མཁོ་འདོན་པཿ འདུས་བྱུང་ཕུན་ཚོགས་ཚེ་རིང་།
༼འགྲེམས་སྟོན། གློག་བརྙན་ ། གཏམ་བཤད། བསམ་འཆར་བསྡུ་ལེན་ཉིན་མོ།༽
སྤྱི་ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན་རྗར་མེ་ནི་ བོད་ཀྱི་ཁང་པས། བསྟི་གནས་དེ་གའི་སྐོར་ངོ་སྤྲོད་ཞུ་བའི་ཉིན་མོ་ཞེས་པའི་བྱེད་སྒོ་སྤེལ་འཆར་ཡོད་འདུག་སྟེ། ངོ་སྤྲོད་ཞུ་བའི་བྱེད་སྒོ་ཟེར་པ་དེ་ནི་ལོ་ལྟར་དབྱར་ཁའི་ཉིན་མོ་གང་རུང་ཞིག་ལ་སྤེལ་བའི་ལུགས་སྲོལ་ཆགས་ཡོད་པ་བཞིན། ད་རེས་ཀྱི་བྱེད་སྒོའི་ནང་བསྟི་གནས་དེ་དང་། དེའི་ལས་རིམ་ཁག་ཀུན་ལ་ངོ་སྤྲོད་ཞུ་རྒྱུ་དང་། དེ་དང་་བསྟུན་ལོ་ལྟར་འགྲེམས་སྟོན་ཐེངས་མ་གཉིས་གཉེར་གྱིན་ཡོད་པ་ལས་ད་རེས་ཀྱི་དབྱར་ཁའི་འགྲེམས་སྟོན་ཡང་ཉིན་དེར་སྒོ་འབྱེད་ཞུ་བཞིན་ཡོད་འདུག བོད་ཀྱི་གྲགས་ཅན་སྙན་ངག་པ་དང་། གློག་བརྙན་བཟོ་སྐྲུན་པ་ལྗང་བུའམ་ལྕེ་ནག་ཚང་རྡོ་རྗེ་ཚེ་རིང་གིས་བཟོ་སྒྲིག་ བྱེད་བཞིན་་པ་དང། ཁ་བྱང་ལ་༼ དབྱར་རྩྭ་རིན་པོ་ཆེ ༽ཟེར་བའི་དབྱར་རྩྭ་དགུན་འབུའི་སྐོར་གྱི་དངོས་བྱུང་དང་སྒྲུང་གཏམ་སྦྲགས་མའི་ གློག་བརྙན་དེ་སྤྱན་འབུལ་ཞུ་འཆར་ཡོད་འདུག་ལ། དེའི་དམིགས་ཡུལ་གཙོ་བོ་ནི་གློག་བརྙན་ཆ་ཚང་བཟོ་གྲུབ་མ་བྱུང་གོང་གཟིགས་མོ་བ་རྣམས་དང་ཆེད་ལས་པ། བཟོ་སྐྲུན་པ་བཅས་ཀྱི་བར་བསམ་ཚུལ་བརྗེ་རེས་ཡོང་བ་དེ་ཡིན་འདུག
བྱེད་སྒོ་ཁག་གི་དུས་ཚོད་དང་། མི་སྣ་ངོ་སྤྲོད།
ཕྱི་དྲོའི་ཆུ་ཚོད་གཉིས་པ་ནས་འགོ་ཚུགས་ཐོག་བོད་ཀྱི་ཁང་པའི་སྡེ་ཚན་ལྔའི་བྱེད་སྒོ་རྣམས་ངོ་སྤྲོད་ཞུ་རྒྱུ་དང་། དེ་བཞིན་བོད་ཀྱི་ཡུལ་ལྗོངས་དང་། མི་སྣའི་སྐོར་པར་རིས་ལས་འཕྲོས་པའི་གཏམ་བཤད་བྱ་རྒྱུ།
དེ་ནས་བོད་ཀྱི་ཤེས་རིག་དང་། ཡུལ་གོམས་གཤིས་ལུགས། ཆོས་ལུགས་དད་མོས་ལ་སོགས་ཀྱིས་མཚོན་པའི་གནས་ཚུལ་དང་། གནད་དོན་གང་ཅིའི་ཐོག་དྲི་བ་དྲིས་ལན་ཞུ་བའི་ལེ་ཚན་གོ་སྒྲིག་ཞུས་ཡོད།
དགོང་ དྲོ་ཆུ་ཚོད་དྲུག་པའི་ཐོག༼མིག་མེད་དུ་འགྱུར་བའི་རྒྱལ་ལྡན་རྒྱལ་ཁབ།༽ཅེས་པའི་འགྲེམས་སྟོན་དེ་སྒོ་འབྱེད་ཞུ་རྒྱུ།
དེ་རྗེས།༼དབྱར་རྩྭ་རིན་པོ་ཆེ༽ཞེས་པའི་གློག་བརྙན་དེ་སྟོན་འགོ་ཚུགས་རྒྱུ།
རྗར་མན་གྱི་གློག་བརྙན་འཁྲབ་མཁན་རལ་ཧྥ་རྦ་ཝ་(Ralf Bauer)ཡིས་གློག་བརྙན་གྱི་སྒོ་འབྱེད་གསུངས་བཤད་གནང་རྒྱུ་དང་། ཆེད་མངགས་གདན་ཞུ་བྱས་པའི་སྒྱུ་རྩལ་བ་ལྗང་བུ་མཆོག་གིས་གློག་བརྙན་དེ་གའི་རྒྱབ་ལྗོངས་དང་འབྲེལ་བའི་གཏམ་བཤད་གནང་གི་ཡོད་འདུག
དེ་མིན་ཉིན་དེར་བོད་ཀྱི་གཞས་མ་ཚེ་རིང་ཕྱུ་པ་སྐྱབས་དང་། བློ་བཟང་དར་རྒྱས་གཉིས་ཀྱིས་རོལ་དབྱངས་དཀྲོལ་གཏོང་གིས་སྲོལ་རྒྱུན་དང་། དེང་རབས་ཀྱི་གཞས་སྣ་ཁག་གཅིག་གཟིགས་འབུལ་ཞུ་རྒྱུ་ལ་སོགས་པའི་ལས་འཆར་ཡོད་འདུག
རྗར་མེ་ནི་བོད་ཀྱི་ཁང་པ་དེ་ནི་༧སྐྱབས་མགོན་ཐམས་ཅད་མཁྱེན་པ་མཆོག་ནས་མགོན་སྐྱབས་ཀྱི་མཚན་འཛིན་དབུ་ཁྲིད་གནང་བ་དང་། བྲག་གཡབ་༧སྐྱབས་མགོན་བློ་ལྡན་ཤེས་རབ་མཆོག་གིས་ཆོས་ཕྱོགས་ཀྱི་དབུ་ཁྲིད་གནང་ཡོད་པར་ཁར་འཛམ་གླིང་ནང་གདེངས་འཇོག་ཚད་ལྡན་ཡོད་པའི་བོད་ཀྱི་ཤེས་རིག་གི་བསྟི་ གནས་ཤིག་ཀྱང་ཡིན་འདུག བསྟི་གནས་དེར་ལོ་གཅིག་ལ་བྱེད་སྒོ་ཆེ་ཆུང་བསྡོམས་པས་གསུམ་བརྒྱ་ལྷག་སྤེལ་གྱིན་ཡོད་པ་ལས་བྱེས་སྒོ་ཁག་ཅིག་གཙུག་ལག་སློབ་གྲྭ་ཆེ་ཁག་དང་། འགྲེམས་སྟོན་ཁང་དུ་མ། དེ་བཞིན་ཚོགས་པ་གཞན་དང་མཉམ་འབྲེལ་གྱིས་སྤེལ་་མུས་རེད།
ཁ་སྣོན།
དབྱར་རྩ་རིན་པོ་ཆེ་ཞེས་པའི་གློག་བརྙན་འདི་ནི་༼ལྗང་བུ༽ལྕེ་ནག་ཚང་རྡོ་རྗེ་ཚེ་རིང་དང་སྟག་ལྷ་རྒྱལ་གྱིས་མཉམ་འབྲེལ་ཐོག་བཟོས་པ་གཅིག་རེད།
འཇར་མན་བོད་ཁང་ཟེར་ན་བདེ་བ་འདྲ། མ་གཞི་ནས་འཇར་མན་བོད་ཁང་ཟེར་བ་གང་ན་ཡོད་དམ། བྷིར་ལིན་ན་ཡོད་དམ་ཡང་ན་ཧྥ་རན་ཁུ་ཧྥོར་ཊི་ན་ཡོད་པ་རེད།
གསང་གྲོལ་ལགས།
འདི་རྗར་མེ་ནི་བོད་ཀྱི་ཁང་པའི་ངོ་སྤྲོད་ཐུང་ཐུང་གཅིག་འདི་རུ་ངོ་སྤྲོད་ཞུ་ཆོག་པར་ཞུ་དང་། དྲྭ་ཐག
http://www.tibethaus.com/startseite.html
བོད་ཀྱི་ཁང་པ་འདི་ཧྥ་རན་ཁུ་ཧྥོར་ཊི་རུ་གཏན་གཞི་བྱས་ཡོད་རེད།
རྗར་མེ་ནིའི་བོད་ཀྱི་ཁང་པ་ནི་སྲོལ་རྒྱུན་གྱི་བོད་ཁང་རྡི་ལི་གསར་པ་དང་། ནིའུ་ཡོག ཇི་བཞིན་སྲོལ་རྒྱུན་དེ་ཡི་གནས་བབ་འཛིན་མཁན་དང་། རྒྱལ་སྤྱིའི་ནང་གདེངས་འཇོགས་ཚད་ལྡན་ཡོད་པའི་བོད་ཀྱི་ཤེས་རིག་གི་གླིང་ཞིག་ཡིན།
༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་མཚན་འཛིན་དབུ་ཁྲིད་ཐོག་ནས་མགོན་སྐྱབས་མཛད་པ་དང་། བྲག་གཡབ་༧སྐྱབས་མགོན་རིན་པོ་ཆེ་མཆོག་ནས་དབུ་ཁྲིད་ཀྱིས། ༢༠༠༥ ལོར་དབུ་བརྙེས་པ་རེད།
བོད་ཀྱི་ཁང་པའི་དམིགས་ཡུལ་གཙོ་བོ་ནི། གཏིང་ཟབ་ཅིང་རྒྱ་ཆེ་བའི་བོད་ཀྱི་ཤེས་རིག་དང་ནུབ་ཕྱོགས་ཀྱི་སྤྱི་ཚོགས་བར་མཐུད་མཚམས་ཐུབ་པའི་ཟམ་པ་ལྟ་བུ་མཚོན་པར་བྱེད་པ་དང་། གོ་སྒྲིག་ཞུས་པའི་ལས་རིམ་ཁག་ནི་བོད་དང་། ནང་ཆོས་ཁོ་ནར་ཐུགས་བཞེད་ཡོད་མཁན་ཙམ་ལ་མ་ཡིན་པར། རིག་གཞུང་གི་ཆ་ཤས་གཞན་ལ་ཐུགས་སྣང་ཡོད་པའི་སྐྱེ་བོ་སུ་ཡིན་ཡང་ཕེབས་ཆོག་པའི་ལྟེ་གནས་ཤིག་ཡིན།
ང་ཚོའི་ལས་གཞིར་གཙོ་བོ་ཁྱབ་ཁོངས་ལྔར་དབྱེ་བ་ཕྱེས་ཡོད་པ་དང་། ཁྱབ་ཁོངས་དེ་རྣམས་གཞི་རྒྱ་ཆེ་བ་ལ། གནད་དོན་དང་། གནས་ཚུལ་སྣ་ཚོགས་ཤིག་ཐོག་ལས་རིམ་མི་འདྲ་བ་གོ་སྒྲིག་ཞུ་བཞིན་ཡོད་པས་སྐུ་ཉིད་ཀྱི་དགོངས་འཆར་དང་། རོགས་རམ་ལ་དུས་རྟག་ཏུ་དགའ་བསུ་ཞུ་རྒྱུ་ཡིན།
འདུས་བྱུང་ཕུན་ཚོགས་ཚེ་རིང་ལགས་གསལ་བཤད་གནང་བར་ཐུགས་རྗེ་ཆེ། ང་རང་འཇར་མན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཞིག་ན་ཡོད། ཧྥ་རན་ཁུ་ཧྥོར་ཊི་ན་ངོ་ཤེས་ཁ་ཤས་ཡོད་རྗེས་མ་མཇལ་ཐུབ་ཀི་རེད།