་ གཉིས་ལ་ཕན་ཅུང་ཙམ་རེ་ཕན་ཐོགས་ཀྱིན་ཡོད་པ་མངོན་སུམ་རེད། གང་ལྟར། མདོར་བསྡུས་ན། གཞིས་ཆགས་གཅིག་པོ་ཨ་རིར་གཏོང་དགོས་ཞེས་པའི་ཐག་གཅོད་དེ་ནི། ངེད་ཅག་འབངས་མི་དག་གིས་འཐད་མོས་བྱས་ཏེ་བྱུང་བ་ཞིག་མིན་པར་མ་ཟད། ལྷག་པར་སྤྱི་འཐུས་ལྷན་འཛོམས་ཐོག་ཡང་ཡང་བགྲོ་གླེང་བྱས་ཏེ་མཇུག་མཐར་ཐག་བཅད་གནང་བ་ཞིག་ཀྱང་དེ་བས་མ་རེད། བཀའ་ཁྲི་སྔོན་མས་གང་ཞིག་བསྒྲུབས་པ་ལྟར། ཐག་གཅོད་མཁན་གསར་བོ་མེད་པར། ནག་ཁུང་ནང་ནས། མི་ཞིག་གིས་སྒེར་གཅོད་ཡིན་པར་སྒྲུབ་བྱེད་མང་དུ་མཆིས། ཡང་བརྟག་ཚུལ་གཞན་པ་ཞིག་གི་ངོས་ནས་བརྟགས་ཏེ་བསྙད་ན། ཐོག་མར་ཨ་རི་ལ་སྙན་ཞུ་གནང་དུས། བཙན་བྱོལ་སྤྱིའི་དཀའ་ཁག་བཤད་ཡོད་དམ། གཞིས་ཆགས་རྐྱང་བའི་ལོ་རྒྱུས་ཞུས་ཡོད། ཡང་ན་གསར་འབྱོར་གྱི་མིང་ཐོག་ནས་ཞུས་ཏེ། གཞིས་ཆགས་གཏོང་འདོད་ཀྱི་རྟོག་པ་སྔོན་དུ་་བཏང་ཡོད་མེད་སོགས་ནི་དོགས་པ་དང་དྲི་བ་ཡིན། དེའི་ཕྱིར། སྤྱིན་བདག་ཨ་རིས་གལ་སྲིད་གསར་འབྱོར་བ་ཁག་ཅིག གཞིས་ཆགས་མང་བོ་དང་མཉམ་པོར་བཏང་ན་ཨ་རི་གཞུང་སྒེར་དེ་ལ་འདོད་པ་མེད་པའམ་ཐུགས་ཕམ་འབྱུང་གིན་ཡོད་ན། དེ་ནི་གནས་ཚུལ་གཞན་ཞིག་ལས། ཐབས་ལམ་གང་ཡང་མེད།
འོན་ཀྱང་རྒྱུ་འབྲས་ཀྱི་སྐད་ཆ་བཤད་ན། ཨ་རིས་དེ་འདྲ་གསུངས་མི་སྲིད་སྙམ། སྤྱིར་རང་རེའི་འབྲོག་པར་མཚོན་ན། དཔྱིད་དུས། ལུག་རྫིས། ལུག་ལ་ཤ་ཤེད་བཟང་ངན་གཉིས་སུ་ཕྱེས་ཏེ། ལུག་ངན་པ་ཚང་མ་ཕྱོགས་གཅིག་ལ་རུག་རུག་བྱས་ཏེ། ལུག་དེ་དག་རྩྭ་ཆུ་འཛོམས་པའི་ལུང་བར་འདེད་པའི་སྲོལ་བཟངབོ་ཞིག་ཡོད་མོད། འོན་ཀྱང་ད་ཐེངས་ཨ་རིར་གཏོང་ཚུལ་དེ་དང་གཏན་ནས་མི་མཚུངས། ཀློག་གིན་ཀློག་གིན་བསམ་གཞིག་བྱ་དགོས་པ་ཞིག་ཀྱང་མིན་ནམ། སྤྱིར་ཕྱོགས་རེས་ཀྱི་ས་བོན་བཏབ་ན་འབྲས་བུ་འགལ་ཟླ་འབྱུང་རྒྱུ་དང་། མཐུན་འབྲེལ་གྱི་ས་བོན་བཏབ་ན་འབྲས་བུ་རྡོག་རྩ་གཅིག་སྒྲིལ་འོང་བར་ཐེ་ཚོམ་མེད། ད་དུང་ཕ་མའི་ངག་རྒྱུན་དུ “གཅེས་མི་གཅེས་སྐལ་”དང་” གཞན་༧རྗེ་བླ་མའི་སྐུ་ལུས་དྲང་རུང་མགོའི་ཞྭ་མོའི་དབུ་རྩེ་གཡོན་འདུག”ཅེས་ཚིག་རྣོན་པོ་དོན་དང་ལྡན་པ་ཞིག་ཡོད་པ་དེ་ཡང་དཔེ་འདི་འདྲ་ཞིག་ལ་སྦྱར་དགོས་སྙམ།
མདོར་ན་གཏོང་མཁན་གང་དག་གིས་རང་རེའི་འཕྲལ་ཕུགས་རྒྱང་གསུམ་ལ་རྣམ་དཔྱོད་ཀྱི་ དཀྱེལ་ཡངས་པའི་བསམ་བློ་རྣལ་མ་ཞིག་གཏང་རྒྱུ་གལ་ཆེ་བ་མ་ཟད། འགྲོ་མཁན་མཆོག་ལ་ཡང་སྡུག་རུས་ཀྱི་བརྩོན་འགྲོས་དང་གསར་གཏོད་ཀྱི་སྙིང་སྟོབས་སོགས་འཛོམ་ན། ཕྱག་རྗེས་ཆེན་པོ་འཇོག་རུང་སྟེ། དཔེར་ན། བཙན་པོའི་སྐབས་སུ། སྲོང་བཙན་སྒམ་པོས་བོད་མི་ཆེས་ཉུང་ཉུང་ཞིག་ཕྱི་རྒྱལ་ལ་བཏང་པས། རླབས་ཆེ་བའི་འབྲས་བུའམ་ཕྱག་རྗེས་མཇལ་རྒྱུ་ཡོད་པ་དང་། གཞན་༧རྒྱལ་དབང་བཅུ་གསུམ་པས་ཀྱང་རང་རིགས་བོད་པ་ཁ་ཤས་ཤིག་དབྱིན་ཡུལ་ལ་བཏང་བས། དེ་ལའང་འབྲས་བུ་ཆུང་ཆུང་ཙམ་རེ་བཙལ་རྒྱུ་ཡོད། སོང་ཙང་། གོང་གི་གནད་དོན་དེའི་སྐོར་ལ། ང་ཚོ་ཚང་མས་མཉམ་དུ་ཡང་དང་བསྐྱར་དུ་བརྟག་རྒྱུ་མཁྱེན།
ཟུར་འཕྲོས་སྒེར་བ་དགུ་བཅུ་གསུམ་དང་དབུས་གཞུང་གཉིས་གཏན་ནས་འཁྲུལ་མི་རུང་། དགུ་བཅུ་གསུམ་ཚོགས་པ་དང་ཕྱི་རྒྱལ་ཚོའི་བར་གྱི་བརྗོད་བྱའི་འབྲེལ་ལམ་སྐོར་ཁ་གསལ་བོ་རེད། དེའི་ཕྱིར། ཚོགས་པ་འདིར་དངོས་ནས་རང་སྲོག་ལ་མ་འཛེམ་པར་བོད་ནང་ནས་ཆབ་སྲིད་ཀྱི་ཕྱག་ལས་གནང་མཁན་མང་བོ་ཞིག་ཡོད་ལ། དེ་དང་མཉམ་པོར་ཁ་ཤས་ཀྱིས་བརྫུན་བསྙད་དེ་ཆབ་སྲིད་ཀྱི་སྟག་ལྤགས་གྱོན་མཁན་འགའ་ཡང་ཡོད་མོད། དེ་ནི་སྒེར་སོ་སོའི་སྐྱོན་ཁོ་ན་ལས། རླབས་ཆེ་བའི་རྒན་དང་སྤྱིན་བདག་ཚོའི་སྐྱོན་གཏན་ནས་མ་རེད།
ཆེད་དུ་གུས་པས་ཞུ་རྒྱུར། ཕྲན་གྱིས་བཀའ་ཤག་དང་འཐུས་མི་གང་ལ་ཡང་ཡོན་ཏན་དང་ལྷག་བསམ། ཉམས་མྱོང་སོགས་ཐ་ན་ཀ་ཁ་མཁྱེན་མིན་ཙམ་ལ་ཡང་མ་བལྟས་པར། དུས་ཀུན་ཏུ་བརྩི་བཞིན་ཡོད། རྒྱུ་མཚན་ནི། རླབས་ཆེ་བའི་་མང་གིས་བདམས་ཡོད་པར་བརྟེན་ཕྲན་གྱིས་ཀྱང་རྣམ་པ་ཚོར་གུས་བརྩི་ཞུ་བཞིན་ཡོད་ལ། མ་འོངས་པར་མཚོན་ན་ཡང་བརྩི་བཀུར་ཞུ་ངེས་ཡིན།
མཇུག་གི་གཏམ། ཁོ་བོས་བསྙད་པའི་ཡེ་གེའི་འདི་ཀུན་གྱི་གོ་སླ་བའི་ཕྱིར། རྒྱ་གར་པཎ་ཆེན་ཚོའི་ལུང་འདྲེན་མེད་ལ། ནུབ་ཕྱོགས་མཁས་པའི་ལྟ་གྲུབ་ཀྱང་བཤད་མེད། གཞན་དོན་སྟོང་འུར་སྒྲོག་པའི་བསམ་སྦྱོར་ངན་པ་དེ་བས་ཀྱང་མེད། འོན་ཀྱང་མཁས་པའི་ཐུགས་མཉམ་མ་བཞག་པའམ་བླུན་བོའི་བློ་ངོར་མ་ཤོང་བ་གང་མང་ཡོད་སྲིད། འོན་ཏེ་གནས་སྐབས་སུ། ཁོ་བའི་བསམ་ཚུལ་འདི་ནི་ནོར་འཁྲུལ་ཡིན་པའི་སྒྲུབ་བྱེད་དུ་བཀའ་དང་ལུང་ཙམ་མ་ ཡིན་པར། དངོས་ཡོད་ཀྱི་གཏན་ཚིགས་དང་རྒྱུ་མཚན་ཡང་དག་ཅིག་མ་བརྙེད་བར་དུ། ཁོ་བོས་འདི་ལྟར་མུ་མཐུད་དུ་རང་ལྟ་མཆོག་འཛིན་གྱི་འདུ་ཤེས་དེ་རྒྱུན་བསྲིང་བྱ་ངེས་སོ།།
དབྱིན་ཡུལ་ནས་བོད་རིགས་དཀྱུས་མ་རྔ་རྒོད་ཀྱིས་༢༠༡༣/༡༡/༩ ལ་ཕུལ།
རྔ་རྒོད་ཚང་གི་གསུངས་པ་ལ་མངོན་པར་བསྟོད་དོ། བདེན་པ་རེད། མི་ཉན་ན་གསར་འབྱོར་ཚོ་མཉམ་རུབ་བྱས་ནས་གཏོང་མཁན་ཚོར་ངོ་རྒོལ་བྱེད་དགོས་པ་རེད། བཀའ་སྤྱི་གཉིས་ཀྱི་སྒོ་འགྲམས་ནས་ཟས་བཅད་ངོ་རྒོལ་བྱེད་དགོས་པ་རེད།
སྐྱག་བཤད་ལུང་གང་བྱས་འདུག བོད་དོན་ཟ་དྲག་གི་དུས་འདིར་བོད་ཀྱི་དཀའ་རྙོག་འདི་སེལ་ཐབས་ཀྱི་སྐད་ཆ་མེད་པར། ཨ་རིར་ཐར་ཐབས་ཀྱིས་སྐད་ཆ་འདི་ནི་སྒེར་ཁོ་ན་དོན་དུ་གཉེར་བའི་སྐད་ཆ་ཐབས་སྡུག་ཅིག་རེད། ད་དུང་སྙན་ཞུ་ཕུལ་ས་བོད་མིའི་སྒྲིག་འཛུགས་ལ་མ་ཕུལ་བར་ཁ་བརྡ་ཚང་ལ་ཅིའི་ཕྱིར་ཕུལ་བ་རེད། སྐྱག་ལས་རང་རེད།
མ་གཞི་ནས་སྔོན་མ་མི་ཆིག་སྟོང་ཞིག་གཞུང་གིས་བཏང་མྱོང་བ་ལས། གཞན་དག་ཚང་མ་རང་རང་གིས་ཐབས་ཤེས་བྱས་ནས་ཨ་རིར་སོང་བ་ལས་བོད་གཞུང་གོས་བཏང་བའི་ལོ་རྒྱུས་མེད།
བཙན་བྱོལ་གཞུང་གིས་འདི་འདྲ་ཞིག་བྱེད་བཞིན་པ་རེད། གསར་འབྱོར་བ་ཚོ་ཕྱིར་ཕ་ཡུལ་ལ་གང་ཐུབ་གཏོང་རྒྱུ་དང་། ཕ་ཡུལ་ལ་ལོག་པའི་ལམ་གྲོན་ཆ་ཚང་བཏང་བའི་གནས་ཚུལ་མང་པོ་རེད། འདིས་ཅི་ཞིག་མཚོན་གྱི་ཡོད་པ་རེད་ཟེར་ན། གསར་འབྱོར་བ་ཚོའི་རྗེས་ན་ཤ་ཚ་ནིའི་རང་མྱི་ཞིག་མེད་པ་གསལ་པོར་ཆགས་ཡོད་པ་རེད། བཙན་བྱོལ་ནས་ཕྱི་ལ་སློང་མ་སློང་བྱེད་ཙམ་དང་། བོད་དུ་ལོག་ཉིན་ནས་རང་སྡུག་ལ་ཟད་མཐའ་མེད་པའི་རྒྱ་ནག་གི་ཉེས་ཅན་པ་ཞིག་ལ་ཆགས་པ་ཙམ་ལས། གསར་འབྱོར་བའི་བདེ་སྡུག་ལ་བསམ་བློ་གཏོང་མཁན་དཀོན་པོ་འམ། ཤེས་བཞིན་དུ་མི་གླེང་མཁན་རྐྱང་རེད། གསར་འབྱོར་བ་ལ། འདི་ཆབ་སྲིད་བཙོན་ཟུར་ཡིན་མིན་གྱི་དབྱེ་བ་ཆེན་པོ་མེད། རི་བོ་ཧི་མ་ལ་རྡོག་པས་བཅད་ཉིན། དགྲ་བོ་རྒྱ་དམར་ཚང་གི་ཉེས་ཅན་པ་ཡིན།
གངས་སྐྱིད་གཞུང་གིས་གསར་རྙིང་གཉིས་ལ་དབྱེ་མེད་ཀྱིས་འགྲོ་འདུག་གཏམ་གསུམ་ལ་བདག་པོ་གང་འབྱོན་རེ་བྱས་ན་བཟང་བར་འདོད།
བསམ་བློ་ཞིབ་ཏུ་གཏང་ན། དུས་རབ་འདི་ལ་མྱང་མཁན་ངོ་མ་དེ་གསར་འབྱོར་བ་ཚོ་ཡིན་པ་རེད། བྱེས་ན་ཡུལ་མེད་པ། གཞིས་ན་གནས་མ་བདེ་བའི་དཀའ་ངལ་འདི་བསལ་ཐུབ་ན་ཡག་པོ་ཡོད་པ་རེད་བསམ། བྱེས་བ་རྒན་མགོན་ཚོ་ཚར་ཉིན། གཞིས་བྱེས་ལྷན་མཛོམས་ཡོང་མི་ཡོང་གི་འཐབ་རྩོད་ཀྱི་གློ་ཐག་གཙོ་བོ་གསར་འབྱོར་ལ་རག་ལས་བ་ཞིག་ཡིན་པའི་མཐོང་ཆོས་མྱོང་གྲུབ་འདི་ཤེས་གལ་ཆེ།
བཀའ་སྤྱི་གཉིས་ནས་འདིས་ཐོག་ལ་དངོས་གནས་ཐུགས་བསམ་རྒྱ་ཆེར་བཞེས་གལ་ཆེ།
རང་ཉིད་སྤྱི་ཚོགས་འདིའི་ཁྲོད་དུ་འཚོ་སྡོད་བྱེད་པའི་ཀུན་སློང་རྒྱུན་མར་ཡོད་ཕྱིན། ཁྱོད་ལ་ངེས་པར་དུ་དཔལ་འབྱོར་གྱི་མཐུན་རྐྱེན་དགོས་པ་སྨྲོས་མེད་ཡིན། དེར་བརྟེན། ཨ་རིའི་གྲོས་ཚོགས་འོག་མས་ཐག་གཅོད་ཀྱི་ས་མཚམས་གསལ་བོ་མ་བཟོས་གོང་དུ། འདི་སོང་ཆོག་ལ་དེ་ལ་འགྲོ་བའི་ཐོབ་ཐང་ཡོད་མེད་གླེང་བ་ནི་ཅུང་སྔ་དྲགས་པའི་ཚོར་སྣང་བྱུང་ཡང་། ཡང་ཕྱོགས་གཅིག་ནས་བལྟས་ན།
བཙན་བྱོལ་བོད་མིའི་ཁྱབ་ཁོངས་སུ་གཏོགས་པའི་འབངས་ཞིག་ཡིན་ཕྱིན། གསར་བ་དང་རྙིང་བའི་ཐ་སྙད་རྫོབ་པོ་དག་བེད་སྤྱོད་མ་བྱས་པའི་ཐོག
གནའ་མིའི་ངག་རྒྱུན་དུ། སྐྱིད་ཀྱི་གོ་རེ་མཉམ་ཟ་དང་།།སྡུག་གི་ཁུར་བོ་མཉམ་འཁུར།། ཞེས་པའི་དཔེ་ལྟར། བཟང་ངན་དང་ཡག་བརྩོག་ཅི་ཞིག་ཡོད་ཀྱང་ཚང་མས་འཕྱར་གྲུ་མཉམ་འདེགས་བྱས་པ་བརྒྱུད། ཐོབ་ཐང་འདྲ་མཉམ་ཞེས་པའི་མིང་ཚིག་སྙན་པོ་འདི་ཡང་ཞོར་དུ་ལོངས་སུ་སྤྱོད་པའི་གོ་སྐབས་སྤྲད་དགོས་པ་འདི་ཡང་རྒྱུ་འབྲས་ཀྱི་གོ་རིམ་ཞིག་ཅིས་མ་ཡིན།
ཕྱི་རྒྱ་ལ་གཞིས་ཆག་རྐྱང་རྐྱང་གཏོང་ན་མོས་མཐུན་ནང་ཡང་མེད། དཀོན་མཆོག་གསུམ་མེད། དཀའ་ང་ཆེ་ཤོས་ནི་བོད་ནས་གསར་འབྱོར་བ་དག་རེད། ཁོང་ཚོ་ནི་གཞིས་ཆགས་མེད་ལ། གཉེན་ཉེར་མེད། ཁོང་ཚོས་ནི་ཡུལ་སྐད་དང་དབྱིན་སྐད་མི་ཤེས་ལ་སློབ་སྦྱོང་གི་གོ་སྐབས་ཀྱང་ཐོབ་མ་མྱོང་མཁན་མང་། ཁོང་ཚོ་ལ་ཞིང་ཁ་མེད་ལ་ཚོང་རྭ་མེད། བོད་རིགས་ཡིན་པ་ནི་གཅིག་མཚུངས་རེད། དཀའ་ང་ནི་ཁོང་ཚོ་ལ་མང་བ་འཕྲད་ཀྱིན་ཡོད། ཕྱི་རྒྱ་སོགས་སུ་སྦྱིན་བདག་དང་ནང་མི། མདོ་ན་རོགས་རམ་གནང་མཁན་སུ་གང་ཡང་མེད་པ་ཡིན། བཙན་བྱོའི་གཞུང་འདིས་བོད་རིགས་ཡོངས་ལ་ཤ་ཚ་དང་སྙིང་རྗེ་སེམས་ཤུགས་སོགས་ཡོད་ན་དངོས་ཡོད་དཀའ་ང་གང་ལ་འདུག་ན་དེ་སེལ་རོགས། གཞིས་ཆགས་བ་ཚོ་ནི་ལོ་མང་རིང་དུ་བཙན་བྱོ་གཞུང་བསོ་སྐྱོང་དང་རོགས་རམ་ཐོབ་མྱོང་ཡོད་ལ། ཁོང་ཚོ་ནི་སོས་འབད་བརྩོན་བྱས་པ་ཡིན་ན་སྐད་ཡིག་དང་ལུང་པའི་འགྲོ་སྟངས་སོགས་ཕྱོགས་གང་ཇད་ནས་གསར་འབྱོར་བ་ཚོ་ལས་ཡག་ངེས་རེད། དེ་མ་རེད་ཟེར་ན་སྐྱག་རྫུན་རེད། བོད་པའི་རྩ་དོན་དང་ལ་རྒྱ་ནི་བཙན་བ་དང་གཞིསམ་ཆགས་གཉིས་བསྡུར་བ་བྱས་ན་ད་དུང་གསར་འབྱོར་བ་ཚོ་སེམས་ཤུགས་དང་ལྷག་བསམ་ཏན་ཏན་ཆེ་བ་ཡོད། མདོར་ན་གཞུང་གི་རྐུབ་སྟེགས་ཐོག་ལ་གསར་འབྱོར་བ་རེ་ཟུང་ལས་མེད་པས་རྒྱུ་མཚན་གྱིས་ཁོང་ཚོར་ནམ་ཡང་མཐོང་ཆུང་གནང་མི་རུང་། ཁོང་ཚོ་ནི་གཞིས་བྱེས་གཉིས་ཀྱི་འབྲེལ་མཐུད་པ་ངོ་མ་དེ་ཆགས་ཡོད། ངས་བཤད་པ་ནོར་འདུག་ན་དགོངས་དག སོ་སོས་གང་དྲན་པ་དེ་བདེེན་གཏམ་ཐོག་ནས་བཤད་པ་ལས་སྒྲིག་འཛུག་ལ་ཁ་བཏང་བ་སོགས་དང་། གཞི་མེད་སྐྱོན་བརྗོད་སོགས་གང་མིན། བདེན་མིན་ཁྱེད་ཚོས་ཞིབ་འསཇུག་རེ་གནང་རོགས།
ངོ་མ་བདེན་གི སྟོང་མ་བཅང ལང་ཕྱོགས་དང་དམིགས་བརྟན་པོ་མེད་པའི་བཙན་བྱོལ་བ་ཞིག་གི་རང་གི་་ཁ་རྒྱབ་འགྲོ་ཐབས་ལ་ཅི་ཡང་བྱ
བཙན་བྱོལ་བས་བོད་ནང་ལ་ཕན་ཞིག་ཐོག་མྱོང་མེད་པ་མ་ཟད་ཕྲག་དོག་དང་འཕུང་དཀྲུག་གི་ལས་ལ་འབད་ནས་ཡོང་རེད་། མ་འོངས་པ་ཡང་དེ་དེ་བཞིན་ནོ
དེ་རིང་རང་ཉིད་ཀྱི་ལས་དོན་ཞིག་གི་ཆེད་དུ་ཕྱི་རོལ་ན་གྲོགས་པོ་འགའ་དང་མཉམ་དུ་སོང་ནས་ཕྱིར་ནང་དུ་སླེབས་མ་ཐག་ངོ་དེབ་དང་ཁ་བརྡ་སོགས་བོད་ཀྱི་གསར་ལམ་ཁག་ལ་བལྟ་ཁུལ་བྱས་མོད། འདིར་རྔ་རྒོད་ཀྱི་སྙན་ཞུའམ་ཡང་ན་བསམ་ཚུལ་ཞིག་བྲིས་འདུག་པར་མཐོང་རྗེས་ཆ་ཚང་ཞིབ་བཀླགས་ཤིག་བྱས་པ་ཡིན། སྤྱིར་ཡིན་ན་དོན་དག་ཆུང་ཆུང་རེས་རང་རེའི་བོད་ཀྱི་སྤྱི་ཚོགས་དང་འཐབ་རྩོད་ཀྱི་ངོ་བོ་ལ་གནོན་ཤུགས་ཧ་ཅང་ཆེན་པོ་བྱུང་གི་ཡོད་པར་བདག་གིས་གླེང་མ་དགོས་པར་སེམས། འོན་ཀྱང་། རྔ་རྒོད་ལགས་ཀྱིས་གསུངས་པ་དེ་ལ་རྒྱུ་མཚན་མེད་པར་རྩ་བ་ནས་མ་རེད། སྤྱིར་རྒྱུ་མཚན་དེ་དག་གོང་དུ་རྔ་རྒོད་ལགས་ཀྱིས་ལུང་འདྲེན་གནང་འདུག་པས་བདག་གིས་སྐྱར་བཤད་མ་དགོས་པར་ཐུགས་ལ་མཁྱེན་པར་ངེས་པས། གསར་འབྱོར་དང་གཞིས་ཆགས་གཉིས་ལོག་པར་བཀལ་ནས་གསར་འབྱོར་ལ་ཆ་རྐྱེན་སོགས་ཞན་པར་སྤྲད་པ་དང་གཞིས་ཆགས་ཀྱི་ངོ་བོ་བཟང་རུ་གཏོང་རྒྱུ་ནི་ཤུན་ཏུ་མི་འོས་པས་གསར་རྙིང་གཉིས་བོད་མི་རིགས་ཀྱི་འཐབ་རྩོད་ཀྱིས་ཆེད་དུ་ཕྱིའི་ལུང་པར་མི་ཚེ་བསྐྱལ་བསྡད་ཡོད་པས་ཀུན་གྱི་ཐུགས་མངའ་ལགས། བདག་གི་བལྟ་ཚུལ་ནོར་མེད་ན་གཞིས་ཆགས་ལས་གསར་འབྱོར་གྱི་འཚོ་བ་དང་ཉམས་མྱོང་སོགས་བཀའ་ངལ་ཡོད་པ་བདེན་དབང་ག་ཚད་དགོས་ན་ཡོད་པས་འདིར་བདག་གིས་དཔེ་མཚོན་ཙམ་བཞག་ན། གཞིས་ཆགས་ལ་༧སྤྱི་ནོར་༧གོང་ས་མཆོག་གིས་བཀའ་དྲིན་ལ་རང་ཉིད་བསྡད་སའི་ས་ཆ་དང་ས་ཞིང་སོགས་ཡོད་པར་མ་ཟད། ད་དུང་བོད་གཞུང་རང་གི་ངོས་ནས་ལོ་རེ་གཞིས་ཆགས་ཁག་ལ་འགྲོ་གྲོན་རེ་གཏོང་སྲོལ་ཡོད་པར་གོ་ཐོས་བྱུང་། འོན་ཀྱང་གསར་འབྱོར་དེ་ཚོ་དེ་དག་གི་ཆ་རྐྱེན་ཕར་ཞོགས་ཐ་ན་རྒྱ་གར་ཏུ་གཏན་བསྡོད་ཆོག་པས་ལག་འཁྱེར་ཙམ་ལ་རོགས་པ་ཞིག་བྱེད་མཁན་མེད་ལ་ རྡ་སའི་རི་གྲོང་གི་གསར་འབྱོར་དག་ལ་ཉིན་མ་རེའི་ཁ་ལག་དང་བསྡོད་ཁང་སོགས་ལ་རོགས་དངུལ་ཞིག་བཏང་བ་ལོ་རྒྱུས་ཐོག་བྱུང་མ་མྱོང་ཟེར་ན་ཅིའི་མི་ཆོག ངོ་མ་ཡིན་ན་གཞུང་ཕྱོགས་ནས་རྡ་སའི་རི་གྲོང་གི་གསར་འབྱོར་དེ་དག་གི་གླ་བསྡོད་དུ་སོང་ནས་བལྟོས་དང་ཁང་མུག་ཆུང་ཆུང་རེའི་ནང་དུ་མི་གྲངས་བཞི་དང་ལྔ་བྱས་ནས་བསྡོད་པ་དེ་དག་གི་དཀལ་ངལ་ལ་ཁྱོད་ཚོས་བསམ་གཞིགས་རེ་གཏོང་དགོས་ཚོད་འདུག་ལ་ད་དུང་ཟ་ཁང་དང་ཇ་ཁང་རེའི་ནང་དུ་ཧིན་སྒོར་ཉིས་སྟོང་དང་སུམ་སྟོང་གི་ཆེད་དུ་དཀའ་ལས་ག་ཚོད་རྒྱག་གི་ཡོད་མེད་ཁོང་ཚོའི་རྐུབ་ཅག་ལས་མཐོང་ཐུབ་ཀི་མེད་ཚོད་རེད། རྒྱུ་མཚན་དེ་དག་ལ་གཞིགས་ནས་གསར་རྙིང་གཉིས་ལ་གོ་སྐབས་ཅི་རིགས་བྱུང་ཚེ་འདྲ་མཉམ་གྱི་ཐོབ་ཐང་ཞིག་དགོས་པ་འགྲོ་བ་མི་ཡིན་པ་འདྲ་འདྲ་དང་བོད་མི་རིགས་ཀྱི་འཐབ་རྩོད་བྱེད་པ་འདྲ་འདྲ་ཡིན་པས་ངོས་ནས་འདྲ་མཉམ་གྱི་ཐོབ་ཐང་ཞིག་གནང་དགོས་པ་ཤིན་ཏུ་གལ་ཆེན་ཡོན་པར་སེམས་སོ།།
ཁོ་བོས་སྙན་ཞུ་འདིའི་མིང་ལ༼ མི་མང་གཙོས་བཀའ་སྤྱི་ལ་དྲན་བསྐུལ༽ ཞེས་གསོལ་ཡོད། འབྲི་དུས་ཀྱང་ངས་ལས་རྒྱུ་འབྲས་དང་མང་གཙོ་སྲོག་ཏུ་བཟུང་སྟེ་མ་འོངས་བོད་པ་སྤྱིའི་དོན་དུ་བཤད་ཡོད་ལ། ལྷག་པར་ཁ་གསལ་ཐོག་གཞི་ཆགས་གཙོ་བོར་བྱས་ཏེ་བཤད་དགོས་བྱུང་། རྒྱུ་མཚན། བཙན་བྱོལ་ནང་གི་རྒན་པ་དག་གི་བཀའ་དྲིན་དང་ད་ལྟའི་རང་གཞུང་ལ་མཚོན་ན་རེད། ལས་ཁུངས་ཆེ་ཆུང་གང་ཡིན་ན་རེད། ཕྱག་ལས་རྒྱ་ཆེན་པོ་གནང་མཁན་ཕལ་ཆེར་ཀའི་སྡེ་ཚན་མང་བོ་ཞིག་ནས་་ཡིན་པས་ཡིན། གོང་དུ་མཆན་བུ་འབྲི་མཁན་ཚོས་གསུངས་པར་ལྟར། གསར་རྙིང་འདྲ་མཉམ་དང་སྐྱིད་སྡུད་མཉམ་འཁུར་བྱ་རྒྱུ་ནི་རང་གཞན་ཚང་མའི་ཆེད་མཐོང་དང་གཞིས་བྱེས་གང་གིས་བརྟག་ན། རྒྱ་མཚན་དང་ལྡན་པས་དཔྱོད་ལྡན་གང་མང་གིས་རྒྱུ་འབྲས་ཀྱི་གནས་ལུགས་རེ་གསུངས་རོགས།
ད་ང་ལ་ཉོན། སྐད་ཆ་དྲང་མོ་བཤད། གསར་འབྱོར་ཕྱི་རྒྱལ་ལ་སླེབས་ནས་ཕྱི་རྒྱལ་མི་སེར་ལ་ཆགས་ཚར་དུས་ཐོག་མར་ཕ་ཡུལ་ན་ཡོད་པའི་ཕ་མ་སྤུན་ཆེད་ལ་ལྟ་སྐོར་དང་དེ་ནས་གང་འབྱོན་འབྱོན་གྱིས་བོད་རང་གི་ཡུལ་ལ་ཡར་རྗེས་གཏོང་ཆེད་བསམ་བློ་གཏོང་བ་དེ་རེད། གཞེས་ཆགས་ཕྱི་རྒྱལ་ལ་སོང་ནས་ཕྱི་རྒྱལ་མི་སེར་ཆགས་སྐབས་ཕྱིར་རྒྱ་གར་ལ་སོང་ནས་རང་གི་ནང་མི་དང་རིམ་གྱིས་སྐྱབས་བཅོལ་ཡོད་པའི་བོད་པའི་སྤྱི་ཚོགས་ལ་རང་ནུས་གང་འབྱོན་གྱིས་རམ་འདེག་བྱེད་པ་དེ་རེད།
དེ་ན་སྐྱབས་བཅོལ་བོད་མིའི་སྒྲིགས་འཛུག་ལ་གང་ཕན་ཐོག་ཡོད་པ་དེ་གཏོང་ངེས་རེད།
དཔྱོད་ལྡན་ཆོས་འཕེལ་དར་རྒྱས་ལགས། ཉིད་ཀྱིས་བཤད་པ་བདེན་པ་རང་རེད། དེའི་ཕྱིར་ཁོ་བོས་མངོན་སུམ་དུ་མཐོང་བའི་གསར་རྙིང་སྡེབ་པའི་ནང་མི་ཞིག་བརྗོད་བྱ་བྱས་ཏེ་ནང་དོན་བསྟན་ཚར་ཡོད། སོང་ཙང་མཉམ་བསྲེས་བྱ་རྒྱུ་གལ་ཆེན་ནང་གི་དོན་ཆེན་ནོ།
དཔྱོད་ལྡན་ཆོས་འཕེལ་དར་རྒྱས་ལགས། ཉིད་ཀྱིས་བཤད་པ་བདེན་པ་རང་རེད། དེའི་ཕྱིར་ཁོ་བོས་མངོན་སུམ་དུ་མཐོང་བའི་གསར་རྙིང་སྡེབ་པའི་ནང་མི་ཞིག་བརྗོད་བྱ་བྱས་ཏེ་ནང་དོན་བསྟན་ཚར་ཡོིད། སོང་ཙང་མཉམ་བསྲེས་བྱ་རྒྱུ་གལ་ཆེན་ནང་གི་དོན་ཆེན་ནོ།
འདི་ནི་གཞུང་མང་སུ་ཡིན་ན་བསམ་གཞིགས་ནལ་མ་ཞིག་བྱེད་དགོས་ངེས་རེད།
དེ་སྔོན་ཕྱི་རྒྱལ་ཁག་སྡེབ་བཏང་བྱས་པ་དག་གཞིས་ཆགས་རྐྱང་པ་ཡིན་པ་འདྲ། ད་རེབ་དེ་ལྟར་མིན་པའི་སྨོན་ལམ་ཡོད།
This is totally similar to the T.V. series BIG BOSS of Salman Khan in India. Khadha is now transforming into that kind play. Sad but fun to watch those chicken brain fight in this site. Enjoy your fight. Take care.
རྔ་རྒོད་བྱོན་ལེགས། རྙོག་གྲྭ་མེད་སར་རྙོག་གྲྭ་མ་རྒྱག གཞི་ཆགས་དང་གསར་འབྱོར་ཟེར་ན་འཛིན་གྲྭ་གོང་འོག་འདྲ་མོ་རེད།
སྟོད་པ་ཟེར་ན་ནག་ཁུང་ནང་ལ་མ་འཇོག་ཡི་གེ་འབྲི་ནི་མང་ཉུང་ཙམ་རེད། མའོ་ཚེ་ཏང་གི་ཨ་ཕྲུག་ཚོ། ཕོར་བའི་སྐྱག་པ་མ་གཏོང་རོགས།
གཞི་ཆགས་ལ་རྒྱུས་མེད་ན་རྒྱུས་གཏམ་བཤད་ཀི་མ་འདུག མི་བུ་སྒལ་ཚིགས་ཅན་ཚོར་ངས་རྒྱུགས་ལེབ་བྱས་ན་མི་འགྲིག་འདིར་ལྟོས།
་་་་སྤྱིར་བཏང་སྤྱི་ཚོགས་གང་དུ་ཡིན་རུང་དབུལ་ཕྱུག་ཡོད་མུས་རེད། འདི་གའི་གཞིས་མི་ཁོངས་སུ་ཕ་མ་གཉིས་རྒས་གཅོང་ཆགས་པའམ། ཕྲུ་གུ་མེད་པ། ཡང་ན་ནང་དུ་ཕྲུ་གུ་ཡོད་ཀྱང་ཉེ་འཁོར་ལ་མེད་པའི་དཀའ་ངལ་ཡོད་པའི་གྲས་ལ། ཁྱེད་རང་ཚོ་འབྲེལ་ཡོད་ཚོས་དམིགས་བསལ་དོ་སྣང་བྱས་ཏེ་ཉམ་ཐག་ཚོ་ཁུ་ཀྱོག་དེ་འདྲ་ལ་ཧ་ཅང་དཀའ་ངལ་འཕྲད་ནས་ལྷག་ཡོད་མེད་ཡིན་གཅིག་མིན་གཅིག་ལྟ༌དགོས་པ་རེད་མ་གཏོགས། སྤྱི་ཡོངས་ཀྱི་གཞིས་ཆགས་རྣམ་པ་ཡར་རྒྱས་ཡོད་པ་བྱས་ཏེ་ཁུག་ཀྱོག་ལ་སྐྱོ་པོ་ལྷག་ཡོད་པ་རྣམས་སྐྱབས་མེད་མགོན་མེད་ལྟ་བུ་བྱས་ན་རྩ་བ་ནས་ཡག་པོ་མེད། ཁྱིམ་མཚེས་ཚོས་ཡིན་རུང་ཉེ་འཁྲིས་ལ་སྐྱོ་པོ་དཀའ་ངལ་ཡོད་པ་ཚོར་དོ་སྣང་བྱས་ཏེ། སོ་སོས་དེར་ནུས་པ་ཐོན་པའི་རོགས་རམ་བྱེད་མ་ཐུབ་ན། འབྲེལ་ཡོད་གཞིས་འགོ་དང་དེ་ནས་རྡ་སའི་ནང་སྲིད་དང་འཕྲོད་བསྟེན་ལས་ཁུངས་སོགས་ལ་བཏུག་སྟེ་འགྲེལ་བཤད་བརྒྱབ་སྟེ་བདེ་སྡུག་ཞུ་དགོས། དེ་ལྟར་བཤད་མ་ཐུབ་པར་སྡུག་སྒོམ་བརྒྱབ་ནས་བསྡད་ན་ཐབས་སྐྱོ་པོ་རེད།
ང་ཚོ་བྱམས་པ་དང་སྙིང་རྗེ་ཁའི་རྩེ་མོར་འཁྱེར་མཁན་གྱི་སྤྱི་ཚོགས་ནང་བདག་མེད་ཧ་ཅང་སྐྱོ་པོ་དེ་འདྲ་ལྷག་ན་ངོ་ཚ་དགོས་པ་རེད། གཞིས་ཆགས་ཚོའི་ནང་ལ་ཆོས་སྡེ་ཆེན་པོ་ཡོད་པ་རེད། ཆོས་སྡེ་ཚོའི་ཐོག་ནས་ཡིན་རུང་ཡི་ཤུ་ཆོས་པ་ཚོས་གང་འདྲ་བྱེད་བཞིན་འདུག་གམ། དེ་བཞིན་ང་ཚོའི་ཆོས་པ་ཚོས་ཀྱང་ཉམ་ཐག་ཚོར་ལྟ་རྟོག་དང་རོགས་རམ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བོད་མི་ཙམ་དུ་མ་ཟད་པའི་རྒྱ་གར་གྱི་ཡུལ་མི་ཡང་སྐྱོ་པོ་དེ་འདྲ་འདུག རྒྱ་ཆེན་པོ་ང་ཚོས་འབ་སུ་བསྡུས་ཀྱི་མ་རེད། རོགས་རམ་བྱེད་ཐུབ་ཚོད་ཀྱིས་སེམས་ཁུར་དང་རོགས་རམ་ཕྲན་བུ་བྱེད་ཐུབ་ན་ཡག་པོ་ཡོད།་་་་དུམ་ཚན་འདི་བཀའ་སློབ་ཡིན།
ཡར་མར་ལ་ལྟོ་་སློང་གི་འགྲོ་མཁན་མང་པོ་ཡོད་བྱིས་པ་བཅུ་ཅན་དང་དགུ་ཅན་མི་ཉུང་བ་ཡོད་ཁྱེད་ཚོ་ནང་བཞིན་བཤུལ་མེད་དབྱིན་མོར་ཆང་སར་བརྒྱབ་པ་དང་དབྱིན་ཕོར་ཆང་ས་བརྒྱབ་ནས་འགྲོ་ཆོག་ཆོག་མེད། སྤུན་མཆེད་འགྲམ་ན་ཡོད།
ས་ཞིང་ཨེ་ག་གཉིས་ལ་བརྟེན་པ་ཙམ་གྱིས་འཚོ་དཀའ། ས་ཞིང་མི་འདེབ་པའི་ཕྱུག་པོ་རྩ་མེད་ཡང་མི་ཉུང་བ་ཡོད། གང་ལྟར་ཁ་སྟབས་སྐྱོ་བོ་ཤིན་ཏུ་མང་། བྱིས་པ་གཉིས་གསུམ་ཅན་ཡང་ད་ལྟ་ཐོན་བཞིན་ཡོད། ཕྱི་རྒྱལ་ཏུ་སླེབས་ཟིན་པ་ཚོས་ནམ་སང་ཁང་ལས་བྱེད་རྒན་རྒོན་དང་བྱིས་པ་སྡེ་མཐར་རུ་མངས། ཆང་སྐྱལ་དུད་སྐྱལ་མང་། གསར་འབྱོར་སྙིང་མེད་ཅིག་ཟླ་འགར་འདུག་དཀའ། ཅུང་ཙམ་ཡོད་པ་རྣམས་འདུག་འདོད་རྩ་ནས་མི་བྱེད། རྫ་ཁང་རྙིང་པར་འདུག་མཁན་བརྒྱ་ཆ་བདུན་བཅུ་ནས་བརྒྱད་བཅུར་ཟིན་་དབྱར་ཁར་ཆར་ཐིག་འགོག་དཀའ། བོད་ཀྱི་གནས་སྟངས་དཀའ་ངལ་ནང་ལྷུང་ན་འདི་དག་ལ་མི་བརྟེན་རང་བརྟེན་ཡིན་ཟེར་གསར་འབྱོར་ཚོར་སེམས་བཟང་ཚོས་གཞི་ཆགས་མི་ཤེས དྲིན་ཅན་ཆོ་རང་ང་རང་བོད་ཡིག་རྩེད་སྤྱད་མ་བྱེད། བོད་ནང་འབྲེལ་བ་བྱས་ནས་བོད་ཡར་རྒྱས་ལ་གཏོང་རྒྱུ་ཡིན་ནམ་ཕྱི་ལོག་ན་ཡོད་པ་རྣམས་ལ་ལས་ཀ་འཚོལ་རྒྱུ་ཡིན། བོད་ནང་གི་བོད་མི་སྐྱབས་བཅོལ་ལ་ལེན་ནམ། ད་དུང་མུ་མཐུད་ནས་མི་འཐོར་བ་བྱ་བགྱི་ཡིན།
ཕྲན་གྱིས་གསར་རྙིང་ཚོའི་ཡོན་ཏན་དང་དེ་གཉིས་ཀྱི་དཀའ་ངལ་ཤེས་ཀྱིན་ཡོད། རྒྱུ་མཚན་དེ་གཉིས་ཀ་ལ་ཧ་ཅང་ཆ་རྒྱུས་ཡོད་མཁན་ཞིག་ཡིན་པས་ཡིན། ལྷག་པར་ནུབ་སྡོད་བོད་རིགས་ཚོ་ལ་མཚོན་ན་ཡང་རྒྱུས་མངའ་ཆེན་པོ་ཡོད། གང་ལྟར་རྒྱུ་མཚན་དང་གནས་ལུགས་ཤིག་འཚོལ་བཞིན་ནོ།
དྲང་བདེན་ངེས་པར་དུ་བྱ་དགོས
རྔ་རྒོད་ལགས་ཀྱིས་དྲང་བདེན་དང་གནས་ལུགས་ཀྱི་སྐད་ཆ་མང་བོ་གསུངས་འདུག ཁོང་གིས་གསུང་བའི་གནས་ལུགས་དེ་དག་རང་ཐོག་ལ་བླངས་ཏེ་ཞིབ་འཇུག་ཞིག་བྱས་དུས། རྡ་སར་ལྷག་པའི་རང་གི་གྲོགས་པོ་དང་གྲོགས་མོ་ཚོར་ཕན་པའི་བྱ་བ་སྣ་གཅིག་ཅིང་རང་གིས་བསྒྲུབས་ཐུབ་མེད། ང་ལ་ངོ་མ་འཇོན་ཐང་ཞིག་མི་འདུག དགོངས་དག་ཞུ་འདོད་བྱུང་།
གསར་འབྱོར་བ་ཕྱི་རྒྱལ་ལ་འགྲོ་འདོད་ཡོད་མཁན་ཚོར་ཕན་པའི་རོགས་རམ་བྱེད་རྒྱུ་ནི་ཕྱི་རྒྱལ་དུ་ཡོད་པའི་གསར་འབྱོར་བ་ཚང་མ་ལ་འཁྲི་བའི་ལས་འགན་ཞིག་རེད་བསམ་གི ངོ་མ་ཡིན།