མི་རིང་བར་དགུང་གྲངས་ ༣༡ ཡིན་པའི་འབྲུག་རྒྱལ་ལྔ་བ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གིས་ད་ལྟ་འབྲུག་གི་རྒྱལ་སར་མཐོ་སློབ་འགྲིམས་བཞིན་པའི་དགུང་ལོ་ ༢༡ ཅན་གྱི་བུ་མོ་རྗེ་བཙུན་པད་མ་ལ་སློང་ཆང་བཏང་ནས་བཙུན་མོར་བཞེས་རྒྱུ་ཡིན
་པ་རྒྱལ་ཁབ་ཀྱི་གྲོས་ཚོགས་ལ་བཤད་ཞོར་གཞུང་ཕྱོགས་ནས་རྟེན་འབྲེལ་གྲ་སྒྲིག་རྒྱ་ཆེན་པོ་དེ་འདྲ་གནང་མི་དགོས་པར་སྲོལ་རྒྱུན་གྱི་སྟོན་མོ་སྤྱིར་བཏང་བ་བྱེད་རྒྱུ་བྱས་འདུག། བུ་མོ་རྗེ་བཙུན་པད་མ་ཞེས་བ་སྤྱིར་བཏང་གི་ཁྱིམ་རྒྱུད་ཞིག་ནས་སྐྱེས་ཞིང་གནམ་གྲུ་ཁ་ལོ་བ་ཞིག་གི་བུ་མོ་ཡིན་པ་དེ་སྔོན་རྒྱ་གར་དང་། དབྱིན་ཡུལ་ད་ལྟ་འབྲུག་གི་རྒྱལ་ས་ཐེམ་པུར་མཐོ་སློབ་འགྲིམས་བཞིན་པའི་སློབ་མ་ཞིག་ཡིན་པ་དང་། ཁོ་མོའི་ཕ་སྔོན་བོད་མདོ་ཁམས་ཉག་རོང་ནས་ཕེབས་པའི་བོད་མི་ཡིན་པ་ཡང་བཤད་ཚུལ་ཡོད་འདུག།
རིགས་རུས་ཆ་འབྲིང་དང་། སྐྱེས་ས་མཆེད་ཁོངས་མི་གཙོ། གཙོ་བོ་ན་གཞོན་ཕོ་མོ་ཟུང་གི་བརྩེ་དུང་གི་མདུན་པ་རྒྱལ་གྱུར་ཅིག བཀྲིས་བདེ་ལེགས་ཞུ།།
།འབྲུག་རྒྱལ་པོའི་དབུ་འཕང་མཐོ་བར་ཤོག།། །འབྲུག་རྒྱལ་མོའི་བསམ་དོན་འགྲུབ་པར་ཤོག། །འབྲུག་རྒྱལ་ཁབ་བཀྲ་ཤིས་བདེ་ལེགས་ཤོག། །འབྲུག་ཡུལ་མི་བདེ་སྐྱིད་འཛོམས་པར་ཤོག། །
བོད་འབྲུག་འདྲེས་སྲོལ་སྔར་དང་ད་ཡོད་ལ། །
བོད་འབྲུག་རིགས་རུས་ཆོ་འབྲང་མ་འཆལ་ན། །
བོད་འབྲུག་འདྲེས་ན་རྟེན་འབྲེལ་ཤིན་ཏུ་བཟང་། །
སོ་གཅིག་རྒྱལ་པོར་ཉེར་གཅིག་རྒྱལ་མོར་རན། །
རྒྱལ་པོ་བཙུན་མོའི་སྐུ་ཁམས་བདེར་གནས་ཤོག །
འབྲུག་པ་རྒྱལ་པོའི་སྐུ་ཚེ་རི་ལས་བརྟན། །
འབྲུག་པ་རྒྱལ་མོའི་བསམ་དོན་ཡིད་བཞིན་འགྲུབ། །
འབྲུག་པའི་ཡུལ་གྱི་མཛེས་སྡུག་སྔར་ལྟར་ཡག །
འབྲུག་ཡུལ་མི་དམངས་ནམ་ཡང་བདེ་སྐྱིད་ཤོག །
འབྲུག་གཞུང་ཕྱོགས་ལས་རྣམ་རྒྱལ་གྱི་དབུ་འཕང་མཐོ་ཞིང་། དམངས་གཙོའི་འདབ་མ་ཕྱོགས་མཐར་རྒྱས་པའི་སྨོན་འདུན་དང་ལྷན་དུ་འབྲུག་རྒྱལ་བོ་མཆོག་གིས་འབངས་མི་དཀྱུས་མ་བཙུན་མོར་བཞེས་པར་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
འབྲུག་པ་རྒྱལ་བོ་ལ་བཀྲ་ཤིས་བདེ་ལེགས་ཞུ་་་ཁྱེད་ཀྱི་གཉེན་སྟོན་མཛད་སྒོ་ལ་ང་ལ་མགྲོན་བརྡ་ཞིག་ཡོད་པར་ཞུ་་་་་་་་ཕོ་སྒོ་ཅན་གྱི་རྒྱལ་པོ་དང་།།མོ་སྒོ་ཅན་གྱི་རྒྱལ་མོ་གཉིས།།མི་ཚེ་བདེ་ཞིང་སྐྱིད་པ་དང་།།རྒྱལ་འབངས་ལོ་ལེགས་ཡོང་པར་ཤོག།
འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
ལང་ཚོའི་དཔལ་གྱིས་རབ་ཕྱུག་པའི།།
དཔལ་ལྡན་འབྲུག་གི་རྒྱལ་པོ་མཆོག།
ལྷ་ལྕམ་པདྨའི་སྡོང་པོ་ཡི།།
ཕུལ་བྱུང་བདག་ཏུ་བཟུང་བ་རྨད།།
མཐལ་ཡས་སེམས་ཀྱི་ལོངས་སྤྱོད་ལས།།
དཔག་མེད་བདེ་བ་ཀུནགྱི་མཆོག།
ལྷད་མེད་བརྩེ་བའི་འོད་དཀར་ཅན།།
ལུས་མེད་བདག་པོས་མ་ཐོང་ཤོག།
རྩོམ་སྒྲིག་པ་ལགས་གུས་པས་རྩོམ་ཡིག་ཁྱེད་རྣམ་པར་སྐུར་ནས་ཉིན་ཤས་ཕྱིན་ཡང་ད་དུང་ཁ་བརྡ་ནང་ལ་བཀོད་མི་འདུག་རྒྱུ་མཚན་ཞིག་གསུང་རོགས་།
ལུས་མེད་བདག་པོས་མ་མཐོང་ཅིག།
ཨ་ཨ་ཨ་།
ས་སྐྱིད་པོ་འབྲུག་ཡུལ་མཐིལ་ལ་འདུག
དམན་ཚར་མོ་འབྲུག་གི་ཡུལ་ལ་འདུག
ཕོ་རྒོད་པོ་འབྲུག་གི་ཡུལ་ལ་འདུག
གནས་དེ་ན་ལན་གཅིག་འགྲོ་འདོད་བྱུང།
ད་ཡང་བོད་པར་ལྕག་སྲེག་གི་ཨུར་ཏི་མི་རྒྱག་པ་ཤོག
དཔལ་མི་དབང་༧འབྲུག་རྒྱལ་ལྔ་པ་འཇིགས་མེད་གེ་སར་དབང་ཕྱུག་རྣམ་རྒྱལ་དང་། འབྱུང་ལ་ཉེ་བའི་མི་དབང་ཨ་ཞེ་རྗེ་བཙུན་པདྨ་རྣམ་གཉིས་འཇིག་རྟེན་མཐུན་འཇུག་གི་གཉེན་སྟོན་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཡོད།
ཁྱེད་རྣམ་གཉིས་སྐུ་ཚེ་ཡུན་དུ་བརྟན། །
འབངས་མི་སེར་བདེ་ཞིང་སྐྱིད་པས་འཚོ། །
ཆོས་འཇིག་རྟེན་ལྗོན་ཤིང་ཡལ་ག་རྒྱས།
དཔལ་འབྲུག་པའི་བརྟན་པ་རྒྱས་པར་ཤོག །
མེ་དཀར་པས་སྙིང་ནས་སྨོན་ནོ།།
ངོ་ནས་བཤད་ན་བཀྲ་ཤིས་བདེ་ལེགས་ཀྱི་རྟེན་འབྲེལ་ཞུ་འོས་མོད། བོད་པ་གཉན་ཕྲང་གི་གནས་སྐབས་སུ་རོགས་པ་བྱེད་རྒྱུ་གཡུག་ནས་ལ་འདེད་ལུང་འདེད་དང་། ཨུར་ཏི་རྒྱབ་ནས་གསོན་བསྲེགས་བྱས་པ་དེ་ཚོ་ཡིད་ལ་དྲན་དུས་ཡིད་མི་དགའ། ད་དུང་འབྱུང་འགྱུར་བཙུན་མོ་ཕྱེད་ཀ་བོད་པ་རེད་ཟེར། ཧ་ལས་རྒྱུ་གང་ཡང་མེད། འབྲུག་པ་ཨ་ཕྱི་བོད་པ་གཙང་མ་རེད། ལང་ཚོ་མེ་ཏོག་རྒྱས་དུས་བཙུན་མོ་རིན་པོ་ཆེ་ཟེར་ནས་ཡར་ལ་བསྟོད། མཐའ་མ་དེར་རྒན་འགོ་ཆགས་དུས་རྒྱ་གར་ལ་བདས་ནས་འབྲུག་ལ་མེད་པ་བཟོས་འདུག་ཀ འབྲུག་རྒྱལ་བོ་ཚང་གི་ལས་ཀ་རེད།
ཡག་པོ་རེད། དེ་ངོ་མ་དེང་སང་གི་འགྲོ་སྟངས་རེད།
འབྲུག་རྒྱལ་གྱི་བརྩེ་དུང་ནི་འགྱུར་མེད་ཀྱི་རྟག་བརྟན་ཡིན་པར་སྨོན།
འབྲུག་རྒྱལ་ཁབ་བསྟན་སྲིད་དབུ་འཕང་བསྟོད།།
འབྲུག་རྒྱལ་པོའི་མཛད་ཕྲིན་དར་བར་སྨོན།།
འབྲུག་མི་སེར་བདེ་སྐྱིད་འཆམ་མཐུན་གྷགྷངང་།།
འབྲུག་ནམ་ཡང་ཞི་བདེས་ཁྱབ་པར་ཤོག།
མི་དབང་༧འབྲུག་རྒྱལ་ལྔ་པ་འཇིགས་མེད་གེ་སར་དབང་ཕྱུག་རྣམ་རྒྱལ་དང་རྗེ་བཙུན་པདྨ་གཉིས་འཇིག་རྟེན་མཐུན་
འཇུག་གི་དགའ་སྟོན་ལ་རོལ་བར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་དང་། ཁྱེད་རྣམ་གཉིས་ཀྱི་སྨོན་འདུན་ཡིད་བཞིན་འགྲུབ་ཅིང་། འཛམ་གླིང་ཞི་བདེའི་དོན་རླབས་ཆེན་གྱི་ཕྱག་ལས་གནང་ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད། བཀྲ་ཤིས་བདེ་ལེགས། བཀྲ་ཤིས་བདེ་ལེགས། དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་ནམ་ཡང་རྒྱལ་གྱུར་ཅིག
འབྲུག་རྒྱལ་ཁབ་བསྟན་སྲིད་དབུ་འཕང་བསྟོད།།
འབྲུག་རྒྱལ་པོའི་མཛད་ཕྲིན་དར་བར་སྨོན།།
འབྲུག་མི་སེར་བདེ་སྐྱིད་འཆམ་མཐུན་གྷགྷངང་།།
འབྲུག་ནམ་ཡང་ཞི་བདེས་ཁྱབ་པར་ཤོག།
མི་དབང་༧འབྲུག་རྒྱལ་ལྔ་པ་འཇིགས་མེད་གེ་སར་དབང་ཕྱུག་རྣམ་རྒྱལ་དང་རྗེ་བཙུན་པདྨ་གཉིས་འཇིག་རྟེན་མཐུན་
འཇུག་གི་དགའ་སྟོན་ལ་རོལ་བར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་དང་། ཁྱེད་རྣམ་གཉིས་ཀྱི་སྨོན་འདུན་ཡིད་བཞིན་འགྲུབ་ཅིང་། འཛམ་གླིང་ཞི་བདེའི་དོན་དུ་རླབས་ཆེན་གྱི་ཕྱག་ལས་གནང་ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད། བཀྲ་ཤིས་བདེ་ལེགས། བཀྲ་ཤིས་བདེ་ལེགས། དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་ནམ་ཡང་རྒྱལ་གྱུར་ཅིག
གཞོན་ནུ་ཟླ་མེད་ལགས། ༥༩ རྗེས་འབྲུག་ནང་གི་བོད་མིའི་དོན་རྐྱེན་དེ་ཚོའི་བྱུང་རྐྱེན་ཚང་མ་གཟིགས་ན་ཁྱེད་ཀྱི་ངར་ཤུགས་ཏོག་ཙམ་ཆུང་རུ་འགྲོ་སྲིད། ངོས་རང་བོད་མི་ཞིག་ཡིན་པའི་ཆ་ནས་བོད་མིར་སྡུག་པོ་བྱུང་དུས་མཉམ་དུ་ངུ་རྒྱུ་ལས་རྒྱང་བལྟས་དང་ཧ་བགད་བྱ་ག་ལ་འོས། ཡིན་ནའང་ཟླ་མེད་ཁྱོད་འབྲུག་པ་ཞིག་ཡིན་པའི་དབང་དུ་གཏང་ན་དེ་སྐབས་ཀྱི་འབྲུག་ནང་བོད་མིའི་བྱེད་སྟངས་འོས་པོ་འདུག་དང་མིན་འདུག ཨུར་ཏི་ཚ་པོ་གཏོང་འོས་མ་འོས་གཞི་ནས་ཧ་གོ་གི་རེད།
དེ་བཞིན་གོང་དུ་རྗེ་བཙུན་པདྨའི་ཅ་ཅ་མོ་མོ་བོད་ཉག་རོང་ཡིན་ན་ཞིག་ནས་རེད་ཟེར་དེ་བོད་པར་སྒྲུབ་ཁུལ་བྱས་མོད། ངལ་བའི་རྒྱུར་ཟད་དེ་ཕ་མེས་མ་མེས་རྩིས་ཐལ་ན་བོད་པ་མི་མ་ཡིན་པར་སྤྲེལ་རྒན་དུ་འགྱུར་ཉེན་ཡོད། ལར་ནས་དེང་དུས་རང་རེའི་མིང་དང་འདྲ་བའི་གང་ཟག་སྐད་གྲགས་ཅན་འདྲ་ཡོད་ན་བོད་པ་ཡིན་ཤག་བྱེད་མཁན་མང་པོ་འདུག་པ་དེ་དག་ལས་ཁག་ཅིག་མངོན་རློམ་ཡིན་སྲིད་ལ། འགའ་ཞིག་ནི་ཧམ་པ་ཚ་དྲག་པ་དེ་འདྲའང་འདུག
སྤྱིར་བཏང་སྲས་པོ་སྲས་མོ་རྣམ་གཉིས་ཀྱི་གཉེན་འགྲིག་ལ་བཀྲིས་བདེ་ལེགས་ཞུ་དགོས་པ་བདེན་པ་རེད། འོན་ཀྱང་གནའ་མ་དེ་བོད་རིགས་དང་འབྲེལ་བ་ཡོད་པའི་སྐོར་འདི་ཁུངས་མེད་ཀྱི་སྐད་ཆ་ཡིན་པས་འུར་སྒྲ་ཞེ་དྲག་མ་རྒྱབ་ན་ལེགས། གང་ཡིན་ཟེར་ན། སྔ་མོ་བོད་རིགས་ལ་འུར་ཏི་རྒྱག་པ་སོགས་གཉའ་གནོན་དང་བཙན་དབང་གིས་འབྲུག་ནས་ཕུད་པ་སོགས་ཀྱི་གནས་ཚུལ་འབྱུང་རྐྱེན་ངོ་མ་ནི་འབྲུག་རྒྱལ་པོའི་གནའ་མ་བོད་རིགས་ཡིན་པ་དང་མོའི་བྱ་སྤྱོད་ཡག་ཉེས་གང་ཡིན་ལ་མ་ལྟོས་པར་དེའི་རྐྱེན་གྱིས་བྱུང་བ་ཞིག་རེད། བྱས་ཙང་། ད་དུང་སླར་ཡང་དེ་ལྟ་བུའི་སྐྱི་གཡཌྷའ་བའི་གནས་ཚུལ་རིགས་མི་འབྱུང་བའི་སྨོན་ལམ་ཡོད།
《རྩོམ་ཡིག་འདི་ཁ་བརྡའི་དྲ་ལམ་ནས་ཐེངས་འགར་བསྐུར་ཀྱང་། ཕར་འཕྲོད་མི་འདུག་སྟབས། མཆན་བུའི་སྒེའུ་་ཁུང་ནས་ཕར་མི་རྫོང་ཐབས་མེད་བྱུང་》
འདིར། ཁ་བརྡའི་རྩོམ་སྒྲིག་པ་མཆོག་གིས་གཙོས། དྲ་ཚིགས་ཀྱི་གླིང་ཀ་རུ་སྙན་རྩོམ་སྒྱུ་རྩལ་གྱི་དཔལ་ལ་རོལ་བའི་མཁས་དབང་རྣམ་པ་ཚོ་ལ་ཞུ་རྒྱུར། ཁོ་བོ་ནི། སྐྱེས་སྦྱངས་ཀྱི་ཤེས་རབ་དམན་ཞིང་། འཇོན་ཐང་མེད་པའི་སྐྱེ་བོ་ཐ་ཤལ་བ་ཞིག་ཡིན་པས། ལྷན་རྒྱས་ཚོའི་མཛད་སྤྱོད་ཀྱི་ཐད་ལ་ཇུས་གཏོགས་བྱེད་པ་ནི། འཇིག་རྟེན་གཏམ་དཔེར། ཐུབ་དབང་གི་དྲུང་ནས་ཤཱ་རི་བུས་ལུང་འདྲེན་། ཞེས་པའི་ཚུལ་ལས་མ་འདས་ཀྱང་། ལུགས་ཀྱི་བསྟན་བཅོས་ལས། ཕན་པའི་གྲོགས་དང་ཕན་པའི་གྲོས།།གང་ནས་འབྱུང་བའི་ངེས་པ་མེད།།ཅེས་གསུངས་པ་བཞིན། སྐབས་རེར་བླུན་པོ་བདག་ལྟ་བུའི་ངག་ནས་ཀྱང་། ཕན་པའི་སྐད་ཆ་རེ་འགའ་ཙམ་ཡང་འབྱུང་མི་སྲིད་པ་མིན་པས། གཤམ་དུ་རང་ཉིད་ཀྱི་བསམ་འཆར་འགའ་ཞིག་ཡིག་རིས་སུ་དགོད་པར་འདོད་པ་ལགས་ན། ཁྱེད་དྲན་དབང་རྣམ་པ་ཚོས། མན་ཤེལ་གྱིས་ཆུའི་རྙོག་མ་བགྲུང་བའམ། ངང་པས་ཆུ་དང་འོ་མའི་དབྱེ་བ་འབྱེད་པའི་ཚུལ་གྱིས་ཐུགས་བརྟག་གང་ལེགས་གནང་བར་རིགས། ཕྲན་ནམ་རྒྱུན་རྩོམ་ཡིག་གི་རིགས་བཀླག་རྒྱུར་སྤྲོ་བ་ཆེ་ལ། དེ་བས་ཀྱང་དཔྱད་རྩོམ་གྱི་སྐོར་ལ་བལྟ་བར་ཤིན་ཏུ་དགའ། ཉེ་ཆར་གྲོགས་པོ་འགའ་ཞིག་གི་ངག་ལས། དེང་སང་གློག་འཕྲིན་དྲ་རྒྱའི་ངོས་སུ། ༼ཁ་བརྡ༽ཞེས་པའི་གླེང་སྟེགས་གསར་པ་ཞིག་བཟོས་ཡོད་པའི་སྐོར་རྣ་བར་སོན་པས། མི་འགྱང་བར་ཁ་བརྡའི་གླེངས་སྟེགས་ཀྱི་གནས་ཚུལ་རྣམས་མཇལ་འདོད་ཀྱི་རེ་བ་མནན་ན་མི་ནོན་པ་ཞིག་བྱུང་། དེ་ནས་བཟུང་ཐབས་ཇུས་མང་པོ་ཞིག་བགྱིས་པར་བརྟེན། ད་ལྟའི་ཆར་ཁ་བརྡའི་མཆན་བུའི་སྐར་ཁུང་ནས་སྙན་རྩོམ་སྒྱུ་རྩལ་གྱི་ལྟད་མོ་ལ་ལོངས་སུ་སྤྱོད་རྒྱུའི་སྐལ་བཟང་གི་གོ་སྐབས་ཕྲན་བུ་ཞིག་བྱུང་བ་རེད། དངོས་གནས། ཁ་བརྡའི་གླེང་སྟེགས་སུ་སླེབས་པའི་སྙན་རྩོམ་མང་ཆེ་བ་ཞིག་ནི། ཚིག་སྦྱོར་གྱི་འགྲོས་དང་བརྗོད་བྱའི་ནང་དོན་སོགས་གང་ཅིའི་ཆ་ནས་བལྟས་ཀྱང་། ངོ་མཚར་བའི་གནས་འབའ་ཞིག་ལས་མི་འདུག འོན་ཀྱང་། སྙུག་ཐོགས་པ་འགའ་ཞིག་ནས་སྙན་རྩོམ་སོགས་འབྲི་བའི་ཚེ་ན། རང་ཡུལ་གྱི་གྲོང་སྐད་ཁོ་ན་ལ་བེད་སྤྱོད་བྱེད་བཞིན་འདུག་པ་ནི། ཆེས་མི་རུང་བའི་གནས་ཚུལ་ཞིག་རེད། ཇི་སྐད་དུ། འཇམ་མགོན་མི་ཕམ་པའི་ཞལ་ནས། གཙུག་ལག་ཤེས་པའི་བློ་གྲོས་ཅན།།ཉི་མ་བཞིན་དུ་འཇིག་རྟེན་རྒྱན།།ཞེས་དང་། དམུས་ལོང་སྟོང་གིས་བགྲོད་དཀའ་བའི།།ལམ་རྣམས་མིག་ལྡན་གཅིག་གིས་གཅོད།།ཅེས་གསུངས་པ་བཞིན།ཁྱེད་རྣམས་ནི། ངེད་ཅག་དམུས་ལོང་བག་འཁུམས་པ་ཚོའི་སྣེ་འཁྲིད་པ་ཤ་སྟག་ཡིན་པའི་ཕྱིར་ན། རྣམ་ཀུན་ཐུགས་རྒྱ་ཆེར་བསྐྱེད་དང་།གཟིགས་རྒྱང་རིང་ཙམ་གནང་རྒྱུ་གལ་ཆེ་བར་སེམས། གལ་ཏེ། ཁྱེད་རང་ཚོས། ད་དུང་ཡང་མུ་མཐུད་དེ་འདི་ལྟར་གནང་བ་ཡིན་ན། ཕྱིས་སུ་རིམ་བཞིན། ལད་ཟློས་འཁྲབ་མཁན་ཇེ་མང་དུ་ཕྱིན་ཏེ། མ་འོངས་པར་རང་རེའི་སྐད་ཡིག་གཉིས་ཀྱི་དབར་ལ་སྔར་བས་ཀྱང་། དཀའ་རྙོག་ཆེན་པོ་ཞིག་འབྱུང་རྒྱུ་ཡིན་པར་གོར་མ་ཆག འོན་ཏེ། ཁྱེད་ཅག་གིས། ང་ཚོས། བོད་ཀྱི་སྐད་དང་ཡི་གེའི་བར་གྱི་གནས་ཚུལ་ལ་ཅི་ཡང་མི་སེམས། ང་ཚོས། མུ་མཐུད་ནས་གྲོང་སྐད་ཁོ་ན་ལ་སྤྱད་པར་བྱའོ།།ཞེས་ཨུ་ཚུགས་ཀྱི་གཡག་རྒོད་ལ་འཆིབ་རྐྱང་བྱེད་པར་མོས་ན། རང་རེའི་བོད་ནི་རང་དབང་མེད་པའི་མི་རིགས་ཤིག་ཡིན་རུང་། ཁ་བརྡའི་དྲ་རྒྱ་ནི། རང་དབང་གི་གླེང་སྟེགས་ཡངས་པོ་ཞིག་རེད་འདུག་པས། ཁྱེད་རྣམས་ཅི་དགར་མཛོད་ཅིག་དང་། གླེན་པ་བདག་ཀྱང་། ཅི་ཡང་མི་སྨྲ་བའི་བརྟུལ་ཞུགས་ཀྱི་ངང་བསྡད་རྒྱུ་ལས་གཞན་པའི་ཐབས་ཅི། གང་ལྟར། སླད་མའི་རེ་བ་ཆུང་ངུ་ཞིག་ལ། ཁྱེད་རང་ཚོས་སྤྱད་དང་སྤྱོད་བཞིན་པའི་ཕལ་སྐད་ཀྱི་མིང་ཚིག་དེ་དག་ལ། ཁ་བརྡའི་རྩོམ་སྒྲིག་འགན་འཁུར་བའམ། འབྲི་མཁན་སོ་སོས། བརྡ་སྤྲོད་སྤྱི་འགྲོས་ཀྱི་ལམ་ནས་ཁ་གསལ་གོ་བརྡའི་འགྲེལ་བཤད་རེ་བགྱི་ན་ཅི་འདྲ་འདུག་གམ། གལ་ཏེ། ཁྱེད་ཚོས་བྲིས་དང་འབྲི་མུས་ཀྱི་ཕལ་ཚིག་དེ་དག་རང་དགར་བཞག་པ་ཡིན་ན། ཁྱེད་རང་ཚོར། རང་ཉིད་ཀྱི་ཡིག་འཕྲེང་ཉག་ཉོག་དེ་ཚོས། སྤྲོ་བདེ་སྤུ་གཟེང་གི་ཚོར་བ་ཉི་ཚེ་བ་རེ་སྟེར་ལགས་ཀྱང་། དངོས་འབྱུང་གནས་ཚུལ་ལ། ཁྱེད་ཅག་གིས། ཡིག་ཉོག་དེ་དག་གི་ལམ་ནས་ཅི་ཞིག་མཚོན་གྱི་ཡོད་པ། རང་ཉིད་དང་གྲོང་སྡེ་གཅིག་པའི་མི་འགའ་ཞིག་མ་གཏོགས། ཡུལ་ལུང་གཞན་གྱི་མི་ཚོས་ཕྱོགས་ཙམ་ཡང་རྟོག་མི་ཐུབ་པ་ནི། སྨོས་ཅི་དགོས། དེས་ན། ཁྱེད་ཅག་གི་ཡིག་ཉོག་དེ་དག་གིས། རིག་གཞུང་འཕར་འདེགས་དང་། མི་རིགས་ཀྱི་སྲི་ཞུར་འགྱུར་བ་ཕར་ཞོག རང་ཉིད་ཀྱི་ཆུ་ཚོད་ཀྱང་སྟོང་ཟད་དུ་འགྲོ་བར་ངེས། ད་ནི། སྨྲ་བ་མང་ན་ཉེས་པའི་རྒྱུ་རུའང་འགྲོ་སྲིད་པས། འདིར་མཚམས་བཞག་ན་ལེགས་སོ།།
འོ་འོ། ཡང་བསྐྱར་གཅིག་དྲན་བྱུང་།
བོད་པ་དྲན་རྒྱུ་མ་མང་ན།།
ཨུར་ཏི་ཚ་བོ་ཅི་ལ་ཉོ།།
ཨུར་ཏིའི་འབྱུང་རྩ་མ་ཤེས་པར།།
དོན་མེད་ཅ་ཅོ་མ་སྔ་ཞིག།
སྔོན་ཆད་ཨུར་ཏི་བརྒྱབ་ན་ཡང་།།
རྟག་པར་ཨུར་ཏི་རྒྱག་སྲིད་དམ།།
ལྐུགས་པས་གླ་རོ་རྙེད་པའི་སར།།
ཡང་ཡང་སྐོར་བ་བྱེད་དེ་དྲན།།
རང་དང་ལྟ་བ་མ་མཐུན་པས།།
སྲོག་ཁྲིམས་བཅད་པ་ཤིན་ཏུ་མང་།།
དེ་འདྲའི་དངོས་བདེན་མཐོང་བའི་ཚེ།།
ཨུར་ཏི་ཟེར་བ་ཆུང་ཆུང་ཡིན།།
གལ་ཏེ་བོད་མོ་བླངས་ཡིན་ན།།
ཨུར་ཏི་སྤྲོད་འདོད་ག་ལ་ཡིན།།
ད་དུང་ཅ་ཅོ་མང་དྲགས་ན།།
ཨུར་ཏི་ཚ་བོ་ཉོ་ངེས་རེད།།
སྔོན་ཆད་འདུག་ཚོད་མ་ཟིན་པས།།
ཨུར་ཏི་ཉོས་པ་ཡག་པོ་རེད།།
ད་ནི་རྒྱལ་བའི་བཀའ་སྲུང་བཞིན།།
བསྒྲུབས་ན་ཨུར་ཏི་ཉོ་མ་སྲིད།།
ཧཧཧཧཧཧཧཧཧཧཧཧཧཧཧཧཧཧ་་་་་་་་་་་ཧཧཧཧཧཧཧཧཧཧཧཧཧཧཧཧ་་་་་དངོས་དོན་ནི་ནམ་ཡང་སྙན་པོ་མེད།
ད་དུང་བོད་པ་ལ་ཤ་ཚ་ཡོད་ན་འབྲུག་ནང་བོད་མི་སྟོང་ཕྲག་ཁ་ཤ་བཞུགས་ཡོད་པས་ཁོང་ཚོའི་རིལ་རིལ་དབུའི་བདེ་སྡུག་ལ་བསམ་བློ་བཏང་སྟེ་ནར་ནར་ལྕེ་ལ་བདག་པོ་གནང་རོགས།
རེད་རེད། འགལ་ཟླར་འགྲོ་བའི་སྐད་ཆ་དེའི་རིགས་མ་བཤད་ན་ཡག་པོ་འདུག འབྲུག་རྒྱལ་པོའི་འཁྲུངས་སར་རྟེན་འབྲེལ་ཞུ།
དེ་རིང་འདིར་མེ་ཏོག་དཀར་པོའི་རྩོམ་དེ་མཐོང་མ་ཐག་ངས་ཐོག་མ་ནས་ཞུ་འདོད་པ་ཞིག་གློ་བུར་དུ་དྲན་གསོས་སོང་། ཁ་བརྡ་དྲྭ་ངོས་སུ་ཕེབས་མཁན་རྣམ་པ་བོད་སྐད་ཡིག་ལ་དུང་ཞེན་ཅན་ཤ་སྟག་ཡིན་སྲིད་ཀྱང་། ཁྱེད་རྣམས་ཀྱི་ཡིག་ནོར་རི་བོ་ལས་ཆེ་བ་འདི་དག་མཐོང་དུས། ང་ནི་སེམས་གཏིང་ནས་སྐྱོ་བ་སྐྱེ་ཡོང་གི་འདུག འདིར་ཕེབས་པར་མ་གཞི་ནས་དགའ་པོ་ཡོད་ཀྱང་། གལ་ཏེ་ཡིག་ནོར་མུ་མཐུད་སྤེལ་ན་བོད་སྐད་ཡིག་དང་བརྡ་སྤྲོད་རིག་པ་ཟེར་བ་ཞིག་གེ་སར་རྒྱལ་པོའི་རྟོག་སྒྲུང་དང་ཆ་མཚུངས་པ་ཞིག་ཏུ་འགྱུར་ངེས་པས། གཟབ་གཟབ་གནང་རྒྱུ་གལ་ཆེ། རྒྱབ་ནས་མེ་མདའ་བཙུགས་ནས་འདེད་འགྲོ་མཁན་ནི་སུ་ཡང་མི་འདུག་སྟབས་ཐུགས་ལྷོད་ལྷོད་ངང་ཐད་ཀར་དྲྭ་ངོས་སུ་མི་འབྲི་བར་བརྗོད་དོན་གང་ཡིན་ཤོག་སྟེང་དུ་ཕབ་སྟེ། ཞུ་དག་ཡིད་རྟོན་འཕེར་བ་རེ་གནང་ནས་འདིར་ཕེབས་ན། ཅི་འདྲའི་སྙིང་དུ་སྡུག་པ་དང་དགའ་འོས་པ་ཞིག་ཡིན་པས། ཕྱོགས་བཅུའི་འཇིག་རྟེན་ན་བཞུགས་པའི་བོད་ཡིག་ལ་དོན་གཉེར་ཅན་གྱི་གྲོགས་པོ་ཚོས་འདི་ཙམ་ཞིག་མ་ཡིན་པར་དྲ་བ་གང་དུ་ཕེབས་ཀྱང་ཐུགས་ཀློང་དུ་སྟིམ་པར་འཚལ།
ག་རེ་ནོར་འདུག་གསུངས་དང་།
པདྨ་བཀའ་ཐང་ལས།
མཐའ་མ་བོད་འདི་རྒྱ་ཡི་འོག་ཏུ་ཚུད།།
བུམ་ཐང་ཕྱོགས་ནས་ཁྲི་ཡི་ཟུར་ཆ་བསྣན།།
རྒྱལ་སྲིད་ཆོས་ཁྲིམས་སྐྱོང་བའི་ང་སྤྲུལ་འབྱུང་།།
ཞེས་གསུངས་འདུག་པས་འབྲུག་རྒྱལ་པོ་ནི་སློབ་དཔོན་ཆེན་པོའི་སྤྲུལ་པ་ཡིན་པ་ནི་ཤོད་མི་དགོས་པ་ཞིག་རེད་འདུག་སྟབས། སྐྱེ་འགྲོ་ཚང་མ་དགའ་འོས་པ་ཞིག་ལོས་ཡིན། ལྷག་པར་བོད་དང་འབྲུག་གཉིས་ལོ་ངོ་སྟོང་ཕྲག་གི་རིང་ཆོས་དམ་གྱི་འབྲེལ་བ་ཟབ་ཅིང་། བོད་བཙན་པོའི་སྐབས་སུ་བཙན་པོའི་སྟོད་ཀྱི་དཔའ་སྡེ་མོན་ཁ་བཞི་ཞེས་པ་ད་ལྟའི་འབྲུག་ཡུལ་ལ་ངོས་འཛིན་གྱི་འདུག མདོར་ན་ང་ཚོ་དང་ཤ་ཁྲག་གཅིག་པ་ཡིན་པས། དམིགས་བསལ་དམ་ཚིག་ལ་རྒྱ་མུ་མཐུད་གཅེས་སྐྱོང་བྱེད་པ་གལ་ཆེ།
ཡིག་ཕྲེང་ཐུང་ཐུང་གཉིས་ཙམ་གྱི་ནང་དུ་ཡིག་ནོར་རྟ་ལས་ཆེ་བ་གཅིག་འདུག་སྟེ། གཟིགས་དང་། ཁ་ཤས་ཟེར་རྒྱུ་ལ་ཁ་ཤ་ཞེས་བྲིས་འདུག་ལགས།
ཧཧཧཧཧ་་ད་ཡིན་ན་དེ་འདྲ་ཞིག་རེད་སྔོན་མ་འབྲུག་པ་ནས་ཐུབ་ཚོད་བཏང་བ་ལ་ཕན་ཚུན་གཉིས་སུ་ཁག་མེད་ཚོད་འདུག་མོད་་་ད་ལྟ་བཀའ་ཁྲིའི་འོས་ཤོག་ཙམ་ཡང་བླུགས་རྒྱུའི་རང་དབང་མི་སྤྲོད་པ་འདི་སུ་ལ་བཤད་དགོས་རེད་་ད་ལྟ་འབྲུག་གི་བོད་མི་རྣམས་ཀྱི་གནས་ཚུལ་དངོས་ཤེས་ཀི་ཡོད་པེ་་་་འདིར་བྲིས་ན་ཕན་པ་གང་ཡང་མེད་པའི་གནས་ཚུལ་མང་པོ་རྒྱུས་ལོན་བྱེད་རྒྱུ་གལ་ཆེ་ལགས་་་་་་་སྐད་གྲགས་ཅན་ཚང་མ་བོད་པ་ཡིན་ཟེར་མཁན་སྨྱོན་པ་ཞིག་མིན་ན་སུ་ཡང་ཡོད་རྒྱུ་མ་རེད་ལགས་ད་ལྟའི་བུ་མོ་དེ་མི་ཚང་གཅུས་མ་ཞིག་ནས་ཡིན་པ་ལས་སྐད་གྲགས་ཅན་དེ་འདྲ་གང་ཡང་མ་རེད་་་བསམ་བློ་བཏང་ནས་སྐད་ཆ་བཤད་རོགས་ཞུ་་་་སྐད་ཆ་འདི་མེ་ཏོག་དཀར་པོ་ལ་་གཞན་འབྲུག་ཡུལ་ན་ཡོད་པའི་བོད་མི་དེ་ཚོ་ལ་བསམ་བློ་ཞིག་བཏང་ནས་སྐད་འདྲ་མིན་མི་བཤད་པར་ཞུ་་་་ལུང་པ་དེའི་གཞུང་འཛིན་པ་རྣམས་མཁྱེན་པར་ཅེས་
འབྲོང་ངུར་བསྟན་འཛིན་ལམ་བཟང་འདི།།
འབྲོང་ཞར་རྩྭ་ཟའི་ངང་ཚུལ་ལྟར།།
གོང་གི་པད་དཀར་ཕོ་ཉ་དང་།།
མེ་ཏོག་དཀར་པོ་ནོར་ལ་ལྟོས།།
གཞོན་ནུ་རིག་པ་ཟླ་མེད་ལགས།།
དེ་རིང་མཇལ་བ་དགའ་མོད་ཀྱང་།།
གོང་གི་པད་དཀར་ཕོ་ཉ་དང་།།
མེ་ཏོག་དཀར་པོ་ནོར་འདུག་ལོ།།
ནོར་ཚུལ་ལུང་རིགས་ཡང་དག་ཅིག།
ཡོད་ན་ཡི་རང་ལོས་བྱེད་ཀྱང་།།
རང་གིས་མ་ཤེས་མུན་པའི་མདའ།།
སྲིད་གསུམ་གད་མོ་འཆོར་བའི་རྒྱུ།།
ཚིག་མཚོན་སྤུ་གྲིར་རློམ་པ་ཞིག།
འཇིགས་མེད་འབྲོང་ལ་མ་ཕོག་མོད།།
མྱ་ངན་དྲ་བར་མ་ཞུགས་པར།།
ཡིད་བདེའི་དཔལ་ལ་རོལ་ཅིག་ཀྱེ།།
འབྲོང་ངུར་ལགས། ནོར་བ་དེ་མཐོང་སོང་།
རྔ་བ་གཉན་རྒོད་ལགས། འབྲུག་པས་བོད་པ་ལ་ཅིག་ཅིག་བྱེད་་བཅུག་གི་མིན་འདུག་ཟེར་རྒྱུའི་སྔོན་ལ་ང་རང་ཚོ་བོད་པས་བོད་གཞུང་ཞེས་པ་སྒྲིག་འཛུག་ཅེས་པར་རང་མོས་ཀྱིས་བསྒྱུར་བཞིན་པར་ལྟོས། ཕར་ཕྱོགས་ཆུང་ཆུང་འབྲུག་ལ་ཆེན་པོ་རྒྱ་མིས་གནོན་ཤུགས་ཡོད་པས་བོད་མིར་རོགས་རམ་བྱ་འདོད་ནའང་བྱེད་ཐུབ་རྒྱུར་དཀའ་ལས་རེད། དེ་ཡིན་དང་མིན་བོད་ས་ལ་འབྲུག་དང་། འབྲུག་ས་ལ་བོད་བཞག་ནས་ཐུགས་བསམ་བཞེས་རོགས།
སྐད་གྲགས་ཆེན་པོ་གང་ཞིག་རང་རེ་བོད་མིང་དང་འདྲ་བ་ཡོད་མཁན་ཚོར་བོད་པར་སྒྲུབ་ཨེ་ཐུབ་ལྟ་གི་འདུག་བྱས་ཙང་ངས་གསལ་བཤད་བྱས་པ་ཡིན། ཉིན་ཤས་གོང་གི་འབྲས་ལྗོངས་པའི་བུ་རྒྱ་གར་རྐད་རྕེད་པོ་ལོ་རྩེད་མཁན་དེར་ཡང་དེ་འདྲ་བྲིས་མཁན་བྱུང་སོང་།
དེ་ཙམ་ཡིན།
བཀྲ་ཤིས་ཞུ།
འོན་ཀྱང་གཞོན་ནུ་ཕོ་མོ་གཉིས་ཀྱི་གདོང་གི་རྣམ་འགྱུར་འདིར་གྲང་ཤུར་ཤུར་ཞིག་ལས་ཚ་ལྷང་ལྷང་ཞིག་མི་སྣང་བས།
ཁོང་གཉིས་ཀྱི་གཉེན་སྒྲིག་འདི་རང་མོས་ཀྱིས་ཨེ་ཡིན་ན། ཡིན་ན་དེ་འདྲའི་གདོང་གི་སྐྱོ་ཉམས་ལྟ་བུ་དེ་གང་འདྲ་བྱས་ནས་བྱུང་བ་རེད།
བརྩེ་དུང་འདིའི་ནུས་པར་འགྲན་ཟླ་མེད་པས་རྒྱལ་སྲས་ངོས་ནས་རིགས་རིས་ལ་དབྱེ་འབྱེད་མི་ཐུབ།
འོན་ཏེ་བོད་མོ་རྗེ་བཙུན་པདྨ་འདིར་ཆབ་སྲིད་པས་ཞྭ་ནག་ཅིག་གཡོག་ནས་ཐ་མར་བྲོས་པ་དང་། རང་སྲོག་ཤོར་བ་འདོར་བ་སོགས་མི་ཡོང་བའི་སྨོན་འདུན་ཞུ།
ངའི་སེམས་ལ་འབྲུག་མི་མང་གི་བློ་ལ་མ་བབས་པ་དང་། བློན་ཆེན་དང་དཔོན་ཆེན་སོགས་ཀྱི་བུ་མོས་ཕྲག་དོགས་དང་འགྲན་སེམས་འོག་ཁོང་གི་མི་ཚེའི་རླུང་རྟ་ལ་ང་འཇིགས་སྣང་སྐྱེ་གི
ཁོང་ལ་དངོས་གནས་བདེ་བ་རང་མཚན་པ་ཞིག་ཡོང་མི་སྲིད་ལ། དེ་ལས་བཟློག་ཏེ་དོགས་པ་དང་འཇིགས་སྐྲག་གི་འོག་ཏུ་མི་ཚེ་བསྐྱེལ་དགོས་ཡོང་ཉེ་ཆེ།
རྗེ་བཙུན་པདྨ་ལགས། མཛངས་མ་ཞིག་ལ་དགོས་པ་ནི་ཤེས་ཡོན་དང་བློ་རྒྱ་རེད། ད་དུང་རྒྱལ་མོ་ཞིག་ལ་འབངས་རྣམས་ལ་ཕ་མའི་འདུ་ཤེས་ཀྱིས་བྱམས་པས་སྐྱོང་བ་ཞིག་དགོས། ཁྱོད་ཀྱི་འཕྲིན་ལས་མ་ཆུག་ན་རྗེ་བཙུན་སྒྲོལ་མ་ཞུ་ཆོག
༢༧༽ འབྲོང་ངུར་བསྟན་འཛིན་ལམ་བཟང་ནས། “་་་འབྲུག་རྒྱལ་པོ་ནི་སློབ་དཔོན་ཆེན་པོའི་སྤྲུལ་པ་ཡིན་པ་ནི་ཤོད་མི་དགོས་པ་ཞིག་རེད་འདུག་སྟབས། སྐྱེ་འགྲོ་ཚང་མ་དགའ་འོས་པ་ཞིག་ལོས་ཡིན།” ་་་ ཟེར།
ཡང་།
མིག་གིས། ་་་་ན་རྗེ་བཙུན་སྒྲོལ་མ་ཞུ་ཆོག་ཟེར། ཧ་ཧ་ང་འདི་འདྲའི་རིགས་ལ་མི་མོས་ཀྱང་། སློང་ཆང་ལ་བཀྲ་ཤིས་བདེ་ལེགས་དང་། རྗེ་བཙུན་པད་མར་དགའ་སྤོབས་ཡོད་ལགས། །དགེའོ། །
འབྲོང་ངུར་བསྟན་འཛིན་ལག་པ་ནི།།
དབྱངས་ཅན་ལྷ་ཡི་རྒྱུད་མངས་ལྟར།།
ཐེངས་གཅིག་འཁྲོལ་བའི་སྙན་པའི་ངག།
བདག་གི་ཡིད་ལ་བདེ་བས་སིམ།།
ཁྱོད་ཀྱི་ངག་གི་རྩལ་དེ་ནི།།
དཔག་ཆེན་མདའ་མོ་ལྟོང་ཤོར་ལྟར།།
བདག་གི་ནོངས་པའི་འབེན་དཀྱིལ་དུ།།
གཟེ་ནས་འོངས་པ་ཡོལ་མི་ནུས།།
གླེན་པའི་རྙེད་པའི་གླ་བ་ཡི།།
དཔེ་དེས་བདག་གི་རྒྱུ་མ་ཡང་།།
ན་ཟུག་འབྱིན་པའི་བར་དུ་ནི།།
དགོད་པའི་གད་མོ་འགོག་མི་ནུས།།
ཁྱོད་དང་ང་ནི་ཕྱོགས་གཅིག་ཏུ།།
འཛོམས་ནས་གླེན་བཤད་ལུ་གུ་རྒྱུད།།
རྒྱུན་མར་འགོད་པའི་རེ་བ་ནི།།
བདག་གི་སྨོན་པ་ཁོ་ནའོ།།
བོད་ཡུལ་བཙན་པོའི་རྒྱལ་རབས་དགུ་པ་་་་་གཡུང་དྲུང་བོན་གྱི་རྒྱལ་པོ་་་སྤུ་ལྡེ་གུང་རྒྱལ་་་་་གྱི་བཙུན་མོ་་་་་་བུམ་ཐང་སྨན་མཚོ་་་་་་ཞུ་བ་་དེ་ལོ་རྒྱུས་ཀྱི་གནས་བབ་གང་ནས་བལྟས་ཀྱང་་་དེང་སང་་་འབྲུག་ཡུལ་གྱི་་་་བུམ་ཐང་་་་ངམ་་་འབུམ་ཐང་་་ཞེས་པའི་་་ལུང་པ་དེ་ནས་བྱུང་བའི་་་བུད་མེད་ཞིག་ཡིན་པ་གུས་པས་ཡིད་ཆེས་བྱེད། དེ་རྗེས་བོད་རྒྱལ་རབས་ཀྱི་ཁྲག་རྒྱུད་ལ་་་མོན་ཡུལ་བུམ་ཐང་བའི་ཁྲག་རྒྱུན་འགྲེས་ཡོད་པ་ཡང་ཤེས་དགོས་པས་་་བོད་ཡུལ་་་དང་་་འབྲུག་ཡུལ་་་གཉིས་ཀྱི་རྒྱལ་རབས་ཀྱི་འབྲེལ་བ་བཟང་པོ་བྱུང་བ་ཡང་ཐོག་མ་དེ་ནས་ཡིན་པ་ངོས་འཛིན་ཞུས་ན་མི་འགྲིག་པ་མེད། ལོ་རྒྱུས་འགའ་ཞིག་ནང་་་འོམ་ཐང་སྨན་མཚོ་་་ཡང་བྲིས་པ་འདུག། དེ་འདྲ་ཡིན་དུས་བོད་ཡུལ་དང་འབྲུག་ཡུལ་གཉིས་ཀྱི་བར་བཀྲ་ཤིས་པའི་ལམ་བཟང་སྔར་ནས་ཡོད་པ་དེ་འུ་ཚོའི་དུས་སུ་མི་བརྗེད་པ་གནང་དགོས།
ཨོ་རེད་ཡ་དྲ་གྲོགས་མེ་ཏོག་དཀར་པོ་བདེན་པ་རེད་ཡ་དཔེ་ཕར་ལེན་ཚུར་ལེན་བྱས་ན་བདེན་པ་འདྲ་བོ་འདུག་མོད་་ང་ཚོ་དང་འཛམ་གླིང་སྟེང་དུ་དངོས་ལེན་ཡོན་པའི་རྒྱལ་ཁབ་ཞིག་གཉིས་བསྡུར་ཡ་ཡོད་དམ་ལགས་་་་་་་་་སྔོན་མ་ལ་ང་ཚོ་ལ་ནོར་བ་ཡོད་པ་ཆགས་ཞོག་དེང་སང་དེ་འདྲ་ཞིག་ཡིན་ནམ་་་་་་ཨོ་རེད་ཡ་ཉེ་སྔོན་རྒྱ་གར་རྩེད་མོའི་རི་དཔོན་ལ་དེ་འདྲ་བཤད་པ་ལ་ཁག་མེད་ངའི་ཡང་དེ་འདྲ་ཞིག་གོ་མྱོང་ལགས་ཁོང་གི་སྲིང་མོ་ཞིག་བོད་ཀྱི་མཛེས་མའི་ནང་ལ་ཞུགས་པ་དང་ཁོང་གི་ཁྱིམ་རྒྱུད་དེ་སྟོད་པའི་ཁྱིམ་ཆེན་ཞིག་ཡིན་རབ་བཤད་སྲོལ་ཞིག་འདུག་ལགས་་ཡིན་ན་ཡང་ལོ་རྒྱུས་ཙམ་བཤད་རྒྱུ་ལས་ང་ཚོ་ལ་གང་ཡང་མི་འདུག་ཡ་་་་་་འབྲུག་རྒྱལ་བོ་བདེ་སྐྱིད་ལྡན་པར་ཤོག་་་་་་ང་ཚོའི་ག་དུས་ཡིན་ན་ཡང་བཟང་ངན་ངོ་ཤེས་ཀི་རེད་ཡ་
འབྲུག་དང་བལ་ཡུལ་ནི་བོད་ཀྱི་ཁྱིམས་མཚེས་རྒྱལ་ཁབ་ཞིག་ཡིན་པ་དང་ཆོས་དང་རིགས་གཞུང་གང་ཅིའི་ཐད་ནས་འབྲེལ་ལམ་ཡོང་དགོས་པ་ཞིག་ཡིན།
འོན་ཀྱང་རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་ཀྱིས་སྟོབས་ཆུང་རྒྱལ་ཁབ་ལ་གནོན་ཤུགས་སྤྲད་དེ་སྐབས་རེར་བཙན་བྱོལ་བོད་མི་ཚོར་མི་བདེ་བ་བཟོས་དང་བཟོ་བཞིན་པ་ཡིན། དེ་ནི་རྒྱལ་ཁབ་གང་དང་གང་ཡིན་རུང་ཐོག་མར་རང་ཉིད་ལ་ཁེ་ཕན་ཡོད་པ་དེར་བསྟུན་དགོས་པ་ནི་རྒྱལ་ཁབ་ཀུན་གྱི་གཞི་རྩ་རེད། འོན་ཀྱང་བོད་མི་ཚོས་བལ་ཡུལ་ལས་འབྲུག་ལ་དགའ་སྣང་ཆེ་བའི་བཟོ་ཞིག་མཐོང། ངོ་མ་བྱེད་ན་བལ་ཡུལ་མེད་ན་བཙན་བྱོལ་དུ་ཡོང་ས་མེད་ཅིང་འབྲུག་དང་རྒྱ་གར་ནས་ཧ་ལམ་བོད་མི་གཅིག་ཀྱང་ས་མཚམས་ནས་གཏོང་གི་མེད།
སྐབས་རེར་བོད་མི་ཚོས་བལ་ཡུལ་ལ་ངན་སྨྲས་མང་པོ་ཞིག་བྱེད་པ་འདི་ནི་བཀའ་དྲིན་མ་ཤེས་པ་ཡིན།
གཞན་ཡང་བཙན་བྱོལ་བ་འགའ་ཞིག་གིས་ཧི་མི་ཞེས་མཐོང་ཆུང་བྱེད་པའང་མི་ཉུང་། དེས་ན་ངེད་ཅག་ཆོས་དང་རིག་གཞུང་གཅིག་པའི་ཆ་ནས་ངེས་པར་དུ་ཕན་ཚུན་གཅིག་གིས་གཅིག་ལ་གུས་ཞབས་བྱེད་དགོས་པ་ནི་ཕུག་ཐག་རིང་པའི་བསམ་བློ་ཞིག་ཏུ་མཐོང།
རེད་རེད་སྐད་གྲགས་ཆེ་བའི་བོད་རིགས་ཡིན་ཚེ་དེ་བོད་པ་ཡིན་རབས་དང་དེ་མིན་ཧི་མི་ཞེས་མཐོང་ཆུང་བྱེད་བཞིན་ཡོད།
དཔེར་ན་རྒྱ་གར་འབྲས་ལྗོངས་ཀྱི་རྩེད་མོ་བ་དེ་དང་ཇོ་མོ་གླང་མར་ཐོག་མར་འཛེགས་པའི་ཤར་པ་བསྟན་་འཛིན་ལས་སོགས་བོད་པ་ཡིན་རབས་བསྒྲུབ་བཞིན་ཡོད།
ལུང་རིགས་ཟླ་མེད་གཞོན་ནུ་དང་།།
ཡིད་འཕྲོག་པདྨ་དཀར་པོ་གཉིས།།
གུ་ཡངས་དཔྱོད་ཤེས་བློ་གྲོས་དེར།།
གཟུར་གནས་སྐྱེ་བོས་བསྔགས་ཡུལ་ཉིད།།
ཁྱེད་ལྟར་སྐྱེས་མཆོག་དུ་མ་ཞིག།
དྲྭ་ངོས་འདི་རུ་ཕེབས་གྱུར་ན།།
བཟང་ངན་ལེགས་པར་ཤན་འབྱེད་ཅིང་།།
ཀློག་པོར་དགའ་སྐྱིད་སྐྲུན་པར་ངེས།།
བཀྲ་ཤིས་བདེ་ལེགས། གྲོགས་པོ་བཟང་པོ་གཉིས་དྲྭ་གྲོགས་སུ་ཐོབ་པར་དགའ་པོ་བྱུང་།
བློ་མཐུན་རྔ་བ་གཉན་རྒོད་ལགས།
ཁྱེད་བསམ་ཤེས་ཅན་ཅན་ཞིག་རེད་འདུག ད་དུང་གསལ་བཤད་ཞུ་རྒྱུར། བོད་ཀྱི་མཛངས་མའི་འགྲན་བསྡུར་ནས་ཞུགས་མཁན་འབྲས་ལྗོངས་ནས་གཅིག་མ་གཏོགས་བྱུང་མེད་དེ་ཡང་བོད་མི་གཙང་མ་རེད་ལ། མོས་འགྲན་རྩོད་ཀྱི་རྒྱལ་ཀའང་ཐོབ་སོང་ང་། མོས་བོད་སྐད་ཡག་པོ་ཤོད་མི་ཤེས་པར་རྩོད་རྙོགས་ཀྱང་གང་འཚམ་བྱུང་སོང་ལ་དེར་བརྟེན་མོ་བོད་པ་ཡིན་མིན་ལ་དོགས་བྱུང་བ་ཡིན་སྲིད། པོ་ལོ་རྩེད་འགྲན་པ་དེས་སྲིང་མོ་བོད་ཀྱི་མཛངས་མར་འགྲན་ཞུགས་བྱས་པ་མ་གོ ཡིན་ནའང་གོང་དུ་མིག་ནས་རྗེ་བཙུན་པདྨ་མ་བོད་མོ་ཡིན་ཤག་བྱས་ནས་བསམ་ཚུལ་བཤད་འདུག་ནི་ཧ་ཅང་གི་ཐབས་སྐྱོ་པོ་མཐོང་སོང་། དེ་བཞིན་གོང་དུ་གཅིག་གིས་འབྲུག་བོད་ཁྲག་གཅིག་ཏུ་སྒྲུབ་པ་ལེགས་མོད། དེ་ལས་གཞན་ཧམ་སེམས་མ་ཅང་ན་ལེགས། སྔ་མོ་བསམ་ཚུལ་དེ་འདྲའི་རྩ་བ་ལ་བརྟན་ནས་ཨུ་ཏི་ཚ་པོ་མྱང་དགོས་ཐུག་པ་རེད།
དེ་རིང་འབྲུག་རྒྱལ་མཆོག་གི་ཁམས་མོ་ཞིག་ལ་བརྩེ་དུང་གི་ཆང་སའི་གནས་སྟངས་འདི་ཧ་ཅང་གི་གཏམ་བཟང་ཞིག་རེད། འབྲེལ་ཡོད་ལོ་རྒྱུས་འགའ་ལ་བལྟས་ན་འབྲུག་ནི་བོད་རིགས་ཙམ་མ་ཚད་དེ་ཡོད་འབྲུག་པ་རྣམས་ཁམས་རིགས་ཡིན་པ་དང་འབྲུག་རྒྱལ་ནི་གླིང་གེ་སར་རྒྱལ་པོའི་རྒྱལ་རྒྱུད་ཡིན་པ་ལོ་རྒྱུས་ཉམས་ཞིབ་པས་བཤད་འདུག། འོན་ཀྱང་ད་སྐབས་རྒྱ་ནག་གི་གནོད་ཤུགས་དང་དེ་སྔོན་བོད་ཀྱི་རྒྱུས་རྙིང་པའི་བག་ཆགས་འོག་འབྲུག་པ་རྣམས་ཀྱི་ལོ་རྒྱུས་ཀྱི་རི་མོར་བལྟས་ནས་བོད་རིགས་ཡིན་པའི་གསལ་བཤད་བྱེད་ཐབས་བྲལ་བ་དང་བྱེད་འདོད་མེད་པ་ཆགས་ཡོད། རྩ་བས་དེ་ཡོད་འབྲུག་པ་རྣམས་ཤེས་རིགས་བཟང་ལ་སྙིང་སྟོབས་ཡོད་པ་སོགས་བོད་གཞུང་སྐུ་ངོས་ཟུང་གི་ཆིངས་ཡིག་བཞག་པའི་འཇོན་ཐང་ལ་བསྡུར་ཐབས་མེད་པ་ནི་འབྲེལ་ཡོད་ལོ་རྒྱུས་ཀྱི་ཁ་གྲགས་ཡོད་དམིགས་བསལ་འབྲུག་རྒྱལ་ལྔ་པ་གེ་སར་རྣམ་རྒྱལ་མཆོག་འཛོམ་གླིང་ནང་སྙན་གྲགས་ཆེ་བའི་དབྱིན་ལིན་མཐོ་སློབ་ནང་ཐོན་ཡོད་པ་དང་ད་ཡོད་བཙལ་བྱོལ་བོད་གཞུང་བཀའ་ཁྲི་གསར་པ་དང་རྒྱལ་སྤྱིའི་ནང་བོད་རིགས་ཤེས་ཡོན་ཅན་གྱི་ལག་ཆེར་མཐོ་ཤོས་རག་མཁན་མཁས་དབང་བློ་སེང་གེ་དང་ཤེས་ཚད་མཉམ་པ་གྲགས
བོད་པས་འབྲུག་པ་རང་གི་མི་རུ་རྩི།།
འབྲུག་པས་བོད་པ་ཕྱི་མིར་བགྲང་བས་ན།།
གཞན་གྱིས་རང་ཉིད་ཁས་ལེན་མ་བྱས་ཚེ།།
ཨུ་ཚུགས་བྱས་ནས་གཞན་ཁོངས་འཛུལ་དོན་ཅི།།
འབྲུག་གི་རྒྱལ་པོ་འཇིགས་མེད་གེ་སར་ལ། །
ཁ་བ་ཅན་གྱི་བུ་མོ་ཆུང་མ་བླངས། །
བོད་འབྲུག་འབྲེལ་བཟང་ཕྱིན་པའི་སྔོན་རྟགས་ཡིན། །
བཀྲ་ཤིས་རྟེན་འབྲེལ་འཛོམས་པའི་སྐལ་བ་བཟང་། ་།
གསར་འགྱུར་འདི་བཀོད་མཁན་ཀླུ་ཞེས་པ་དེ་ཀླུ་སྨྱོན་ཡིན་ནམ། གང་ལྟར་་ཁྱེད་ཀྱི་གསར་འགྱུར་འདི་གསར་འགྱུར་རང་ཡིན་ན་གནས་ཚུལ་འདིའི་ཁུངས་ལུང་དང་ཁྱད་པར་རྗེ་བཙུན་པདྨ་ཁམས་ཉག་རོང་ནས་ཡིན་པའི་ཁུངས་སྟོན་རོགས། སྙན་ངག་ཡིན་ན་ནི་དམིགས་བསལ་རེད། ལར་ལས་ཁུངས་ཡོད་ལ་མེད་ལའི་གསར་འགྱུར་བཀོད་པས་མང་པོ་ཞིག་ལོག་ལམ་ལ་ཁྲིད་འགྲོ་གི་འདུག
འབྲུག་རྒྱལ་ཁབ་ཀྱི་མངའ་ཐང་དར་ཞིང་རྒྱས་ན།་་བོད་རྒྱལ་ཁབ་དང་འབྲེལ་བ་བཟང་དུ་འགྲོ་གི་རེད་མ་གཏོགས་རྒྱ་ནག་དམར་བོ་དང་མཉམ་དུ་འབྲེལ་བ་བཟང་མི་སྲིད། འབྲུག་གི་ཟ་མ་ཤ་སྐམ་ད་རྩི་་དང་་ཡུར་མ་ད་རྩི་སོགས་ཀྱི་ཟ་མ་ངོ་མ་ཞིམ་པོ་ཡོད་པ་རེད་ད།་་་འབྲུག་རྒྱལ་པོའི་འཁྲུངས་ས་ལ་བཀྲིས་བདེ་ལེགས་ཕུན་སུམ་ཚོགས་ཞུ་རྒྱུ་་དང་སྐུ་ཚེ་ཡུན་རིང་བསྟན་ནས་བསམ་དོན་ཇི་བཞིན་འགྲུབ་པར་ཤོག།་་་ངའི་འབྲུག་གི་གྲོགས་པོ་རྣམས་ལ་ཡང་དུས་ཚིགས་འདི་དང་མཉམ་དུ་བཀྲིས་བདེ་ལེགས་ཞུ་གི་ཡོད།
འབྲུག འབྲའ་ལྗོངས། ལ་དྭགས། མོན་པ་དང་ཤར་པའི་རིགས་སོགས་བོད་ཀྱི་མཐའ་འཚམས་མི་རིགས་ཚང་མ་བོད་པ་རེད་ལགས། བོད་རིགས་ཀྱང་རེད། བོད་མི་ཀྱང་རེད། མི་རིགས་དེ་དག་ཚང་མ་བོད་ཀྱི་ནང་པ་ཡང་རེད།
འོན་ཀྱང་ཁོང་རྣམས་བོད་པའི་མི་སེར་ཡིན་མིན་ཐད་ནི། རྒྱལ་རབས་སོ་སོའི་སྐབས་སུ་དུས་དུས་ཀྱི་ཆབ་སྲིད་བསྒྱུར་སྟངས་གནས་ཙམ་ལས། དེ་མིན་ང་ཚོ་ཚང་མ་ཕ་སྤྲེལ་རྒན་དང་མ་བྲག་སྲིན་ཀྱི་བརྒྱུད་པ་ཡིན་ན་ཡིན་མཉམ་དང་། དེའི་བརྒྱུད་པ་མིན་ན་མིན་མཉམ་རེད་དོ། བོད་རིགས་ན་གཞོན་ཚོ། །
བོད་རིགས་ཚང་མའི་སྐད་ཀྱི་རིག་པ་སུམ་རྟགས་གཉིས་གཅིག་མཚུངས་ལ་འབད་གལ་ཤིན་ཏུ་ཆེན་པོ་རེད་འདུག་ལགས། འབྲུག་རྒྱལ་དང་རྗེ་པད་གཉིས་མཆམ་མཐུན་དཔེ་བཟང་ཞིག་ཏུ་འགྱུར་བའི་བཀྲ་ཤིས་སྨོན་ལམ་ཡོད་ལགས། །དགེའོ། །
ཨོ་རེད་མེ་ཏོག་དཀར་པོ་ལགས་་་འབྲས་ལྗོངས་ནས་ཡིན་པའི་བུ་མོ་དེ་ཟེར་བཞིན་ཡོད་ལགས་གཞན་ངའི་མ་ཤེས་་་་གོང་གི་འབྲུག་མོ་དེ་བོད་མོ་ཞིག་ཡིན་ཟེར་གྱིན་མེད་ལ་ཟེར་ཡང་མི་བསམ་ལགས་་་་་ང་རྒྱལ་ཁབ་མེད་པའི་སྐྱབས་བཅོལ་བ་ཞིག་ནས་་རྒྱལ་ཁབ་ཅན་གྱི་རྒྱལ་མོ་ག་རེ་ཡིན་ན་མིན་ན་དེ་ལ་ཀི་ཅོ་སྒྲོགས་པ་ཙམ་ལས་ཕན་པ་གང་ཡང་མེད་སྙམ་་་་་་
རྔ་བ་ལགས། ང་ཡང་ཁྱེད་ལྟར་རྒྱལ་ཁབ་མེད་པའི་མི་ཞིག་ཡིན། གོང་གི་འབྲུག་མོ་དེ་བོད་མོ་རེད་ཟེར་མཁན་ཁྱེད་མིན་ཡང་གཞན་པ་མང་དག་ཅིག་འདུག་པར་དེར་བསམ་ཚུལ་བཤད་པ་ཡིན།
འབྲུག་རྒྱལ་པོ་མཆོག་གི་རྟེན་འབྲེལ་དགའ་སྟོན་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཡོད།
ཁ་བརྡ་དྲྭ་རྒྱ་སེམས་གཏམ་གླེང་བའི་སྟེགས།།
ཁ་རི་ཁ་ཐུག་ཁམས་པའི་གཤིས་ཀར་མཉེས།།
ཁ་མིག་དོད་ཚད་འདི་རུ་ཕེབས་པར་དཀའ།།
ཁ་བ་རི་པའི་རིག་གནས་རྒྱལ་གྱུར་ཅིག།
གཙང་ཉང་སྟོད་སེ་ར་སྒྲུབ་སྡེའི་གདུང་སྲས་སྣང་མཛད་རྡོ་རྗེ་ལགས་ཀྱི་བུ་མོ་རེད། མོས་བོད་ཀྱི་མཛངས་མའི་རྒྱལ་ཁ་བླངས་ནའང་། བོད་སྐད་ཡག་པོ་ཤོད་མི་ཤེས་པར་བརྟེན་རྩོད་རྙོགས་ཀྱང་གང་འཚམ་བྱུང་སོང་ལ་བོད་པ་ཡིན་མིན་ལའང་དོགས་གཞིའི་གླེང་སློང་མང་པོ་བྱས་སོང་། གཞན་འབྲས་ལྗོངས་པ་པོ་ལོ་རྩེད་འགྲན་པ་དེས་སྲིང་མོ་བོད་ཀྱི་མཛངས་མར་འགྲན་ཞུགས་བྱས་ཟེར་བ་བདེན་པ་མ་རེད། གོང་དུ་མིག་ནས་རྗེ་བཙུན་པདྨ་བོད་མོ་ཡིན་ཤག་བྱས་ནས་བསམ་ཚུལ་བཤད་འདུག་ནི་ཧ་ཅང་གི་ཐབས་སྐྱོ་པོ་མཐོང་སོང་། ཡང་གོང་དུ་གཅིག་གིས་འབྲུག་བོད་ཁྲག་གཅིག་ཏུ་སྒྲུབ་པའི་ངལ་བ་དང་དུ་བླངས་འདུག་པ་ལེགས་མོད། དེ་ལས་གཞན་ཧམ་སེམས་བཅང་དྲག་ན་གཏན་ནས་མི་བཟང་སྟེ། སྔ་མོ་བསམ་ཚུལ་དེ་འདྲའི་རྩ་བ་ལ་བརྟེན་ནས་ཨུར་ཏི་ཚ་པོ་མྱང་དགོས་ཐུག་པ་རེད་དོ།།
ཁ་བརྡའི་གསར་འགོད་པས། “བུ་མོ་རྗེ་བཙུན་པད་མ་ཞེས་བ་སྤྱིར་བཏང་གི་ཁྱིམ་རྒྱུད་ཞིག་ནས་སྐྱེས་ཞིང་གནམ་གྲུ་ཁ་ལོ་བ་ཞིག་གི་བུ་མོ་ཡིན་པ་་་་་ དང། ཡང་། ཁོ་མོའི་ཕ་སྔོན་བོད་མདོ་ཁམས་ཉག་རོང་ནས་ཕེབས་པའི་བོད་མི་ཡིན་པ་ཡང་བཤད་ཚུལ་ཡོད་འདུག” བཀོད་པ་ལ།
༡༩༽ མེ་ཏོག་དཀར་པོ་ནས།
“གཞོན་ནུ་ཟླ་མེད་ལགས། ༥༩ རྗེས་་་་་་ དེ་བཞིན་གོང་དུ་རྗེ་བཙུན་པདྨའི་ཅ་ཅ་མོ་མོ་བོད་ཉག་རོང་ཡིན་ན་ཞིག་ནས་རེད་ཟེར་དེ་བོད་པར་སྒྲུབ་ཁུལ་བྱས་མོད། ངལ་བའི་རྒྱུར་ཟད་དེ་་་་་་” ཟེར་ནས་བོད་མོ་ཡིན་མིན་འཐོམས་བཅུགས་སོང་། རྗེ་བཙུན་པད་མ་ལགས་ཀྱི་ལོ་རྒྱུས་ངོ་གནས་གང་ཡིན་མདོར་བསྡུས་ཅིག་བྱུང་ན་མི་ལེགས་སམ།
རྗེ་བརྩོན་པདྨ་བོད་རིགས་ཡིན་པ་དང་ཁམས་པའི་ཕོ་རྒོད་ཅིག་གི་བུ་རྒྱུད་ཡིན་པར་དོགས་གནས་བྱས་དོན་མེད། ཡིན་ཡང་ད་མོ་འབྲུག་རྒྱལ་ཁོང་ཡིན་པས་བོད་ཁོང་མིན་ཅེས་ཁ་གསལ་ལེན་འདེབ་བྱས་སྲིད་ལ་བྱས་ཀྱང་འོས་པ་རེད་། དཔེ་ན་རྒྱ་གར་ཁམས་པ་རྣམས་ཀྱི་གནས་སྟངས་ལ་གཟིགས་ན་ཧ་ལམ་ཕལ་ཆེར་བས་རང་ཉིད་བོད་རིགས་ཡིན་པར་དོགས་གནས་གནང་གི་མིན་ཀྱང་བོད་ཁོང་ཡིན་པའི་ལྟ་ཚུལ་དེ་མེད་པ་ལྟར་བུ་རེད་། རྩ་བས་རྒྱ་གར་ཁམས་པ་རྣམས་ནི་བོད་ཁམས་ཕྱོགས་ཚོང་པ་རྣམས་རྒྱ་གར་བརྟན་ཆགས་སོང་བ་དག་རེད།
རྗེ་པད་ལགས་རྒྱ་གར་ཁམས་པའི་བུ་མོ་རེད་ཨེ། ཡང་ན་དེ་དང་མཚུངས་པ་རེད་ཟེར་འདོད་དམ། ཡང་ན་ཁམས་ཕོ་རྒོད་དེ་བོད་པ་མ་རེད་ཟེར་འདོད་དམ། ང་ནི་ད་དུང་རྨོངས་སུ་བཅུག་བགྱིད། མོའི་སྐོར་ལ་ད་དུང་ཁ་གསལ་ཙམ་ཅིག་ཐུགས་རྗེས་གཟིགས།
འདིའི་གསལ་བཤད་བྱ་རྒྱུ་ཀླུ་ཞེས་པ་དེའི་ལས་འགན་རེད། ངས་གོང་ཞུས་ཟིན། སྙན་རྩོམ་ཡིན་ན་དེར་ཟད། གསར་འགྱུར་ཡིན་ན་ཁུངས་ལུང་ཁྱེར་ཤོག་ལབ་ཡོད། དེ་མིན་མང་པོ་ཞིག་ལོག་ལམ་ལ་ཁྲིད་འགྲོ་གི་འདུག
འོ་རེད། མེ་དཀར་ལགས། ཀླུས་མོའི་ལོ་རྒྱུས་རིང་ཙམ་བྲིས་ན་ཨང་། ཡ་ཡ། ལགས་ལགས་སོ། །
བཀའ་བརྒྱུད་བསྟན་པ་གསེར་གྱི་རྒྱལ་མཚན་རྩེར།།
སྔ་འགྱུར་བསྟན་པ་མ་ཎིའི་ཏོག་འཆང་མཛེས།།
བླ་ནས་བླ་རུ་སྤེལ་བའི་མཛད་བཟང་གི།
ཆོས་ལྡན་རྒྱལ་ཁམས་འདི་རུ་ཞེ་རེ་སྤྲོ།།
ཆོས་རྗེ་དམ་པ་འཇིགས་མེད་ཕུན་ཚོགས་ཞལ་སྔ་ནས་འབྲུག་ཆོས་རྒྱལ་ཆེན་པོར་གདམས་པ་ཞེས་པ་ལས་ཟུར་བཀོད་བྱས་མོད། བློ་ཐོག་ནས་བཀོད་གཤིས་མ་གཞི་ངོ་མ་དང་ཅུང་མི་མཐུན་སྲིད་ན་ནོར་བཅོས་ཡོང་བར་ཞུ།
མི་རྗེ་འབྲུག་རྒྱལ་ལྔ་པ་མཆོག་གིས་ཀྱང་།།
ཡབ་རྗེ་འཇིགས་མེད་བླ་མའི་ཞལ་གདམས་ལྟར།།
ཆོས་སྲིད་ལུགས་གཉིས་དཔལ་གྱི་མངའ་ཐང་དེ།།
ཡངས་པའི་རྒྱལ་ཁམས་ཀུན་ཏུ་སྤེལ་བར་སྨོན།།
ཞེས་པ་ཁོ་བོས་སོ།།
རྒྱལ་བོ་ཡིན་ན་བུ་མོའི་སློབ་གླིང་གི་ཕུགས་བསམ་ཡང་ལུ་གུ་གླག་གིས་ཁྱེར་བ་བཞིན་བཅོམ་ཆོག་པ་དུས་རབས་ཉེར་གཅིག་མུན་པའི་ལྷག་འཕྲོ་ཞིག་མ་ཡིན་ནམ།
བཀའ་བརྒྱུད་བསྟན་པ་གསེར་གྱི་རྒྱལ་མཚན་རྩེར།།
སྔ་འགྱུར་བསྟན་པ་མ་ཎིའི་ཏོག་འཆང་མཛེས།།
འཇམ་དབྱངས་མི་ཡི་རྣམ་རོལ་ས་པཎ་དང་། །
འཇམ་དབྱངས་དགེ་སློང་རྣམ་ཅན་ཙོང་ཁ་པའི། །
དྲི་མེད་བསྟན་པ་འཕེལ་ན་དེ་བས་མཆོག །
འབྲུག་ཡུལ་ནང་བསྟན་ཡོངས་རྫོགས་དར་རྒྱས་དང་། །
བོན་དང་ཁ་ཆེ་ཧིན་རྡུ་ཡེ་ཤུ་སོགས། །
ཆོས་ལུགས་ཡོད་ཚད་དར་ན་དེ་བས་ལྷག །
བཤད་མི་ཕོད་རྒྱུ་གང་ཡང་ཡོད་པ་མ་རེད། འབྲུག་གི་རྒྱལ་མོར་འགྱུར་རྒྱུའི་བུ་མོ་དེ་ཉག་རོང་གི་རྒད་པོ་ཞིག་གི་ཚ་མོ་ཡིན་པ་བཤད་མི་དགོས་པ་རེད། ངས་བསམ་ན་ད་ཐེངས་འབྲུག་རྒྱལ་གྱིས་བོད་མོ་ཞིག་མནའ་མར་ལེན་པ་དེ་ལ་རྒྱུ་མཚན་ཞིག་ཡོད་རྒྱུ་རེད་བསམ། སྔོན་མ་འབྲུག་གཞུང་གིས་བོད་མི་ལ་སྡུག་པོ་བཏང་བའི་རྒྱུ་མཚན་ད་དུང་གསལ་ཁ་ཡག་པོ་ཞིག་བྱུང་མེད་པ་རེད། འབྲུག་རྒྱལ་པོའི་གཞུང་གིས་རྒྱལ་ལོ་དོན་གྲུབ་ཁྲིམས་ཁང་ལ་འབོད་འགུགས་བྱས་པ་དེར་རྒྱལ་ལོ་དོན་གྲུབ་བཅར་མ་ཐུབ་པ་རེད། དེ་འདྲ་ཞིག་ནས་གནས་ཚུལ་དེ་ཁ་གསལ་པོ་གང་ཡང་མེད་པ་ཞིག་ཆགས་པ་རེད། དེ་ལུགས་མཁྱེན་པ་གནང་རོགས། ཞིབ་འཇུག་ཀྱང་གནང་རོགས།
འབྲུག་གཞུག་དང་འབྲུག་མི་དམངས་རྣམས་ང་ཚོ་དང་ཤེས་རིག་གཅིག་གྱུར་ཡིན་དུས་ང་ཚོ་ཧ་ཅང་གི་འབྲེལ་བ་ལ་རྒྱ་དམ་ཚིག་གཙང་མ་ཞིག་རེད། ལྷག་པར་རྒྱལ་པོ་ཞིང་གཤེགས་དེ་དངོས་གནས་དྲང་གནས་ང་རང་ཚོ་བོད་ལ་བཀའ་དྲིན་ཆེན་པོ་རེད།རྡོ་རྗེ་གདན་ལ་དུས་འཁོར་དབང་ཆེན་བྱེད་སྐབས་འབྲུག་ནས་བོད་པ་མང་པོ་སླེབས་འདུག དེ་ཚོ་མང་པོ་ཞིག་དང་སྐད་ཆ་བྱུང་། ཁོང་ཚོས་འབྲུག་ནས་ང་ཚོ་སྐྱིད་པོ་ཡོད། ཅེས་ཚང་མ་ཁ་གཅིག་གྲགས། ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་ཟེར་གྱི་འདུག། དེ་འདྲ་ཞིག་གི་གནས་ཚུལ་ཆགས་ཏེ་བསྡད་ཡོད་པ་རེད། གོང་ས་མཆོག་གིས།
དེ་ལ་དགོངས་རོགས།
འབྲུག་གི་རྒྱལ་བོའི་བཙུན་མོར་བོད་ཀྱི་རུས་རྒྱུད་ཅན་བླངས་ན་བོད་ལ་ཁ་དྲོ་གི་མ་རེད།
དཔལ་ཆེན་ལགས།འབྲུག་གི་རྒྱལ་བོའི་བཙུན་མོར་བོད་ཀྱི་རུས་རྒྱུད་ཅན་བླངས་ན་བོད་ལ་ཁ་མི་དྲོ་བའི་རྒྱུ་མཚན་གང་ཡིན་ན།ཁྱེད་ཀྱིས་མངོན་མཁྱེན་ཤར་གྱི་འདུག་གམ།ཡང་ན་རྣམ་རྟོག་གིས་དྲན་འཆར་ཡིན།
ལྷོ་འབྲུག་རྒྱལ་པོའི་སྐུ་ཚེ་ཡུན་དུ་བརྟན།
འབྲུག་བོད་མཐུན་འགྲིལ་མངའ་ཐང་ལོངས་སྤྱོད་རྒྱས།
ཐུབ་བསྟན་དྲིན་མེད་ལྷ་དར་དཀར་པོ་དེ།
དཔལ་ལྡན་འབྲུག་གི་ཡུལ་ལ་ཡུན་གནས་ཤོག
མཛེས་མའི་ཕྱུ་མཆོག་རྗེ་བཙུན་པདྨ་ཡི།
སྤྱན་དཀྱུས་ཆུ་སྐྱེས་ཟེའུ་འབྲུའི་བཅུད་མངར་ལ།
རྒྱལ་སྲས་འཇིགས་བྲལ་སེང་གེའི་བུང་བ་ཡི།
མགྲིན་པའི་རྒྱུད་མངས་སྒྲོགས་དེ་ཡིད་རེ་སྨོན།
རྟེན་འབྲེལ་ཞུ། རྟེན་འབྲེལ་ཞུ། འབྲུག་རྒྱལ་པོའི་བག་སྟོན་ལ་རྟེན་འབྲེལ་ཞུ།
སྔོན་ཆད་གི་ན་ཚ་དེ་ཚོ་སེམས་ལ་ཉར་ནས་ཆོ་ཡོད་མ་རེད།
དེང་སང་གི་དུས་སྐབས་འདིར་བོད་པ་ཚོ་ལ་གྲོགས་གཅིག་ཡིན་ན་ཡང་ཇེ་མང་ལ་གཏོང་ཨེ་ཐུབ་ལྟ་དགོས་ལ། དགྲ་བོ་གཅིག་ཡིན་ན་ཡང་ཇེ་ཉུང་ལ་གཏོང་ཨེ་ཐུབ་བལྟ་དགོས་པའི་དུས་ཚོད་རེད། ང་ཚོས་སྔོན་ཆད་གི་ནད་རྙིང་དེ་ཚོ་བསྐྱར་དུ་གླེང་ན་གླེང་ཚོ་ཡོད་མ་རེད། གཙོ་བོ་དེང་སྐབས་གི་བོད་མིའི་གནས་བབ་ལ་བལྟ་གིན་བལྟ་གིན་སྐད་ཆ་ཤོད་རྒྱུ་དང་། ལྷག་པར་དུ་མ་འོངས་པར་གཙོ་བོ་བསམ་བློ་གཏོང་དགོས་གི་རེད། བོད་མི་སུ་ཡིན་ནའང་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ཡུལ་མིའི་སེམས་ལ་ཕོག་པའི་སྐད་ཆའི་རིགས་གང་བྱུང་དུ་མི་ཤོད་རྒྱུ་འབད་དགོས་གི་རེད།
ཁྱད་པར་དུ་བོད་མི་ཡི་གེ་བ་དང་བསམ་བློ་བ་ཡིན་བསམ་མཁན་ཚོས་སྐད་ཆ་ཤོད་དུས་དང་ཡི་གེ་འབྲི་དུས་མཉམ་འཇོག་བྱ་དགོས་གི་རེད། ཀློག་མཁན་མི་མང་གི་སེམས་པ་དེ་ཁ་མིག་ཡར་བལྟ་བྱེད་ཐུབ་པ་ཞིག་བྱེད་དགོས་གི་རེད། ག་ས་ག་ལ་ཁབ་གཙགས་འབིག་གཙགས་ཡིས་ནས་ཆོ་ཡོད་མ་རེད།
སྔོན་ཚེ་བོད་ཡུལ་མངའ་ཐང་རྒྱས་པའི་དུས། །
འབྲུག་དང་འབྲས་ལྗོངས་མོན་ཡུལ་ལ་སོགས་པ། །
བོད་ཀྱི་བཙན་པོའི་ཆབ་འབངས་མངའ་འོག་ཏུ། །
རྫོགས་ལྡན་དཔལ་ལ་རོལ་བ་ཨེ་མ་རྨད། །
འདོད་ལྷ་ཁམས་པ་ལགས། ཉིད་ཀྱིས་ཚིག་ལྷུག་ནང་ཡག་པོ་ཞིག་བྲིས་འདུག་མོད། མཇུག་ཏུ་ཚིགས་བཅད་ནང་སྔ་མོ་ཅིག་ཅིག་མག་མག་བྲིས་པ་ནི་དགོས་པ་མེད་དེ། དེ་ལྷར་ན་སྔོན་དུས་རྒྱ་ནག་རྒྱལ་པོ་དབང་ཐང་རྒྱས་དུས། བོད་སོག་ཡོངས་རྫོགས་མངའ་འབངས་སུ་བསྡུས་པ་མ་ཚད། རྫོགས་ལྡན་ལ་སྤྱོུད་དེ་ཟེར་ན་གང་འདྲ་འདུག ད་དུང་དེང་དུས་ཀྲུང་གུ་གུང་ཕྲན་ཏང་གི་མངའ་འབངས་སུ་རྫོགས་ལྡན་ལ་སྤྱོད་ཟེར་ན་ལེགས་སམ། ཚིག་འདི་དག་གཏན་གཏན་འབྲུག་ཡུལ་མིའི་སེམས་ལ་ཕོག་ཐུག་ཤོར་བྱའི་ཚིག་རེད་ལགས། སྤྱིར་ཉིད་དཔྱོད་ལྡན་གུ་ཡངས་ཞིག་རེད་འདུག་པས་ངས་གང་ཞིག་ཤོད་འདོད་པ་དེ་ཉིད་ཀྱིས་མཁྱེན་ཐུབ་པའི་རེ་བ་ཡོད།
གོང་རྣམས་བདེན་བརྫུན་གང་ལྟར་ཡང་།
འབྲུག་འབངས་བདེ་ལ་འབྱོར་ཡིན་ཕྱིན།
བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།
སྐུ་ཚེ་མི་འགྱུར་རྟག་བརྟེན་ཤོག
གཞོན་ནུ་ཟླ་མེད་ ཟེར་བའི་མི་ཕྲག་དོག་ཅན་ཞིག་གིས་ གཞན་གྱི་དགའ་བདེ་དང་ཕུན་ཚོགས་ལ་མི་བཟོད་པར་ སེམས་ཁོང་ནས་འཁྲུགས་ཏེ་ རྫུན་ཚིག་མང་པོ་སྤེལ་འདུག།
འབྲུག་གི་རྒྱལ་པོ་ས་ཐོབ་ཀྱི་སེམས་དཔའ་ཞིག་ལ་ངན་སེམས་བསྐྱེད་ན་ཕྱི་མ་ངན་སོང་མི་ལྷུང་ཀ་མེད་རེད།
འབྲུག་དང་བོད་པ་གཉིས་ཆོས་ལུགས་གཅིག་པའི་སྤུན་ཟླ་རེད་་་་་་་་་་་་་་
འབྲུག་རྒྱལ་བོད་མོ་བཞེས་རྒྱུ་འདི།
འབྲུག་བོད་མཐུན་འབྲེལ་ཡོང་བའི་རྟགས།
འབྲུག་བོད་མཐུན་འབྲེལ་བྱུང་བས་ན།
བོད་མའི་བསམ་དོན་འགྲུབ་ཀྱི་རེད།
འབྲུག་རྒྱལ་ཁབ་འདི་དེང་གི་ཆར་འཛམ་གླིང་ནང་ཡོངས་གྲགས་ཀྱི་བོད་རྒྱུད་ནང་བསྟན་གཙང་མའི་རྒྱལ་ཁབ་ཨང་དང་པོ་དེ་ཡིན། དེང་འདིར་ཕྲན་ནས་དཔལ་ལྡན་འབྲུག་རྒྱལ་པོ་མཆོག་ལ་བག་སྟོན་གྱི་མཛད་སྒོར་འཚམས་འདྲའི་བཀྲ་ ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་ཆབས་ཅིག་རྒྱལ་པོ་མཆོག་གི་སྐུ་ཚེ་བརྟན་ཅིང་མངའ་ཐང་ལོངས་སྤྱོད་སོགས་གོང་ནས་གོང་དུ་འཕེལ་བའི་སྨོན་འདུན་ཞུ།།
ཨོ་རེད་ཡ་འབྲུག་པ་ཚང་འདི་བོད་བརྒྱུད་ནང་བསྟན་གྱི་རྒྱལ་ཁབ་ཞིག་ཡིན་པ་བདེན་པ་རེད་ལགས་་་་ཡིན་ནའང་རྒྱལ་ཁབ་འདིས་བོད་བརྒྱུད་ནང་བསྟན་གྱི་གཙོ་འཛིན་་་གོང་ས་མཆོག་ཐེངས་གཅིག་ལ་གདན་འདྲེན་ཙམ་ཡང་མི་ཞུ་བ་འདི་ག་རེས་ཡིན་ན་་བསམ་ཚུལ་འདི་རྟགས་པར་ང་ལ་མཚོན་ན་དྲི་རྟགས་ཞིག་ཡིན་་་་་་འདི་ལ་དྲ་གྲོགས་ལྷན་རྒྱས་ནས་སྐད་ཆ་དྲང་མོའི་ལམ་ནས་ལན་ཞིག་ཡོད་པར་ཞུ་་་་་་གཞན་ཕྱོགས་རེས་དང་ན་ཚའི་རིགས་མེད་པར་ཞུ་་་་་
རྔ་བ་གཉན་རྒོད་ལགས། དེའི་གནད་དོན་རྟོགས་པར་བྱེད་པ་ལ། དང་པོ་ནང་པའི་རྒྱལ་ཁབ་ཤྲི་ལངྐ། ཐའི་ལེན། འབར་མ། ཀམ་བྷོ་ཌི་ཡ། སིངྒ་པུར་སོགས་ལ་ལྟོས། དེ་བཞིན་བལ་པོ་སོགས་ཀྱིས་༧གོང་ས་མཆོག་གདན་ཞུ་མི་ཐུབ་པ་གང་རེད། སྤྱིར་རྒྱལ་ཁབ་གཞན་གྱིས་༧གོང་ས་མཆོག་ངེས་པར་གདན་ཞུ་འབུལ་དགོས་པ་རང་ཨེ་ཡིན། དེ་ང་རང་ཚོའི་དག་སྣང་རེད། ང་ཚོ་ལ་གལ་པོ་དེ་གཞན་པ་ལ་གལ་ཆེན་པོ་མ་རེད།
རྔ་བ་གཉན་རྒོད་ལགས།
དེ་ལས་སླ་བོ་རེད།
མི་དམངས་ཀྱིས་༧གོང་ས་༧་མཆོག་ལ་དད་གུས་མེད་པ་མ་རེད།
གཅིག་ནས་རྒྱལ་ཁབ་དེ་ཚོའི་རིགས་དེ་འདྲའི་སྟོབས་ཆེན་མིན་པས་གཞན་བརྟེན་གྱིས་གནས་སྟངས་ཤིག་ཆགས་ཡོད་ཙང་ཆབ་སྲིད་དང་དཔལ་འབྱོར་ལས་སོགས་གང་གིས་འཐད་ནས་གཞན་བརྟེན་གྱི་རྒྱལ་ཁབ་ཡིན་པས་དང་།
གཉིས་ནས་ཁྱིམས་མཚེས་རྒྱལ་ཁབ་སྟོབས་ཆེན་རྒྱ་ནག་ལ་བསྟུན་མཁས་བྱེད་དགོས་པ་ནི་དངོས་ཡོད་ཀྱི་གནས་ཚུལ་ཞིག་ཆགས་ཡོད།
དེར་བརྟེན་༧གོང་ས༧་མཆོག་གདན་འདྲེན་ཞུས་མ་ཐུབ་པ་རེད།
ཉིན་གཅིག་རྒྱལ་ཁབ་དེ་དག་ཆབ་སྲིད་དང་དཔལ་འབྱོར་ལས་སོགས་རང་མགོ་རང་ཐོན་གྱི་ཉི་མ་ཞིག་ཤར་ཚེ་གདན་འདྲེན་ཞུ་ཐུབ་ངེས་རེད།
འོན་ཀྱང་རྒྱལ་ཁབ་དེ་དག་ལ་༧གོང་ས༧་མཆོག་གལ་མི་ཆེ་བ་དེ་འདྲ་མ་རེད་སྙམས།
གདན་འདྲེན་ཞུས་ཚེ་རྒྱལ་ཁབ་དང་མི་དམངས་ལ་གང་གིས་བཀའ་སློབ་ཀྱིས་ཕན་ཐོགས་དང་ཞི་བདེ་བསྐྲུན་ཐུབ་པ་ནི་སྨྲོས་མེད་རེད།
འབྲུག་རྒྱལ་པོ་ལགས་བཀྲ་ཤིས་བདེ་ལེགས།
རྒྱལ་འབངས་བདེ་ཕྱིར་དམངས་མོར་བཞེས་ཀྱང་ཟེར།
དམངས་མོ་ཡིན་ཡང་རིགས་བཟང་བོད་དུ་གཏོགས།
དེ་ཕྱིར་བོད་མིང་འཛིན་པའི་བོད་པྲུག་ངས།
མི་མཐུན་གཡུལ་ལས་རྒྱལ་བའི་སྨོན་ལམ་འདེབས།
ཧ་ཧ་ཧ། ལ་སྟོད་ངེད་གཉིས་ཀྱི་ལན་དེ་ཚིག་མི་འདྲ་བ་ལས་དོན་གཅིག་གི་སྒང་ལ་བབས་འདུག རྔ་བ་ལགས་ལ་གོ་རྟོགས་སྐྱེ་བའི་རེ་བ་ཡོད།
ལར་དྲང་པོའི་གཏམ་བཤད་ན་ འབྲུག་མི་དམངས་ཀྱིས་ གོང་ས་༧མཆོག་ལ་དད་གུས་མེད་པ་མ་རེད།
ཡིནའང་ ཞི་བདེར་མཆོག་གྱུར་འབྲུག་པའི་རྒྱལ་ཁབ་དེ་སེན་མོའི་སྟེང་གི་རྡུལ་ཙམ་ཞིག་ལས་མེད་པར་སོང་དུས་ ཐུགས་རྗེ་ཆེན་པོའི་རྣམ་སྤྲུལ་གོང་ས་༧ མཆོག་གི་སྐུ་ཉེན་དང་ གཞན་གནད་དོན་གང་ཅིའི་ཐད་དུའང་ཉེན་ཆེན་བྱུང་དོགས་གདན་འདྲེན་མ་ཐུབ་འོང་ འོན་ཀྱང་འབྲུག་མི་ཚོར་ གོང་ས་༧མཆོག་གི་ཐུགས་དམིགས་པ་མེད་པའི་སྙིང་རྗེས་གཟིགས་རོགས་འཚལ།
འབྲུག་རྒྱལ་ལ་བཀྲིས་བདེ་ལེགས་ཞུ་དགོས་དོན་མེད། དེ་སྔར་འབྲུག་རྒྱལ་བོས་བོད་མི་ཚོར་གང་འདྲར་བྱས་ཡོད་མེད་ཤེས་གསལ་རེད། བོད་མི་རེ་ཟུང་གི་བྱ་སྤྱོད་ནོར་བ་ཡིན་ནའང་ཁོང་གིས་་་་༰གོང་ས་མཆོག་དང་བོད་མི་སུ་གཅིག་ལ་བསམ་བློ་བཏང་མི་འདུག ད་ལྟར་ཡང་བོད་མི་ཞིག་ཡིན་དུས་འབྲུག་ལ་འགྲོ་རྒྱུ་དཀའ་ངལ་སྤྲད་དང་སྤྲོད་བཞིན་པ་འདིས་་་་་འབྲུག་རྒྱལ་ཁོང་དང་་་་ཁོང་གི་སྲིད་གཞུང་གིས་བོད་མིར་བལྟ་ཚུལ་ག་འདྲ་ཡོད་མེད་གསལ་བོ་རེད་པ། ཁོང་གི་སྐྱེས་དམན་དེ་བོད་རིགས་ཤིག་ཡིན་ཡང་ཧ་ལས་ཧང་སངས་རྒྱུ་ཅང་ཡོད་ནི་མ་རེད། མོ་རང་གི་གཤིས་ཀ་གང་ཅིའི་ཐད་ནས་འབྲུག་མོ་ལས་ལོགས་སུ་ཡོད་ནི་མ་རེད་ཡ།
རྩམ་དགའ་ལགས། འབྲུག་རྒྱལ་ལ་བཀྲིས་བདེ་ལེགས་ཞུ་དགོས་དོན་ལོས་ཡོད་གང་ཞེ་ན་བཀྲིས་པའི་བརྟེན་འབྲེལ་ཉིན་མོ་བཀྲིས་བདེ་ལེགས་མ་ཞུས་ན་ག་དུས་ཞུ།
བོད་པ་ཚོ་འབྲུག་ལ་མིག་མ་ཚ་ན་ལེགས། ཕྱོགས་གཅིག་ནས་བསམ་བློ་གཏང་ན་བོད་པ་ཚོ་ཧམ་པ་ཚ་པོ་ཡང་རེད་འདུག འབྲུག་ལ་བོད་པ་འགྲོ་རྒྱུ་དཀའ་ལས་འདུག་ཅེས་པ་འདི་སྐད་ཆ་སྤྱིར་བཏང་བ་རེད། བོད་པ་ས་ཡ་དྲུག་ནང་ནས་སྐྱབས་བཅོལ་ལག་ཁྱེར་འཆང་མཁན་རྣམས་འབྲུག་ལ་འགྲོ་རྒྱུ་དཀའ་ངལ་ཡོད་པ་བདེན་བ་རེད། དེ་ནི་དཔེར་ན་རྒྱ་གར་ནང་ཁུལ་བསམ་ནའང་སྐྱབས་བཅོལ་ལག་འཁྱེར་གྱི་ཁྲིམས་ལུགས་འགྲོ་སྟངས་གཞིར་བཞག་བྱེད་ན་རྒྱ་གར་ནང་ཁུལ་འགྲོ་རྒྱུའང་ཧ་ཅང་གི་དཀའ་ལས་ཆེན་པོ་རེད། ད་ལྟའི་དུས་འདིར་རྒྱ་གར་ལས་བྱེད་པ་དང་བཙན་བྱོལ་བ་གཉིས་ཀས་ནང་འགྲིག་གིས་ཁྲིམས་འགལ་ཐོག་སྟབས་བདེ་བཟོ་བཞིན་པ་རེད། གཞན་དཔེར་ན་རྒྱ་ནག་གི་ལག་ཁྱེར་འཆང་བའི་བོད་པ་ཞིག་ཡིན་ན་འབྲུག་ལ་འགྲོ་མི་ཐུབ་པ་གང་ཡང་མེད། ཡང་བོད་པ་ཡིན་ན་ཕེབས་ཤོག་ཟེར་ནས་འབྲུག་གིས་དུས་ནམ་ཡང་སྐད་གཏོང་གི་མ་རེད། དེ་འདྲའི་སྣང་བ་སྐྱིད་པོ་མ་བྱེད་ན་ལེགས། དེ་བཞིན་ཨ་རིར་འགྲོ་རྒྱུ་ལས་སླ་པོ་འདུག་གམ། ཡུ་རོབ་ལ་འགྲོ་རྒྱུ་ལས་སླ་པོ་འདུག་གམ། ཕྱོགས་ཚང་མར་བསམ་བློ་གཏོང་། སྤྱིར་༧འབྲུག་རྒྱལ་གྱི་གཉེན་སྟོན་ལ་བོད་པས་བཀྲ་ཤིས་བདེ་ལེགས་ཞུ་དང་མི་ཞུ་སོ་སོའི་རང་དབང་རེད། ཁ་གཏོང་ན་ཡག་པོ་རེད་དྲན་གི་མིན་འདུག
ཁ་གཏོང་མཁན་གང་ཟག་བྱེ་བྲག་པ་རེད་དེའི་དེའི་འཇུག་འབྲས་བོད་པ་སྤྱི་ཡོངས་ཀྱི་ཁུར་དགོས་ཐུག་གི་རེད།
རྒྱལ་སྲས་ཞི་བ་ལྷས།
མཐུན་པར་རིམ་གྲོ་བསྟེན་བྱས་ན། །
ཐམས་ཅད་ཕན་དང་བདེ་བྱེད་ལ། །
ཞེས་པ་འདིས་འབྲུག་གཞུང་དམངས་རྣམས་རང་རེའི་གཉེན་དུ་བཀུག་མི་དགོས་སམ། བོད་འབྲུག་མཐུན་སྒྲིལ་ཡུན་བརྟན་ཤོག །
དེང་སང་མི་འགའ་ཞིག་རང་མིང་ངོ་མ་སྦས་ཤིང་དྲ་ངོས་གང་སར་འཛུལ་ཏེ་དོན་མེད་སྤྱི་ཚོགས་ཡོངས་དང་བོད་མི་རིགས་ཀྱི་མདུན་ལམ་གནོད་པའི་ལས་གཞི་རང་སྤེལ་བཞིན་འདུག་མཚམས་འཇོག་བྱེད་འོས་མཐོང་། མ་གཞི་རང་མིང་ངོ་མ་བཀོད་མི་ཕོད་པ་འདི་རིགས་ཡག་སྟགས་མེན་པར་ཤེས་དགོས་རྒྱུ་གལ་ཆེ།
འབྲོག་ངུར་ལགས། རང་མིང་སྦས་པའི་བཀའ་སྐྱོན་དེ་མི་འདོད་བཞིན་དུ་ངས་ཀྱང་ཁུར་དགོས་ཐུག་སོང་། ཡིན་ནའང་ཕྲན་པ་ཁ་བརྡར་འཛུལ་ནས་ལོ་གཉིས་ཏག་ཏག་ཟིན་སོང་། དེའི་རིང་དངོས་མིང་སྦས་ཏེ་མེ་ཏོག་དཀར་པོ་ཞེས་པ་ལས་མིང་གཞན་བེད་སྤྱོད་བཏང་མེད། འདི་ནི་དགོས་པའི་དབང་གི་རྟག་ཞི་བ་ལ་ཕྱག་འཚལ་བ་དེ་རེད། ང་ཚོའི་སྤྱི་ཚོགས་ད་དུང་སྨིན་ཐུབ་མེད་པས་ཞེད་སྣང་ཏོག་ཙམ་འདུག དེས་ན་མིང་སྦས་པ་ཡིན།
ལམ་བཟང་ལགས། མ་གཞི་རང་མིང་ངོ་མ་བཀོད་མི་ཕོད་པ་འདི་རིགས་ཡག་སྟགས་མེན་པར་ཤེས་དགོས་རྒྱུ་གལ་ཆེ། ཞེས་པའི་ནང་སྟགས་མེན་ཞེས་པ་འདི་གང་ཡིན་ནམ། གསལ་བཤད་གནོང་འཚལ།
མི་རིགས་ཟེར་བ་དེ་རིག་གཞུང་གིས་དབྱེ་བ་ཡིན་ན་ངས་ནི་བོད་དང་འབྲུག་ཟེར་ནས་ལོགས་སུ་ཁ་ཁ་ཞིག་ཏུ་དབྱེ་ཤེས་ཀྱིན་མི་འདུག འབྲུག་ཟེར་བའི་མིང་དེ་ཡང་བོད་སྐད་ཀྱི་སྲོག་ཆགས་ཤིག་གི་མིང་མ་རེད་དམ།
འབྲུག་ལ་སྐྱོན་རྗོད་དགོས་དོན་མི་འདུག འབྲུག་ནི་བོད་ཀྱི་ཆ་ཤས་གཅིག་ལ་རང་བཙན་ཐོབ་བསྡད་པ་ཡིན་སྟབས་དགའ་བ་སྒོམ་དགོས་པ་ཞིག་རེད། འབྲུག་པས་ང་ཚོ་ལ་རྒྱབ་སྐྱོར་མི་ཐུབ་པ་དེར་ལེ་བདའ་བྱས་ནས་ཕན་ཐོགས་མི་འདུག སྤྱིར་ན་ང་ཚོ་རང་གིས་ཅུང་ཙམ་རེ་འཇོན་ན་འབྲུག་ལ་སོགས་པ་ཁབ་རྗེས་སུ་སྐུད་པ་བཞིན་དུ་འབྲངས་ཡོང་གི་རེད། སྤྱིར་ན་འབྲུག་ཡུལ་ཆུང་ཆུང་ཞིག་ལ་རྙོགས་དྲ་ལུང་པ་གང་ཡོད་ས་ཞིག་རེད། འབྲུག་ཤར་ཕྱོགས་ཀྱིས་ངོ་ལོག་གི་ཉེན་ཁ། བལ་པོའི་མི་རིགས་ཀྱི་ངོ་ལོག་གི་ཉེན་ཁ། རྒྱ་གར་ནག་གཉིས་ཀྱིས་སེན་མོའི་བར་གྱི་ཤིག་ཆུང་ཆུང་བཅིར་བཅིར་བྱེད་པའི་ཞེད་སྣང་ལ་སོགས་པའི་དཀའ་ངལ་ཡོད་དུས་ང་ཚོས་རེ་བ་ཆེན་པོ་ཞིག་རྒྱག་ས་མི་འདུག བལ་བོ་དང་འབྲུག་གཉིས་ལ་བསྡུར་རྒྱུ་མི་འདུག དེང་སང་བལ་བོ་ནི་རྒྱ་དམར་གཞུང་ཚབ་ཀྱི་རྒྱག་ཁྱི་འདྲ་བོ་ཆགས་འདུག ཡིན་ན་ཡང་འབྲུག་གིས་ད་དུང་ཡང་རྒྱ་ནག་གི་གཞུང་ཚབ་བསྐོས་སྡོད་བཀག་འགོག་བྱས་ནས་བསྡད་ཡོད་པ་དེ་ཡང་བྱེད་སྟངས་སྤྱང་པོ་རེད། འབྲུག་འདི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ཚང་མའི་ནང་ནས་ཅུང་ཙམ་སྤྱང་གྲུང་དཔའ་ངར་ལྡན་པའི་ཚོ་སྡེ་ཞིག་རེད། ཆེ་ས་བོད་ནས་ཆུང་ས་ལ་དྭགས་འབྲས་ལྗོངས་ཚང་མས་རང་མགོ་མིའི་ལག་ལ་ཤོར་ཡོད་དུས་འབྲུག་པས་རང་ཚུགས་ཟིན་པ་དེར་ངས་ནམ་ཡིན་ཡང་རྗེས་སུ་ཡི་རང་བྱེད་ཀྱིན་ཡོད། ངོ་མ་ཡིན།
མཚུངས་མེད་ཡིད་འཕྲོག་མེ་ཏོག་དཀར་པོ་ལགས་ཁོ་བོས་ཁྱེད་རང་ལ་དམིགས་ཏེ་བྲིས་པ་ཞིག་མ་ཡིན་མོད་རང་མིང་སྦས་ཏེ་སྤྱི་ཚོགས་ལ་གནོད་པའི་ལས་གཞི་འདྲ་རྩམ་ཡོད་ཚེ་མདའ་འབེན་ལ་ཕོགས་པ་ཡིན་པས་བདག་མ་ནོངས་པ་ཡིན་སྙམ། དེ་མིན་ཁྱེད་ཀྱི་དངོས་མིང་སྦས་དགོས་པའི་གནས་ལུགས་དེར་ངས་བསམ་ཤེས་ཐོབ་ཀྱིན་འདུག་ལགས། རང་ཉིད་ཀྱི་ནོར་བ་ནི་ནམ་ཡང་དང་ལེན་བྱེད་ཅིང་གོང་གི་སྟགས་མེན་ཟེར་བ་དེ་ནི་ཡིག་ནོར་སོང་འདུག་པས་དགོངས་དག་ཞུ་རྒྱུ་དང་སྦྲགས་རྟགས་མིན་ཞེས་བཅོས་རོགས།
བོད་འབྲུག་མི་རིགས་ཀྱི་འབྲེལ་བའི་དབར་ཉེ་འགྱངས་དང་དཀར་ནག་སྣ་ཚོགས་པ་ཤིག་བྱུང་ཡོད། རིག་གཞུང་གི་སྟེང་ནས་བཤད་ན་ཁོ་པ་ཚོ་རྨོངས་གཉིད་སད་དུ་འཇུག་མཁན་བོད་པ་རེད། དེའི་ནང་ནས་ཀྱང་ཁོང་ཚོའི་སྤྱི་ཚོགས་ཀྱི་དཔལ་ཡོན་འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་ལུགས་སྤྱི་དང་འབྲུག་ཆེན་སྐུ་ཕྲེང་བཞི་པའི་ཡང་སྲིད་གཉིས་ལས་ཞབས་དྲུང་ངག་རྣམ་གྱི་མཛད་འཕྲིན་དང་འབྲེལ་ནས་རྒྱས་སྐབས་བྱུང་ཡོད།
ལོ་རྒྱུས་སྟེང་གི་འབྲེལ་བ་ཇི་ཡིན་ནི་ལོ་རྒྱུས་སུ་འཁོད་པའི་མི་སྣ་དེ་དག་གི་བྱ་སྤྱོད་དང་མཐའ་གཅིག་ཏུ་འབྲེལ་ཡོད་སྟབས་ཁོ་པ་ཚོའི་ནོར་འཁྲུལ་གྱི་ངན་ཁག་མི་རབས་ཕྱི་མ་ཚོའི་མགོ་ཐོག་ཏུ་བསྐོན་ན་ག་ནས་འགྲིག
ད་ལྟའི་འབྲུག་རྒྱལ་གསར་པ་འདིའི་བློ་རྒྱ་དང་གུ་ཡངས་ཀྱི་ལྟ་བར་ང་ཚོས་གུས་བརྩི་ཞུ་དགོས་པ་རེད། དེང་རབས་ཀྱི་སློབ་ཆེན་མཁས་གྲགས་ལྡན་པ་ཞིག་ནས་དེང་རབས་ཀྱི་ཤེས་ཡོན་སྦྱངས་ཏེ་དེང་རབས་ཀྱི་མི་སྣ་ཞིག་གི་གནས་བབ་མི་དམན་སར་འཁོད་པའི་རྒྱལ་པོ་འདི། དེང་རབས་ཀྱི་ཤེས་ཡོན་ཚད་ལོངས་པ་ཞིག་མི་ལྡན་བཞིན་ཏུ་སྲོལ་རྒྱུན་དང་དེའི་ལམ་སྲོལ་ལ་རྒོལ་རྒྱུར་ངོ་ཚ་དང་འཛེམས་ཟོན་ཅི་ཡང་མེད་པའི་རང་རེའི་དེང་རབས་པ་ཡིན་ཟེར་མཁན་དེ་ཚོ་དང་མི་འདྲ།
ཁོ་རང་སྲོལ་རྒྱུན་གྱི་གོམས་སྲོལ་ལ་བརྩི་མཐོང་ཆེ་བ་ཙམ་མ་ཟད་ཆོས་ལ་དད་ཅིང་མི་མང་ལ་བྱམས་པའི་མཛད་པ་སྐྱོང་མཁན་ཞིག་ཡིན་རབས་འདུག
ད་ཐེངས་འབྲུག་རྒྱལ་གྱི་བཙུན་མོ་བོད་མོ་ཡིན་པར་དགའ་སྒོམ་བྱ་དོན་དེ་ཙམ་མི་འདུག འབྲུག་རྒྱལ་གསུམ་པའི་བཙུན་མོ་ཨ་ཞེ་སྐལ་བཟང་དང་དབྱངས་སྐྱིད་གཉིས་ཀ་བོད་མོ་ཡིན་ཡང་ཁོང་གཉིས་ནང་མཐུན་མ་བྱུང་བའི་རྐྱེན་ལས་བོད་འབྲུག་གཅིག་ལ་གཅིག་སྡང་གི་ལོ་རྒྱུས་ནག་པོ་དེ་མགོ་ཚུགས་པ་རེད།
འབྲུག་རྒྱལ་འདི་བ་སྲོལ་ངན་ལ་ཞེན་པ་མེད་མཁན་དང་། ཆོས་དད་མེད་མཁན་ཞིག་ཡིན་པའི་སྨོན་འདུན་ཞུ། ཆོས་དད་དང་སྲོལ་རྒྱུན་ནི་མི་རིགས་ཤིག་ཡར་རྒྱས་ཀྱི་འགོག་རྡོ་ཡིན། དཔེར་ན་བོད་དང་། གོང་གི་ལྷོ་ཕྲུག་སྣ་བོ་ཆེ་ཟེར་བ་དེ་འདྲ་བོ་ལས་མི་ཡོང་། དེ་ཙམ་མ་ཟད་དྲ་འབུ་ཚོས་འབྲུག་དང་བོད་ཀྱི་ལོ་རྒྱུས་གླེང་མི་ཤེས། ཁོ་ཚོས་ཤེས་པ་ནི་དཀྲོགས་གཏམ་ཙར་ཙོར་རེ་བཟོ་ཤེས་པ་དེ་ཙམ་ཡིན།
དྲ་སྟེང་འདི་ན་སྐད་ཆ་བཤད་མཁན་ཐབས་སྡུག་ཤོས་དེ་ནི་ཅིག་གིས་ཤེས་ཀྱིན་མི་འདུག མིག་གིས་ཤེས་ཀྱིན་མི་འདུག ཁ་བརྡ་དྲ་སྟེང་དུ་ཡོང་ནས་ཁ་བརྡ་དྲ་སྟེང་ན་ཤེས་མཁན་སུ་གཅིག་ཀྱང་མི་འདུག་ཟེར་ནས་སྡུག་སྐད་རྒྱག་འདུག་མཁན་དེ་ཚོ་རེད། གལ་སྲིད་ཁྱོད་ཤེས་མཁན་ཞིག་ཁྱོད་ཀྱིས་ཤོད་དང་། སུ་གཅིག་གིས་ཀྱང་ཁྱོད་བཀག་ཡོད་པ་མ་རེད། སྡ་སའི་མྱི་ཞེས་པ་དེ་ལ་དམིགས་ནས་འདི་ལྟར་བཤད་པ་ཡིན།
ཁ་བརྡ་དྲྭ་བའི་རྩོམ་པ་པོ་དང་ཀློག་པ་པོ་ཡོངས་ཀྱི་གསེར་སྙན་ཟབ་མོའི་དྲུང་དུ། གུས་འབྲུག་ཡུལ་ནས་འབྲུག་བུ་དངོས་མིང་རྡོ་རྗེ་རྒྱལ་མཚན་པས་ཞུ་རྒྱུ། ཁྱེད་རྣམ་པས་འབྲུག་རྒྱལ་པོའི་བག་སྟོན་ལ་བཀྲ་ཤིས་བདེ་ལེགས་ཀྱི་མཚམས་དྲི་དང་སྨོན་འདེབས་ཕུལ་བར་བཀའ་དྲིན་ཆེ། འོན་ཀྱང་ཁ་ཤས་ཀྱིས་རྙོགས་དྲགས་འགའ་ཞིག་བསླངས་འདུག་པས་དེ་ལ་རང་གི་རྨོངས་འཆར་མདོར་བསྡུས་ཙམ་ཞུ་འདོད་བྱུང་།
གཅིག་འབྲུག་གི་མ་འོངས་པའི་རྒྱལ་མོ་རྗེ་བཙུན་པདྨོ་མཆོག་བོད་རིགས་ཡིན་རབས་བཤད་པ་དང་། དེ་ཡང་ཁམས་ཉག་རོང་ནས་ཡིན་རབས་བཤད་པ་ནི་ཁུངས་མེད་ཀྱི་འཆལ་གཏམ་ལས་མི་འདའ། ཁོང་གི་རིགས་བརྒྱུད་སྐོར་འབྲུག་གི་ཚགས་པར་ཀུན་གསལ་སྟེང་དུ་བཀོད་འདུག་པས་དེར་གཟིགས། ང་ལ་ཡང་ཅུང་ཟད་གོ་རྟོགས་ཡོད་ཀྱང་ཁ་གསལ་བཤད་རྒྱུ་མེད་པས་དེ་རིང་འདིར་མི་བཤད། གལ་ཏེ་དུས་ཚོད་འབྱུང་ན་རྗེས་སུ་འབྲུག་གི་རྒྱལ་རབས་བཀླགས་ནས་འབྲི་ངེས་ཡིན། ཀུན་གསལ་སྟེང་དུ་བཀོད་པ་ལྟར་ན་རྗེ་བཙུན་པདྨོ་མཆོག་གི་ཡབ་ནི་བཀྲ་ཤིས་སྒང་རྫོང་དཔོན་རྡོ་པོ་ལ་བྱ་བའི་སྲས་ཀྱི་སྲས་ཡིན་པར་བཤད། དེ་ལྟར་ན་ཁོང་ནི་འབྲུག་པ་ཡིན་པ་ལས་བོད་རིགས་ཡིན་པའི་ལོ་རྒྱུས་མེད།
གཉིས་འབྲུག་རིགས་ཐམས་ཅད་བོད་རིགས་ཡིན་རབས་བཤད་པ་ཡང་ཧ་ཅང་ཐལ་ཆེ་བར་སེམས། སྤྱིར་འབྲུག་ལ་བོད་རིགས་ལས་མཆེད་པའི་རིགས་རུས་ཡོད་པར་ངེས་ཀྱང་། རྒྱ་རིགས་དང་བལ་རིགས་ལས་མཆེད་པའི་རིགས་རུས་ཀྱང་ཡོད་པར་ཐུགས་ལ་ངེས་འཚལ།
གསུམ་སྔར་འབྲུག་ཡུལ་འདི་བོད་ཀྱི་མངའ་འོག་གམ་བོད་ཀྱི་ཆ་ཤས་ཡིན་ཁུལ་བཤད་པ་ཡང་། ལོ་རྒྱུས་ལ་རྒྱུས་མངའ་མེད་པའི་འཆལ་གཏམ་ཁོ་ན་སྟེ། རྒྱུ་མཚན་ནི། སྔར་འབྲུག་ཡུལ་ལ་འབྲུག་རྒྱལ་ཁབ་ཅེས་པའི་མིང་མ་ཐོགས་གོང་དུ་ནི་བོད་འབྲུག་གཉིས་ཀར་ལུང་པ་རེ་ལ་དཔོན་པོ་རེས་དབང་སྡོད་པ་ལས། བོད་ཀྱི་རྒྱལ་པོ་འདི་ཞེས་བྱ་བས་བོད་ཀྱི་རྒྱལ་ཁབ་དབང་ཞིང་། བོད་ཀྱི་རྒྱལ་ཁབ་དེའི་འོག་ཏུ་ལུང་པ་དེ་དང་དེ་ཚུད་དོ་ཞེས་པའི་ཡིད་ཆེས་ཀྱི་དཔང་རྟགས་གང་ཡང་མེད་པས་སོ།། ཞབས་དྲུང་འབྲུག་ལ་མ་ཕེབས་གོང་དུ་བོད་ཀྱི་མངའ་འོག་ཏུ་ཡིན་པའི་སྒྲུབ་བྱེད་ཀྱང་མེད་ཅིང་། མ་ཟད་གལ་ཏེ་ཞབས་དྲུང་འབྲུག་ལ་མ་ཕེབས་གོང་དུ་འབྲུག་བོད་ཀྱི་མངའ་འོག་ཡིན་ན་ཞབས་དྲུང་བོད་ཀྱི་སྡེ་སྲིད་གཙང་པ་དང་མ་མཐུན་ཚེ་འབྲུག་ལ་བྲོས་བྱོལ་དུ་བྱོན་མི་སྲིད་པ་ཡིན་ཀྱང་། དེ་ལྟར་བྱོན་འདུག་པས་ཀྱང་འབྲུག་བོད་ཀྱི་མངའ་འོག་མིན་པར་མཚོན་ནུས་སོ།། ཡང་གཏེར་ཆོས་རྣམས་སུ་ཡང་འབྲུག་དང་བོད་ཀྱི་མཚམས་རྣམས་སུ་མོན་བོད་མཚམས་ཞེས་གསུངས་འདུག་པས་མོན་དང་བོད་གཉིས་ནི་ཐ་དད་ཡིན་པར་རྟོགས་ནུས་སོ།།
འབྲུག་ལུང་པའི་དགོན་པ་འགར་བོད་ཀྱི་དགོན་སྡེ་ནས་བླ་མ་བསྐོས་སྲོལ་འདུག་པའི་ལོ་རྒྱུས་ཡོད་ཀྱང་། དེ་ཙམ་གྱིས་འབྲུག་བོད་ཀྱི་མངའ་འོག་ཡིན་པར་མཚོན་མི་ནུས་ཏེ། གལ་ཏེ་དེ་ལྟར་ཡིན་ན་ལ་དྭགས་ཕྱོགས་སུ་གངས་རི་བླ་མ་ཞེས་པ་ཞིག་དང་། བལ་ཡུལ་ཕྱོགས་སུ་བལ་པོ་བླ་མ་ཞེས་པ་འབྲུག་ནས་བསྐོས་སྲོལ་ཡོད་པའི་ལོ་རྒྱུས་འདུག་པས་ལ་དྭགས་དང་བལ་ཡུལ་གཉིས་འབྲུག་གི་ཆ་ཤས་ཡིན་པར་འདོད་ནུས་སམ།
གང་ལྟར་ཡིད་ཆེས་ཀྱི་དཔང་རྟགས་ལྡན་པའི་ལོ་རྒྱུས་ཀྱི་སྟེང་ནས་བཤད་ན། འབྲུག་ལུང་འགའ་ཞིག་སྔར་བོད་ཀྱི་མངའ་འོག་ཡིན་པ་ཡང་ཡོད་ཅིང་། སྔར་འབྲུག་གི་མངའ་འོག་ཡིན་པའི་ས་ཆ་འགའ་ཞིག་ད་ལྟ་བོད་ཀྱི་ཆ་ཤས་སུ་གཏོགས་པ་ཡང་ཡོད་དོ།། དེ་ལྟར་ན་འབྲུག་ལུང་ག་གེ་མོ་ཞེས་བྱ་བ་དེ་སྔར་བོད་ཀྱི་མངའ་འོག་ཏུ་འམ་བོད་ཀྱི་ཆ་ཤས་ཡིན་ཞེས་བརྗོད་ན་བརྗོད་མི་རིགས་པ་མེད་ཀྱང་། འབྲུག་རྒྱལ་ཁབ་འདི་སྔར་བོད་ཀྱི་མངའ་འོག་ཏུ་གཏོགས་སོ་ཞེས་བརྗོད་ན་ཆེས་མི་རིགས་ཏེ། འབྲུག་རྒྱལ་ཁབ་ཀྱི་ལུང་པ་འགའ་ཞིག་བོད་ཀྱི་མངའ་འོག་ཏུ་གཏོགས་པ་དང་། འགའ་ཞིག་བལ་ཡུལ་གྱི་ཁོངས་སུ་གཏོགས་པ། འགའ་ཞིག་རྒྱ་གར་གི་ཁོངས་སུ་གཏོགས་པ། འགའ་ཞིག་གང་གི་ཁོངས་སུ་ཡང་མ་གཏོགས་པ་སྣ་ཚོགས་ཡོད་པའི་ཕྱིར་རོ།།
ད་ནས་སྔར་བོད་རིགས་རྣམས་ལ་དབུར་ཏི་རྒྱབ་ཚུལ་སྐོར་བཤད་ན། བོད་རིགས་ལ་དབུར་ཏི་རྒྱབ་དུས་རང་ཉིད་མའི་བྲང་དུ་སྦྱར་ནས་ནུ་ཞོ་འཐུང་ཞིང་སྡོད་པའི་དུས་ཡིན་པས། གནས་ཚུལ་ངོ་མ་ཇི་ཡིན་མི་ཤེས། འོན་ཀྱང་དེང་སང་འབྲུག་རིགས་རྒན་པོ་རྣམས་ཀྱི་ངག་ནས་ཐོས་པ་ལྟར་ན། འབྲུག་རྒྱལ་པོའི་ཟུར་ལྕམ་དབྱངས་སྐྱིད་དང་བསྡེབས་ནས་འབོད་ཀྱི་མི་དཔོན་དང་བོད་མི་འགའ་ཞིག་གིས་འབྲུག་གི་རྒྱལ་པོ་བསད་ནས་རྒྱལ་ཁབ་མངའ་དབང་བསྒྱུར་རྒྱུའི་འཆར་གཞི་བཏིང་འདུག་པས། དེའི་ཆར་གཏོགས་ཀྱི་བོད་རིགས་ལ་དབུར་ཏི་རྒྱབ་པ་ཡིན་ཞེས་བཤད་ཀྱི་འདུག་གོ།
རྒྱལ་བ་རིན་པོ་ཆེ་འབྲུག་ལ་གདན་ཞུས་མ་བྱས་པ་ནི། ལ་སྟོད་བུ་སོགས་ཀྱིས་གསུངས་པ་ལྟར་ལགས་ཤིང་། དེ་ཡང་རང་ཉིད་འབའ་ཞིག་གི་ཆེད་དུ་མ་ཡིན་པར། རང་གཞན་གཉིས་ཀའི་ཆེད་དུ་ཡིན་པ་ཐུགས་ལ་ངེས་དགོས། གང་ཡིན་ཞེ་ན་འབྲུག་རྒྱལ་ཁབ་འདི་གང་གི་ཐད་ནས་ཀྱང་ཡར་རྒྱས་ཕྱིན་མ་ཚར་བའི་རྒྱལ་ཁབ་ཅིག་ཡིན་པས། བདེ་སྲུང་དང་ཉེན་སྲུང་གི་མཐུན་རྐྱེན་ཤིན་ཏུ་དཀོན། རྒྱལ་བ་རིན་པོ་ཆེ་སྤྱིར་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཡིན་ཅིང་། ལྷག་པར་དེང་སང་འཛམ་གླིང་གོ་ལའི་སྟེང་དུ་སྙན་གྲགས་ཆེ་ཤོས་ཤིག་ཡིན་པས། ཁོང་ལ་དད་ཅིང་མོས་མཁན་དུ་མ་ཡོད་པ་ཇི་བཞིན་ཕྲག་དོག་ཅིང་ཞེ་སྡང་མཁན་ཡང་གང་མང་ཞིག་ཡོད་པ་སྨོས་མི་དགོས་རེད། དེ་ཡིན་དུས་གལ་ཏེ་རྒྱལ་བ་རིན་པོ་ཆེ་མཆོག་འབྲུག་ལ་གདན་ཞུས་བྱས་དུས་ཕྲག་དོག་ཅིང་ཞེ་སྡང་མཁན་ཚོས་གླགས་འཚོལ་ན་གླགས་མི་རྙེད་པའི་དཔེ་མི་སྲིད། ལར་ནང་པ་ཆོས་ལྡན་གྱི་རྒྱལ་ཁབ་ཡིན་ན་རྒྱལ་བ་རིན་པོ་ཆེ་གདན་ཞུས་བྱེད་དགོས་པ་དང་། རྒྱལ་བ་རིན་པོ་ཆེ་གདན་ཞུས་མ་བྱས་ན་ནང་པ་ཆོས་ལྡན་གྱི་རྒྱལ་ཁབ་མིན་པར་འགྱུར་བར་འདོད་པ་ཡང་རིགས་པར་མ་མཐོང་ངོ་།།
ཡང་བོད་པ་ལ་དཀའ་ངལ་བྱུང་དུས་འབྲུག་པས་གྲོགས་རམ་བྱས་མ་སོང་ཞེས་བཤད་པ་ཡང་མ་བདེན་པའི་གཏམ་སྟེ། སྔར་བོད་འབྲུག་གཉིས་ཀྱི་དབར་དཀའ་ངལ་མ་ཐོན་གོང་དུ། བོད་པ་མང་པོ་ཞིག་འབྲུག་ནས་བཙན་བྱོལ་གྱི་ལམ་ཀ་བཏང་ཡོད་པ་མ་ཟད། བོད་རིགས་རྣམས་ལ་རྩམ་པ་ལ་སོགས་པའི་ཟ་འཐུང་གི་མཐུན་རྐྱེན་སྤྲོད་ཡོད་ཚུལ་འབྲུག་གི་རྒྱལ་རབས་སུ་བཀོད་འདུག་ཅིང་། དེ་སྐབས་བུམ་ཐང་དུ་ཡོད་པའི་བོད་སྒར་པ་ད་ལྟ་འཚོ་བཞིན་ཡོད་པ་རྣམས་ཀྱིས་ཀྱང་གསལ་གསལ་རིག་རིག་ཏུ་བཤད་རྒྱུ་འདུག་གོ། མ་ཟད་དེང་སང་བོད་རིགས་རྣམས་ལ་ཤིན་ཏུ་བཀའ་དྲིན་ཆེ་བའི་སྐྱེས་བུ་དམ་པ་དང་བླ་ཆེན་རྣམས་ཀྱང་མང་པོ་ཞིག་འབྲུག་བརྒྱུད་དེ་བཙན་བྱོལ་དུ་ཕེབས་ཡོད་ཅིང་། ད་ལྟ་ཕྱི་རྒྱལ་དུ་ཕེབས་ནས་ཌོ་ལར་ཕོན་ཆེན་བསྣམས་ནས་རྒྱ་གར་དང་བལ་ཡུལ་སོགས་སུ་གྲྭ་ཚང་ཆེན་པོ་འཛུགས་རྒྱུ་ཡོད་པ་དེ་ཡང་འབྲུག་རྒྱལ་པོ་དང་འབྲུག་གཞུང་གི་བཀའ་དྲིན་ཡིན་པ་མཁྱེན་པར་མཛོད་ཞུ་བ་ལགས། ཞེས་གོང་མིང་པས་ཁ་བརྡ་དྲྭ་བའི་རྩོམ་པ་པོ་དང་ཀློག་པ་པོ་རྣམས་ལ་ཕུལ།
མཆན་་་་་་གོང་གི་བརྗོད་དོན་རྣམས་གུས་པ་རང་ཉིད་ཀྱི་བསམ་འཆར་ཁོ་ན་ལས་འབྲུག་གཞུང་གི་སྲིད་བྱུས་དང་འབྲེལ་བ་མེད་ཞུ་རྒྱུ་དང་། ཚིག་སྦྱོར་གྱི་ཆ་ལ་ནོར་འཁྲུལ་བྱུང་ནས་གོ་བ་ལེན་ཐུབ་མིན་སོགས་བྱུང་ན་དགོངས་འགལ་མེད་པར་ཞུ་ཞུ།
གཡུ་འབྲུག་དཀར་པོའི་ཚིག་དེ་བློ་ངོར་ཧ་ཅང་འཕྲོད་སོང་། ཝིར་ཏི་བརྒྱབ་པའི་ལོ་རྒྱུས་དེ་ང་ཚོས་ཀྱང་ཁ་གསལ་ཞིག་གོ་ཐུབ་མེད་སྟབས་བོད་འབྲུག་མི་མང་བར་གྱི་འགལ་བ་ཞིག་ལ་ངོས་འཛིན་བྱེད་ཐབས་མེད། འབྲུག་པ་བོད་རིགས་ཡིན་མིན་ཟེར་བ་དེ་ང་ཚོ་བོད་རིགས་ཚོར་གནད་འགག་ཅིག་གང་ཡང་མིན། ཁྱེད་རང་ཚོ་རྒྱ་མིའི་འོག་ལ་མི་འགྲོ་བར་ཕན་རེ་ཐོགས་ན་བོད་མི་སྐྱག་པ་རེད་ཅེས་ཤོད་དགོས་བྱུང་ཡང་ཁྱེད་ཚོས་ཤོད་རྐྱང་གྱིས། གནའ་སྔ་མོ་ཞིག་ལ་ད་ལྟའི་འབྲུག་འདི་བོད་ཀྱི་ཆབ་འབངས་ཡིན་པ་གསལ་པོ་རེད། རྒྱུ་མཚན་ནི་སྐབས་དེར་སྲོང་བཙན་སྒམ་པོས་མཐའ་འདུལ་ཡང་འདུལ་གྱི་ལྷ་ཁང་བཞེངས་པ་དེ་ཚོའི་གྲས་སུ་མོན་བུམ་ཐང་གི་ལྷ་ཁང་བཞེངས་པའི་ལོ་རྒྱུས་ཡོད་པ་རེད། འབྲུག་རྒྱལ་གྱི་བཙུན་མོ་བོད་རིགས་ཡིན་མིན་ཟེར་བ་དེ་ཡང་ང་ཚོར་གནད་འགག་ཅིག་གང་ཡང་མིན། མ་གཞི་འབྲུག་རྒྱལ་ཚོ་བོད་མོར་དགའ་སྲོལ་ཞིག་ཡོད་པས་ད་ཞེང་གི་དེ་ཡང་བོད་རིགས་རེ་མིན་ནམ་སྙམ་ནས་བོད་མི་ཚོས་ཚོད་བགམ་བྱས་པ་ཡིན་སྲིད། དགོངས་དག
བྱུང་བ་རིང་མོའི་ལམ་སྟེང་ནས་ཕན་ཚུན་འབྲེལ་འདྲིས་ཀྱིས་བྱུང་བའི་མི་རིགས་གཉིས་བཀའ་དྲིན་ཕར་ཆེ་ཚུར་ཆེ་ཡིན། ང་ཆེ་ཁྱོད་ཆེ་ཟེར་དགོས་དོན་མི་འདུག གང་ལྟར་རིག་གཞུང་དང་སྐད་ཡིག་གི་སྟེང་ནས་བོད་པས་རྒྱ་གར་ལ་བཀྲིན་བརྩི་ཤེས་ཀྱིན་ཡོད་པ་ནང་བཞིན་འབྲུག་པས་ཀྱང་བོད་པར་བཀྲིན་དྲན་ཙམ་རེ་གནང་རྒྱུ་དེ་ཕྱི་ཐག་ཡོད་པའི་མི་ཞིག་གི་རྒྱུན་གཤིས་སུ་ཡོད་དགོས།
བོད་པ་དཀའ་སྡུག་ལ་ལྷུང་དུས་འབྲུག་པས་ཀྱང་ཆོས་རིག་གཅིག་གྱུར་གྱི་ལར་ཞེན་མ་དོར་བར་གང་དྲག་གང་ཟབ་ཀྱི་བལྟ་རྟོག་གནང་འདུག ཐ་ན་དམིགས་མེད་ཐང་དུ་འབྲུག་རྒྱལ་གསུམ་པ་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་སྐུ་དངོས་ངོ་ཕེབས་ཀྱིས་ཁུལ་དེའི་བོད་མི་སྐྱབས་བཅོལ་བ་ཚོར་ས་ཞིང་དང་རྨོས་གླང་རེ། དངུལ་སྒོར་བཅས་བསྩལ་འདུག འདི་ཚོ་ང་ཚོས་བརྗེད་མེད།
བོད་པས་ཀྱང་ལོ་རྒྱུས་ནང་འབྲུག་པ་གནས་སྐོར་བ་ཚོར་ཁྱིམ་གྱི་མགྲོན་པོ་དང་། ཐབ་ཁའི་ཟ་རོགས། གྱོན་ཧྲུལ་སྟེར་ཡུལ། ཞིམ་ཟས་མཆོད་ཡུལ་སོགས་གང་ཟབ་གང་དྲག་ཕར་ལ་ཡང་བྱས་མྱོང་ཡོད།
ངེད་ཚོའི་ལུང་པར་འབྲུག་པ་གནས་སྐོར་བ་ཚོ་ཕེབས་དུས་ཁྱིམ་དུ་འཛུལ་ཤག་ཤག ཐབ་ཁ་ནས་ལྟོ་ལེན་ཤག་ཤག་བྱེད་ཀྱིན་ཡོད་ཅེས་རྨོ་མོ་ལགས་ཀྱིས་གསུང་གི་འདུག སྐབས་རེ་རྩ་རི་གནས་སྐོར་ལ་ཕྱིན་ཏེ་ཤིང་ནགས་སྟུག་པོའི་གསེབ་དང་གངས་རི་དང་རྫ་རི་སོགས་ལམ་ཕྲན་རྩུབ་པོ་ཉིན་བརྒྱུད་ཟླ་བརྒྱུད་བྱས་པས་གྱོན་པ་རྩབ་ཧྲལ་ལ་སོང་། རྐང་ལྷམ་ཕྱི་རལ་ནང་རལ་དུ་ཕྱིན་ཏེ་རྐང་མཛུབ་ཁྲ་ཁྲུལ་ཁྲུལ་གྱིས་ལྷམ་གྱི་ཕྱི་རོལ་དུ་ཐོན། རྒྱབ་ཀྱི་ལྟོ་ཆད་དེ་གྲོད་སྟོང་ཁོང་སྟོང་དུ་ཉིན་ཤས་སོང་རབས་ཀྱི་སྡུག་ཡུས་འདྲེན་གྱིན་ཁྱིམ་སྒོ་རྡུང་གིན་ཡོད་གསུང་གི་འདུག
གནས་སྟངས་འདི་འདྲའི་སྐབས་ཁྱིམ་དུ་ཚ་སོབ་སོབ་ཀྱིས་བསུས། ཇ་རླངས་པ་འཐུལ་འཐུལ་བླུགས། མར་སྤགས་སྣུམ་རིལ་རིལ་བརྫིས་ཏེ་སྤྲོད་མྱོང་ཡོད་གསུང་གི་འདུག འདི་ཚོ་དུས་རབས་ལྔ་པ་དྲུག་པའི་སྐད་ཆ་མ་རེད། ད་ལྟ་ཐང་ཐང་གསོན་ཧྲིལ་ཧྲིལ་ན་ཡོད་པའི་རྒད་པོ་རྒན་མོའི་ཚོའི་མིག་མཐོང་ལག་ཟིན་ན་ཡོད་པའི་བྱུང་བ་རེད།
འབྲུག་བུ་རྡོ་རྗེ་རྒྱལ་མཚན་ལགས། འབྲུག་རྒྱལ་གཞུང་གིས་རང་གི་འཁོས་ཀ་དང་སྟོབས་འབྱོར་གྲོག་མའི་སྐེད་པ་ལས་ཀྱང་ཕྲ་བའི་གནས་སྐབས་སུ་༸གོང་ས་སྐྱབས་མགོན་ཆེན་པོ་འབྲུག་མིའི་བསོད་ནམས་ཀྱི་བགོ་སྐལ་དུ་གདན་འདྲེན་ཞུ་མི་ཐུབ་པ་དེར་ང་ཚོས་བསམ་ཤེས་ཐུབ་ཀྱིན་ཡོད། ཁྱོད་ཀྱིས་བཤད་པ་དེ་རང་རེད། ནང་པའི་རྒྱལ་ཁབ་ཡིན་ན་ཁོང་གདན་འདྲེན་ངེས་པར་ཞུ་དགོས་པའི་ངེས་པ་མི་འདུག ཁོང་་གདན་འདྲེན་ཞུས་པ་ལས་ཀྱང་གལ་ཆེ་བ་ཁྱེད་ཚོས་ལོ་རྒྱུས་ནང་ཁོང་གི་བཀའ་ལ་བརྩིས་ཏེ་སེམས་ཅན་གྲངས་མེད་དམར་གསོད་གཏོང་བའི་སྲོལ་ངན་ཡན་ཆད་ལ་མི་མང་རང་ངོས་ནས་དག་ཐེར་བྱས་རབས་འདུག འདི་ཚོ་ཁོང་གདན་འདྲེན་ཞུས་པ་ལས་ཀྱང་གལ་ཆེ་ཆེ་རེད། འོན་ཀྱང་ཁྱེད་ཚོས་ལོ་རྒྱུས་ཐོག་དང་ཆོས་བརྒྱུད་གཅིག་པའི་འབྲེལ་བ་ཡོད་པའི་དེང་སང་གི་འབྲུག་པ་བཀའ་བརྒྱུད་པའི་བླ་ཆེན་འབྲུག་པ་བླ་མ་དང་འབྲེལ་བ་ཅིའི་ཕྱིར་ཞུ་ཡི་མེད་པ་རེད།
ཞབས་དྲུང་དང་དཔག་བསམ་དབང་པོའི་རྙོག་གླེང་དེ་ཚོ་ལོ་རྒྱུས་ཀྱི་དབྱིངས་སུ་ཡལ་བར་བྱས་ཏེ་ཁྱེད་ཚོ་ཆོས་ལུགས་གཅིག་གི་ཡུར་བུའི་ནང་ཡོད་མཁན་ཚོས་གཅིག་གིས་ཡར་ལ་བཞུར་གཅིག་གིས་མར་ལ་བཞུར་རྒྱུ་འདི་འབྲུག་བསྟན་སྤྱི་ལ་གྱོང་གུད་མ་གཏོགས་ཁེ་ཕན་ཞིག་ཡོད་པ་མཐོང་གི་མི་འདུག
ཁྱེད་ནས་ཁས་ལེན་ལྟར་རྒྱལ་པོ་མཆོག་གི་བཙུན་མོར་བཞེས་འཆར་ཡོད་པའི་རྗེ་བཙུན་པདྨའི་སྐུ་ཚེའི་ལོ་རྒྱུས་ཤིག་བཀོད་རོགས། མཛེས་མ་དེ་འདྲ་བ་ཞིག་གི་ལོ་རྒྱུས་ལ་བལྟ་ཀློག་བྱ་རྒྱུ་ང་སྐྱེས་པ་ལོ་གཞོན་ཞིག་གིས་འདོར་མི་ཐུབ་པའི་བྱ་བ་ཡིན་ངེས།
འབྲུག་བུ་རྡོ་རྗེ་རྒྱལ་མཚན། མ་བརྗེད་པ་གནང་རོགས།
རྨོ་མོ་ལགས་ཀྱིས་འབྲུག་པའི་ཨ་ཇོ་ཚོ་སྒྱིད་རྐང་འདར་ཕྲིལ་ཕྲིལ་བྱས་ཏེ་ཁྱིམ་དུ་འཛུལ་ཡོང་གིན་ཡོད་གསུང་གི་འདུག
ཁོང་ཚོས་གུ་དུང་གོན་གྱི་མེད་སྟབས་སྒྱིད་རྐང་མངོན་གསལ་དོད་པོས་མཐོང་གིན་ཡོད་པ་འདྲ། གང་ལྟར་སྐབས་དེ་དུས་རིགས་མི་གཙང་བ་ཁྱིམ་སྒོར་འཛུལ་རྒྱུ་དཔེ་མི་སྲིད་པའི་དུས་ཚོད་གཅིག་ལ། ང་ཚོའི་རྒན་པོ་རྒན་མོ་དེ་ཚོས་འབྲུག་མི་ཚོར་མཐོང་དང་ཆ་འཇོག་དེ་ཙམ་ཞིག་གནང་སྟེ་སྲུབ་ཇ་རླངས་པ་འཐུལ་འཐུལ་གྱིས་ཁྱིམ་དུ་བསུ་ཡིན་ཡོད་པ་རེད།
གཡུ་འབྲུག་དཀར་པོ་ནས།
བོད་འབྲུག་འབྲེལ་བའི་སྐོར་ལས་འཕྲོས་པའི་གསལ་བཤད་ལེགས་པོ་ཞིག་གནང་བར་ཐུགས་རྗེ་ཆེ།
དེ་བཞིན་བལ་བོད་འབྲེལ་བའི་སྐོར་ལའང་ངེད་ཅག་གིས་ཤེས་དགོས་ངེས་རེད།
སྐབས་རེར་བོད་མི་བྱེ་བྲག་པ་རེ་བཟུང་གིས་འབྲུག་དང་བལ་ཡུལ་ལས་སོགས་ཁྱིམ་མཚེས་རྒྱལ་ཁབ་ལ་མཐོང་ཆུང་དང་དམའ་འབེབས་ཀྱང་མི་ཉུང་བ་ཞིག་བྱེད་པ་འདི་ནི་ཆབ་སྲིད་དང་ཆོས་ལུགས་བཟང་སྤྱོད་ལས་སོགས་གང་གིས་ཆ་ནས་ཀྱང་ལེགས་པའི་ཆ་ཞིག་ཏུ་མི་འགྱུར།
རྒྱལ་ཁབ་ཀྱི་མངའ་བདག་གཙོ་བདག་ལས་སོགས་ཀྱིས་ཐོག་མར་རང་ཉིད་ཀྱི་རྒྱལ་ཁབ་ལ་ཕན་པའི་ཆབ་སྲིད་དང་འགྲོ་བ་མི་ཡི་ཐོབ་ཐང་ལས་སོགས་དེང་རབས་ཀྱི་ཐོབ་ཐང་མང་པོ་ཞིག་བཤད་སྲོལ་ཡོད་པ་དེ་ཚོར་ཁེ་ཕན་ལ་བསམ་བློ་བཏང་ནས་གཞི་ནས་རང་ཉིད་ལ་སྟོབས་དང་མངའ་ཐང་ལས་སོགས་ཕུན་སུམ་ཚོགས་པའི་ཉིན་ཁྱིམ་མཚེས་རྒྱལ་ཁབ་ལས་སོགས་རྒྱལ་ཁབ་གཞན་གྱི་འགྲོ་བ་མི་ཡི་ཐོབ་ཐང་ལས་སོགས་ལ་སྐྱོན་བརྗོད་དང་རྒྱབ་སྐྱོར་ལས་སོགས་ཇུས་གཏོགས་བྱེད་ཐུབ་པ་གང་ཡོད་པ་ལག་ཏུ་ལེན་གྱི་རེད།
དེ་མིན་རང་ཉིད་ལ་རྒྱབ་སྐྱོར་མ་བྱས་པའི་རྒྱུ་མཚན་ལ་ལྟས་ཏེ་གཞན་ལ་ཁ་གཏོང་རྐྱང་བྱེད་པ་ནི་ཆབ་སྲིད་དང་ཆོས་ལུགས་རིག་གཞུང་ལས་སོགས་ཀྱི་བཟང་སྤྱོད་དང་འགལ་འགྲོ་བར་ཤེས་དགོས།
སྐབས་རེར་དྲྭ་འབུ་འགའ་ཞིག་གིས་ཧི་མི་ཞེས་ཧི་མ་ལ་ཡའི་མི་རིགས་དེ་ཚོར་ཚོད་མེད་པའི་དམའ་འབེབས་བྱེད་པའང་མཐོང་མྱོང།
ངེད་ཅག་འབྲི་ཀློག་ལ་སྦྱང་བའི་རྩོམ་པ་པོ་ཡོངས་ནས་མི་རིགས་དང་ཆོས་ལུགས་དབར་ལ་ཞི་བདེ་འཆམ་མཐུན་གྱི་ལམ་སྣེ་འཁྲིད་མཁན་ཞིག་ཡིན་པར་བསམ་ནས་ནམ་ཡང་མི་རིགས་དང་ཆོས་ལུགས་ཀྱི་དབར་ལ་དཀྲུགས་གཞིར་འགྱུར་བའི་རིགས་ནམ་ཡང་མི་འབྲི་བའི་རེ་བ་དང་འབོད་བསྐུལ་ཞུ་བཞིན་ཡོད།
ངོས་ཀྱང་རྙོག་གཞི་ལས་སོགས་མི་ལེགས་པའི་ཆ་ཡི་རིགས་ནམ་ཡང་ཐོག་མར་མགོ་འཛུགས་བྱས་པ་མེད།
གལ་སྲིད་གཞན་ནས་མ་ལེགས་མ་འོས་པའི་ཆ་ཡི་རིགས་བྲིས་ཚེ་དེར་དགག་པ་དང་གསལ་བཤད་བྱེད་རྒྱུར་ལས་འགན་ཞིག་ཏུ་སེམས་བཞིན་ཡོད།
འབྲུག་ནི་ནང་པའི་རྒྱལ་ཁབ་གཙང་མ་གཙང་རྐྱང་ཞིག་ཡིན་པ་དང་། བོད་ཡིག་བེད་སྤྱོད་ཚད་མཐོ་ཤོས་སམ་ཨང་དང་པོར་བྱེད་མཁན་ཞིག་ཡིན་འདུག་པས། ང་རང་རྒྱལ་ཁབ་དེར་རྒྱུན་དུ་ནས་ཤིན་ཏུ་དགའ་ལ། ཡུལ་དེའི་རྒྱལ་པོའི་རྣམ་དཔྱོད་ལ་གདེང་འཇོག་ཆེན་པོ་བྱེད་མཁན་ཞིག་ཡིན། འཛམ་གླིང་རྒྱལ་སྤྱིའི་ནང་རང་གི་རྐང་པའི་སྟེང་ལངས་ནས་འགྲོ་མཁན་གྱི་བོད་རིགས་གཅིག་པུ་དེ་ཡང་ཆགས་ཡོད། དེར་བརྟེན་ང་རང་ནམ་ཡང་འབྲུག་རྒྱལ་ཁབ་དང་འབྲུག་རྒྱལ་པོར་ཡིད་སྨོན་སྐྱེ།
གཡུ་འབྲུག་ལ་འཚམས་འདྲི་དང་འབྲེལ་ཁྱེད་ཀྱིས་གསུངས་པའི་ཆ་འགའ་ཞིག་ངོས་ཀྱི་སེམས་ལ་ཧ་ཅང་འཐད་པ་བྱུང་ཡང་། གནས་སྟངས་གང་ཡིན་ལ་མ་ངེས་པའི་རབ་བཏགས་སམ་ལོ་རྒྱུས་ལ་འཁྱོག་བརྗོད་བྱས་འདུག་པ་ནི་ངོས་བྱེད་ཐབས་དཀའ་བ་ཞིག་རེད། ཞབས་དྲུང་འབྲུག་ལ་སྐྱབས་བཅོལ་དུ་བྲོས་པའི་རྒྱུ་མཚན་གྱིས་འབྲུག་བོད་ཀྱི་མངའ་ཁོངས་སུ་མ་ཡིན་པར་སྒྲུབ་མི་ནུས་ཤིང་། བོད་སིལ་བུའི་རྗེས་དབུས་གཙང་ནས་ཁམས་སུ་སྐྱབས་བཅོལ་འགྲོ་བ་དང་། ཡང་ཨ་མདོ་ནས་ཁམས་དང་དབུས་གཙང་སོགས་ལ་སྐྱབས་བཅོལ་དུ་འགྲོ་བ་དུ་མ་ཞིག་ཡོད་པ་དེས་མཚོན་མང་པོ་བགྲང་རྒྱུ་ཡོད། དེ་ནི་དེའི་ཚེ་སྤྱི་ཁྱབ་ཆབ་སྲིད་ཀྱི་སྒྲོམ་གཞི་ཡང་དག་པ་ཞིག་མེད་པའི་ཉེར་ལེན་ལས་ཡིན་གྱི་ཁམས་དང་དབུས་གཙང་སོགས་རེ་རེ་ནས་བོད་མ་ཡིན་པ་དེ་ལྟ་བུའི་དཔེ་མཚོན་བཀོད་ན་སྲིད་གསུམ་གད་མོ་འཆོར་བ་ཙམ་དུ་འགྱུར་རོ། །ལྷག་པར་དེང་སྐབས་འབྲུག་སྤ་སྤྲོ་རྫོང་དུ་ཡོད་པའི་སྐྱིད་ཆུ་ལྷ་ཁང་ཞེས་པ་དེ་ཆོས་རྒྱལ་སྲོང་བཙན་སྒམ་པོས་མཐའ་འདུལ་གྱི་གཙུག་ལག་ཁང་ཞིག་ཡིན་པ་གྲགས་ཤིང་གྲུབ་པའི་ཕྱིར་ན། དུས་ཡུན་སྔ་མོ་ཞིག་ནས་འབྲུག་ནི་བོད་ཡུལ་གྱི་མངའ་ཁོངས་ཡིན་པ་རྩོད་མེད་དུ་གྲུབ་འདུག དེ་ཡང་སྲོང་བཙན་སྒམ་པོས་བོད་ཡུལ་དུ་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བཞེངས་པ་ལས། རྒྱལ་ཁབ་གཞན་དུ་དེ་ལྟ་བུ་བཞེངས་པའི་ལོ་རྒྱུས་ཤིག་སྲིད་གསུམ་འདིར་བཙལ་ཀྱང་མི་རྙེད་སྙམ། འོན་ཀྱང་དེང་སྐབས་རྒྱུ་མཚན་ཆེན་པོ་ཞིག་ཡིན་དྲན་གྱི་མེད་ཀྱང་ཁྱེད་རང་གི་འཁྱོག་བརྗོད་ཀྱི་ལན་ཙམ་མོ།། རྗེས་སུ་དུས་ཁོམ་བྱུང་ན་སྨྲ་ཆོག
གཡུ་འབྲུག་དཀར་པོ་ནས་བྲིས་པ། ༼༼བོད་ཀྱི་རྒྱལ་པོ་འདི་ཞེས་བྱ་བས་བོད་ཀྱི་རྒྱལ་ཁབ་དབང་ཞིང་། བོད་ཀྱི་རྒྱལ་ཁབ་དེའི་འོག་ཏུ་ལུང་པ་དེ་དང་དེ་ཚུད་དོ་ཞེས་པའི་ཡིད་ཆེས་ཀྱི་དཔང་རྟགས་གང་ཡང་མེད་པས་སོ།།༽༽ཞེས་བཤད་པ་ལ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ལ་་རྒྱུས་མངའ་དེ་ཙམ་མེད་པ་ཡིན་སྲིད་པ་རེད། དེ་འདྲ་ཡིན་ན་དེང་དུས་ཀྱི་འབྲུག་པ་ཚོས་་་མཁན་སློབ་ཆོས་གསུམ་་་ཞེས་པ་དེ་ཡང་ངོས་ལེན་གནང་ཐབས་བདེ་པོ་ཞིག་མེད་པ་འདྲ། ཅིས་ཏེ་ཆོས་ཅེས་པ་ནི་་་ཆོས་རྒྱལ་གྱི་མིང་བསྐོན་པའི་་་་ཁྲི་སྲོང་ལྡེ་བཙན་་་ལ་གོ་བས་ཁོང་ནི་་་བོད་ཀྱི་རྒྱལ་པོ་་་ཞིག་ཡིན། ཡོངས་གྲགས་སུ་བོད་ཀྱི་རྒྱལ་རབས་་་བཞི་བཅུ་ཞེ་གཉིས་་་བྱོན་ཡོད་པ་རྣམས་་་བོད་སྤྱི་ལ་དབང་བའི་རྒྱལ་པོ་་་ཡིན་པ་འཛམ་གླིང་འདི་ཡི་མཁས་པ་ཕལ་མོ་ཆེས་མགྲིན་གཅིག་ཏུ་འདོད་ཀྱི་ཡོད། ཁྱེད་ཀྱིས་་་ལུང་པ་དེ་དང་དེ་ཚུད་དོ་ཞེས་པའི་ཡིད་ཆེས་ཀྱི་དཔང་རྟགས་གང་ཡང་མེད་པར་བསྒྲུབ་བྱེད་དུ་་་བོད་ཀྱི་རྒྱལ་པོ་རྣམས་ལ་་བོད་ཀྱི་རྒྱལ་ཁབ་མ་དབང་བའི་ཚུལ་བཤད་པ་དེ་ནི་་་ང་བོན་པོས་ངོས་ལེན་ཞུ་ཐབས་མེད། ངས་མཆན་༣༦་དེ་ལ་གཟིགས་ནས་ལོ་རྒྱུས་ལ་ཞིབ་ཙམ་དཔྱད་པ་གནང་ན་ཁྱེད་རང་ལའང་ཕན་པ་ཡོད་ན་མ་གཏོགས་གནོད་པ་མེད། ངས་ཁྱེད་ལ་འདྲི་འདོད་པ་གཅིག་ནི་་་འབྲུག་གི་རྒྱལ་ཁབ་་ལ་་་མོན་གྱི་རྒྱལ་ཁབ་་་མི་འབོད་པའི་དོན་གང་ཡིན་ནམ། ཡུལ་དེ་ལ་འབྲུག་ཡུལ་ཞེས་པའི་མིང་དེའི་བྱུང་ཁུངས་ནི་་་བོན་པོའི་བླ་མ་་་སྤྲུལ་སྐུ་ཁྲོ་ཚང་ལ་འབྲུག་ལྷ་་་་ཞུ་བ་དེ་དང་བརྒྱུད་ནས་འབྲེལ་བ་ཞིག་བྱུང་ཡོད་ན་བསམ་པའི་བློ་དོག་ཡོད་པས་་ཞིབ་ཅིང་ཕྲ་བ་ནི་ད་ལྟའི་ཆར་བརྗོད་མི་ཐུབ། སྤྲུལ་སྐུ་ཁྲོ་ཚང་འབྲུག་ལྷ་ནི་དུས་རབས་བཅུ་གཉིས་པའི་ནང་ཕ་དམ་པ་སངས་རྒྱས་དང་དུས་མཉམ་པར་བྱོན་པའི་བོན་གྱི་བླ་མ་སྐད་གྲགས་ཅན་ཞིག་ཡིན།
མ་གཞི་བོན་པོས་ཡག་པོ་བྲིས་བཞག འོན་ཀྱང་འབྲུག་ཅེས་པའི་མིང་དེར་བོན་དང་འབྲེལ་ལུགས་ཟེར་བ་ནི་རང་ཉིད་བོད་ཀྱི་ཆོས་འབྱུང་ལ་མ་ངེས་པའི་རྟགས་གསལ་ཤོས་སུ་མཐོང་།དེའི་སྐོར་ཤེས་འདོད་ན་དོན་བརྒྱུད་དཔལ་ལྡན་དབྱར་རྔ་པའི་ཆོས་ཀྱི་བྱུང་ཚུལ་ལ་གཟིགས་དང་ཁྱེད་ལ་ཕན་ངེས་སོ།།
གོང་གི་མཆན་རྣམས་ལ་ལྷནཅིག་ཏུ་ཞུ་ན་་་་འབྲུག་གི་ལོ་རྒྱུས་ན་བོད་མི་ལ་རོགས་པ་བྱས་ཚུལ་ཡོད་ན་བོད་མི་ལ་ཁྲིམས་ཆད་བཏང་ཚུལ་བྲིས་ཡོད་ནམ་་་གཞན་བོད་ཀྱི་བླ་མ་རྣམས་འབྲུག་བརྒྱུད་ནས་ཡོངཔ་ཡིན་ན་་ངས་མི་ཤེས་མོད་དེ་དག་བསམ་བློ་བཏང་ན་དེང་སང་འབྲུག་པ་ག་ཚོད་ཅིག་བཙན་བྱོལ་བའི་དགོན་སྡེ་ཁག་ན་བཞུགས་ནས་ཡོད་ལགས་་་ངའི་བཤད་རྒྱུར་ནང་པ་ཡིན་པ་ཙམ་ལ་གང་ཡང་བཤད་གྱིན་མེད་གོང་ནས་འབྲུག་པ་བོད་བརྒྱུད་ནང་བསྟན་པ་ཡིན་ཚུལ་བྲིས་འདུག་པའི་ཡིན་མ་རྟོག་གཞན་གོང་ས་མཆོག་ཡིན་ཅིག་མིན་ཅིག་གདན་འདྲེན་ཞུ་དགོས་པ་དེ་འདྲ་མ་རེད་་་གོང་དུ་གྲོགས་པོ་ཞིག་ནས་རྒྱ་མིའི་ལག་འཁྱེར་ཡོད་ན་འབྲུག་པའི་དགའ་བསུ་ཞུ་བཞིན་ཚུལ་བཤད་པ་དེ་བོད་མི་ཡིན་པའི་རེད་དམ་ཡང་ན་ལག་འཁྱེར་སྟེང་གི་སྐར་རྣམས་མཐོང་ནས་ཡིན་ན་་་་་འབྲུག་མ་རྟོགས་རྒྱལ་ཁབ་གཞན་པ་རྣམས་ལ་ལག་དེབ་སེར་པོའི་སྟེང་ནས་འགྲོ་ཐུབ་གི་ཡོད་རེད་འབྲུག་གི་ག་རེས་ཅེས་ནས་དངོས་ལེན་བྱེད་ཀི་མེད་རེད་་་་་་ཡཡཡཡ་དྲ་གྲོགས་ལྷན་རྒྱས་རྣམས་ང་ཚོ་ལ་ཕན་པ་གང་ཡང་མེད་པའི་སྐད་ཆ་དེ་ཚོ་མི་བཤད་ནི་ཡེད་ཡ་་འབྲུག་དང་བོད་གཉིས་དུས་རྟགས་པར་མཛའ་ཞིང་མཐུན་པོ་ཡོང་བའི་སྨོན་ལམ་ཡོད་ཡ་་་་ཨོ་རེད་ཡ་འབྲུག་རྒྱལ་ཁབ་ལ་ཁག་མེད་ཡ་་་་ཡིན་ཡང་འབྲུག་གི་དགོན་པ་རྣམས་དང་བླ་མ་དེ་ཚོ་ནས་འབྲུག་རྒྱལ་གཞུང་ལ་སྙན་ཞུ་ཙམ་ཡང་བྱས་མེད་ན་ཨ་མཚར་ལ་
རྡ་སའི་མྱི་ལགས་་་་ཁྱེད་ནས་གུས་ཞབས་ཡོད་པ་ཅེས་་་་མཆན་བུ་འདེབས་མཁན་རྣམས་ཅི་ཡང་མི་ཤེས་མཁན་ཡིན་ན་རང་ཉིད་ག་འདྲ་ཞིག་་་་རང་ཉིད་ཆོས་ལ་དད་པ་མེད་མཁན་ལ་དགའ་མི་ཞིག་ཡིན་ཚོད་འདུག་པའི་འཇིག་རྟེན་སྟེང་ཁྱེད་ཉིད་ཆེས་སའི་མི་བུ་དེ་སུ་ཡིན་ལགས་་་་་
གོང་དུ་ཚིག་ཆད་པ་་་ཁྱེད་ཉིད་ཆེས་དགའ་སའི་མི་བུ་དེ་སུ་ཡིན་ན་གསུངས་ན་འགྲིགས་གམ་
མང་པོ་ཞིག་གིས་འབྲུག་པས་བོད་པར་སྡང་ལུགས་དང་། རྒྱལ་བ་རིན་པོ་ཆེ་གདན་འདྲེན་མ་ཞུས་ཚུལ་གང་དྲན་དྲན་ཞིག་བྲིས་འདུག་དེ་དག་གི་སྐོར་བཤད་འདོད་མེད། འོན་ཀྱང་བོད་པ་འབྲུག་ལ་འགྲོ་ཆོག་གི་མེད་སྐོར་ཟེར་བ་གཞི་མེད་གཏམ་ཞིག་ལས་མ་འདས། ང་བོད་ནས་འབྱོར་བའི་བོད་པ་དག་མ་ཞིག་ཡིན་ལ་ད་ལོ་འབྲུག་ཏུ་གནས་སྐོར་ཡང་སོང་བ་ཡིན་པས་མངོན་གསུམ་ལ་ནམ་ཡང་སྙོན་མི་ཐུབ། དཔེ་ཤག་ཀྱང་སྤྲོད་དགོས་མི་འདུག་ལ་ཐོག་མར་ཉིན་བཅོ་ལྔ་སྡོད་ཆོག་གི་ཡོད་ད་དུང་བསྡད་འདོད་ཡོད་ན་མུ་འཐུད་ཞུ་ཆོག་གི་རེད། བོད་པ་སྐྱབས་བཅོལ་ལག་དེབ་ rcཡོད་མཁན་ལ་དམིགས་བསལ་ཡོད་པ་རེད་ཡིད་མ་ཆེས་ན་ཐེང་གཅིག་སོང་དང་ཧ་གོ་ངེས། ཡུལ་དེའི་ཞི་བདེ་ལ་ཡིད་སྨོན་སྐྱེ་དགོས་པ་ཞིག་འདུག མདོར་ན་ང་ཚོས་མགོ་ཚོས་མ་ཚོས་ཀྱི་སྐད་ཆ་དེ་འདྲ་མ་བཤད་ན་ཡག་གི་རེད་བསམ། གོང་ས་མཆོག་གི་ཀུན་ཁྱབ་ཀྱི་སེམས་ཁུར་དང་ཡང་དག་པའི་ལྟ་གྲུབ་དེར་ནམ་ཡང་གུས་བརྩི་ཞུ་དགོས་སྙམ། དེ་སྔོན་ཆབ་སྲིད་ཀྱི་སྒྲོམ་གཞིར་གྱུར་པའི་བོད་དང་རིག་གཞུང་གི་ཁྱབ་ཁོངས་གཅིག་པའི་བོད་ཅེས་ཁོ་བོས་བྲིས་ཡོད་པ་དེར་གཟིགས་ན་ཕན་ཡོང་ངེས་རེད་ཅེས་ཀྱང་ཐལ་ལོ་། །
འཛམ་གླིང་གི་མཐོ་སྒང་རི་བོ་ཧི་མ་ལའི་ཕར་ཕྱོགས་ཀྱི་བོད་པ་དང་ཚུར་ཕྱོགས་ཀྱི་མི་རིགས་སུ་ཡིན་ཡང་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པ་གཅིག་པ་ཡིན་པ་སྨོས་མ་དགོས། བོད་པའི་རིག་གཞུང་ཟེར་ན་འདྲ། ཧི་མ་ལའི་རིག་གཞུང་ཟེར་ན་འདྲ། གང་ལྟར་འཛམ་གླིང་ལ་ངོམ་རིམ་ཆོག་པ་ཞིག་ཡོད་པ་འདི་གོང་ས་མཆོག་དང་འབྲུག་པ་པད་དཀར་སོགས་བླ་སྤྲུལ་དུ་མའི་མཛད་རྗེས་ལས་འབུས་པ་ཞིག་ལོས་ཡིན། ཡིན་ན་ཡང་འབྲུག་གཞུང་གིས་ད་བར་དུ་གོང་ས་མཆོག་གདན་འདྲེན་ཞུས་མ་ཐུབ་པ་འདི་ནི་བསམ་བློ་གུ་དོག་གི་ར་བ་ལས་བརྒལ་མེད།
བོད་པ་འདི་རྣམས་ལུང་ཚན་ཕྱོགས་རིས་གླིང་རྒྱུ་དགའ་བས་གོང་གི་གཡུག་འབྲུག་ཀྱང་དེའི་གྲལ་ལས་མ་འདས། བོད་པས་འབྲུག་པ་ནང་མྱི་བརྩི་ཡང་འབྲུག་གིས་བོད་དགྲ་རུ་ལྟ་བ་མི་རྣམས་ཀྱི་ཤེས་ན་བཟང་། རྒྱ་དང་ལག་འབྲེལ་བྱས་ནས་ལུང་པ་འདི་ཚོ་རྩ་མེད་བཟོས་ན་བཟང་། བོད་ལ་ཡག་པོ་ཞིག་ཡོད་ན་འབྲུག་གི་ཡིན་ཚུལ་དང་སྡུག་པོ་ཞིང་ཡོད་ན་འབྲུག་གི་མིན་ཚུལ། འབྲུག་པ་རྣམས་སྐབས་འཚོལ་རིང་ལུགས་ཀྱི་མགོ་བདེ་ཞིག་རེད། རྒྱ་དཀར་ནག་གི་བར་ནས་མགོ་ཙམ་འཁྲབ་ཐུབ་མིན་ལྟ་དང་། ལྟེ་མོ་ཡོད་ངེས་རེད། ཡ་འབྲུག་རྒན་རྣམས་་་་་་
གནས་ཧི་མ་ལ་ཡའི་རི་ཟུར་ནས།།
ལྷོ་གཡུ་འབྲུག་སྔོན་མོའི་གྲགས་སྙན་གྱིས།།
དུས་རྟག་ཏུ་ཞི་བདེའི་དཔལ་ལ་འཁྱུད།།
འབྲུག་རྒྱལ་འབངས་མངའ་ཐང་རྒྱས་པ་དང་།།
ཆོས་བསྟན་པ་དར་ཞིང་འཕེལ་བ་དང་།།
ངེད་བོད་པ་རྣམས་ཀྱིས་ཡིད་སྨོན་འཆོར།།
དང་པོ་འབྲུག་རྒྱལ་ཡབ་ཡུམ་བཀྲ་ཤིས་བདེ་ལེགས། གཉིས་པ་པདྨོ་གཞོན་ནུ་མ་ཡི་ལང་ཚོ་ལ་ཞེ་ས་མེད་པ་དང་སློང་གཉེན་དེ་ཡང་མཐའ་མ་ཡག་ཉེས་ཆེ་བས་གཟབ་རོགས། གསུམ་པ་གཡུ་འབྲུག་དཀར་པོ་དེ་ཆོས་དང་འཇིག་རྟེན་གཉིས་ཀ་ལ་མཐོང་རྒྱ་ཆེ་འདོག་གི་འཕྲིན་དེ་མཐོང་མ་ཐག ན་ནིང་བོན་གྱི་མཁན་པོས་མི་ཚོང་བརྒྱབ་སོང་ཟེར་ནས་ཀུ་ཅོ་འདོན་མཁན་དེ་རྡོ་རྗེ་རྒྱལ་མཚན་ཡིན་པ་ཤེས་སོང་། །ཨ་ཁ་འབྲུག་པ་ཚང་མ་དེ་འདྲ་ཀླད་པ་ཅན་ཡིན་ས་རེད་དྲན་སོང་། ཆོས་ཕྱོགས་ནས་འབྲུག་རྒྱལ་ཁབ་ཡིན་ན། འབྲི་གུང་རྒྱལ་ཁབ ཟུར་མང་རྒྱལ་ཁབ། སོགས་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ལ་རྒྱལ་ཁབ་དང་། ས་སྐྱ་དགེ་ལུགས་རྙིང་མ་བོན་པོའི་རྒྱལ་ཁབ་ཅེས་བཞག་ན་ཆོག་གི་ཡ། འཇིག་རྟེན་ཕྱོགས་ནས་སྐད་ཡིག་རིགས་གཞུང་གི་ཆ་ལག་ཚང་མ་བོད་རིགས་ལས་གཞན་པ་འབྲུག་པ་རང་གི་སྐད་ཡིག་དང་རིག་གནས་ཞེས་བསྐལ་བའི་བར་དུ་རྙེད་མི་སྲིད།
འབྲུག་ནི། མི་རིགས། ཆོས་རྒྱུན། གནས་བབས། རིག་གཞུང་གང་ནས་བསམ་གྱང་བོད་རིགས་འཁྲུལ་མེད་ཅིག་རེད། བོད་རིགས་ཡིན་པས་བོད་རྒྱལ་ཁབ་ཀྱི་ཁོངས་ཡིན་མི་དགོས། དེ་བཞིན་རིག་གཞུང་དང་གནས་བབས་སོགས་ཀྱང་ངོ། །འབྲུག་གི་དགྲ་ཆེ་ཤོས་བོད་མ་རེད། རྒྱ་གར་དང་རྒྱ་ནག་གཉིས་རེད། རྒྱ་གར་གྱིས་ཐེངས་མང་པོར་འབྲུག་ཡུལ་གྱི་སྲིད་འཇུས་ཀུན་གྱིས་ཤེས་བཞིན་པ་དང་། ན་ནིང་རྒྱ་ནག་གིས། སྔོན་ཨ་སམ། རྡོ་རྗེ་གླིང་། འབྲས་ལྗོངས་ཚང་མ་རྒྱ་ནག་གི་མངའ་ཁོངས་ཡིན་པར་ཁྱབ་བསྒྲགས་བྱས་ཡོད། མ་ཟད། རིམ་པ་བཞིན། ཧོང་ཀོང་། མ་ཁོ། ཐེ་ཝན། ཨ་རི་ན་ཅལ། ཨ་སམ། རྡོ་རྗེ་གླིང་། འབྲས་ལྗོངས། འབྲུག་ཡུལ་བཅས་ལེན་པའི་ས་བཀྲ་བཟོས་ཡོད། རྐང་པ་དང་པོ་སྤོ་ས་ནེ་པལ་རེད། དེར་ལོ་བཅུའི་ནང་རྒྱ་རིགས་འབུམ་ཉི་ཤུ་སྤོ་བའི་འཆར་གཞི་ཡོད། ནེ་པལ་དུ། རྒྱ་ནག་གི་དགོན་པ། མགྲོན་ཁང་། ཚོང་སྲང་། ཡུལ་སྐོར་སྤྲོ་འཁྱམ་ལས་ཁུངས་བཅས་འཛུག་པའི་འཆར་གཞི་བལ་ཡུལ་དང་བགྲོ་གླེང་བྱེད་བཞིན་པའི་ལོ་རྒྱུས་རྒྱ་ནག་གསར་འགྱུར་ཞིག་ཏུ་འདུག བོད་དང་འབྲུག་པ་གཉེན་ཉེ། ཆོས་རྒྱུན། བླ་སློབ་ཀྱིས་འབྲེལ་བས་ཕན་ཚུན་གཉིས་ཕན་གྱིས་མཐུན་སྒྲིལ་བྱེད་རྒྱུ་གལ་ཆེ།
བསྟན་འཛིན་ལམ་བཟང་ལགས།
ཁྱེད་རང་ཡང་ཨུར་ཏི་ཚ་པོ་དགོས་ཀྱི་ཡིན་ནམ། སྐད་ཆ་མང་པོ་མ་བཤད་ན་ལེགས།
བློ་ཆོས་ལགས་ཀྱིས་ད་ལྟའི་ལོ་རྒྱུས་ལ་སེམས་འཚབ་དང་བཅས། བོད་དང་འབྲུག་པ་གཉེན་ཉེ། ཆོས་རྒྱུན། བླ་སློབ་ཀྱིས་འབྲེལ་བས་ཕན་ཚུན་གཉིས་ཕན་གྱིས་མཐུན་སྒྲིལ་བྱེད་རྒྱུ་གལ་ཆེ། གསུངས་པ་ལ་རྒྱབ་སྐྱོར་ཆ་ཚང་ཡོད་ལགས།
འབྲུག་རྒྱལ་པོ་སྐུ་ཚེ་རིང་བར་ཤོག།
འབྲུག་རྒྱལ་པོའི་ཐུགས་དོན་གྲུབ་པར་ཤོག།
འབྲུག་རྒྱལ་པོའི་མཛད་ཕྲིན་རྒྱས་པར་ཤོག།
འབྲུག་རྒྱལ་ཁབ་བདེ་སྐྱིད་སྐྱོང་བར་ཤོག།
སྤྱི་ལོ་ ༢༠༡༠ ལོའི་སྤྱི་ཟླ་ ༧ ཚེས་ ༤ ཉིན་གྱི་རྒྱ་གར་དུས་བབ་ཅེས་པའི་གསར་ཤོག་ནང་། པེ་ཅིང་རིགས་རྫས་ཞིབ་འཇུག་ཁང་གི་སྐྱེ་དངོས་རིག་པ་དང་རིགས་རྫས་རིག་པ་བ་འགའ་ཞིག་གི་སྣེ་འཁྲིད་འོག་བོད་རིགས་༥༠ཙམ་གྱི་རིགས་རྫས་ལ་ཞིབ་འཇུག་བྱེད་སྐབས། ལོ་ངོ་༣༠༠༠ཙམ་གྱི་སྔོན་དུ་བོད་རྒྱ་མི་རིགས་གཉིས་རྒྱ་རྒྱུད་གཅིག་ལས་མཆེད་དེ་བོད་རིགས་ཀྱི་རིགས་རྫས་གྲངས་༣༠ལས་མི་ཉུང་བ་ཞིག་མཐོ་སྒང་གི་ས་གཤིས་དང་ཁོར་ཡུག་ལ་གོམས་འདྲིས་བྱེད་པའི་བརྒྱུད་རིམ་ནང་འཕེལ་འགྱུར་ཕྱིན་ཡོད་པར་བཤད།
ཁོང་ཚོས་བོད་རིགས་སྤྱི་ཡོངས་རྒྱ་རིགས་ལས་མཆེད་པར་ཧམ་བཤད་བྱེད་པ་ག་ལ་བདེན་ཡང་། རྒྱའི་རིགས་བརྒྱུད་ལས་མཆེད་པའི་ད་ལྟའི་བོད་རིགས་མེད་པ་སུས་ཀྱང་བསྒྲུབས་ཐུབ་ཀྱི་མ་རེད། འདི་ལྟ་ན་བོད་རིགས་རྣམས་ཧི་མ་ལ་ཡའི་རི་བརྒྱུད་དུ་གནས་པའི་འབྲུག་རིགས་དང་མོན་རིགས་ལ་དྭགས་པའི་རིགས་སོགས་ནས་ཕར་འཕེལ་འགྱུར་བྱུང་མེད་པའི་སྒྲུབ་བྱེད་ཀྱང་སྨྲ་མི་ནུས་སྟབས། འབྲུག་རིགས་རྣམས་བོད་རིགས་ལས་མཆེད་ཟེར་བ་དང་འབྲུག་རིགས་རྣམས་བོད་རིགས་ཚུར་ཡིན་ཟེར་བ་ཚོར་སྣང་ཙམ་གྱི་སྐད་ཆ་རེད། ང་ཚོས་མིའི་རིགས་རྫས་ཀྱི་འཕེལ་འགྱུར་དང་གནའ་བོའི་ཤུལ་བཞག་རྒྱུ་དངོས་ཀྱི་བདེན་དཔང་དང་ཤེས་ཡོན་གང་ཡང་མེད་པར་གང་ཡིན་འདི་ཡིན་མེད་པའི་ཚོར་སྣང་ཤོད་ཀྱིན་བསྡད་ན་མི་རིགས་གཉིས་ཀྱི་མཐུན་སྒྲིལ་ལ་གནོད་རྒྱུ་ལས་གཞན་གང་ཡང་མེད།
དེས་ན་ངས་བློ་བཟང་ཆོས་གྲགས་ལགས་ལ་ཨ་ཁུ་འབྲུག་པའི་རྣར་གཟན་པའི་སྐད་ཆ་འདི་རིགས་བ་བཤད་ན་བཟང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།
སྤྱིར་སྟངས་འབྲུག་ཡུལ་དུ་བོད་ལ་དུས་འགྱུར་བྱུང་རྗེས་སུ་ཡོང་པའི་བོད་རིགས་ཚོ་ཁག་གཅིག་དང་། དུས་འགྱུར་མ་བྱུང་སྔོན་གྱི་མི་རབས་མང་པོའི་སྔོན་ནས་བྱུང་བའི་བོད་རིགས་མང་དག་ཅིག་ཡོད་པ་ནི་ཧ་ཅང་གསལ་པོ་རེད། འགའ་ཞིག་བོད་དུ་གྲྭ་པ་སྐྱ་སར་བབ་ཏེ་སྤྱི་ཚོགས་ནང་གནས་བཟོད་མི་བདེ་བའི་གོ་སྐབས་འོག་འབྲུག་ཡུལ་དུ་ཡུལ་བྱོལ་དུ་ཕྱིན་པའི་རིགས་དང་། འགའ་ཞིག་ཡུལ་གྱི་ཁྲིམས་ལུགས་དང་འགལ་བའི་ཉེས་ཆད་དུ་འབྲུག་ཡུལ་དུ་རྒྱང་ཕུད་དུ་བཏང་བ། འགའ་ཞིག་ཆོས་ལུགས་ཀྱི་ཤེས་ཡོན་ཐོས་བསམ་ཆེད་ཡུལ་ཕར་ཚུར་དུ་བསྐྱོད་པའི་བརྒྱུད་རིམ་ནང་བོད་འབྲུག་མཛེས་མ་དང་ཁ་ཐུག་སྟེ་ཁྱིམ་ལ་བབ་པ་སོགས་མི་རིགས་གཉིས་ཕན་ཚུན་གཉིས་ཀར་དཀར་དམར་གྱི་ཁུ་བ་མཉམ་འདྲེས་བྱུང་ལོ་རྒྱུས་སུ་གསལ་བ་དེ་ལྟར་རེད།
འདི་སྐོར་ཞིབ་པར་མཁྱེན་འདོད་ན་དབང་འདུད་ཚེ་རིང་གི་འབྲུག་བསྡད་མི་ལོ་ཉི་ཤུའི་བརྗེད་བྱང་ཟེར་བའི་དེབ་དེར་བལྟས་ན་མཁྱེན་ཚོད་ཡིན།
ངའི་བསམ་ཚུལ་ལྟར་ན་བོད་རིགས་རྣམས་རྒྱ་དང་འབྲུག་རིགས་སོགས་ནས་མཆེད་པར་གོ་ལྡོག་གིས་སྨྲ་བར་ཚན་རིགས་ཀྱི་རྒྱབ་རྟེན་མང་བ་ཡོད་པར་སེམས་ཀྱི་ཡོད།
གང་ལྟར་ཡང་བོད་རིགས་ཕྱི་ནས་མཆེད་པས་ང་ཚོ་ཞུམ་དགོས་དོན་མི་འདུག་ལ། འབྲུག་རིགས་བོད་ནས་མཆེད་པའི་སྒྲུབ་བྱེད་ཡོད་ཀྱང་ང་ཚོར་དགའ་དགོས་པའི་རྒྱུ་མཚན་ཅི་ཡང་མི་འདུག
དེ་རིང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མདུན་ཐང་དུ་ད་ལྟའི་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེར་བྷེལ་ཇམ་བོད་རིགས་ཚོགས་པའི་གོ་སྒྲིག་འོག་གཟེངས་རྟགས་འབུལ་བའི་མཛད་སྒོ་བསྡུས་འདུག མཛད་སྒོའི་སྟེང་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་མཆོག་ནས་གཏམ་བཤད་སྐབས་ལ་དྭགས་བླ་མ་བློ་བཟང་ལ་ཞལ་ཕྱོགས་སྟེ། བོད་པ་གནས་སྟངས་ཐབས་སྐྱོ་བའི་འདས་དུས་ནང་གདུང་སེམས་མཉམ་སྐྱེད་ཀྱི་རོགས་དན་མཛད་མཁན་ཅིག་ཁོང་པ་བླ་མ་བློ་བཟང་ཡིན་པའི་སྐོར་བརྗོད་སོང་།
དངོས་གནས་ཁོང་པ་མི་རིགས་ལ་དྭགས་ཡིན་ཡང་བོད་པ་དཀའ་ལས་ཆེ་བའི་དུས་སྐབས་ནང་རོགས་པ་གང་ཡོང་ཅི་ཡོང་གནང་བ་དངོས་གནས་རེད། འོན་ཀྱང་འབྲུག་རིགས་ནང་བོད་དོན་ལ་མུ་མཐུད་དེ་རོགས་རམ་གནང་མཁན་དེ་འདྲ་བྱུང་ཡོད་ན་མེད་ན། དྲྭ་གྲོགས་ཚོས་མཁྱེན་གྱི་ཡོད་ན་གསུང་རོགས།
ལོ་རྒྱུས་ནང་འབྲུག་རིགས་དཀར་ཅི་ཨོ་རྒྱན་རྡོ་རྗེ་ལྟ་བུས་༸གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་གསུམ་པ་རྒྱ་གར་དུ་ཉེན་གཡོལ་དུ་ཕེབས་དུས་བསྟན་སྲིད་ལར་ཞེན་གྱི་བསམ་པ་དཀར་པོས་ཞབས་འདེབས་གང་ཡོང་ཅི་ཡོང་ཞུས་ཏེ་བོད་དོན་ལ་ཕན་ངེས་ཀྱི་ལས་ཀ་བྱས་འདུག་ལ་ཁོང་གི་བུ་བསོད་ནམས་སྟོབས་རྒྱལ་ལ་བོད་གཞུང་གི་རིམ་བཞིའི་གོ་གནས་ཀྱང་བསྩལ་སྐོར་གོ་རྒྱུ་འདུག
ད་བྱས་ན་འབྲུག་བོད་ཀྱི་ཆ་ཤས་མ་རེད། རྒྱ་ནག་གི་ཆ་ཤས་རེད། ཅིའི་ཕྱིར་ན་རྒྱ་ནག་གོང་མ་ཞིག་གི་སྐབས་བོད་རྒྱ་ནག་གི་ཆ་ཤས་ཡིན་པས་སོ། །
ཆོས་རྒྱལ་རྗེ་ཡི་གདུང་རྒྱུད་བཞུགས་པ་དང་། །གཙང་མའི་བོད་རྣམས་གནས་པས་ཁྱད་པར་འཕགས། །ཞེས་དང་། སྦས་ཡུལ་མིན་ཡང་སྦས་འདྲའི་བྱེ་བྲག་སྟེ། །ཞེས་དང་། སྨྱུག་མའི་སྦག་ཁང་དག་ཀྱང་གྲངས་མང་ལ། །ཡ་རབས་ལས་ལ་སྤྱོད་པ་ཆེས་མང་ངོ་། །ཞེས་དང་། ལྷོ་ན་ཨུ་རའི་ལུང་པ་བཟང་པོ་སྟེ། ཞེས་དང་། འདི་ཡི་ནུབ་ན་བོད་ཀྱི་སྒོ་ཡོད་དེ། །ཞེས་དང་། དེ་བཞིན་རྐུན་མ་གཏན་ནས་མེད་རབས་དང་མགྲོན་ལ་བཀུན་བསྟི་ཆེ་བ་ཆུ་བོ་རྣམས་རྡོར་གདན་སོགས་ལ་ཕྱོགས་ནས་འབབ་པ་སོགས་མང་པོ་ཞིག་འབྱུང་སྟེ། ཚིག་མང་པོ་ཞིག་མི་དྲན་ནོ། །
འདི་ཀུན་མཁྱེན་ཀློང་ཆེན་པའི་གསུང་རེད། ང་འབྲུག་ལ་སླེབས་ཙམ་མྱོང་བ་ཞིག་གི་ངོས་ནས་ལྟས་ན་ཡང་གནས་སྟངས་མང་པོ་ཞིག་ད་ལྟའི་དུས་འདི་རང་ལ་བྲིས་པ་ལྟར་འདུག མ་གཞི་འབྲུག་པ་ལ་ང་ནི་ཧ་ཅང་དགའ། ཆ་ཚང་ཀུན་མཁྱེན་ཀློང་ཆེན་པའི་གསུང་ཐོར་བུའི་བུམ་ཐང་ལྷའི་སྦས་གནས་ལ་བསྔགས་པ་དེར་གཟིགས། དེར་འབྲུག་པའི་སྣོད་བཅུད་ཀྱི་སྐོར་ཧ་ཅང་སྙན་པའི་ངག་གིས་ཞིབ་བརྗོད་གནང་ཡོད།
ང་ཚོའི་རྒྱ་མི་ཟེར་རེད་དེ། ཉེ་ཆར་འཛམ་བུ་གླིང་གི་ཐོག་གི་འཇར་པན་ལ་གནོད་འཚེ་ཚབ་ཆེན་ཕོག་རྗེས་ཀྱི་གཞུང་འབྲེལ་དཔོན་རིགས་ཆེ་ཤོས་འཚཥ་འདྲི་ཐོག་མ་དེ་ཝུན་ཅོ་དང་ལྷོ་ཀོ་རེ་ཡའི་དབུ་ཁྲིད་ཁག་ཆགས་ཡོད།
དེ་བཞིན་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་ཀྱི་ཧི་རོ་ཤི་མ་སོགས་ཀྱི་གཏོར་རྒོལ་གཏེ་བོ་ཨ་རི་ཡང་དུས་རབས་འདིར་འཇར་པན་གྱི་གྲོགས་པོ་ཨང་དང་པོ་ཆགས་ཡོད། དེ་བཞིན་བཙན་འཛུགས་མཁན་དབྱིན་ཇིའི་རྒྱལ་མོས་གཟའ་འཁོར་སྔ་མར་དབྱིན་ལན་ཊིར་འཚམས་འདྲི་དང་དགོངས་སེལ་ཞུས་ཏེ། མི་མང་གིས་ཀྱང་ལོ་རྒྱུས་རང་བཞིན་གྱི་ཤ་མཁན་ཆེན་པོ་ཞིག་མཇུག་དྲིལ་བའི་སྤྲོ་སྣང་ལ་ལོངས་སུ་སྤྱོད་ཀྱིན་འདུག ང་ཚོའི་གོང་ས་མཆོག་གིས་ཀྱང་རྒྱ་ནག་ལ་འདས་པ་ལས་མ་འོངས་པ་གལ་ཆེར་་རྩིས་ནས་བོད་པ་ས་ཡ་གཅིག་བསད་པའི་སྡིག་ཉེས་གུ་ཡང་བཏང་ནས་ཞི་མཐུན་མཉམ་གནས་ཆོག་པར་གསུངས་ཡོད། དེ་བས་ཀྱང་འབྲུག་དང་བོད་ནི་ཆོས་དང་རིག་གཞུང་གི་འབྲེལ་བ་ཆེན་པོ་ཡོད་པས་འབྱུང་འགྱུར་སྔར་ལས་ལྷག་པའི་མཆམ་མཐུན་མཉམ་གནས་ཡོང་མི་ཐུབ་པ་གང་ཡང་མེད། འབྲུག་འདི་རིག་གཞུང་གི་ཐད་ནས་གུ་སུབ་ཅུང་དོག་དྲགས་དང་ཆབ་སྲིད་ཀྱི་ཐད་ནས་དོགས་ཟོན་ཆེ་བ་འདུག་པ་འདི་སྔ་མ་སྐྱོན་ཅུང་ཟད་ཡོད་དེ། དཔེར་ན། རྫོང་ཁའི་ཡི་གེ་འགྲོ་སྟངས་ལྟ་བུ་རེད་འདིས་འབྲུག་གི་རིག་གནས་གོང་འཕེལ་ལ་འགོག་རྐྱེན་བཟོས་ཡོད་རེད། ང་རང་གི་ལྟ་ཚུལ་ཙམ་ཡིན།
ཕྱི་མ་ནི་སྐྱོན་མིན་ཏེ། འབྲུག་དེ་ཆབ་སྲིད་ཐོག་བོད་ལས་མཁས་པ་འདུག ཁྲིམས་ལུགས་ཀྱང་ཧ་ཅང་རྣོ་ངར་ལྡན་པ་ཡོད་རེད། ད་མི་བཤད་ཉོག་སོང་།
བཏགས་ནོར་ཧ་ཅང་མང་པོ་ཤོར་བར་དགོངས་དག་ཞུ། དཔེར་ན་ང་ཚོས་རྒྱ་མི་ཟེར་བར་ང་ཚོའི་རྒྱ་མི་བྲིས་འདུག ཚང་མ་དགོངས་དག
ཕྱག་དཔེ་ཡོད་མཁན་ཡོད་ན་དྲ་གྲོགས་སུ་ཞིག་གིས་ཀློང་ཆེན་པའི་བུམ་ཐང་གི་བསྟོད་པ་དེ་ཆ་ཚང་འགོད་རོགས། འབྲུག་གི་ལོ་རྒྱུས་ཀྱི་དཔྱད་གཞི་རིན་ཐང་ཅན་ཞིག་རེད།
ཁ་ལ་བོད་ཟས་ཟ། ལུས་ལ་བོད་ཆས་གོན། ཡི་གེ་བོད་ཡིག་བྲིས། ཆོས་ལུགས་བོད་ཀྱི་ནང་ཆོས་བྱས། ད་བོད་རིགས་མིན་ཟེར་ན་འབྲུག་པ་ཡིན་ཐག་ཆོད་རེད། མི་ལ་ངོ་ཚ་དང་རྒྱུ་རྟགས་མེད་པ་འབྲུག་པ་རེད།
༡༠༩༽ ལྷོ་ཕྲུག་སྣ་བོ་ཆེ་ལགས། ལ་དྭགས་པའི་བླ་མ་དེས་བོད་ལ་རོགས་རམ་བྱས་ཡོད་ན་ཐུགས་རྗེ་ཆེ་ཞུ་འོས། འབྲུག་པས་བོད་ལ་རོགས་པ་གང་འདྲ་བྱས་ཏེ་བྱ་དགོས་རེད། བོད་པ་དཀྱུས་མ་རྟ་འཚོ་མཁན་གྱི་བུ་མོ་ཞིག་ལའང་མཐོང་ཆེན་གྱིས་འབྲུག་རྒྱལ་མོའི་གོ་སར་བཞག་ཡོད། མི་བྱེད་དགུ་བྱེད། ཉལ་ས་རག་ན་བསྐྱངས་སའི་དཔེ་ལྟར་རྒྱལ་ཁབ་ལ་གནག་པའི་བྱ་ངན་བརྩམས་སོང་ང་། དེ་བཞིན་ད་རེས་ཀྱིས་འབྲུག་རྒྱལ་ལྔ་པའི་བཙུན་བཞེས་པའི་གསར་འགྱུར་གྱི་མཆན་བུ་འདི་དག་ལ་ལྟོས་དང་། ཆོས་དང་རིག་གཞུང་འབྱོན་སྟངས་ཀྱི་ཁ་ཕོ་སྒྲོགས་གིན་རང་ས་ལག་མཐིལ་ཙམ་ཡང་མེད་པར་མ་འོའི་ལག་པར་བསྐྱལ་ནས་ཐལ་ལ་འཚུབ་བེར་སྡོད་བཞིན་དུ་ད་དུང་འབྲུག་བོད་ཀྱི་ཆ་ཤས་རེད་ཟེར་བ། ༧གོང་ས་མཆོག་འབྲུག་ལ་གདན་འདྲེན་གི་མིན་འདུག་ཟེར་བ། ཆེས་ཡིད་དུ་མི་འོངས་བ་འདི་འདྲ་སེམས་ནས་བསམ། ཁ་ནས་བཤད། ལག་པས་བྲིས་བཞིན་ད་དུང་འབྲུག་པས་བོད་ལ་ཤ་ཚ་ག་ནས་བྱེད་དགོས།
བོད་པ་མི་མིན། གློ་བ་ཤ་མིན། ཟེར་བ་དང་། བོད་པ་སྐྱག་པ་སྒོག་པ་གསུམ། འདྲེས་ཤིང་འདྲེས་ན་ཇེ་སྡུག་རེད་ཟེར་བ་བདེན་ཚོད་དུ་གདའ།
ངས་ནི་བོད་དང་འབྲུག་ཟེར་བ་འདི་གཉིས་དབྱིན་ཇི་དང་ཨ་མེ་རི་ཁ་ལྟ་བུ་ལ་ངོས་འཛིན་བྱེད་ཀྱིན་ཡོད། དབྱིན་ཇིའི་བཙན་འཛུལ་བས་ཨ་མེ་རི་ཁ་ལ་རྒྱལ་ཁབ་བཙུགས། བོད་ཀྱི་འབྲུག་ཆེན་ངག་དབང་རྣམ་རྒྱལ་གྱིས་དམག་གིས་ལྷོ་མོན་ལུང་པ་ཁྲིམས་མེད་པ་ལ་ཁྲིམས་བཟོས་པ་རེད། དོན་དུ་བཙན་འཛུལ་བྱས་པ་རེད། འབྲུག་ཆེན་ངག་དབང་རྣམ་རྒྱལ་ཟེར་བ་འདི་དམག་དཔོན་མ་རུང་བ་ཞིག་རེད། དགེ་ལྡན་པ་དང་སོག་པོའི་དམག་དཔུང་ལ་ཡང་སྐྱག་པ་ཤོར་ཤོར་ཞིག་བཟོས་འདུག ལྷོའི་མོན་པ་ཉམ་ཆུང་དེ་ཚོ་ད་ཡིན་དང་ཡིན།
འབྲུག་རྒྱལ་པོ་སྐུ་ཚེ་རིང་བར་ཤོག།
འབྲུག་རྒྱལ་པོའི་ཐུགས་དོན་གྲུབ་པར་ཤོག།
འབྲུག་རྒྱལ་པོའི་མཛད་ཕྲིན་རྒྱས་པར་ཤོག།
འབྲུག་རྒྱལ་ཁབ་བདེ་སྐྱིད་སྐྱོང་བར་ཤོག།
འབྲུག་རྒྱལ་པོ་སྐུ་ཚེ་རིང་བར་ཤོག།
འབྲུག་རྒྱལ་པོའི་ཐུགས་དོན་གྲུབ་པར་ཤོག།
འབྲུག་རྒྱལ་པོའི་མཛད་ཕྲིན་རྒྱས་པར་ཤོག།
འབྲུག་རྒྱལ་ཁབ་བདེ་སྐྱིད་སྐྱོང་བར་ཤོག།
བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
ང་ཚོ་བོད་པ་ཚོས་འབྲུག་རྒྱལ་ཁབ་བོད་པའི་ཁུངས་གཏོགས་ཡིན་ཚུལ་གླེང་རྒྱུ་རྩ་ནས་མི་འགྲིག རྒྱུ་མཚན་བོད་ཀྱི་སྐད་ཡིག་དང་རིགས་གཞུང་། གོམས་སྲོལ་ཚང་མ་ཆ་ཚང་གཅེས་གཉེར་བྱེད་ཐུབ་མཁན་གྱི་རྒྱལ་ཁབ་འཛམ་བུ་གླིང་ན་འབྲུག་རྒྱལ་ཁབ་གཅིག་བུ་རེད། ང་ཚོས་འབྲུག་རྒྱལ་ཁབ་བོད་ཀྱི་ཁུངས་གཏོགས་ཡིན་ཚུལ་གླེང་གི་བསྡད་ན་དེ་ལ་རྒྱ་མིས་ལོ་རྒྱུས་གླེང་ནས་བདག་དབང་གླེང་ནས་རྐང་པ་བརྐྱངས་ཡོང་གི་རེད་བསམ། རྒྱ་མིས་རྐང་པ་བརྐྱངས་ན། དེ་ནས་ང་ཚོའི་བོད་ཀྱི་ཆོས་དང་རིགས་གཞུང་རང་སྐྱ་འཕེར་བའི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་མཁན་གྱི་རྒྱལ་ཁབ་གཅིག་བུ་དེ་ཡང་ཉེན་ཁ་ཆེན་པོར་ཕྲད་སྲིད་པ་རེད་བསམ།
འབྲུག་རྒྱལ་བོ་འདི་རྒྱལ་ཁབ་ཀྱི་འཛིན་སྐྱོང་ཐད་ནས་ཤིན་ཏུ་ནས་མཁས་པོ་ཞིག་རེད་བསམ་གི གཞན་གྱི་ཁུངས་གཏོགས་ཡིན་པ་སེལ་བའི་ཕྱིར་དུ་རྒྱལ་ཁབ་ཀྱི་ཆབ་སྲིད་ཐད་བསྒྱུར་བཅོས་རབས་དང་རིམ་པ་བྱས་ནས། རྒྱ་དཀར་ནག་གཉིས་ཀྱི་བར་ན། ཀྲོང་ངེར་འགྱིངས་ཡོད་པ་འདི་ནི་གཟི་བརྗིད་ཞིག་རེད།།
དྲ་གྲོགས་ཚོས་ངའི་མཆན་བུ་བཀླགས་པར་ཐུགས་རྗེ་ཆེ་ཞུ། ངའི་མཆན་བུར་ལན་མང་དག་ཅིག་གནང་འདུག་ཀྱང་དེ་དག་ཚང་མ་བསྐྱར་ཟློས་ཡང་ཟློས་ཁོ་ན་འདུག་སྟབས་སླར་ཡང་ལན་གྱིས་ངལ་བ་བསྟེན་མ་དགོས། འོན་ཀྱང་ཁ་ཤས་ཀྱིས་ངའི་གོ་ལོག་ཐེབས་ཡོད་ཚོད་འདུག་པས་དེ་ལ་གསལ་བཤད་མདོ་ཙམ་ཞུ་རྒྱུ། ངས་ནི་གོང་དུ་ཁ་ཤས་ཀྱིས་བོད་རིགས་ལ་དཀའ་ངལ་བྱུང་དུས་འབྲུག་པས་གྲོགས་རམ་བྱས་མ་སོང་ཞེས་བཤད་འདུག་པར་དམིགས་ནས། གྲོགས་རམ་བྱས་ཡོད་ཚུལ་སྐོར་གསལ་བཤད་བྱས་པ་ལས། འབྲུག་པ་བོད་རིགས་ལ་བཀའ་དྲིན་ཆེ་བ་ཡིན་ཚུལ་དང་བོད་རིགས་འབྲུག་པར་བཀའ་དྲིན་མི་ཆེ་ཚུལ་གྱི་སྐོར་བཤད་པ་མིན།
འབྲུག་པས་བོད་སྐད་སྨྲ་ཞིང་བོད་ཡིག་འབྲི་བ་བདེན་པ་ཡིན་ཀྱང་། རྒྱུ་མཚན་དེ་ལ་བརྟེན་ནས་བོད་རིགས་ཡིན་པར་འགྲུབ་ན་དེ་ཅུང་ཟད་ཐལ་མི་ཆེའམ་སྙམ། རྒྱུ་མཚན་ནི་འབྲུག་པས་བོད་སྐད་སྨྲ་ཞིང་བོད་ཡིག་འབྲི་བ་ལས་དབྱིན་སྐད་སྨྲ་ཞིང་དབྱིན་ཡིག་འབྲི་བ་མང་བས་དེ་ལྟར་ན་འབྲུག་པ་དབྱིན་རིགས་ཡིན་ཞེས་བརྗོད་དགོས་པར་འགྱུན་ཉེན་གདའ་འོ།། ལར་གོང་གི་མཆན་བུར་བཀོད་པ་ལྟར་འབྲུག་ལ་བོད་རིགས་དང་བལ་རིགས་དང་རྒྱ་རིགས་དང་དེ་མ་ཡིན་པའི་མི་རིགས་སྣ་ཚོགས་ཡོད་པ་བཞིན། ཁ་སྐད་ཀྱང་བོད་སྐད་དང་འདྲ་བ། བལ་སྐད་དང་འདྲ་བ། རྒྱ་གར་གྱི་སྐད་དང་འདྲ་བ། དབྱིན་སྐད་དང་འདྲ་བ། དེ་དག་གང་དང་ཡང་མི་འདྲ་བ་སྣ་ཚོགས་ཡོད་པས། འབྲུག་པའི་ཁ་སྐད་ཡིན་ན་བོད་སྐད་ཡིན་པས་ཁྱབ་ཅེས་པའི་དམ་བཅའ་ཡང་མ་གནོང་རོགས་ཞུ་རྒྱུ་ཡིན།
བོན་པོ་ལགས་ལ་ཞུ་རྒྱུ། ང་ཚོ་འབྲུག་པས་མཁན་སློབ་ཆོས་གསུམ་ངོས་ལེན་བྱེད་རྒྱུར་སྟབས་མི་བདེ་བ་གང་ཡང་མེད། བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མ་ཟད་རྒྱལ་པོ་སྲོང་བཙན་སྒམ་པོ་དང་གཉའ་ཁྲི་བཙན་པོ་ཡོད་པ་ཡང་ཤེས་ཀྱི་ཡོད། འོན་ཀྱང་དེ་དག་བོད་སྤྱི་ལ་དབང་བའི་རྒྱལ་པོ་ཡིན་པ་དང་། དེ་དག་གི་སྐུ་རིང་ལ་འབྲུག་དང་ལ་དྭགས་སོགས་དེང་སང་ཧི་མ་ལའི་རིགས་བརྒྱུད་དུ་གཏོགས་པ་ཐམས་ཅད་དེ་དག་གི་མངའ་འོག་ཏུ་ཡིན་པའི་རྒྱུ་མཚན་ཡོད་དམ། བོད་ཀྱི་རྒྱལ་རབས་རྣམས་སུ་སྲོང་བཙན་གྱི་སྐུ་རིང་ལ་རྒྱ་ནག་རྒྱལ་ཁབ་དང་རྒྱ་གར་ཆུ་མོ་གང་ག་ཡན་ཆད་དབང་བསྒྱུར་ཚུལ་བཤད་རྒྱུ་འདུག་ཀྱང་། དེ་འདྲའི་བཤད་ཚུལ་རྒྱལ་ཁབ་གཞན་གྱི་རྒྱལ་རབས་རྣམས་སུ་ཡོད་དམ། ཡང་ན་དེ་ལྟར་ཡིན་པའི་སྒྲུབ་བྱེད་གཞན་ཅི་ཞིག་ཡོད། ཆུ་བོ་གང་གའི་འགྲམ་དུ་རྡོ་རིང་བཙུགས་པ་ཙམ་གྱིས་ནི་ས་གནས་དེ་བོད་ཀྱི་མངའ་འོག་ཏུ་འགྲོ་དཀའ།
སྲོང་བཙན་གྱི་སྐུ་རིང་ལ་བུམ་ཐང་དང་སྤ་གྲོ་རྣམས་སུ་མཐའ་འདུལ་དང་ཡང་འདུལ་གྱི་ལྷ་ཁང་བཞེངས་པའི་ལོ་རྒྱུས་ཡང་གཏེར་ཆོས་རྣམས་སུ་མ་གཏོགས་གཞན་དུ་ནི་ངས་མ་མཐོང་། གཏེར་ཆོས་རྣམས་ནི་རྒྱལ་རབས་ཀྱི་ལུང་ཁུངས་ཀྱི་རྒྱབ་རྟེན་དུ་རྒྱལ་སྤྱིའི་རྒྱལ་རབས་སྨྲ་བ་དག་གིས་ཁས་ལེན་གྱི་མེད་ཅེས་ཟེར་བ་ཐོས། གལ་ཏེ་ཁས་ལེན་པའི་དབང་དུ་བཏང་ན། གཏེར་ཆོས་འགའ་ཞིག་ཏུ་མོན་བོད་གཅིག་ཡིན་པའི་སྒྲུབ་བྱེད་ཀྱང་ཡོད་ལ། འགའ་ཞིག་ཏུ་ནི་མོན་བོད་ཐ་དད་ཡིན་པའི་སྒྲུབ་བྱེད་ཀྱང་ཡོད་པས་ད་ཅི་བྱེད།
འབྲུག་ཡུལ་འདིར་མོན་ཡུལ་ཞེས་མི་འབོད་པར་འབྲུག་ཡུལ་ཞེས་འབོད་དགོས་དོན་ལ་བརྟེན་ནས་རྙིང་མའི་རྒྱལ་ཁབ་སོགས་ཡོད་དགོས་དོན་མེད། ཆོས་ལུགས་ཀྱི་མིང་ས་གནས་ལ་ཐོགས་པ་དང་ས་གནས་ཀྱི་མིང་ཆོས་ལུགས་ལ་ཐོགས་པ་ནི་བོད་འབྲུག་གཉིས་ཙམ་གྱིས་མ་ཟད་རྒྱལ་ཁབ་གཞན་དང་གཞན་ལ་ཡང་མང་རབས་ཤིག་འདུག་པ་དེ་དག་ཚང་མས་ངས་ཁྱེད་ལ་རེ་རེ་གསལ་བཤད་ཞུ་མི་དགོས་པ་བྱེད། ལོ་རྒྱུས་ཡོད་རིགས་ཡོད་ཚད་དང་བཤད་རྒྱུ་ཡོད་རིགས་ཡོད་ཚད་ཚང་མ་བོན་ལས་བྱུང་བ་ཡིན་ཤག་བྱས་པ་ནི་བོན་པོ་ཁྱོད་རང་ཤེས་རྒྱ་ཆུང་བའམ་བུ་སུ་དོག་པའི་རྟགས་སུ་གདའ་བས་ཟབ་འཚལ། བོན་པོའི་མཁན་པོ་ཞིག་གིས་འབྲུག་པའི་བུ་ཆུང་མགོ་བོ་བསྐོར་ཞིང་ཁྲིད་པ་ནི་བདག་གིས་སྒྲོ་བཏགས་པ་མིན་པས་ཁྱེད་རང་ཤེས་འདོད་ན་སྨན་རི་དགོན་དུ་ཕེབས་ནས་གཟིགས་དང་། ཕལ་ཆེར་འབྲུག་པའི་བུ་ཆུང་༢༠ རྩ་གྲངས་ཙམ་དེར་ཡོད་ངེས། དེའི་ལོ་རྒྱུས་ནི་སྨན་རི་དགོན་ནས་བྲོས་ཡོང་བའི་གྲྭ་པ་སངས་རྒྱས་བསྟན་འཛིན་ནས་དངོས་སུ་ཐོས་པ་ཡིན།
དྲྭ་གྲོགས་འགའ་ཞིག་གིས་འབྲུག་གཞུང་དང་རྒྱལ་དབང་འབྲུག་པའི་བར་དུ་ཡང་ཞེ་འཁོན་ཡོད་པའི་དོགས་པ་ཡང་བཀོད་འདུག ངས་ཤེས་ཚོད་ལ་འབྲུག་གཞུང་དང་རྒྱལ་དབང་འབྲུག་པའི་བར་ལ་ཞེ་འཁོན་དང་མ་མཐུན་པ་གང་ཡང་མེད། ཁོང་གི་ཡབ་བེ་རོ་སྤྲུལ་སྐུ་ཡང་སྔར་འབྲུག་ལུང་ཉི་མ་ཀླུང་དགོན་གྱི་གདན་འཛིན་དུ་བསྐོས་ཡོད། འབྲུག་གཞུང་ལ་རྒྱལ་དབང་འབྲུག་པ་འབྲུག་ལ་གདན་འདྲེན་ཞུ་རྒྱུ་ལས་གལ་འགངས་ཆེ་བའི་ཕྱག་ལས་མང་པོ་ཡོད་པས་རྒྱལ་དབང་འབྲུག་པ་འབྲུག་ལ་གདན་ཞུ་མ་ཐུབ་པ་མ་གཏོགས། འབྲུག་གཞུང་གིས་རྒྱལ་དབང་འབྲུག་པ་འབྲུག་ལ་ཕེབས་འདོད་ཡོད་ཀྱང་ཕེབས་སུ་མ་བཅུག་པར་བཀག་འགོག་བྱས་པ་མེད། སྤྱིར་བོད་ཀྱི་ནང་པ་སངས་རྒྱས་པའི་བསྟན་པ་དང་སྒོས་སུ་དཔལ་ལྡན་འབྲུག་པའི་བསྟན་པ་ལ་ལ་རྒྱ་དང་ལྷག་བསམ་ཡོད་ན་ཁྱེད་བོད་རིགས་རྣམས་ཀྱིས་སྦྱིན་བདག་བྱས་ནས་ཞུས་དང་། ང་ཚོ་འབྲུག་པ་རྣམས་ཀྱིས་དབང་དང་བཀའ་ཆོས་བྱིན་རླབས་དམ་རྫས་གང་གནང་ཞུ་ངེས་ཡིན།
བོད་ཀྱི་སྐྱབས་བཅོལ་བ་འབྲུག་ལ་ཡོང་དུ་མི་བཅུག་པའི་ཐད་དུ་ཡང་དྲྭ་གྲོགས་ཤིག་གིས་བཀོད་པ་ལྟར། འབྲུག་ལ་བོད་རིགས་སྐྱབས་བཅོལ་བ་ཡོང་རྒྱུར་བཀག་རྒྱུ་ཕར་ཞོགས། བོད་རིགས་གྲྭ་པ་མང་དག་ཅིག་དགུན་གྱི་གུང་སེང་སྐབས་རྟག་པར་འབྲུག་ལ་ཕེབས་ཀྱི་ཡོད། བོད་རིགས་བླ་མིང་འཆང་བ་འགའ་ཞིག་གིས་གཏེར་སྟོན་པར་བརྫུས་ནས་གཏེར་བཏོན་པ་དང་། འགའ་ཞིག་གིས་གསང་སྔགས་ཀྱི་ཉམས་ལེན་ལ་བསྙད་བཏགས་ཏེ་བདག་པོ་ཡོད་མིན་ལ་མ་ལྟོས་པར་གཡབ་ཏུ་རུང་བ་ཐམས་ཅད་ལ་གཡབ་ཀྱི་ཡོད་པ་ཡང་ང་ཚོའི་འབྲུག་ལུང་འདིར་བྱུང་དང་བྱུང་བཞིན་ཡོད།
དེ་འདྲའི་དཀའ་ངན་ལ་བརྟེན་ནས་དེང་སང་ཉིན་གཅིག་ནས་ཉིན་གཅིག་བོད་རིགས་གྲྭ་པ་དང་བླ་མའི་མཚན་འཆང་མཁན་དེ་ཚོ་འབྲུག་ལ་ཕེབས་རྒྱུར་དཀའ་ངལ་ཆེ་རུ་ཆེ་རུ་འགྲོ་བཞིན་ཡོད་ཚུལ་ཐོས། དེ་ནི་རང་ཕྱོགས་ཀྱི་མི་སེར་རྨོངས་བརྟུལ་ཅན་དག་གཞན་གྱི་གཡོ་སྒྱུ་དང་མགོ་བསྐོར་གྱི་འོག་ཏུ་མི་ཚུད་པའི་ཐབས་སུ་འབྲུག་གཞུང་གིས་མཛད་འོས་པའི་ཕྱག་ལས་ཡིན་པས་གཟུར་གནས་དང་བློ་ལྡན་ཞིག་ཡིན་ན་དེ་ལ་ཡི་རང་བྱེད་རྒྱུའི་གནས་ལས་སྨད་པའི་འོས་སུ་མ་མཆིས་ཤིང་སྨད་ཀྱང་མི་སྲིད་དོ།།
ཁ་བརྡའི་ནང་ངའི་སྣང་བ་འགྲོ་ཤོས་ནང་ནས་གཅིག་གཞོན་ནུ་ཟླ་མེད་ཁྱོད་ཡིན། འབྲི་རྩལ་ལེགས། བསམ་ཚུལ་གཙང་། ནོར་བ་ཁས་ལེན་བློ་ཁོག་ཅན་ཞིག་རེད། དུས་ནམ་ཡང་དགའ་བསུ་ཞུ།
སྲོང་བཙན་སྒམ་པོར་བཙུན་མོ་ལྔ་ཡོད་པ་ལས། ཞང་ཞུང་བཟའ་ཡིས་ཐིམ་ཕུ་ཀོག་གི་ལྷ་ཁང་ཞེས་པ་དེ་བཞེངས་ཡོད་པ་བོད་ཀྱི་རྒྱལ་རབས་སུ་འདུག ཁྲི་སྲོང་རྗེས་ནས་གུ་རུ་པདྨ་འབྱུང་གནས་ལྷོ་ནུབ་སྲིན་ཡུལ་དུ་ཕེབས་སྐབས་མོན་ཡུལ་བུམ་ཐང་ལ་ཁའི་བར་དུ་ཕེབས་སྐྱེལ་བྱས་ཡོད་ཚུལ་གསལ་བས། བོད་བཙན་པོའི་དུས་སྐབས་ནས་འབྲུག་ཡུལ་ནི་བོད་ཀྱི་མངའ་ཁོངས་ཡིན་པ་རྩོད་མེད་ཅིག་ཆགས་འདུག བོད་སིལ་བུའི་རྗེས་ནས་ཆབ་སྲིད་ཀྱི་སྒྲོམ་གཞི་གཅིག་གྱུར་མེད་པ་ཙམ་ལས་རིག་གཞུང་གི་ཐད་ནས་བོད་དང་ནམ་ཡང་ཁ་བྲལ་མྱོང་མེད། དཔེར་ན་བསྟན་པ་ཕྱི་དར་སྐབས་སུ་བོད་ཀྱི་ཀུན་མཁྱེན་ཀློང་ཆེན་པ་དང་འགྲོ་མགོན་གཙང་པ་རྒྱ་རས་ལ་སོགས་པ་སྐྱེས་མཆོག་མང་པོ་ཞིག་ཕྱོགས་དེར་བཞུགས་ཏེ་དགོན་སྡེ་ཡང་མང་པོ་བཏབ་ཡོད། རྒྱལ་བ་སྐུ་ཕྲེང་བདུན་པའི་སྐབས་སུ་འབྲུག་ནས་གོང་ས་མཆོག་ལ་འབུལ་མཚོན་ཧ་ཅང་ཟབ་པ་སོགས་ཀྱིས་མཚོན་འབྲེལ་བ་ཤིན་ཏུ་ཆེ།
སྤྱིར་ལོ་རྒྱུས་ནི་ནམ་ཡང་དངོས་བདེན་རྗོད་དགོས་གཤིས་འབྲུག་བོད་ཀྱི་མངའ་ཁོངས་ཡིན་པར་བརྗོད་པ་ལ་ནེམ་ནུར་དགོས་དོན་མེད། དེ་ཡང་བོད་རིགས་དང་བོད་པ་གཉིས་ལ་ཁྱད་ཕྱེད་དགོས་པ་ཡང་གནད་འགག་ཅིག་ཡིན། དུས་རྒྱུན་ནས་ང་རང་ལ་བསམས་ན། ངས་ང་རང་བོད་པ་མིན་ཡང་བོད་རིགས་རྣམ་དག་ཅིག་ཡིན་པར་སྙམ་བཞིན་ཡོད། དེས་ན་འབྲུག་པ་རྣམས་ཀྱང་བོད་པ་མ་ཡིན་ན་ཡང་བོད་རིགས་ཡིན་པ་ནི་སུས་ཀྱང་འགོག་ཐབས་བྲལ་བ་ཞིག་རེད། ང་རང་གི་ཕ་ཡུལ་དེ་དེང་རང་བཙན་ལྡན་པའི་བལ་ཡུལ་རྒྱལ་ཁབ་ཀྱི་མངའ་ཁོངས་ཡིན་ན་ཡང་། དེས་ང་ཡི་རིགས་བརྒྱུད་བོད་ནས་མཆེད་ཅིང་ཤ་ཁྲག་འདི་ཕ་སྤྲེའུ་དང་མ་བྲག་སྲིན་གཉིས་ཀྱི་ཡིན་པར་བརྗོད་པ་ལ་མ་བདེ་བ་ཅི་ཡང་མཐོང་གི་མེད། གལ་ཏེ་འབྲུག་པ་སོགས་བོད་རིགས་ཡིན་པར་སྨྲས་ཚེ་བོད་པ་ལ་ཁེ་བཟང་གང་ཡང་མེད་ཀྱང་། ལོ་རྒྱུས་ནི་ལོ་རྒྱུས་ཡིན་པས་སུས་ཀྱང་སྒྱུར་མི་ཐུབ་བོ།།
གཡུ་འབྲུག་དཀར་པོ་ཁྱོད་ལ་མོས་མཐུན་ཡོད།
ཟླ་བ་དོན་གྲུབ་ཀྱིས་བཤད་པའི་བོད་པ་དང་བོད་རིགས་ཀྱི་ཁྱད་པར་དེ་ངས་ཀྱང་འདོད། བཙན་པོས་ལྷ་ཁང་རེ་རེ་བཞེངས་པའི་རྒྱུ་མཚན་གྱིས་འབྲུག་བོད་ཁུངས་སུ་ཇི་ལྟར། གོང་དུ་གཡུ་འབྲུག་དཀར་པོས་བཤད་པ་ལྟར་ལྷ་ཁང་ལས་བཙན་པའི་ས་མཚམས་ཀྱི་རྡོ་རིང་ཞིག་གངྒའི་འགྲམ་དུ་བཙུག་པར་བཤད་པས་གངྒ་ཡན་ཆད་བོད་ཁོངས་སུ་འགྱུར་རམ།
ཡང་གཅིག་ཞུ་རྒྱུ། ཞབས་དྲུང་འབྲུག་ལ་བྲོས་བྱོལ་དུ་ཕེབས་པ་དེ་བོད་ཁམས་བསིལ་བུར་ཐོར་བའི་རྗེས་སུ་ཡིན་ཞེ་ན། སིལ་བུར་མ་འཐོར་བའི་གོང་དུ་དེ་ལྟར་མི་སྲིད་པར་ངང་གིས་ཁས་ལེན་འདུག འོ་ན་ཁུངས་ལྡན་ཡིན་མིན་མི་ཤེས་ཏེ་ང་ཚོའི་ངག་རྒྱུན་དུ་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་ཟུར་ལྕམ་བོན་པོ་ཡིན་པ་ཞིག་ཡོད་པ་དེ་ལ་མངལ་ཆགས་པས། ཟུར་ལྕམ་དེ་བོད་ནས་མཐའ་བཤུད་བཏང་བས་འབྲུག་ལ་ཡོངས་ནས་ཡུལ་བཟུང་བའི་ས་གནས་ཀྱི་མིང་ལ་བོན་སྦིས་ཞེས་པ་ད་ལྟ་ཡང་ཡོད་པ་དང་། ཡང་གཏེར་སྟོན་པདྨ་གླིང་པའི་གཏེར་ཆོས་ཤིག་གི་ནང་དུ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ལྕམ་ཞིག་གིས་ར་ཁྱི་དང་སྦྱོར་བ་བྱས་པས་སྲས་མིའི་གཟུགས་ལ་ཁྱིའི་གདོང་དང་རའི་ཐོད་པ་ཡོད་པ་ཞིག་སྐྱེས་པ་དེ་ཡང་བོད་ནས་མཐའ་བཤུད་བཏང་བས་ལྷོ་བྲག་ཏུ་ཡུལ་བཟུང་ནས་སྡོད་དུས་བོད་ཀྱི་རྒྱལ་པོས་མཁྱེན་ཏེ་སླར་ཡང་ཡུལ་བཏོན་བཏང་བས་འབྲུག་ལ་སླེབས་ནས་ཡུལ་བཟུང་སྟེ་སྡོད་པ་སོགས་ཀྱི་ལོ་རྒྱུས་ཡོད་ཅིང་། དེ་བཞིན་བོད་རྒྱལ་ཁྲི་རལ་པ་ཅན་གྱི་སྐབས་སུ་ཡང་བདུད་བློན་རྣམས་ཀྱི་ངན་གཡོ་ལ་བརྟེན་ཏེ་བོད་ཀྱི་རྩིས་པ་རྣམས་ཀྱིས་ཁྲི་རལ་པ་ཅན་གྱི་སྐུ་མཆེད་ལྷ་སྲས་གཙང་མ་ཞུ་བ་ཞིག་ཡོད་པ་དེ་བོད་ནས་མཐའ་སྤྱུགས་དགོས་པའི་ཞུ་བ་ཕུལ་ཞིང་དེ་ལྟར་མ་བྱས་ན་བོད་ལ་ལོ་ཉེས་སོགས་ཀྱི་མི་བདེ་བ་སྣ་ཚོགས་འབྱུང་ཉེན་ཡོད་ལུགས་ཞུས་པས། ཁྲི་རལ་པས་ཀྱང་རྩིས་པ་རྣམས་ཀྱི་ངག་ལ་གསན་ཏེ་བོད་ཁམས་ལ་མི་བདེ་བ་འབྱུང་བ་ལས་ལྡོག་པའི་ཕྱིར་དུ་ལྷ་སྲས་གཙང་མ་འབྲུག་ལ་མཐའ་ལ་སྤྱུགས་པའི་ལོ་རྒྱུས་དང་། ལྷ་ལུང་དཔལ་རྡོར་གྱིས་བོད་རྒྱལ་གླང་དར་མ་བསད་པའི་རྐྱེན་གྱིས་ཁོང་གི་རྡོ་རྗེ་མཆེད་དྲུག་ཀྱང་བོད་ནས་བྲོས་ཏེ་འབྲུག་ཡུལ་དུ་ཡོང་བའི་ལོ་རྒྱུས་དུ་མ་ཞིག་འདུག་པས་བོད་འབྲུག་གཅིག་ཐ་དད་གང་ཡིན་བློ་གཟུ་བོར་གནས་པའི་ཐོག་ནས་དཔྱོད་པར་མཛོད་ཅིག ལོ་རྒྱུས་དེ་དག་རྫུན་མ་ཡིན་ན་མ་གཏོགས་དེ་མིན་བོད་ནས་ཡུལ་བཏོན་བཏང་བ་དང་། ལྷག་པར་དུ་བོད་ལ་མི་བདེ་བ་འབྱུང་བ་ལས་ལྡོག་པའི་ཕྱིར་དུ་འབྲུག་ཡུལ་དུ་ཡུལ་བཏོང་བཏང་བ་དེས་འབྲུག་ཡུལ་བོད་ཀྱི་མངའ་འོག་མིན་པར་བླུན་པོ་བ་གླང་རྫིས་ཀྱང་རྟོགས་སླའོ།།
གཡུ་འབྲུག་དཀར་པོས་བཤད་པར་ངས་ཀྱང་མོས་མཐུན་ཡོད།
འོན་ཀྱང་འགའ་ཞིག་ལ་རྒྱབ་སྐྱོར་ཞུ་མི་ཐུབ།
བོན་གྱི་མཁན་པོས་འབྲུག་ཕྲུག་མགོ་སྐོར་བཏང་ནས་བོན་པོའི་དགོན་པར་ཁྲིད་པ་རེད་ཟེར་བ་ནི་ཟེར་རྒྱུས་འཕོང་པའི་སྐད་ཆ་རང་རེད།
ཅིག་ཅིག་མིག་མིག་གིས་བཤད་བྱུང་ཟེར་ནས་བདེན་ཆ་བཟུང་མི་ཉེན།
ཕྲུག་གུའི་ཕ་མ་དེ་ཚོར་སྐད་ཆ་འདྲི་རོགས།
དེ་ནས་བདེན་ཆ་ཞིག་ཐོབ་ངེས།
ང་ཡང་ཧི་མི་ལ་ལྷག་བསམ་ཡོད་མཁན་ཞིག་ཡིན།
ཁྱེད་ལ་ཆོས་ལུགས་ཀྱི་ལྟ་བའི་ཞེན་ཤུགས་ཆེན་པོ་ཞིག་འདུག་དེ་ལ་མོས་མཐུན་མེད།
ངེད་ཅག་ཚང་མས་འདས་པ་འདས་པར་བཞག་སྟེ་འདས་པའི་ཉམས་མྱོང་ལ་གཞི་བཞག་ནས་འབྱུང་འགྱུར་གྱི་མི་རིགས་དང་ཆོས་ལུགས་འཆམ་མཐུན་གྱི་ལམ་བུར་བསྐྱོད་ཐབས་༧གོང་ས༧་མཆོག་གིས་བཀའ་སློབ་དེ་ཚོར་སློབ་སྦྱོང་གིས་ཉམས་ལེན་གནང་རྒྱུ་ནི་དུས་སུ་བབ་པའི་ཆོས་བྱེད་མི་སྣའི་བཟང་སྤྱོད་ཞིག་ཏུ་མཐོང།
དེ་མིན་ཁ་ནས་འཚེ་མེད་ཞི་བ་ཞེས་ས་བསྒྲགས་གནམ་བསྒྲགས་རེ་བྱས།
དོན་དུ་མི་རིགས་ཀྱི་ཕྱོགས་རིས་ཆོས་ལུགས་ཆོས་རྒྱུད་ཀྱི་དབར་གྱི་ཞེན་ཁོག་ཅན་གྱི་བསམ་བློས་དག་སྣང་ནོར་བུས་ཁྱབ་པར་བསྒོམ་ཞེས་པ་དེ་རིང་དུ་འདོར་བར་རིགས་སོ།
བོད་མི་ཚོས་འབྲུག་ལ་དེ་ཙམ་གྱིས་སྡང་ཟུག་བྱེད་ཀྱིན་མེད།
བལ་ཡུལ་ལྟ་བུར་བོད་མི་ཚོས་རྟག་ཏུ་སྡང་ཟུག་གིས་ངན་སྨྲས་བྱེད་ཀྱིན་པ་ནི་བསམ་བཞིན་དུ་མ་ཡིན་རུང་མི་བསམ་བཞིན་དུ་ཆབ་སྲིད་ཆོས་ལུགས་གང་ལའང་ཕན་པ་མེད་པའི་སྐད་ཆ་མང་པོ་ཞིག་བཤད་དང་ཤོད་བཞིན་ཡོད།
དེ་ཚོར་དྲ་གྲོགས་དགོངས་པ་དཀྱིལ་ཡངས་རྣམས་ཀྱི་ཐུགས་ལ་འཇག་རོགས།
མེ་ཏོག་དཀར་པོ་དང་གཞོན་ནུ་ཟླ་མེད་ལས་སོགས་འགའ་ཞིག་གིས་བཤད་པར་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ།
ལ་སྟོད་བུ་ལགས། ད་ལྟ་ང་ཚོ་བོད་འབྲུག་གི་བདེ་སྡུག་གླེང་བའི་སྐབས་ཡིན་པས་བལ་པོའི་སྐོར་མི་གླེང་། དུས་ནམ་ཞིིག་གི་ཚེ་བྱ་རུང་ཁ་ཤོར་བོད་པའི་རེད་ཟེར་བ་དང་། རླུང་རྟ་དར་ཅོག་མོག་མོག་སོགས་བོད་པའི་རེད་ཟེར་བའི་ཤེས་རབ་ཕྱོགས་གཅིག་པར་གྱུར་པ་འདི་དག་ལ་ལམ་སྟོན་ཅིས་ཀྱང་བྱ་འོས།
དེ་སྔ་ཞིག་ལ་ཟླ་བ་ཚེ་རིང་ཟེར་བ་ཞིག་གིས་བོད་ཀྱི་དུས་བབ་ངོས་སུ་བོད་འབྲུག་དབར་གྱི་འབྲེལ་བའི་ལྟ་ཚུལ་སྐོར་ལ་རྩོམ་ཡིག་ཅིག་བྲིས་གནང་འདུག དེའི་རྗེས་དབྱིན་མོ་མགོ་སེར་ཞིག་གིས་དེ་ལ་གསལ་བཤད་ཁུལ་གྱིས་རང་ཉིད་དཀར་འདོན་བྱེད་ཡོད་པ་རེད། ཟླ་བ་ཚེ་རིང་གིས་བཤད་པ་དོན་དངོས་ཡོད་གནས་ཚུལ་ཡིན། མ་གཞི་ནས་འབྲུག་པ་དག་གིས་བོད་དང་རྦད་དེ་ཁ་ཁ་སོ་སོ་ཡིན་པའི་རྣམ་པ་འདོན་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད།
འབྲུག་གིས་བོད་ཉག་རོང་གི་བུ་མོ་ཞིག་མནའ་མར་བླངས་པ་དེ་བཀྲ་ཤིས་པ་ཞིག་ཡིན་པར་བོད་འབྲུག་གཉིས་ཆར་བཤད་ཁག་པོ་བྱུང་གི་རེད། བུད་མེད་དེ་སྐྲག་སྐྲག་ལ་འདུག་དགོས་པ་དང་། སྤྱོད་པར་གཟབ་གཟབ་ལ་འདུག་དགོས་པ། བོད་ཀྱི་ངོས་ནས་བུད་མེད་དེ་དང་འབྲེལ་ནས་རྒྱུད་ལམ་གཞར་ཡང་འཚོལ་མི་ཐུབ་ཅིང་། འཚོལ་བར་བརྩམས་ཚེ་འབྲུག་སྡོད་བོད་མི་རྣམས་ཀྱི་མགོ་ཐོག་ལ་ཉི་མ་དམར་པོ་ཞིག་ཡང་བསྐྱར་ཤར་ངེས་ཡིན།
མ་གཞི་ང་ཚོས་ཨ་ཞེ་དབྱངས་སྐྱིད་དྲན་པ་སོས་ནས་འགྲིག་ག དོན་གཅོད་ལྷ་ལྡིང་ལགས་མ་བརྗེད་ན་འགྲིག་ག
ད་དུང་མང་ནི་རེད། ་་་ཁ་དྲོ་མི་ཡོང་བའི་རྒྱུ་མཚན་འདི་དག་རེད།
ཡ་་ཡ་་ད་ཡིན་ན་འབྲུག་དཀར་པོའི་རྒྱ་བཤད་ཚིག་གི་རྩ་བ་གནའ་དུས་སུ་འབྲུག་ཡུལ་དེ་ཉིད་བོད་ཁོངས་ནམ་ཡང་ཡིན་མིན་ངེས་ཟེར་བ་དེ་རེད་འདུག དེ་ལ་སྒྲུབ་བྱེད་ཀྱང་གང་ལ་གང་འཚམ་བྱས་འདུག་པའི་ནང་གི་གཙོ་གནད་དེ་ལྷ་ལུང་དཔལ་རྡོར་གྱིས་རྒྱལ་པོ་གླང་དར་བསད་རྗེས་སུ་ཁོང་གི་རྡོ་རྗེ་མཆེད་དྲུག་འབྲུག་ལ་བྲོས་པ་དང་་དེའི་་སྟབས་ཀྱིས་འབྲུག་དང་བོད་གཉིས་དེ་ཐ་དད་མ་རེད་ཅི་རེད་ཟེར་ནས་ཁུངས་གཏུགས་པའི་སྐད་ཆ་རེད།
འོ་ན་་་ངས་ཁྱོད་ལ་ཅིག་འདྲི། ལན་ཞིག་ཅི་ནས་ཡོད་པ་ཞུ། ལྷ་ལུང་དཔལ་རྡོར་གྱིས་རྒྱལ་པོ་གླང་དར་མ་བསད་རྗེས་ཁོང་ཉིད་མདོ་སྨད་ཨ་མདོ་ད་འདུག་༼ དེང་སང་ཡ་རྫི་ཞེས་འབོད ༽ ས་ཆར་ཕེབས་ཏེ་ས་དེར་གནས་བཞུགས་པའི་ལོ་རྒྱུས་བོད་ཀྱི་རྒྱལ་རབས་ཀུན་ལ་ཡོངས་སུ་གྲགས།
ཕྱིས་སུ་བླ་ཆེན་དགོངས་པ་རབ་གསལ་སོགས་འཁྲུངས་པར་བརྟེན་བསྟན་པའི་མེ་རོ་མདོ་ཁམས་སྨད་གསོས་ཞེས་བཤད་རྒྱུན་གཙང་མ་དུས་དེང་སང་གི་བར་དུ་གནས་ཡོད་པ་མ་ཟད། ད་དུང་མདོ་སྔགས་རིག་གནས་ཀུན་ལ་མཁས་པའི་གཙིག་རྒྱན་རྡོ་བིས་དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་དང་། ༧པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག རིག་པའི་དབང་ཕྱུག་ཨ་ལགས་ཚེ་ཏན་ཞབས་དྲུང་སོགས་བོད་ཀྱི་མཁས་དབང་དང་བླ་ཆེན་མང་དག་ཅིག་ས་དེར་འཁྲུངས་པ་རེད།
འབྲུག་དཀར་པོ་་ཁྱེད་རང་ལྟར་ན་བོད་མདོ་སྨད་ད་འདུག་ས་ཆ་འདི་ཡང་བོད་དང་ཐ་དད་ཡིན་དགོས་སམ།སྒྲུབ་བྱེད་མཚུངས།
ཧཧཧ་་་གཡུ་འབྲུག་དཀར་པོ་་་ཁྱེད་ཀྱིས་བོད་འབྲུག་ཐ་དད་པའི་སྒྲུབ་བྱེད་དེ་ངལ་བ་འབྲས་མེད་མ་རེད་དམ། ད་དེ་ག་རེ་ཡིན་ནའང་ཡིན་དུ་ཆུག འབྲུག་དེ་བོད་ཁུངས་མིན་ན་མིན། དེར་སྐྱོན་ཅང་མེད་ཀི
གཞན་འདྲི་རྒྱུ་ཞིག་ལ། འབྲུག་ཡུལ་གྱི་དུད་ཚང་ཕལ་ཆེ་བའི་ཁྱིམ་སྒོའི་ཡ་ཐེམ་ན་ཕོ་རྟགས་གི་མཚན་མ་རེ་བཀལ་ཡོད་པ་དེའི་རྒྱུ་མཚན་ག་རེ་ཡིན་མིན་ཅིག་གསུང་ན་ཡོང་གི་རེད་པས། ཀུ་ཅི་་ཟེར་གི་ཡིན།
གཡུ་འབྲུག་དཀར་པོ་ལགས། ཁྱེད་ཀྱིས་དྲི་བ་དེ་འདྲ་མང་པོ་མཉམ་དུ་དྲིས་པ་གནང་ན་ངས་ནི་དེབ་གཟུགས་ཆུང་ཆུང་ཞིག་འབྲི་དགོས་པ་འདྲ། དེ་འདྲ་འབྲི་རྒྱུའི་དུས་ཚོད་མེད། ཡིན་ནའང་འདི་ལ་ལེན་ཞིག་བྲིས་བར་འདོད་བྱུང། ༼༼ལོ་རྒྱུས་ཡོད་རིགས་ཡོད་ཚད་དང་བཤད་རྒྱུ་ཡོད་རིགས་ཡོད་ཚད་ཚང་མ་བོན་ལས་བྱུང་བ་ཡིན་ཤག་བྱས་པ་ནི་བོན་པོ་ཁྱོད་རང་ཤེས་རྒྱ་ཆུང་བའམ་བུ་སུ་དོག་པའི་རྟགས་སུ་གདའ་བས་ཟབ་འཚལ། བོན་པོའི་མཁན་པོ་ཞིག་གིས་འབྲུག་པའི་བུ་ཆུང་མགོ་བོ་བསྐོར་ཞིང་ཁྲིད་པ་ནི་བདག་གིས་སྒྲོ་བཏགས་པ་མིན་པས་ཁྱེད་རང་ཤེས་འདོད་ན་སྨན་རི་དགོན་དུ་ཕེབས་ནས་གཟིགས་དང་། ཕལ་ཆེར་འབྲུག་པའི་བུ་ཆུང་༢༠ རྩ་གྲངས་ཙམ་དེར་ཡོད་ངེས། དེའི་ལོ་རྒྱུས་ནི་སྨན་རི་དགོན་ནས་བྲོས་ཡོང་བའི་གྲྭ་པ་སངས་རྒྱས་བསྟན་འཛིན་ནས་དངོས་སུ་ཐོས་པ་ཡིན།༽༽ བཀའ་རྒྱུད་པའི་བླ་ཁུངས་མང་པོ་ཞིག་ནི་བོན་གྱི་བླ་མ་ཁག་ལ་ཐུག་ཡོད་པ་དང་བོན་གྱི་བླ་མ་དེ་དག་ནི་འགའ་རེ་ཚེ་སྟོད་བོན་དང་ཚེ་སྨད་བཀའ་རྒྱུད་ཡང་ན་བཀའ་བོན་ལྷན་དུ་ཉམས་བཞེས་གནང་མཁན་དེ་འདྲ་ཡང་བྱུང་མྱོང་ཡོད་པ་རེད། ཕལ་ཆེར་དེ་ཚོ་ཁྱེད་ཧ་ཅང་མཁྱེན་རྒྱ་ཆེ་རང་དྲག་ནས་མ་ཤེས་པ་ཡིན་སྲིད། རྒྱུ་མཚན་དེ་དག་ལ་བརྟེན་ནས་ངས་་་བརྒྱུད་ནས་འབྲེལ་བ་ཞིག་བྱུང་ཡོད་ན་བསམ་པའི་བློ་དོག་ཡོད་པས་་ཞིབ་ཅིང་ཕྲ་བ་ནི་ད་ལྟའི་ཆར་བརྗོད་མི་ཐུབ་་་ཟེར་སྨྲས་ཡོད་པས་སྐུ་ཉིད་དེ་འདྲ་གནམ་མཆོང་རྒྱག་དགོས་དོན་མེད། འབྲུག་པའི་བུ་ཆུང་སློབ་གཉེར་གྱི་ཆེད་དུ་ཁྲིད་མཁན་ནི་ས་སྟེང་འདི་ན་བོན་པོ་གཅིག་པུ་རང་ཡིན་པའི་བསྒྱུབ་བྱེད་ཁྱེད་ལ་ཡོད་དམ། ངས་བལྟས་ན་ནི་ས་དགེ་བཀའ་རྙིང་ཚང་མའི་དགོན་པར་འབྲུག་པའི་བུ་ཆུང་དང་བུ་ཆེན་གྱིས་ཁྱབ་ཡོད་པ་ཐག་ཆོད་རེད། བོད་ཡིག་གང་མཚམས་འབྲི་སྟངས་ལ་བལྟས་ན་ཁྱེད་རང་ཀྱང་དེ་ཡི་ནང་ནས་གཅིག་ཡིན་སྲིད། ཁྱེད་རང་གིས་ཚོད་རྩིས་བྱས་པའི་བུ་ཆུང་༢༠་དེ་བོན་གྱི་དགོན་པར་ཚུལ་མཐུན་གྱིས་བཞུགས་པ་གནང་ན་ཉིན་མ་གཅིག་ཤེས་ཡོན་ཅན་གྱི་བུ་རྒོད་༢༠་ཡོང་རྒྱུ་ཡོད་པས་དེ་དུས་གཞི་ནས་མགོ་བོ་བསྐོར་ནས་ཁྲིད་འདུག་དང་མིན་འདུག་ཁོང་ཚོས་ཁྱེད་ལ་གསལ་བཤད་བྱེད་ངེས་རེད། མ་གཞི་འབྲུག་པའི་མི་་་བརྒྱ་ཡར་འགྲོ་སྟོང་མར་འགྲོ་ཚང་མ་ལ་ཁྱེད་ཀྱིས་བྱུས་གཏོགས་ཐུབ་ཀྱི་ཡོད་དམ། དེ་འདྲ་ཐུབ་ཀྱི་ཡོད་ན་ནི་ཡག་པོ་ཞེ་དྲག་རེད།
རྒྱ་གར་རྡོ་རྗེ་གདན་ལ།
འཛམ་གླིང་རྒྱལ་ཁབ་ཉི་ཤུས།
ལྷ་ཁང་ཉི་ཤུ་བཞེངས་འདུག །
འོ་ན་རྡོར་གདན་སུའི་རེད། །
འབྲུག་པའི་རེད་དམ་བོད་པའི། །
ཐའི་ཡི་རེད་དམ་འབར་མའི། །
ཤྲི་ལངྐ་ཀམ་བྷོ་ཌ། །
སུས་རེད་སུ་ཡིས་བཤད་ཐུབ། །
རྡོ་རྗེ་གདན་པ་བ་ཉ་ཚེ་ཐར་སྐྱོ་མདོག་ཁ་པོ་ནག་རིལ་ནག་རིལ་ཁོང་ཚོའི་མ་ཡིན་ནམ། མེ་དཀར་ལགས།
ལ་སྟོད་བུ་ལགས། ང་ལ་ཆོས་ལུགས་ཀྱི་ཕྱོགས་རིས་དང་སྡང་ཞེན་གང་ཡང་མེད། ངས་འདིར་བོན་པོ་ཟེར་ཞུ་བ་དེ་འདིར་མཆན་འགོད་པ་བོན་པོའི་མིང་ཅན་ཞིག་ཡོད་པ་དེར་དམིགས་ནས་ཞུས་པ་ཡིན།
བོན་པོ་ལགས། ང་ནི་ཁྱོད་ཀྱི་དེབ་ཇི་འདྲ་ཞིག་ཡོད་ཀྱང་ཀློག་མི་འདོད། རྒྱུ་མཚན་ནི་ཁྱེད་ཀྱི་དེབ་དེར་ཡོད་ཚད་ཚང་མ་བོན་ལས་བྱུང་བ་ཡིན་ཤག་བྲིས་ཡོད་ངེས་རེད། འབྲུག་རྒྱལ་ཁབ་ཀྱི་མིང་གི་འབྱུང་ཁུངས་བཀའ་བརྒྱུད་པའི་བླ་མ་ཡིན་པར་འདོད་པ་ལ་ཐུགས་བདེ་མོ་མེད་བཞིན། བོན་གྱི་བླ་མ་ལས་བྱུང་ངམ་སྙམ་པའི་དོགས་པ་སྐྱེས་པ་ཅི་ཡིས་ནོངས། ཐུགས་བསམ་ཡག་པོ་བཞེས་རོགས།
བོད་ཀྱི་གྲྭ་ས་ཁག་ཏུ་འབྲུག་རིགས་གཞོན་ནུ་མང་པོ་ཡོད་པ་བདེན་པ་རེད། འོན་ཀྱང་དེ་དག་ཚང་མ་རང་རང་སོ་སོའི་འདོད་མོས་ལྟར་ཕྱིན་པ་ལས་སུ་ཞིག་གིས་ཀྱང་མགོ་བོ་བསྐོར་ནས་ཁྲིད་པ་མིན། སྤྱིར་བོན་གྱི་མཁན་པོ་དེས་འབྲུག་པའི་བུ་ཕྲུག་ཤེས་ཡོན་བསླབ་རྒྱུའི་གོ་སྐབས་མ་ཐོབ་པར་སྡོད་མཁན་དེ་ཚོ་ཁྲིད་ནས་སློབ་སྦྱོང་སྤྲོད་ན་ངས་ཀྱང་ཡི་རངས་ཞུ་རྒྱུ་ཡིན། འོན་ཀྱང་ཁོང་གིས་དེ་ལྟར་མིན་པར་འབྲུག་གི་གྲྭ་ས་ཁག་ཏུ་ཕྱིན་ནས་འབྲུག་པའི་གྲྭ་པ་ཁྲིད་པ་དེ་ལ་ངོས་ནས་ངོས་ལེན་ཞུ་ཐབས་བྲལ། ལྷག་པར་དུ་ཁོང་གིས་འབྲུག་པའི་གྲྭ་ས་ཁག་གི་གྲྭ་པ་དག་ཁྲིད་དུས། བོན་གྱི་གྲྭ་སར་ཁྲིད་རྒྱུའི་སྐད་ཆ་མ་བཤད་པར། ཕྱི་རྒྱལ་ཨ་རིར་གཏོང་རྒྱུ་ཡིན་ཞེས་བཤད་འདུག་པས་རྒྱུ་མཚན་དེ་ལ་བརྟེན་ནས་ངས་ཁོང་གིས་འབྲུག་པའི་བུ་ཕྲུག་མགོ་བསྐོར་ནས་ཁྲིད་ཀྱི་འདུག་ཟེར་བ་ཡིན།
དེ་ཡང་སྔར་སྒང་སྟེང་དགོན་པ་ནས་གྲྭ་པ་བཞི་ཁྲིད་ཕྱིན་སོང། ཁོང་གི་གྲལ་ནས་གྲྭ་པ་གཉིས་ཀྱི་མིང་མི་ཤེས་ཀྱང་གཅིག་གི་མིང་ལ་སངས་རྒྱས་བསྟན་འཛིན་དང་། གཅིག་གི་མིང་ལ་སངས་རྒྱས་རྡོ་རྗེ་ཟེར། ངོ་མ་ཁོང་གིས་གྲྭ་པ་བཅུ་ཙམ་ཁྲིད་གྲབས་བྱས་འདུག འོན་ཀྱང་གཞན་པ་རྣམས་ཀྱིས་གཞན་ལ་གྲོས་དྲིས་བྱས་དུས་མགོ་བསྐོར་གཏོང་བ་ཡིན་པར་ཧ་གོ་ནས་རྗེས་སུ་བཞི་མ་གཏོགས་ཁྲིད་ཐུབ་མིན་འདུག
གྲྭ་པ་བཞི་པོ་དེ་སྒང་སྟེང་བཤད་གྲྭ་ནས་མ་ཕྱིན་གོང་ང་དང་ཐུག་མྱོང་། ངས་ཁོང་ལ་བོན་གྱི་གྲྭ་སར་འགྲོ་དགོས་པའི་དམིགས་ཡུལ་བསྐོར་དྲི་དུས། ཁོང་བོན་གྱི་གྲྭ་སར་མིན་པར་ཕྱི་རྒྱལ་ཨ་རིར་དབྱིན་སྐད་སྦྱང་ཆེད་འགྲོ་གི་ཡོད་ཅེས་ཟེར། ངས་ཁོང་ལ་ཁྱེད་རྣམས་ཨ་རིར་གཏོང་མི་སྲིད་ཅེས་ལབ་ཀྱང་ཁོང་རྣམས་མཁན་པོ་དེས་ཨ་རིར་གཏོང་རྒྱུར་ཡིད་ཆེས་གཏིང་ནས་བསྐྱེད་འདུག་པས་བྱ་ཐབས་མ་རྙེད། ལོ་གཅིག་གི་རྗེས་སུ་གྲྭ་པ་གསུམ་སླར་འབྲུག་ལ་སླེབས་འདུག་པའི་གྲལ་ནས་སངས་རྒྱས་བསྟན་འཛིན་དང་ཐུག་སོང་། སླར་ཡོང་དགོས་པའི་རྒྱུ་མཚན་དྲི་དུས། ཨ་རིར་མ་བཏང་བས་རེད་ཟེར། ཁོང་གསུམ་གྱི་གྲལ་ནས་སངས་བསྟན་དེ་ད་ལྟ་བཀའ་བརྒྱུད་པའི་གྲྭ་ས་ཞིག་ཏུ་ཡོད་ཅིང་། གཞན་པ་གཉིས་ཕ་ཡུལ་དུ་ཕྱིན་ནས་མི་སྐྱའི་ལས་ཀ་ལེན་ནས་སྡོད་འདུག་ཟེར། ད་ཡིན་ན་བོན་པོས་འབྲུག་པའི་བུ་ཕྲུག་ལ་ཤེས་ཡོན་སྤྲོད་འདུག་མིན་བོན་པོ་ལགས་ཀྱིས་གཟིགས་ཤིག
གལ་ཏེ་ཁོང་གསུམ་བོན་པོའི་མཁན་པོས་མགོ་བསྐོར་ནས་མ་ཁྲིད་པ་ཡིན་ན་ཁོང་གསུམ་སྒང་སྟེང་བཤད་གྲྭ་ནས་སློབ་པ་མཐར་ཕྱིན་གྱི་ཡོད་ཚོད་རེད། བོན་པོའི་མཁན་པོ་དེས་ཁོང་གི་མི་ཚེའི་གནས་སྟངས་གང་འདྲ་ཞིག་ལ་བཟོས་འདུག་བསམ་བློ་ཐོངས། སངས་བསྟན་གྱིས་བཤད་པ་ལྟར་ན་ད་ལྟ་སྨན་རི་གླིང་དུ་ཡོད་པའི་བུ་ཕྲུག་༢༠ དེ་ཡང་ཨ་རིར་འགྲོ་རྒྱུའི་རེ་བ་རྒྱག་བཞིན་འདུག་ཟེར། ངས་བལྟས་ན་ཁོང་རྣམས་ཀྱང་ཕལ་ཆེར་ཨ་རིར་གཏོང་གི་མེད་པར་ཧ་གོ་ནས་སླར་ཡང་འབྲུག་ལ་ཡོངས་གྲབས་བྱེད་ཡོད་ངེས་རེད། བོན་པོ་ལགས་ཁྱོད་ཉིད་ཨ་མའི་བུ་ཡིན་ན་དེར་ཕྱིན་ནས་འབྲུག་པའི་བུ་ཕྲུག་དེ་ཚོ་ལ་བསླབ་བྱ་ཡག་པོ་ཐོངས། ཤེས་ཡོན་ཡག་པོ་སྤྲོད། ཁོང་གི་མི་ཚེ་ཆུད་ཟོས་འགྲོ་རུ་མ་ཆུག དེ་ལྟར་བྱས་ན་ངས་ཁྱེད་ལ་མཐེ་བོང་བསྒྲེང་རྒྱུ་ཡིན།
མདོ་ལྷ་ཁམས་པ་ལགས། ལྷ་ལུང་དཔལ་རྡོར་སྐོར་ཁྱེད་ཀྱིས་བཤད་པ་ལྟར་རེད་བཞག ལྷ་སྲས་གཙང་མ་བོད་ལ་མི་བདེ་བ་འབྱུང་བ་ལས་ལྡོག་པའི་ཕྱིར་དུ་འབྲུག་ཡུལ་དུ་ཡུལ་བཏོན་བཏང་བ་དེ་གང་འདྲས་རེད། ཁྱེད་ལ་ལན་ཡོད་ན་ངས་བཀོད་པའི་རྒྱུ་མཚན་རེ་རེ་ལ་ལན་རེ་འཁོད་དང་། དེ་ནས་ང་གཉིས་གྲོས་བསྡུར་བྱེད་ཆོག
དཔའ་ཆེན་ལགས། སྒོ་ང་བྱ་མོའི་རྐུབ་ལས་བྱུང་བས་བྱ་ཕོ་རྐུབ་ཚ་དགོས་དོན་མེད། རྗེ་བཙུན་པདྨོ་མཆོག་གི་ཆོ་རིགས་བོད་ནས་ཡིན་སྲིད་ཀྱང་ཁོང་རང་འབྲུག་མི་ངོ་མ་ཡིན་ཐག་ཆོད་རེད། དེ་ལྟར་མིན་ན་འབྲུག་རྒྱལ་པོའི་བཙུན་མོར་ཡང་བཞེས་ཀྱི་མ་རེད། རྒྱུ་མཚན་ནི་འབྲུག་རྒྱལ་པོའི་བཙུན་མོའི་ཁྱད་ཚད་སྐོར་ལ་འབྲུག་གི་རྩ་ཁྲིམས་ཆེན་མོར་གསལ་པོར་བཀོད་ཡོད་རེད། དེ་ཡིན་དུས་ཁྱེད་རང་དོན་མེད་ཀྱི་དོགས་པ་ཟ་དགོས་མ་རེད། དེ་བས་ཐུགས་ལྷོད་ལྷོད་བྱས་ནས་བདེ་མོར་བཞུགས་རོགས།
རྡོ་རྗེ་རྒྱལ་མཚན་ལགས། ཁྱེད་རང་ད་སྐབས་བོད་ཡིག་གི་ཀ་ཁ་ག་ང་འིཡིག་་ངོ་ཙམ་ཤེས་པ་བོན་མཁན་པོའི་བཀའ་དྲིན་ཡིན། ཁྱོད་དྲིན་ལན་ལ་ལོག་འཇལ་དེ་ཤིན་ཏུ་ཐ་ཆད་རེད། ང་ཚོའི་དམིགས་ཡུལ་འགྲུབ་པར་ཆ་རྐྱེན་དུ་མ་ཞིག་འགྲིགས་དགོས། ཨ་རི་ལ་གཏོང་ཆོག་ཆོག་ཡོད་མ་རེད། ཁྱོད་ལ་དྲོན་ལ་ཐོན་ཐུབ་པ་ཡང་བོན་གྱི་བཀའ་དྲིན་ཡིན་པ་ཤེས་དགོས། ཁྱི་སྔོན་དུ་རང་ཤ་མ་བཙོང་ན་བསམ་ཡོད། སྤྱི་བཏང་འབྲུག་པ་ཚོ་ཅི་བྱུང་སོང་བ་མི་ཤེས་དང་པོ་ཐུག་དུས་ཨ་གསར་ཅན་ཡུན་རིང་འདྲིས་ན་བློ་མི་ཐུབ་པ་ཤར་ཏག་ཁྱོད་ལྟ་བུ་རེད་བཞག ། སྤྲང་པོ་ཡ་ས་ཐོན་ན་ཁ་སྨྲས་རྒྱུན་ཆད་དང་ར་མགོ་ཐོག་བཞག་པ་ནང་བཞིན་རེད། འབྲུག་རྒྱལ་ཁོ་རང་ལ་མཚོན་ན་ཡང་སྐྱེས་དམན་གཅིག་གི་མ་ཆོག་པར་ད་ཐང་བོད་ཀྱི་བུ་མོ་པདྨོ་ལ་འཐམ་པ་འདི་ཚོ་རང་ཚུགས་མ་ཐུབ་པའི་གཟོད་ལྟ་རེད། ཧ་གོ་སོང་ངམ། དང་པོ་ཁྱོད་ཀྱིས་འབྲུག་རྒྱལ་ལ་སྐྱེས་དམན་སྔོན་མ་ལ་ལམ་བཞག་ཡག་པོ་དང་། ཕྱི་མ་པདྨོའི་ལོ་རྒྱུས་ཕ་མེས་ཚོ་གསལ་བོ་འཛམ་གླིང་ལ་ཁྱབ་སྒྲག་དགོས་པའི་ཁ་ཏ་ཡག་པོ་གྱིས་དང་། བོན་འབྲུག་པའི་སློབ་གཉེར་པ་ཚོ་སྐྱ་སེར་ལ་ཁྱད་པར་མི་འདུག ཤེས་ཡོན་རང་རྒྱུད་འབྱོར་ཚར་བ་རེད། དྲང་མོ་བཤད་ན་བོན་ལ་ཐོས་བསམ་བྱས་ན་འབྲུག་ཀར་ཙམ་མིན་པར་བོད་ཆོས་ཡོངས་རྫོགས་ཤེས་པའི་དགོས་པ་ཁྱད་པར་ཅན་ཡོད་པས་ཡིད་བཞིན་ནོར་བུ་དང་འཆང་བུ་མི་ནོར་བའི་རེ་ཚིག་གི་མཐེ་བོང་སྒྲེང་གི་ཡོད།
གཡུ་འབྲུག་དཀར་པོ་ལགས། ངས་དངོས་གནས་ཤེས་འདོད་པ་དེ་རྗེ་བཙུན་པདྨ་ལགས་ཀྱི་ཡབ་ཡུབ་གང་རུང་ཞིག་བོད་པ་དང་འབྲེལ་བ་རེད་དམ། གཅིག་གསུངས་རོགས། ད་དུང་ཁྱེད་རང་འབྲུག་པ་ཞིག་ཡིན་ན་རང་གི་རྒྱལ་ཁབ་ལ་ཤ་ཚ་སྙིང་རྗེས་ཆོས་དང་རིག་གཞུང་དམིགས་བསལ་བ་དེ་སྲུང་སྐྱོབ་དགོས་རེད། དེང་དུས་རིས་མེད་དང་རུས་མེད་ཀྱི་བསྟན་པ་ཁ་དར་བའི་སྐབས་ཡིན་པས་ངེས་གཟབ་འཚལ།
གནས་ཚུལ་ཡག་པོ་བཤད་ནི་ཡོད་ན་ང་ཚོ་ལ་ཕན་པ་ལས་གཞན་སྐད་ཆ་འདི་དག་ལ་སྙིང་པོ་མེད་པ་འདྲ་པོ་ཞིག་འདུག་་་་འབྲུག་དང་བོད་གཉིས་སྔོན་མ་དང་ད་ལྟ་ག་རེས་ཡིན་མིན་བཤད་མི་དགོས་གསར་བོ་རེད་མོད་་ཕན་ཚུན་གཉིས་ལ་གནོད་པའི་སྐད་ཆ་བཤད་ན་སྙིང་བོ་གང་ཡང་མེད་མོད་་་་་གཙོ་བོ་མི་གཅིག་ཡིན་རུང་ཐུབ་ན་མཐུན་ཐབས་བྱེད་རྒྱུ་དང་མི་ཐུབ་ན་དེ་ལ་སྐྱོན་བརྗོད་དགོས་པ་གང་ཡང་མི་འདུག་་་་་གོང་དུ་ངས་འབྲུག་ལ་གོང་ས་མཆོག་གདན་འདྲེན་སྐོར་བཤད་པ་དེ་གནད་དོན་ག་རེ་ཡིན་ན་བསམ་ནས་དྲིས་པ་ཙམ་ཡིན་་་དེ་ཚོ་གསར་བོ་བཤད་རྒྱུ་ཕར་བཞག་བཀའ་བཀྱོན་མཁན་ལས་མེད་པའི་ཕར་ཆེར་ངས་ནོར་འཁྲུལ་ཡིན་ན་དགོངས་འགལ་མེད་པར་ཞུ་རྒྱུ་ཡིན་་་་་་་འབྲུག་རྒྱལ་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ལས་ང་ཚོ་ལ་གཞན་ལས་ཀ་གང་ཡང་མེད་་་ད་ལྟའི་དུས་འདིར་བོད་མི་སྐྱབས་བཅོལ་བ་རྣམས་ནི་གཞན་གྱི་རྒྱབ་ཁུག་ལྟ་བུ་ཡིན་པའི་གང་དུ་ཁུར་ན་ཁུར་ཆོག་ཆོག་ཡིན་པའི་གཟབ་བྱས་ནས་སྐད་ཆ་བཤད་རྒྱུ་གལ་ཆེ་
གཡུ་འབྲུག་གིས་བོད་དང་འབྲུག་ཟེར་ནས་ཤུགས་ཆེན་པོ་གསུངས་སྟངས་ལ་བལྟས་ན་བོད་འབྲུག་གཉིས་ཀྱི་ཁྱད་པར་ཞིག་ཀྱང་འབྱེད་ཐུབ་ཀྱིན་ཡོད་པ་འདྲ། ངས་ནམ་ཡིན་ཡང་བོད་དང་འབྲུག་ཟེར་ནས་ཁྱད་པར་གང་ཡང་འབྱེད་ཤེས་ཀྱིན་མི་འདུག ཁྱེད་ཀྱིས་དེའི་ཁྱད་པར་དེ་གསུངས་རོགས། བོན་གྱི་མཁན་པོ་ཞིག་གིས་འབྲུག་པའི་གྲྭབ་བ་མགོ་སྐོར་གྱིས་ཕྱི་རྒྱལ་ལ་གཏོང་མདོག་གིས་བསླུ་བྲིད་བྱས་ནས་ཆོས་ལུགས་གྲུབ་མཐའ་སྒྱུར་བའི་གཡོ་བྱུས་དེ་འདྲ་ཞིག་ངོ་མ་བྱས་ཡོད་ན་ཡག་པོ་གང་ཡང་མ་རེད། མཁན་པོ་དེའི་མིང་གང་ཡིན་ཤེས་ཡོད་ན་གསུང་རོགས། དཔེ་སྡུག་ཅག་རེད། མ་གཞི་འབྲུག་ན་འབྲུག་པ་བཀའ་རྒྱུད་དང་རྙིང་མ་བ་མ་གཏོགས་ཆོས་རྒྱུད་གཞན་པ་མེད་སྟབས་ཁོ་རང་ཚོ་ཁོ་རང་ཚོའི་སར་བཞག་ན་ཡག་ཤོས་རེད། ཡར་སྒྱུར་མར་སྒྱུར་བྱེད་ཐབས་བྱས་ན་སྡུག་ཅག་ཞེད་པོ་རེད། འབྲུག་འདི་དྲང་པོར་བཤད་ན་བལ་ཡུལ་ཁོངས་ཀྱི་ཧི་མི་སྡེ་ཚོ་དེ་དང་བསྡུར་ཆོག་པ་ཞིག་མ་རེད། གང་ཡིན་ཟེར་ན་རང་བཙན་འདུག་ག
ད་ཡིན་ན་མང་པོ་ཞིག་བཤད་སོང་། བོད་རྒྱ་རིགས་ནས་མཆེད་རབས་དང་། འབྲུག་བོད་རིགས་མིན་ཚུལ་ཟེར་བ་ནི། བསམ་བཞིན་དུ་ཡིན་ན་ནི་དེར་ཟད། དེ་མིན་འཇིག་རྟེན་གྱི་ཁམས་ན་ཡེ་ཤེས་ཀྱི་སྤྱན་དང་ལྡན་པའི་དྲང་སྲོང་ཟེར་བ་ཞིག་ཡོད་ན། མཚམས་རེར་གད་མོ་གནམ་ས་རལ་བ་ལྟ་བུ་འཆོར་དགོས་པ་དང་། མཚམས་རེར་སྟོང་གསུམ་མིག་ཆུས་གང་བ་ལྟ་བུའི་ངུ་དགོས་པ་ཞིག་རེད། གང་ལྟར་རྫུན་དེ་ལས་ཆེ་བ་ཞིག་འཇིག་རྟེན་ན་རྙེད་ཐབས་དཀའ། འབྲུག་བོད་གཉིས་ལོ་རྒྱུས་དང་ཆོས་རིག་སོགས་གང་གི་ཆ་ནས་ཀྱང་ཁྱད་པར་མེད། གལ་ཏེ་ཁྱད་པར་ཡོད་ན་བཅུ་ཕྲག་རིག་པའི་གནས་ལྔ་པོ་འདི་ལས་གཞན་དུ་གྱུར་པ་གང་ཡོད། རེ་རེ་ནས་སྨྲོས་ཤིག ལར་འབྲུག་བོད་ནས་མཆེད་ཟེར་ཡང་ཆོག་ལ་བོད་འབྲུག་གི་ཡིན་ཟེར་ཡང་རུང་། ངས་བལྟས་ན་གཅིག་པ་གཅིག་རྐྱང་ལས་ཁྱད་པར་གང་ཡང་མ་མཐོང་། འབྲུག་ལ་མཚོན་ན། རང་བཙན་གྱི་རྒྱལ་ཁབ་གཙང་མ་ཞིག་ཡིན་ཡང་རང་གི་ཕ་སྐད་བརྡ་སྤྲོད་མཐུན་པ་ཞིག་བདག་པོ་རྒྱག་ཐུབ་པ་བྱུང་མེད་པ་ནི། བོད་ལས་ལོགས་སུ་དགར་འདོད་ཀྱི་ཀུན་སློང་ཞིག་ལས་བྱུང་བ་ཤོད་མི་དགོས་པ་ཞིག་རེད། ང་ལ་ཁྱད་པར་གང་ཡང་མི་འདུག ཤ་ཚ། ལོ་ངོ་སྟོང་ཕྲག་ནས་ཆོས་རིག་གི་བག་ཆགས་ཟབ་ཅིང་ཕྱི་མ་དོན་དུ་གཉེར་བའི་ཆོས་ལྡན་གྱི་གང་ཟག་ཅིག་ཡིན་ནས་བཟུང་། གྱོང་དེ་ལས་ཆེ་བ་ཞིག་ཅི་ཡོད། རྣམ་མཁྱེན་འཐོབ་པའི་ཐབས་མ་ནོར་བ་བཀའ་བསྟན་ལས་མེད་ལ། དེ་བརྡ་སྤྲོད་དང་མཐུན་པའི་སྐད་ཀྱི་ལུགས་སུ་བཞུགས་པའི་ཕྱིར་རོ། །
མ་གཞི་རྒྱལ་ཁྲིམས་དང་འགལ་ཏེ་མཐར་བསྐྲད་བྱེད་སྐབས་རང་ཡུལ་གྱི་ས་མཐའ་ཞིག་ལ་གནས་དབྱུང་གཏོང་བ་ཧ་ཅང་གསལ་པོ་ཡིན་ཏེ། རྒྱལ་མཆོག་བཅུ་གསུམ་པ་འདས་རྗེས་སྤྱན་སྲས་ཀུན་འཕེལ་ཀོང་པོར་གནས་དབྱུང་བཏང་བ་དེས་ཤེས། ཁོ་བོས་བོད་སིལ་བུའི་སྐབས་སུ་ཡིན་ཞེས་པ་ལ་བཙན་པོའི་སྐབས་སུ་དེ་ལྟར་མི་བཞེད་པ་ཁས་ལེན་པ་འདྲ་ཞིག་འདུག་ཟེར་བ་ནི། རིགས་ལམ་ལ་མ་སྦྱངས་པའི་རྟགས་བླ་ན་མེད་པའོ།།
བཙན་པོའི་སྐབས་སུ་འབྲུག་རྒྱལ་ཁབ་ཅེས་པ་ཞིག་ཡོད་ན། ད་ལྟའི་བར་གྱི་རྒྱལ་རབས་རེ་རེ་ནས་འདིར་བཀོད་ན་ཅི་འདྲའི་ཕན་པར་ངེས། སྟབས་ཅིག་ལ་གཡུ་འབྲུག་དཀར་པོས་ང་ཚོ་བོད་དང་རིགས་གཅིག་པ་ཡིན་ཟེར་བ་ལ། འབྲུག་གི་ཆབ་སྲིད་འཕྲོག་གི་ཡིན་ཞེས་པ་ལྟར་གོ་བ་འདྲ། དེ་འདྲ་གཉིད་ལམ་དུའང་དྲན་མ་མྱོང་བས། ཁྱེད་ཐུགས་བློ་བདེ་བར་བཞུགས།
རིག་གཞུང་གི་ཆ་ནས་བཤད་ན་བོད་འབྲུག་གཉིས་སུས་ཀྱང་ཐ་དད་འབྱེད་མི་ཐུབ། བོད་རང་བཙན་གྱི་སྐབས་སུ་འབྲུག་གི་གྲྭ་རྒྱུན་བོད་ལ་ཡོང་ཚུལ་ཡོད་པ་མ་ཟད། བོད་བཙན་བྱོལ་གྱི་གནས་སྟངས་སུ་གྱར་ཡང་། ཆོས་སྡེ་ཆེ་ཕྲ་ཐམས་ཅད་ལ་འབྲུག་པ་མེད་ས་མེད། ཁྱེད་རང་གིས་ངག་རྒྱུན་ཞིག་བཀོད་དེ་འབྲུག་བོད་ཐ་དད་ཡིན་པ་ལོང་བས་བལྟས་ཀྱང་ཤེས་ངེས་རེད་བ་ལྟར་ན། ངས་ཀྱང་ངག་རྒྱུན་ངོ་མཚར་བ་འགའ་བཀོད་དེ་བླུན་པོ་བ་ཕྱུགས་རྫིས་ཀྱང་ཤེས་ངེས་རེད་ཟེར་ན་ཁྱེད་ཀྱིས་ཁས་ལེན་ངེས་སྙམ།
སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་དང་། སྐྱབས་རྗེ་བདུན་འཇོམས་རིན་པོ་ཆེ། སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ། རྒྱལ་མཆོག་རིག་པའི་རྡོ་རྗེ། སྐྱབས་མགོན་འབྲུག་ཆེན། ཀུན་གཟིགས་ཞྭ་དམར་སོགས་བཀའ་རྙིང་གི་བླ་ཆེན་མང་པོ་འབྲུག་ལ་ཕེབས་མྱོང་བ་དང་། དེ་དག་གི་ཞལ་སློབ་ཏུ་མ་གྱུར་པའི་འབྲུག་པ་མེད་ཅེས་སྨྲ་ཆོག་ཆོག་ཡིན་ལ། འདི་ཙམ་གྱིས་འབྲུག་བོད་གཉིས་ཀྱི་ཆོས་དམ་གྱི་འབྲེལ་བ་ཇི་ཙམ་ཡོད་པ་མཚོན་ཐུབ།
ཡ་རབས་ཅན་གྱི་འབྲུག་པ་རྣམས་ནི་བཟང་ངན་འབྱེད་ཤེས་པ་ཞིག་ཡིན་པས། འབྲུག་པ་ནི་བོད་ཀྱི་བུ་ཡིན། ཞེས་སྤོབས་པ་ཆེན་པོའི་ངང་ནས་སྨྲ་ངེས་ཏེ། དཔེར་ན། གོང་ས་ཐམས་ཅད་མཁྱེན་པས། ང་རྒྱ་གར་གྱི་བུ་ཡིན། ཞེས་གསུངས་པ་ལྟར་རོ།།
འབྲུག་བོད་བླ་སློབ་འབྲེལ་བ་ནི་ནམ་ཡང་རྒྱལ་གྱུར་ཅིག
གཡུ་འབྲུག་དཀར་པོ་ལགས་འབྲུག་ཕྲུག་བོན་པོར་བཏང་བ་དེ་ཚོ་མགོ་སྐོར་བཏང་ནས་ཁྲིད་པ་མིན་པར་ངས་ཁོང་ཚོའི་ཕ་མ་དང་ཕྲུག་གུར་ཚོར་སྐད་ཆ་དྲིས་ནས་ཤེས་བྱུང།
མ་གཞི་ནས་འབྲུག་ལ་བོན་པོ་ཡོད་པར་ཁྱེད་ཀྱིས་མ་མཁྱེན་པ་དེ་ཅུང་བློ་ཕམ་ཡོད།
འབྲུག་གཞུང་གིས་ཀྱང་ཡུལ་འདིར་སྔར་མེད་ཀྱི་ཆོས་ལུགས་གསར་པ་དེ་རིགས་གསར་དུ་ཡོང་དུ་མི་འཇུག་པའི་ཁྲིམས་སམ་ཆབ་སྲིད་ཅིག་ཡོད་འདུག
བོན་པོ་ནི་འབྲུག་རང་གི་ལུང་པར་སྲིད་པ་ཆགས་པའི་གངས་དཀར་ལས་དེང་སང་ཆགས་པའི་བ་མོ་མིན་པ་ཞིག་རེད་འདུག་པས་དེ་དོན་ཐུགས་འཇགས་དང།
འབྲུག་ཕྲུག་ལས་སོགས་ཧི་ཕྲུག་མང་པོ་ཞིག་ད་ལྟ་བོད་ཀྱི་དགོན་སྡེའི་ནང་དང་སློབ་གྲྭར་ཡོད་འདུག་པས་བོན་ལ་དེ་ཙམ་སྡང་དགོས་མ་མཆིས།འབྲུག་ལ་སྔར་དགེ་ལུགས་ཀྱི་ཆོས་རྒྱུད་མེད་རུང་ད་ལྟ་གདན་ས་ཁག་ཏུ་བཅུ་ཕྲག་མང་པོ་ཡོད་འདུག་པས་དེ་ཚོ་ལ་དགོངས་ཚུལ་མེད་པ་འདི་ཅུང་བློ་མ་བདེ་བ་ཞིག་བྱུང།
མ་ཟད་དུས་རབས་བཅུ་པ་ཡས་མས་ཤིག་ཏུ་བོན་གྱི་བླ་མ་ཞིག་བོད་ནས་འབྲུག་དུ་བྱོན་ནས་སྐབས་དེ་དུས་བོན་ཤིན་ཏུ་ནས་དར་བ་མ་ཟད་དེར་ལྷ་ཁང་དང་མཆོད་རྟེན་སོགས་བཞེངས་པ་ད་ལྟའང་འབྲུག་གི་དུས་དེབ་དང་འགྲེམས་སྟོན་ཁང་དུ་ཡོད་འདུག་པས་ཐུགས་དྭོགས་གནང་དགོས་ཡ་མི་འདུག
བྱུང་ན་ཁྱེད་ཀྱིས་དེ་རིགས་ཟུར་དུ་བཞག་ནས་འབྲུག་མི་བོད་པ་ཡིན་མིན་དང་འབྲུག་ཡུལ་འདི་བཞིན་སྔར་བོད་ཀྱི་ཆ་ཤས་སམ་ཡང་ན་བོད་འདི་འབྲུག་ལས་མཆེད་ཚུལ་སོགས་གསལ་ཁ་གཏོད་པའི་རྩོམ་འདྲ་སྤེལ་ན་དགེ་མཚན་ཆེ།
ངོས་རང་ཧི་མི་བ་དག་ལ་ཤ་ཞེན་ཡོད་མཁན་ཅིག་དང་དོ་སྣང་ཡོད་མཁན་ཅིག་ཡིན།
བོད་འབྲུག་སྤུན་མཆེད་མཐུན་སྒྲིལ་ཤོག །
བོད་འབྲུག་ཤེས་ཡོན་དར་རྒྱས་ཤོག །
བོད་འབྲུག་མི་རིགས་ལ་རྒྱལ་ལ། །
བོད་འབྲུག་གཉིས་མཉམ་མཉམ་སྤྱོད་ཤོག །
གོང་གི་རྔ་བ་གཉན་རྒོད་ལགས། ང་ཇི་ལྟར་བླུན་ཡང་སུས་གང་ཞིག་གང་འདྲ་བྱས་ཏེ་ཤོད་ཀྱི་ཧ་གོ་གི་འདུག དེས་ན་ངས་གོང་དུ་༧གོང་ས་མཆོག་འབྲུག་ལ་གདན་ཞུ་མི་ཞུའི་སྐོར་ལ་གཅིག་བཤད་པ་དེ་ཁྱོད་ལ་གཟས་པ་མིན། སྤྱིར་ནི་ཁྱེད་རང་ལ་དེའི་སྐོར་ཤེས་འདོད་ཙམ་ལས་ཚིག་ཟུར་འཕེན་གི་མེད་པ་ཤེས་ཡོད། བློ་ལྡན་ཁྱོད་བདེ་བར་འདུག་ཅིག ཁྱོད་རང་རྒྱལ་གྱུར་ཅིག
ལྷོ་མོན་འབྲུག་གི་རྒྱལ་སྲས་ཀྱི་བག་སྟོན་ནམ་ཡིན་ནམ། བག་སྟོན་ལ་བཀྲ་ཤིས་ལེགས་གསོལ། དྲ་གྲོགས་མང་པོ་གཅིག་གིས་གཅིག་ལ་ངར་ལངས་པ་ལྟ་བུའི་མཆན་ཡིག་གིས་ཁེངས་འདུག སྔར་བོད་ཀྱི་འཇམ་དབྱངས་རྣམ་གསུམ་གྱི་གཅིག་ཀློང་ཆེན་རབ་འབྱམས་པ་ཆེན་པོ་ལྷོ་མོན་ལ་བཞུགས་པའི་སྐབས་སུ་ཡུལ་འདི་ལ་འབྲུག་ཅེས་འབོད་དམ། ཡུལ་འདི་ལ་འབྲུག་ཅེས་མིང་ནམ་བཏགས་སམ། ལ་དྭགས་རྒྱལ་པོ་འཇམ་དབྱངས་རྣམ་རྒྱལ་དང་། དེའི་སྲས་སེང་གེ་རྣམ་རྒྱལ་གྱི་སྐབས་སུ་འབྲུག་པའི་གྲྭ་པ་ལ་དྭགས་ལ་བྱོན་པ་འདྲ། གྲུབ་ཐོབ་མཆོག་སྤྲུལ་སྟག་ཚང་རས་པ་ལ་དྭགས་ལ་དང་པོར་བྱོན། བདག་གི་གྲོང་ཡུལ་བ་སྒོ་ཞེས་པ་དེའི་དུས་ན་ལ་དྭགས་ཀྱི་རྒྱལ་ས་ཡིན། དེ་ན་བྱམས་པའི་དགོན་པ་ལྷ་ཁང་ཞིག་ཡོད་པ་དེ་ན་འབྲུག་པའི་དགེ་སློང་ཁ་ཤས་བཞུགས་འདུག་དེར་བཞུགས་པ་ཡིན་ཞེས་སྟག་ཚང་རས་པའི་རྣམ་ཐར་ན་གསལ། བྱམས་ཁང་དེའི་ནང་གི་ལྡེབས་རིས་སུ་རྗེ་ཙོང་ཁ་པ་དང་། ཤར་ཕྱོགས་ཀྱི་ལྡེབས་རིས་སུ་སྔར་གང་བཞུགས་མི་ཤེས། ཕྱིས་རྩིག་པ་ཆར་ཆུས་བཤལ་པ་བཟོ་བཅོས་ཀྱིས་དེར་རྗེ་འབྲུག་པ་པད་མ་དཀར་པོ་བཞེངས་འདུག དེའི་རྗེས་ཧེ་མི་དགོན་པ་རྒྱ་ཆེན་པོ་ཆགས། དེར་བཞུགས་པ་གྲྭ་པ་དང་། དགོན་པ་དེའི་སྦྱིན་བདག་རྣམས་ལ་འབྲུག་པ་ཞེས་འབོད། དེའི་གྱེན་ན་རྒོད་ཚང་ཞེས་པའི་སྒོམ་གྲྭ་སྙན་གྲགས་ཅན་ཞིག་ཡོད་འདུག འོན་ཀྱང་ལོ་བརྒྱ་ཕྲག་སྔོན་ནས་འབྲུལ་ཡུལ་དང་ལ་དྭགས་བར་ལ་དམིགས་བསལ་འབྲེལ་པ་ཅང་མེད་པ་ལགས།
འབྲུག་པ་ཞེས་བླ་མ་རྩད་ཆེན་པོ་དག་ལ་མཚལ་གསོལ། དཔེར་ན། འབྲུག་པ་རིན་པོ་ཆེ་ངག་དབང་ཆོས་ཀྱི་རྒྱལ་པོ་དང་། འབྲུག་པ་པད་མ་དཀར་པོ་ཞེས་ཞུ་བ་ལྟར་ན། སྟག་གི་ཚང་ན་སྒོམ་སྒྲུབ་མཛད་པས་་སྟག་ཚང་རས་པ་དང་། བྱ་རྒོད་ཀྱི་ཚང་ན་སྒོམ་སྒྲུབ་མཛད་པས་རྒོད་ཚང་པ་ཞེས་གསོལ་བ་ལྟར་འབྲུག་གི་ཚང་ན་སྒོམ་སྒྲུབ་མཛད་པས་འབྲུག་པ་ཞེས་དང་པོ་བླ་མ་དང་། དེའི་རྗེས་དེ་འདྲའི་མཚན་ཅན་གྱི་བླ་མས་རྗེས་སུ་བཟུང་བའི་ཡུལ་ལྷོ་མོན་ལ་འབྲུག་ཅེས་མིང་ཆགས་ཤིང་། ཡུལ་དེའི་སྐྱེས་པ་དང་བུད་མེད་ཚང་མས་སྐྲ་ཐུང་བར་བྲེགས་ཏེ་དགེ་བསྙེན་དང་དགེ་བསྙེན་མའི་ཚུལ་དུ་རང་གི་འབྲུག་པ་བླ་མ་རིན་པོ་ཆེར་གུས་འདུད་ཞུ་བའི་ཚུལ་ལོ་ཞེས་བདག་རང་གི་རྣམ་པར་རྟོག་པའོ། །
རྫ་བཀྲ་ཤིས་ཚེ་རིང་ལེག་ས་ཀྱིས། རྫོང་ཁའི་ཡི་གེ་འགྲོ་སྟངས་ལྟ་བུ་རེད་འདིས་འབྲུག་གི་རིག་གནས་གོང་འཕེལ་ལ་འགོག་རྐྱེན་བཟོས་ཡོད་རེད།
བརྗོད་ཚིག་འདི་བདེན། རིག་གནས་ཀྱི་སྐད་དེ་སྲུང་འདོད་རང་གི་འབྲི་བ་ན་ཡང་ཆོས་སྐད་དུ་འབྲི་དགོས་པར་མཐོང་། ལ་དྭགས་མེ་ལོང་ཞེས་པའི་དུས་དེབ་ཅིག སྐྱབས་མགོན་པད་དཀར་འཆང་བར་སྤྱན་འབུལ་ཞུས་པ་ན། འདི་ལ་གང་ཡང་གོ་བ་ཞིག་མི་འདུག་ཅེས་གསུངས་པ་ལ། ལ་དྭགས་པ་དེས་ང་ཅག་གིས་རེད་མ་རེད་ཟེར་བ་དེ་ཡང་གོ་བ་མི་འདུག་ཅེས་ལན་ཞུས་པ་ཐོས། དེས་ན། ཆོས་རྗེ་ས་པཎ་གྱིས།
ཆོས་ཀྱི་སྐད་དང་མཐུན་པ་ཡིས།
རང་ཡུལ་སྐད་ངན་སྤང་བར་བྱ།
ཞེས་གདམས་ཀྱང་། ཉམས་སུ་ལེན་པ་པོ་དཀོན་ནོ།།
ལ་དྭགས་བློ་བཟང་འཇམ་དཔལ་ལགས་ཀྱིས་གསུང་འབྲུག་པ་ཞེས་བླ་མ་རྩད་ ཆེན་པོ་དག་ལ་མཚལ་གསོལ། དཔེར་ན། འབྲུག་པ་རིན་པོ་ཆེ་ངག་དབང་ཆོས་ཀྱི་རྒྱལ་པོ་དང་། འབྲུག་པ་པད་མ་དཀར་པོ་ཞེས་ཞུ་བ་ལྟར་ན། སྟག་གི་ཚང་ན་སྒོམ་སྒྲུབ་མཛད་པས་་སྟག་ཚང་རས་པ་དང་། བྱ་རྒོད་ཀྱི་ཚང་ན་སྒོམ་སྒྲུབ་མཛད་པས་རྒོད་ཚང་པ་ཞེས་གསོལ་བ་ལྟར་འབྲུག་གི་ཚང་ ན་སྒོམ་སྒྲུབ་མཛད་པས་འབྲུག་པ་ཞེས་དང་པོ་བླ་མ་དང་། དེའི་རྗེས་དེ་འདྲའི་མཚན་ཅན་གྱི་བླ་མས་རྗེས་སུ་བཟུང་བའི་ཡུལ་ལྷོ་མོན་ལ་ འབྲུག་ཅེས་མིང་ཆགས་ཤིང་། ཡུལ་དེའི་སྐྱེས་པ་དང་བུད་མེད་ཚང་མས་སྐྲ་ཐུང་བར་བྲེགས་ཏེ་དགེ་བསྙེན་དང་དགེ་ བསྙེན་མའི་ཚུལ་དུ་རང་གི་འབྲུག་པ་བླ་མ་རིན་པོ་ཆེར་གུས་འདུད་ཞུ་བའི་ཚུལ་ལོ་ ཞེས་བདག་རང་གི་རྣམ་པར་རྟོག་པའོ། །ཞེས་པར་ང་ལ་དོགས་པ་ཞིག་གློ་བུར་དུ་སྐྱེས་སོང་བ་ནི། འབྲུག་གི་ཚང་ལ་སྒོམ་སྒྲུབ་མཛད་མཁན་གྱི་བླ་མའི་མཚན་དང་། འབྲུག་གི་ཚང་གང་ན་ཡོད་གསལ་པོ་ཞིག་གསུང་རོགས། སྤྱིར་བཏང་ཤེས་བྱ་ལ་འབྲུག་ཡོད་དམ། རྗེ་བཙུན་མི་ལ་རས་པས། འབྱུང་བ་ཚ་གྲང་འཐབ་པ་ལས་སྒྲ་བྱུང་གི་འབྲུག་མེད་ཚུལ་མགུར་འབུམ་དུ་གསུངས་འདུག་པ་ཁྱེད་ཀྱིས་ཀྱང་མཇལ་ཡོད་ངེས་རེད།
ནང་ཁུལ་རྩོད་པ་བྱོས་དང་། འཐབ་འཛིང་བྱོས། ནང་ཁུལ་འཐབ་འཛིང་གིས་བོད་འདི་ལྟར་ལུང་ཚན་མང་པ་གྱུར་ནང་ད་ལྟའི་གནས་སྟངས་འདི་བྱང་བ་རེད། ད་ཡིན་ན་བོད་མི་རྣམས་ཀྱིས་སྟོད་པ་དང་ཧི་རྒྱབ་མི་མང་ལ་རེ་བ་མ་བཅོལ་ན་བཟང་། ར་ལུག་ལ་རེ་བ་མེད་ཤེས་གསལ། གང་ཐུབ་ཀྱིས་ཁོང་ཚོར་རོགས་ཕན་བྱས་ན་རང་རོགས་གཉིས་ལ་བཟང་།
ནང་ཁུལ་རྩོད་པ་བྱོས་དང་། འཐབ་འཛིང་བྱོས། ནང་ཁུལ་འཐབ་འཛིང་གིས་བོད་འདི་ལྟར་ལུང་ཚན་མང་པོ་གྱུར་ནས་ད་ལྟའི་གནས་སྟངས་འདི་ བྱུང་བ་རེད། ད་ཡིན་ན་བོད་མི་རྣམས་ཀྱིས་སྟོད་པ་དང་ཧི་རྒྱབ་མི་མང་ལ་རེ་བ་མ་བཅོལ་ན་བཟང་། ར་ལུག་ལ་རེ་བ་བཅོས་ས་མེད་ན་རང་ཉིད་ལྐུག་པའི་རྒྱུ་ལས་མེད། གང་ཐུབ་ཀྱིས་ཁོང་ཚོར་རོགས་ཕན་བྱེད་ཐུབ་ན་རང་རོགས་གཉིས་ལ་བཟང་།
འབྲུག་དཀར་གྱིས་འབྲུག་པས་དབྱིན་ཡིག་བོད་ཡིག་ལས་མང་དུ་སྤྱོད་པའི་རྒྱུ་མཚན་གྱི་འབྲུག་པ་བོད་རིགས་མིན་ཟེར་བ་རྒྱུ་མཚན་མ་མཐོང་ཏེ། དབྱིན་ཡིག་རྒྱ་སྐྱེད་རིང་གི་དབྱིན་གཞུང་ཚུལ་ལེན་བྱེད་པ་ལས་འབྲུག་ཡབ་མེས་ཀྱི་རིག་གཞུང་མིན་པས་ཁོང་ཁྲོའི་སྐད་ཆ་ལས་ཅི་ཡང་མི་འདུག
སྤྱིར་ཧི་རྒྱབ་མི་མང་རྣམས་ཤེས་ཡོན་གྱི་ཆུ་ཚད་དམན་པས་རིག་གཞུང་དང་མི་རིགས་གཅིག་པ་ཁས་བླངས་ཚེ་རྒྱལ་ཁབ་གཅིག་ཏུ་འགྱུར་བ་འདོད་ནས། ཞེ་སྣང་གིས་སྐད་ཆ་སྣ་ཚོགས་དང་རྫུན་གཏམ་སྣ་ཚོགས་ཀྱིས་རྒྱབ་ལྗོངས་བསྒྲིགས་ཀྱང་དེ་ནི་དོན་མེད་ཀྱི་ངལ་བ་རེད་དེ། རིག་གཞུང་དང་མི་རིགས་གཅིག་པ་ཡིན་ན་རྒྱལ་ཁབ་གཅིག་ཏུ་འགྱུར་མི་དགོས་ཏེ་ཨ་རི་དང་དབྱིན་ཡུལ་ལྟ་རེད་ལ། འཇར་མན་དང་ཨོ་སི་ཌི་རི་ཡ་ལྟ་བུ། རིག་གཞུང་དང་སྐད་ཡིག་གཅིག་པ་མིན་ཡང་རྒྱབ་ཁབ་གཅིག་ཏུ་གནས་ཐུབ་སྟེ་བལ་ཡུལ། རྒྱ་གར་ལྟ་བུ་རེད། ཧི་རྒྱབ་མི་མང་གི་སྐད་ཡིག་རྒྱ་བལ་ལས་ཐ་དད་དུ་ཡོད་ཀྱང་རྒྱ་བལ་ཡིན་པའི་ཞེན་ཁོག་ཡོད་པ་མ་ཟད་གཅིག་ཏུ་གནས་བ་ལྟ་བུ། རྒྱ་ཁབ་གང་ཞིག་བྱེད་མིན་ནི་གནས་ཚུལ་དང་ཕན་ཆུན་སྤྱི་མོས་ཀྱིས་ལག་ཁྱེར་གྱི་བརྗེ་སྤོ་བྱེད་ཐུབ་ཀྱང་། རིག་གཞུང་དང་མི་རིགས་ཀྱི་ཆད་ཁུང་ནི་གཅིག་ལས་གནས་ཚུལ་དུས་ལ་སྟུན་ནས་འགྱུར་བ་སྟངས་མི་ཐུབ་སྟེ། ཤ་ཁྲག་ལ་བརྗེ་སྤོ་རྒྱབ་མི་ཐུབ་པས་རེད། ཡ་ཤོད་དང་།
དགོངས་དག ཧི་རྒྱབ་མི་མང་ཟེར་བ་ནི་ཧི་རྒྱབ་མི་ཁ་ཤས་ཟེར་བ་ལ་བཅོས་རོགས། འབྲི་ནོར་ཐེབས་འདུག
མེ་ཏོག་དཀར་པོ་ལ་ལགས་སོ་་་ཁྱེད་རང་ནི་ང་དང་མི་འདྲ་བར་མི་དཔྱོད་ཤེས་མཁན་ཞིག་ཡིན་པར་ཡིད་ཆེས་ཡོད་་་་ཁྱེད་རང་དུས་ནམ་ཡང་རྒྱལ་གྱུར་ཅིག་
འབྲོང་ངུར་བསྟན་འཛིན་ལམ་བཟང་ལེགས།
སྐྱེས་བུའི་ཁམས་དང་མོས་པའི་འདོད་པ་ལ་རང་རེས་འགག་པ་བྱ་མི་རུང་། སྔ་མ་སོ་སོའི་མོས་པའི་དབང་གིས་དེ་ལྟར་་འདོད་་མཁན་བྱུང་ནས་དེའི་འདྲའི་མཚན་གསོལ་པའོ་ཞེས་བདག་གི་རྣམ་པར་རྟོག་པའོ་། ཞེས་བྲིས་ཡོད་པ་དེ་ལ་ཁྱེད་ཅག་སུ་ལ་ཡང་འབྲུག་པ་ཞེས་མཚན་གསོལ་པའི་རྒྱུ་མཚན་གང་ཡིན་གསུང་མཁན་བྱུང་ན་བདག་སོགས་ཤེས་འདོད་ཅན་མང་པོ་ལ་ཕན་ནོ།། འོན་ཀྱང་དེ་ལྟར་འབྲུག་པ་ཞེས་མཚན་གསོལ་པ་མི་རིགས་པ་ཡིན་ཞེས་སུས་ཀྱང་སྨྲ་མི་ཐུབ། སོ་སོའི་དད་མོས་བཞིན་དེ་ལྟར་མཚན་གསོལ་པས་གསོལ་མཁན་དེ་ལ་དགེ་བའི་དག་སྣང་ཡང་བྱུང་བ་ལ་རང་རེས་ལགས་སོ་ཞེས་ཞུ་དགོས་སོ། །རང་རེས་ཕྱག་མཆོད་འབུལ་བ་ན། རིའི་རི་རབ་སོགས་འདོན་པ་ལ་ཚན་རིག་པ་རྣམ་དཔྱོད་ཅན་སུས་ཀྱང་འགག་པ་མི་བྱེད་དོ།།
ལ་དྭགས་བློ་བཟང་འཇམ་དཔལ་ལགས་ཐུགས་རྗེ་ཞུ་བ་ཡིན་ལགས།
བོད་འབྲུག་གཉིས་སམ། ཡང་ན་ཧི་མ་ལ་ཡའི་གཡས་གཡོན་གྱི་མི་རིགས་རྣམས་ཆོས་དང་རིག་གཞུང་གི་ཆ་ནས་བོད་དང་འདྲ་པོ་རེད། དེས་ན་ངའི་བློ་ངོར་མདོ་དབུས་ཁམས་གསུམ་ལས་འདས་པའི་ས་ན་བཞུགས་པའི་མི་རིགས་འདི་དག་ལ་བོད་རིགས་ཟེར་ན་འགྲིག་འདུག་དྲན། ཡིན་ནའང་བོད་པ་ནི་མིན་ཏེ། བོད་པ་ཡིན་ན་མདོ་དབུས་ཁམས་གསུམ་གང་རུང་གི་མི་ཡིན་དགོས་སོ་སྙམ། དེ་ནས་རིག་འབྱུང་ལགས། འདི་ན་འབྲུག་བོད་ཀྱི་གནས་སྟངས་ཤོད་དུས་ཉིད་ཀྱི་བསམ་ཚུལ་དེ་ངའི་མཐོང་སྣང་ནོར་མེད་ན་དངོས་པོའི་གནས་ཚུལ་དང་མཐུན་པ་ཞིག་རེད་འདུག སྤྱིར་འབྲུག་པས་ཁོང་ཚོའི་ཆོས་རིག་བོད་དང་འདྲ་ཚུལ་ཁ་ནས་ཧ་ལམ་མི་གླེང་། ཡིན་ནའང་ཆོས་ཕྱོགས་ནས་བསམ་ན་གོང་དུ་དྲ་གྲོགས་ཞིག་གི་བོད་དུས་འགྱུར་རྗེས་ཀྱི་བོད་ཀྱི་བླ་མ་མང་པོ་ཞིག་གི་མཚན་བགྲང་འདུག་པ་ལྟར་བླ་མ་དེ་དག་དང་དེ་དག་གི་གདན་ས་གྲ་ཚང་ཁག་དང་འབྲེལ་བ་འབོར་ཆེན་ཡིན་སྟབས་བོད་པའི་བླ་མའི་སྐོར་ལ་རྣམ་རྟོག་ཅང་མིན་འདུག་སྙམ། རིག་གཞུང་དང་ཆབ་སྲིད་ཐོག་ནས་བོད་ལ་ཧ་ཅང་འཛེམ་བག་ཆེ། སྤྱིར་འབྲུག་པས་བོད་པ་ལ་མི་དགའ། འབྲུག་པས་བོད་པའི་བུ་མོ་ཆུང་མ་ལེན་ན་གྲོང་པས་རྒབ་བཤད་རྒྱག་གི་རེད། གང་ལྟར་དེ་ནི་རང་མི་རིགས་ཀྱི་ལ་རྒྱ་ཟེར་ནའང་རེད། གང་ལྟར་སྐྱོན་མིན་འདུག་སྙམ།
འབྲུག་པས་བོད་པར་ལྟ་སྟངས་ཅུང་མི་ལེགས་པ་དེ་ ༥༩ སྔོན་ནས་ཡོད་དམ་དེ་རྗེས་བྱུང་བ་ཞིག་རེད། ངའི་བསམ་པར་བོད་པས་ནམ་རྒྱུན་ནས་འབྲུག་པར་མཐོང་ཆུང་གཏོང་གི་ཡོད་པ་དང་། ལྷག་པར་ ༥༩ རྗེས་འབྲུག་སྡོད་བོད་པ་དང་། རྒྱ་གར་སྡོད་པའི་བོད་པ། རྒྱ་གར་གསང་བའི་ལས་ཁུངས་བཅས་ནས་ས་འོག་དར་ཐག་གི་ངན་འབྲེལ་འོག་འབྲུག་བསྟན་སྲིད་ལ་གནོད་པའི་བྱ་ངན་དངོས་སུ་བརྩམས་པ་དང་། སྤྱིར་བཏང་བོད་པ་འབོར་ཆེན་ཞིག་གིས་འབྲག་གི་ཆོས་རིག་བོད་དང་གཅིག་པ་ཡིན་པའི་ཚད་ལས་འདས་ཏེ། འབྲུག་བོད་ཀྱི་ཆ་ཤས་ཡིན་ཤག་བྱེད་གིན་ཡོད་སྟབས་འབྲུག་པས་བོད་པར་དོགས་ཟོན་བྱེད་གི་ཡོད་རེད།
བོད་པའི་ངོས་ནས་བསམ་ན་རྒྱ་མིས་བོད་རྒྱ་ནག་གི་ཆ་ཤས་རེད་ཟེར་དུས་སེམས་ལ་ན་ཚ་གང་འདྲ་གཏོང་གི་ཡོད་པ་དེ་འབྲུག་པ་ལ་ཁ་སྤྱོ་མ་ཤེས་པའི་ཚུལ་འདི་ཧ་ཅང་གི་ཐབས་སྐྱོ་པོ་ཞིག་མཐོང་གི་འདུག
འབྲུག་ཞབས་དྲུང་ངག་རྣམ་འབྲུག་ཏུ་མ་ཕེབས་སྔོན་ད་ལྟའི་འབྲུག་ཡུལ་ལ་ལྷོ་མོན་དུ་འབོད་པ་ལས་འབྲུག་ཡུལ་དུ་མི་འབོད། དཔེར་ན་སྔར་གྱི་ལོ་རྒྱུས་ཁག་ཏུ་ལྷོ་མོན་ལ་སྒོམ་དུ་འགྲོ་ཟེར་བ་ལྟ་བུ་ལས་འབྲུག་ཡུལ་དུ་སྒོམ་དུ་འགྲོ་ཟེར་བ་ལྟ་བུ་ཡོང་གི་མེད།
དེ་སྔ་འབྲུག་ཞེས་པ་འདི་འབྲུག་པ་སྐུ་ཕྲེང་དང་པོའི་གདན་ས་འབྲུག་སེ་བ་བྱང་ཆུབ་གླིང་ཞེས་པའི་དགོན་པ་དེར་འབོད་པའི་མིང་ཡིན། དཔེར་ན་འབྲུག་པ་པད་དཀར་གྱི་ཆོས་འབྱུང་དུ་དགུང་ལོ་ལྔ་བཅུ་རྩ་གཅིག་པ་ལ་འབྲུག་དུ་སྐུ་གཤེགས་ཟེར་བ་དང་། ཡང་འབྲུག་ཏུ་ལྷ་མོ་ཆེ་བཞེངས་ཟེར་བ་ལྟ་བུ་ཡིན། སེ་བ་བྱང་གླིང་གི་དགོན་པ་འདི་ལྷ་སའི་ཉེ་འཁྲིས་ཀྱི་ཡུལ་ལུང་སྐྱིད་པོ་ཞིག་ཏུ་ཡོད་འདུག
འོ་ན་རྒྱ་རས་ཀྱི་སྲོལ་གཏོད་པའི་ཆོས་རྒྱུད་དེར་འབྲུག་པ་ཞེས་ཅི་ཕྱིར་བསྙད་སྙམ་ན། དེ་ནི་འདི་ལྟར་ཡིན་ཏེ། རྒྱ་རས་དཔོན་སློབ་རྩེ་བོ་ལ་ཞེས་པ་སེ་བ་བྱང་གླིང་གི་དགོན་པ་འདེབས་ས་དང་ཉེ་བའི་རི་རྩེ་དེར་ཕེབས་དུས་བྱང་གླིང་དགོན་པ་འདེབས་ས་དེར་འབྲུག་མ་སྨད་དགུ་བབ་ཡོད་པ་མཁའ་ལ་འཕུར་ཏེ་འབྲུག་སྒྲ་དྲགས་པོ་ལན་གསུམ་བརྒྱབས་པ་གཟིགས་པས་དེ་ནས་བཟུང་ས་དེ་ཁར་བཏབས་པའི་དགོན་པར་འབྲུག་ཅེས་དང་། དགོན་པ་དེ་དང་རང་གི་སྲོལ་གཏོད་ཀྱི་ཆོས་རྒྱུད་ལ་འབྲུག་པ་ཞེས་བཏགས་པ་དེ་ལྟར་རོ།།
དེས་ན་ལ་དྭགས་བློ་འཇམ་ལགས་ཀྱིས་གསུངས་པ་ལྟར་འབྲུག་ཚང་ལ་བསྒོམས་པས་འབྲུག་ཅེས་ཐོགས་པ་ནི་མིན་པར་ངེས་སོ།། དེང་སང་འགའ་ཞིག་གིས་དེང་སང་འབྲུག་ཡུལ་གྱི་འབྲུག་པ་དང་ཆོས་བརྒྱུད་འབྲུག་པའི་འབྲུག་པ་གཉིས་ཁྱད་མ་ཕྱེ་བར་འབྲུག་པ་པད་དཀར་འབྲུག་ཡུལ་གྱི་མི་ཡིན་པ་ལྟ་བུར་ངོས་འཛིན་བྱེད་ཀྱི་འདུག
དེ་བས་ཞབས་དྲུང་ངག་རྣམ་ནི་འབྲུག་པ་སྐུ་ཕྲེང་བཞི་པའི་སྐྱེ་སྤྲུལ་དུ་ངོས་འཛིན་བྱུང་བ་ཡིན་སྟབས་ཁོང་འབྲུག་བླ་འཁྲུལ་མེད་ཅིག་དང་ཁོང་ཕེབས་ནས་མཛད་འཕྲིན་རྒྱས་ཡུལ་གྱི་ལྷོ་མོན་ལ་ཡང་ཁོང་གི་ཆོས་བརྒྱུད་ཀྱི་དར་འཕེལ་དང་འབྲེལ་ནས་འབྲུག་ཅེས་བཏགས་པ་དོན་ལ་གནས་སོ།
ཁོང་འབྲུག་ཡུལ་དུ་ཕེབས་དགོས་པ་ནི་སྐབས་དེ་དུས་ཀྱི་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་དང་ཡང་ཅུང་ཟད་འབྲེལ་འདུག རྒྱུ་མཚན་ནི་འབྲུག་པ་སྐུ་ཕྲེང་བཞི་པའི་སྐྱེ་སྤྲུལ་དུ་ཁོང་དང་དཔག་བསམ་དབང་པོ་ཞུ་བ་༸རྒྱལ་དབང་ལྔ་པ་དང་ཉེ་འབྲེལ་གྱི་སྤྲུལ་སྐུ་ཞིག་བྱུང་བ་རེད། དེར་བརྟེན་དཔག་བསམ་དབང་པོ་རྒྱལ་དབང་ལྔ་པའི་ཉེ་འབྲེལ་ཡིན་པའི་གནད་ཀྱིས་ཞབས་དྲུང་ངག་རྣམ་ལ་ལྟ་སྟངས་ཤིག་དང་ངོས་འཛིན་ཚུལ་མཐུན་ཞིག་ཡོང་ཐབས་མེད་པ་ཙམ་དུ་མ་ཟད་གདན་ས་ར་ལུང་དུ་བཞུགས་བཟོད་མི་བདེ་བའི་གནས་སྟངས་ཤིག་ཀྱང་ཏན་ཏན་བྱུང་སྟེ་མཐར་ལྷོ་མོན་དུ་ཕེབས་དགོས་པ་དེ་བྱུང་བ་འདྲ།
འོན་ཀྱང་ལྷོ་མོན་པ་མགོ་སྟོང་དེ་ཚོས་མཐར་ཞབས་དྲུང་གི་དྲིན་ལན་ལ་བསམ་ཤེས་མེད་པར་ཞབས་དྲུང་གི་བཤང་ལམ་དུ་དར་ཤིང་གི་རྩེ་མོ་བཏང་སྟེ་བསད་པ་རེད། ཁོང་གསོད་སྟངས་འདི་ཡེ་ཤུ་གསོད་སྟངས་ལས་འཇིགས་སྣང་ཆེ་བ་ཞིག་རེད།
འབྲུག་བུ་རྡོ་རྗེ་རྒྱལ་མཚན་གྱིས་འདི་ལ་ལན་ཞིག་འདེབས་རོགས།
ཀརྨ་པ་རྒྱུ་ཡིས་མི་ཐུབ། འབྲུག་པ་མཐུ་ཡིས་མི་ཐུབ་ཟེར་ཡོངས་སུ་གྲགས་ཀྱང་། སྐབས་དེ་དུས་ཞབས་དྲུང་ལ་མཐུ་གཏོང་བའི་གོ་སྐབས་ཙམ་ཡང་མ་བྱུང་བ་འདྲ། དར་ཤིང་གི་གཞུང་རྒྱུད་དུ་གཤང་ལམ་གྱི་ཁྲག་འཛགས་ཀྱིན་འཛགས་ཀྱིན་གྲོངས་པ་རེད།
ལྷ་ཕྲུག་སྣ་བོ་ཆེ། འབྲུག་པས་འབྲུག་པ་གསོད་སྟངས་དང་བསད་དགོས་རྒྱུ་མཚན་དེ་ང་ཚོ་ལ་གསལ་བཤད་བྱ་རྒྱུ་གལ་ཆེན་རེད་དམ། ལོང་ནམ་རྟ་རྫིས་དེ་དུས་ཀྱི་བོད་རྗེ་བསད་པ། ཁྲི་སྲོང་ལྡེའུ་བཙན་གྱིས་རང་བློན་གསོན་པོ་ས་འོག་ཏུ་བསྣན་པ། མུ་ཏིག་བཙན་པོ་རང་གི་ཨ་མས་དུག་བཏང་བ། ཁྲི་རལ་རང་གི་གཅེན་པོས་སྐེ་བཅུས་པ། འུ་དུམ་འབངས་ཀྱིས་མདས་བསྣུན་པ། སོགས་མང་པོ་འདུག་པ་དེ་དག་ང་ཚོས་གསལ་བཤད་བྱ་ན་ལེགས། གཞན་ལ་ཇུས་གཏོགས་བྱེད་ན་གང་ཕན།
དེང་སང་གི་ལོ་རྒྱུས་འཆད་མཁན་ཚོས་འབྲུག་ཡུལ་འདི་ལ་གཉུག་མའི་མི་རིགས་ཤིག་ཡོད་ཀྱང་རྗེས་སུ་འབྲུག་ཆེན་ངག་དབང་རྣམ་རྒྱལ་གྱིས་བཙན་འཛུལ་བྱས་ནས་བོད་རིགས་ཀྱིས་དབང་བསྒྱུར་བྱས་པ་རེད་ཅེས་ཟེར་གྱིན་འདུག སྤྱིར་ན་འབྲུག་ཡུལ་ནི་ཆོས་མིང་ཡུལ་ལ་ཐོགས་པ་སྨྲོས་མེད་རེད། གྲུབ་ཆེན་གཙང་པ་རྒྱ་རས་ཀྱིས་བོད་ཡུལ་གྱི་འབྲུག་ར་ལུང་དུ་དགོན་པ་བཏབ་ནས་ཆོས་རྒྱུད་ལ་འབྲུག་པ་ཟེར་བའི་མིང་ཐོགས་པ་རེད། འབྲུག་ར་ལུང་དེང་སང་ཡང་ཡོད་ཡོད་པ་དེ་རེད། འབྲུག་པ་པད་དཀར་གྱི་སྤྲུལ་སྐུ་གཉིས་ཀྱི་ནང་གི་ངག་དབང་རྣམ་རྒྱལ་ལྷོ་མོན་ལ་བྲོས་བཤོལ་དུ་འགྲོ་དགོས་དོན་དེ་ཐོག་མར་སྡེ་བ་གཙང་པ་དང་མ་འགྲིགས་ནས་སོང་བ་རེད། ལ་དྭགས་ལ་འབྲུག་བསྟན་སྤེལ་མཁན་དཔག་བསམ་དབང་པོ་ནི་རྒྱལ་བ་སྐུ་ཕྲེང་ལྔ་པ་ཆེན་པོ་དང་ཡབ་གཅིག་པའི་སྤུན་མཆེད་རེད། སྡེ་སྲིད་མགོ་ལེབ་ཀྱིས་བོད་སོག་གི་དམག་ལ་དྭགས་ལ་དྲངས་སྐབས་འབྲུག་གི་ཆོས་ལུགས་ལ་ཉམ་ཉེས་ཆེན་པོ་མ་བྱུང་བའི་རྒྱུ་རྐྱེན་ཡང་དེ་མིན་ནམ་སྙང། རྗེས་སུ་དགེ་ལྡན་པ་དང་སོག་པོའི་དམག་གིས་འབྲུག་ལ་དཔུང་འཇུག་བྱས་པ་འབྲུག་པས་ཕམ་ཉེས་བཏང་བ་རེད། སྐབས་དེ་ཤེད་ཅིག་ནས་བོད་ཀྱི་གཞུང་ལ་དགའ་ལྡན་པའི་མིང་བཏགས་སྐབས་འབྲུག་ཞབས་དྲུང་གིས་རང་གི་གཞུང་ལ་འབྲུག་གཞུང་དང་རིམ་པས་ཡུལ་ལ་འབྲུག་ཡུལ་ཞེས་པའི་མིང་ཐོགས་པར་མངོན། འབྲུག་ཡུལ་ན་བོན་ལུགས་དར་མིན་མི་ཤེས་ཏེ་དམར་མཆོད་བྱེད་མཁན་གྱི་གདོད་མའི་ཆོས་ལུགས་ཤིག་ཡོད་པ་དེང་སང་ཡང་ཅུང་ཟད་རེ་ལུས་ཡོད་པ་དངོས་བདེན་རེད།
འབྲུག་པ་པད་དཀར་ལགས།
ཐུགས་སྐྱོ་དགོས་དོན་མེད། བོད་པ་རྣམས་ཀྱིས་འབྲུག་དང་བོད་གཉིས་རིགས་རུས་གཅིག་ཚུལ་འདོད་ཅིང་ལོ་རྒྱུས་ཀྱི་བདེན་དོན་གླིང་བ་ལས། འབྲུག་བོད་ཀྱི་ཆ་ཤས་ཡིན་པ་ད་ལྟ་འདོད་ཀྱི་མེད། འབྲུག་ནི་ཆབ་སྲིད་ཀྱི་སྒང་ནས་རང་བཙན་གཙང་མའི་རྒྱབ་ཁབ་ཡིན་པ་སྨོས་མེད་རེད་ལ་བོད་པ་རྣམས་ཀྱིས་དེ་ལ་དགའ་བ་སྒོམ་པ་ལས་ཕྲག་དོག་མེད། འོན་ཀྱང་བློ་ཕམ་པ་ཞིག་ལ་བོད་མི་མང་པོ་ཞིག་གིས་མི་རིགས་རིང་ལུགས་ཀྱི་ཕྱོགས་ཞེན་འོག་ནས་བོད་མི་རྣམས་ཀྱིས་འབྲུག་པར་བལ་ཡུལ་ལས་བློ་ཐག་ཉེ་བོ་ཡོད། གནས་ཚུལ་འདི་ནི་བོད་མི་རྣམས་ཀྱིས་འབྲུག་གིས་བོད་པ་མཐོང་ཆུང་དགྲ་རུ་འཛིན་པའི་དེ་ཉིད་མ་རྟོགས་པས་རེད། འབྲུག་པས་བོད་ལ་མཐོང་ཆེན་དང་མཐོང་ཆུང་བྱེད་མིན་ནི་གོང་དུ་དབྱུག་འབྲུག་དཀར་བོས་འབྲུག་གི་གཏམ་དཔེ་དྲངས་བ་དེས་གསལ་བྱེད་བྱོས་ཡོད། དེ་ནས་བོད་ཀྱིས་འབྲུག་པ་མཐོང་ཆུང་བྱེད་རེད་དམ་འབྲུག་གིས་བོད་པ་མཐོང་ཆུང་བྱེད་པ་མཚོན་ཐུབ། བོད་པ་མེད་ན་འབྲུག་སྔ་མོ་ནས་རྒྱ་ནག་གི་ཁ་ཤས་སུ་ཆགས་ཟིན། ད་ལྟ་བོད་རྒྱ་ནག་གི་ཁ་ཤས་གལ་ཆེན་དུ་ཆགས་ཟིན་པ་འབྲུག་པས་ག་འདྲ་བྱེད་མིན་སྡད་ན་མཐོང་གི་རེད། གང་ལྟར་འབྲུག་གིས་ཇི་ལྟར་བཤད་ཀྱང་ལས་དབང་བོད་དང་འབྲེལ་བ་ངེས་རེད།
རིག་འབྱུང་རྒྱ་མཚོ་ལགས། འབྲུག་པ་པད་དཀར་སུ་རེད། བོད་པ་མེད་ན་འབྲུག་སྔ་མོ་ནས་རྒྱ་ནག་གི་ཁ་ཤས་སུ་ཆགས་ཟིན་སྟངས། གོང་དུ་དབྱུག་འབྲུག་དཀར་བོས་འབྲུག་གི་གཏམ་དཔེ་གང་ཞིག་དྲངས་ཁྱེད་ཀྱིས་གསུངས་ཨེ་ཐུབ། ལྷོ་ཕྲག་སྣ་བོ་ཆེས་འབྲུག་པར་མོན་པ་མགོ་སྟོང་ཟེར་ཏེ། བོད་པ་སྐྱག་གོང་འདི་ཚོ་རང་ས་ལག་མཐིལ་ཙམ་ཡང་མེད་པར་ད་དུང་མི་ས་ལ་རྔམ་རྔམ་བྱེད་ལུགས་ལ་གཞིག་ན་འབྲུག་པ་མགོ་ཀླད་པས་གང་བ་ཤེས་ཐུབ།
རིག་འབྱུང་རྒྱ་མཚོ་ལགས། འབྲུག་པ་པད་དཀར་སུ་རེད། བོད་པ་མེད་ན་འབྲུག་སྔ་མོ་ནས་རྒྱ་ནག་གི་ཁ་ཤས་སུ་ཆགས་ཟིན་སྟངས། གོང་དུ་དབྱུག་འབྲུག་དཀར་བོས་འབྲུག་གི་གཏམ་དཔེ་གང་ཞིག་དྲངས་ཁྱེད་ཀྱིས་གསུངས་ཨེ་ཐུབ། ལྷོ་ཕྲག་སྣ་བོ་ཆེས་འབྲུག་པར་མོན་པ་མགོ་སྟོང་ཟེར་ཏེ། བོད་པ་སྐྱག་གོང་འདི་ཚོ་རང་ས་ལག་མཐིལ་ཙམ་ཡང་མེད་པར་ད་དུང་མི་ས་ལ་རྔམ་རྔམ་བྱེད་ལུགས་ལ་གཞིག་ན་འབྲུག་པ་མགོ་ཀླད་པས་གང་བ་ཤེས་ཐུབ།
http://www.khabdha.org/?p=3290 འདི་ན་གཟིགས།
རྒྱུ་མཚན་ནི་འབྲུག་བོད་ས་འབྲེལ་འཁེལ་བས་རེད་ལ། ལྷག་པར་རིག་གཞུང་ཐོག་ནས་རྒྱ་ནག་གི་ཆ་ཤས་བོད་དང་རྒྱ་བལ་གྱི་ཆ་ཤས་ཧི་རྒྱབ་མི་མང་དང་འབྲེལ་བ་ཡོད་པས་འབྲུག་གི་ལས་དབང་ནི་རྒྱ་སྐྱེད་རིང་ལུགས་པ་རྒྱལ་ཁབ་དག་གི་བར་ནས་རླུང་ནང་གི་མར་མེ་རེད། ངས་བསམ་ན་བོད་པ་སྟོང་ཚེ་འབྲུག་དང་བལ་ཡུལ་གྱི་ས་མཚམས་ལ་ཉེ་ཁ་འཕྲད་པ་སྨོས་མེད་རེད་ལ། སྟོབས་ཆེན་རྒྱལ་ཁབ་རྣམས་ལ་ག་དུས་ཡིན་ཡང་ཁ་གཡར་ས་ཞིག་ག་དུས་ཡིན་ཡང་ཡོད་ཡོད་པ་རེད། དེ་རྟེན་འབྲུག་གི་བོད་ལྟར་ཆོས་ལུགས་ཁོ་ནའི་ཕྱོགས་སུ་མ་སྙེགས་པར་ཆབ་སྲིད་ལ་དོ་བདག་གནང་ན་བཟང་། གང་ལྟར་ང་རང་སྒེར་ངོས་ནས་འབྲུག་པ་ཧ་ཅང་དགའ་པོ་ཡོད། རྒྱུ་མཚན་ནི་འབྲུག་ལ་སླེབས་དུས་རང་ཡུལ་སླེབས་པའི་སྣང་བ་སྤྲད་པས་ཡིན།
ལྷོ་མིན་ཡུལ་ལ་འབྲུག་ཡུལ་ཞེས་པའི་འབྲུག་སྒྲ་ཆགས་སྟངས་ལ།
སྟག་ཚང་རྒོད་ཚང་ཚང་ལས་མཆེད། །
འབྲུག་ཡུལ་འབྲུག་སྒྲ་འབྲུག་སྒྲ་ལས། །
བྱུང་བ་མཁས་པ་སྔ་མར་གྲགས། །
འབྲུག་ཞེས་སྲོག་ཆགས་ཡོད་མེད་དཔྱོད། །
འདི་རིང་འདིས་ཙམ་འཐུས་པར་བྱས། །
ཧ་ཧ་ཧ། ད་གཡུག་ཞོག རིག་འབྱུང་ལགས་སྒེར་གྱིས་འབྲུག་ལ་དགའ་བའི་རྒྱུ་མཚན་གཉིས་པ་ཞིག་ཀྱང་ཡོད་སྲིད། དེ་ནི་འབྲུག་མོ་མ་རེད་དམ། ང་ནི་དེ་ག་རང་ཡིན་ད། ཧ་ཧ་ཧ
གཡུ་འབྲུག་དཀར་པོ་ལགས། ཨ་རི་ལ་འགྲོ་བར་རྔམ་མཁན་གྱི་གྲྭ་བ་དེ་ཚོ་ལ་དགོས་རྒྱུ་དེ་བྱུང་བ་རེད། ཨ་རི་ལ་འགྲོ་རྒྱུའི་ཆེད་དུ་དེང་སང་མི་མང་པོ་སྨྱོ་ཅུག་གི་ཡོད་པ་དང། ཨ་རི་ཟེར་གོ་བ་དང་དེ་འདྲའི་ཤི་འཆོང་གནམ་འཆོང་རྒྱག་པ་ནི་རང་ཉིད་བྱབ་ཆུང་སོང་བ་རེད། མ་གཞི་བོན་གྱི་མཁན་པོས་ལས་དོན་དེ་འདྲ་ཞིག་གནང་ཡོད་པའི་ཡིད་ཆེས་ང་ལ་མེད། རྩ་བའི་ཆ་ནས་ཨ་རི་ལ་འགྲོ་རྒྱུ་རགས་དང་མི་རགས་དེ་ཨ་རེའི་གཞུང་ཚབ་ཀྱི་ལག་པ་ལ་ཡོད་རེད་མ་གཏོགས། བོན་གྱི་མཁན་པོའི་ལག་པར་ཡོད་མ་རེད་དེ་ཤེས་པའི་ཐོག་ནས་སྐད་ཆ་བཤད་ན་མི་བཟང་ངམ། འབྲུག་དང་ཨ་རི་གཉིས་བར་འབྲེལ་བ་དེ་འདྲ་ཡག་པོ་གཅིག་ནི་མེད། བོད་པའི་རྒྱུད་ནས་ཨ་རིར་སླེབས་ཐབས་བལྟ་མཁན་དེ་འདྲ་ནི་མང་པོ་ཡོད་སྲིད། དེ་ནས་ཨ་རིར་སླེབས་ཚར་དུས་ནི་ཁྱེད་ཚོ་ཚང་མ་རྣམ་རྟོག་གང་མེད་པར་ང་བོད་པ་ཡིན་ལབ་ཆོག་ཆོག་ཡིན་པ། ད་ཤེས་སོང་ངམ། ངོས་རང་བོན་པོ་ཞིག་ཡིན་པའི་ངོས་ནས་་་འབྲུག་རྒྱལ་ཁབ་འདི་ལ་ཡག་པོ་ཞིག་ཡོང་བར་ཤོག་བསམ་མཁན་དེ་འདྲ་ཡིན། འབྲུག་ཡག་པོ་བྱུང་བ་ཡིན་ན་བོད་པའི་རིག་གཞུང་ལ་རང་བཞིན་གྱིས་ཕན་ཐོག་ཡོང་གི་ཡོད་པ་རེད། དཔེར་ན་བོད་པའི་དགོན་པ་མང་པོའི་ནང་ལྷ་སྐུ་བཞེངས་མཁན་མང་ཆེ་བ་འབྲུག་པ་རེད། དེར་མ་ཟད་བལ་ཡུལ་དུ་བོན་པོའི་དགོན་པ་ཞིག་གི་ནང་རྟེན་གྱི་གཙོ་བོ་སྟོན་པ་གཤེན་རབ་མི་བོའི་སྐུ་འདྲ་བཞེངས་མཁན་དེ་ཡང་འབྲུག་པ་ཞིག་རེད་འདུག། རྩ་བའི་ཆ་ནས་ལྷོ་བོན་གྱི་མི་རིགས་འདི་ཚོ་ནི་རང་ཚུགས་ཐུབ་པོས་་་གདོད་མའི་བོན་ལུགས་་་ཁོ་ན་ལ་དཔྱོད་མཁན་ཞིག་པས་ད་བར་རང་བཙན་དུ་གནས་པ་དགོས་ཡང་དེ་ལ་ཐུག་ཡོད་པར་སེམས། ཡང་མི་ཁ་ཤས་ཤིག་གི་འབྲུག་པའི་ཆོས་ཡིན་ན་་་འབྲུག་པ་བཀའ་རྒྱུད་དང་རྙིང་མ་མ་གཏོགས་ཡོད་མ་རེད་དྲན་མཁན་དེ་འདྲ་ཡོད་པ་འདྲ། ངས་ཤེས་ཚོད་བྱས་ན་འབྲུག་གི་ནང་དེང་སང་ཡང་བོན་པོའི་ཞལ་འདོན་ཆ་ཚང་བློ་སྐྱོར་གནང་མཁན་འབྲུག་པའི་རྒན་ཁོག་མང་པོ་འདུག་ཟེར་གོ་རྒྱུ་འདུག། དེ་འདྲ་ཡིན་དུས་ཁོང་ཚོ་ལའང་ནང་མི་ཁྱིམ་ཚང་ཡོད་ངེས་པས་དེ་ཚོས་བོན་པོའི་བསྟན་པར་དད་མོས་བྱེད་རྒྱུའི་འགྲོ་བ་མི་ཡི་ཐོབ་ཐང་མི་དགོས་སམ། ད་དུང་དེ་ཡི་ག་ལ་ཚད་འབྲུག་ཡུལ་གྱི་་བོན་པོའི་དགོན་པ་རྙིང་པ་ཞིག་གི་ནང་དུ་བོན་པོའི་དཔེ་ཆ་རྙིང་པ་ཡང་ཕོན་ཆེན་རྩིག་བཞག་པ་འདུག་ཟེར་གོ་རྒྱུ་འདུག། དེ་ཚོ་ནི་དཔེ་རྙིང་དེ་འདྲ་ཡིན་པས་འབྲུག་ཡུལ་དུ་བོན་གྱི་བསྟན་པ་ཡོད་པ་མཚོན་པ་ཙམ་གྱིས་མ་ཚད་བསམ་ཤེས་ན་་་འབྲུག་པ་ཁྱེད་རང་ཚོའི་སྔ་རབས་ཀྱི་ལོ་རྒྱུས་ཀྱང་རེད། འབྲུག་ཡུལ་དུ་གཡུང་དྲུང་བོན་གྱི་བསྟན་པ་དར་རྒྱས་བྱུང་ཡོད་པའི་ལོ་རྒྱུས་ཁ་གསལ་ཤོས་ཞིག་ནི་དུས་རབས་བཅུ་གཉིས་པའི་བོན་གྱི་བླ་ཆེན་་་འབྲུག་པའི་ཁ་སྐད་དུ་་་་ཞབས་དྲུང་མཚན་ལྡན་དེ་བ་་(མཚན་ལྡན་འདུལ་བ་རྒྱལ་མཚན)་་ཞུ་བ་དེས་འབྲུག་ཡུལ་དུ་བོན་གྱི་བསྟན་པ་མེ་ལྟར་འབར་བའི་མཛད་འཕྲིན་བཟང་པོའི་ཕྱག་རྗེས་བཞག་ཡོད་པས་ལོ་རྒྱུས་འདི་རྣམས་ནི་ཆུང་ཆུང་ཞིག་རྩ་བ་ཉིད་ནས་མིན། ཡང་འབྲུག་ཡུལ་དུ་སྲིད་པའི་བོན་ལུགས་ཡོད་པའི་ཁུངས་གཅིག་ནི་དྲ་རྒྱ་འདིར་གཟིགས་དང་འདི་ཡི་ནང་གི་རྩོམ་ཡོངས་རྗོགས་་བོན་དང་བོན་པོའི་སྐོར་ལ་འབྲུག་པ་རང་གིས་བྲིས་པ་རྐྱང་རྐྱང་རེད་འདུག། རྩོམ་དེ་ཚོ་ཡག་པོ་མར་ཀློག་དང་འབྲུག་པའི་་ཤིང་གི་ཕོ་མཚན་དེ་ཡང་གང་ནས་བྱུང་བ་ཡིན་པ་ཁྱེད་རྣམ་པས་ཤེས་ཐུབ། googel དྲྭ་རྒྱར་ཕེབས་ནས་ Bon-festivals-in-Bhutan ཞེས་པའི་དབྱིན་ཚིག་འདི་འབྲི་དགོས།
དྲ་རྒྱ་འདི་ཡང་ཡག་པོ་བྱས་ནས་གཟིགས་པར་འཚལ། googel དྲྭ་རྒྱར་ཕེབས་ནས Dorje Lingpa and His Rediscovery of the “Gold Needle” in Bhutan ཞེས་པའི་དབྱིན་ཚིག་འདི་འབྲི་དགོས།
དེ་ནས་་་འབྲུག་ཡུལ་་་དུ་་་བོན་དང་བོན་པོ་་་ཡོད་པའི་ལོ་རྒྱུས་དང་་འབྲུག་པའི་མི་འདི་ཚོ་་དོན་ངོ་མ་ཆོས་ལུགས་གང་གི་ཁོངས་སུ་གཏོགས་གང་མཚམས་ཤིག་ཁྱེད་རྣམ་པ་ཚོས་ཤེས་རྟོགས་ཡོང་བའི་རེ་བ་ཡོད། ད་དུང་ཨུ་ཚུགས་ཀྱི་ང་རོ་ངོམས་ནས་བསྡོད་རྒྱུ་ཡིན་ན་ནི་འཛམ་གླིང་འདིར་་་་བདེན་པ་་་ཞེས་པ་དེ་ལ་དགོས་པ་དང་ནུས་པ་གང་ཡང་མེད་པར་འགྱུར།།
འབྲུག་པས་རང་ས་བཟུང་ནས་ཕྱི་ཟོག་ནང་འདྲེན་མི་བྱེད་པའི་གོམས་གཤིས་ཤིག་འཇགས་ཡོད། བོད་པས་ཕྱི་ཟོག་ནང་འདྲེན་བྱས་ནས་བོད་རྒྱ་ལག་ཏུ་ཤོར་བ་དང། དངུལ་ཏྭ་དབྱང་ཆར་བ་འབབ་འབབ་རེད།།རྒྱ་གུང་ཁྲན་དྲིན་ཅན་ཕ་མ་རེད།། ཞེས་པའི་ཐབས་སྐྱོའི་གནས་བབས་ག་འདྲ་ཞིག་བྱུང་འདུག་པ་ཤེས་དགོས་ངེས་རེད། དེས་ན་འབྲུག་པ་པད་དཀར་གྱིས། རྐྱེན་ངན་གནོད་པའི་དྲུང་ན་དམ་ཆོས་དཀོན།།ཞེས་པ་ལྟར་གཞན་གྱི་བསླུ་བྲིད་ཡིན་ན་འདྲ། ནང་རུལ་གྱི་རྐྱེན་པས་གང་ལྟར་ཐ་མ་བོད་འདི་རྒྱ་ཡི་འོག་ཏུ་འཇུག་ཅེས་པའི་ལུང་བསྟན་དེ་ཐོག་ལ་བབས། གོང་ས་ཡིད་བཞིན་ནོར་བུས་དགུང་གྲངས་བཅུ་དྲུག་ནས་བོད་བསྟན་སྲིད་ཀྱི་ཁུར་བཞེས་ནས་མི་ལོ་ལྔ་བཅུ་ཏག་ཏག་ཕྱིན་ཚར་བ་དང་དེ་རང་གི་བར་བོད་ཀྱི་གནས་བབས་འདི་རྒྱལ་སྤྱིའི་དོ་སྣང་བྱ་ཡུལ་ཞིག་ཏུ་གྱུར་བ་དང་། བོད་ཀྱི་ནང་བསྟན་སློབ་གྲྭ་ཆེན་མོ་སེ་འབྲས་དགའ་གསུམ་དང་རྒྱུད་གྲྭ་སྟོད་སྨད། བཀྲ་ཤིས་ལྷུན་པོ། རྣམ་གྲོལ་གླིང་སོགས་ན་ཧི་མ་ལའི་རི་རྒྱུད་ཀྱི་གྲྭ་རྒྱུན་གང་མང་ཕེབས་ཡོད་པ་འདི་གོང་ས་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་བསྙོན་མེད་རེད། ཡིན་ན་ཡང་གནས་ཚུལ་ཡ་མཚན་པ་ཞིག་ལ་ལོ་གཉིས་ཀྱི་གོང་དུ་རྡོར་གདན་དགེ་ལུགས་སྨོན་ལམ་སྐབས་འབྲུག་ཡུལ་ནས་ཡིག་འཁྱར་ཞིག་གང་སར་སྤེལ་འདུག དེའི་ནང་དུ་ག་རེ་བཤད་འདུག་ཟེར་ན། འབྲུག་ཡུལ་མི་དམངས་ཚོ་གོང་ས་མཆོག་ལ་དད་གུས་ལོས་ཡོད་ཀྱང་ཁོང་གི་སྐུ་པར་བཤམ་ན་རྟེན་འབྲེལ་མི་ལེགས་ཚུལ་དང་དགེ་ལུགས་པའི་སྐབས་བོད་རྒྱ་ལག་ཏུ་ཤོར་བ་ཡིན་སྟབས། འབྲུག་གཞུང་གིས་དགེ་ལུགས་ཀྱི་གྲྭ་རྒྱུན་ལ་དོགས་ཟོན་བྱེད་དགོས་པའི་ཉེན་བརྡ་ཡང་བཏང་འདུག ད་དུང་ཡིག་འཁྱར་དེའི་ནང་ག་རེ་འདུག་ཟེར་ན། ཨ་ཏི་ཤ་ཡི་སྤྲུལ་བ་བློ་བཟང་གྲགས།།ཞེས་པ་རྒྱལ་དབང་ལྔ་པས་ཆོས་ལུགས་མཐུན་འབྲེལ་གྱི་ཆེད་དུ་གཞན་གྱི་ངོར་རང་བཟོ་བགྱིས་པ་ཡིན་ཚུལ་དང་དགེ་ལུགས་པའི་དགེ་བཤེས་རྣམས་བོན་པོའི་སྐྱེས་པ་ཡིན་སྟབས་རྙིང་མ་ལ་མི་དགའ་ཚུལ་སོགས་སྐྱུག་བྲོ་བའི་ལོག་བཤད་གང་མང་བྲིས་འདུག ཡིག་འཁྱར་དེ་འབྲི་མཁན་སུ་ཡིན་དང་གང་ནས་ཡོང་མིན་བྲིས་མི་འདུག་ཀྱང་དགའ་རབ་སྤྲུལ་སྐུ་ཡིན་ཚུལ་བརྗོད་མཁན་འདུག འདི་ལ་བལྟས་ན་འདི་ལྟའི་མཐར་ལྷུང་རིང་ལུགས་པ་ཚོ་སྲིད་ཀྱི་སྟེགས་བུར་སླེབས་ན་ཕོངས་རྒྱུ་ཉག་གཅིག་རེད། ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་སྤྲུལ་སྐུ་མི་ན་ལིར་སྐྱབས་བཅོལ་དུ་ཕེབས་དགོས་བྱུང་བ་ཡང་འདི་ལྟ་བུའི་རྒྱུ་རྐྱེན་ལ་ཐུག་ཡོད་པ་གསལ་བོ་རེད། དེར་བརྟེན་ད་ལྟའི་འབྲུག་རྒྱལ་པོ་ནི་ཀུན་གྱིས་བཀུར་འོས་པ་དང་ཆོས་ལུགས་འཐེན་འཁྱེར་གྱི་རུལ་སུངས་ལ་མགོ་མི་སྒུར་བའི་རྣམ་དཔྱོད་ཅན་ཡིན་ཚོད་འདུག
འབྲུག་རྒྱལ་པོའི་ཆབ་སྲིད་བརྟན་དང་གཅིག།།
འབྲུག་རྒྱལ་འབངས་བདེ་ཞིང་སྐྱིད་པ་གཉིས།།
འབྲུག་མི་དམངས་རང་དབང་འཚོ་བ་གསུམ།།
འབྲུག་རྒྱལ་ཁབ་རྒྱས་པའི་རྟེན་འབྲེལ་ཡིན།།
བོན་ལགས་ཡི་ཤུ་པ་ལྟ་བུ་རང་གི་ཆོས་ལུགས་དར་སྤེལ་གཏོང་ཡ་ལས་ཀ་ཨང་ཀི་དང་པོའི་གྲས་ལ་བཞག་གི་ཡོད་པ་འདྲ།
པད་དཀར་ལགས།
བོད་ས་ཨེ། ཧི་མ་ལ་ཡའི་མདུན་ངོས་ཡོད་ཚད་ཀྱི་ས་ཁྱོན་གེ་ལོ་གྲུབ་བཞི་མ་ས་ཡ་གཉིས་དང་ཕྱེད་ཀ་ཡོད་པ་ནི་ངེད་གངས་ཅན་བོད་པ་ཚང་གི་ཡིན་པས་སྤོབས་པ་ལོས་ཡོད། དེ་བརྟེན་རྒྱ་གར་ནག་སོགས་སྟོབས་ཆེན་རྒྱ་ཁབ་མང་པོས་ངེད་བོད་པ་ཚང་ལ་མཐོང་ཆེན་བྱེད་ཀྱིན་ཡོད། ལྷག་པ་དུ་བོད་ས་ནི་ད་ལྟའི་རྒྱ་ནག་གི་ཡར་རྒྱས་ལ་ལག་སྐྱེས་ཕུལ་མཁན་གྱི་ཀ་བ་ཆགས་པས་ངེད་བོད་མི་ཚང་རྒྱ་ནག་གི་ནོར་བུ་རེད། འབྲུག་ལ་དོན་དངོས་ས་ལག་ཙམ་ལས་མེད་པས་རྒྱལ་ཁབ་ཅེས་ཐ་སྙད་སྐམ་པོ་ལྟ་བུ་མ་རེད་དམ། དེ་བརྟེན་བོད་ལྟར་སྣ་མཐུན་གྱི་རྒྱལ་ཁབ་གཙུགས་ན་དགའ། འབྲུག་གི་གཏམ་དཔེ་ངས་ཡང་སྐྱར་མ་བཀོད་ཀྱང་ཁྱེད་འབྲུག་ཚང་གི་གཏམ་དཔེ་ཡིན་པས་ཁྱེད་ཀྱི་བློ་རུ་ཡོད་ངེས་རེད། མ་རེད་དམ།
ད་དངོས་གནས་ཆགས་སྲེད་ཅན་རེད། རང་དཔེ་གཞན་ལ་མ་འགེབས། འཛམ་གླིང་གི་ལུང་པ་སུ་ཡིན་ཡང་སྐྱེས་གཟུགས་ཡག་པ་དང་གཙོག་པོ་ཡོད་ཡོད་པ་རེད། འབྲུག་མོ་དམིགས་བསལ་གྱིས་སེམས་ཤོར་དོན་ག་ལ་ཡོད། བོད་རིགས་ཡིན་པའི་ཆ་ཤས་ནས་འབྲུག་མོ་ལས་བོད་མོས་དགའ་བོ་ཡོད། དངོས་གནས་ཡིན།
བོན་པོ་ལགས། ངས་བལྟས་ན་ཁྱོད་ནི་ཀླད་མེད་མགོ་སྟོང་ཞིག་ཡིན་ཚོད་འདུག ཁ་བརྡ་བྱེད་བཞིན་བྱེད་བཞིན་ཁ་བརྡ་ཅིའི་སྐོར་བྱེད་བཞིན་ཡོད་པ་ཡང་རང་ཉིད་ལ་ཤེས་རྟོགས་མིན་འདུག དེ་བས་ངེད་གཉིས་ཁ་བརྡ་བྱེད་རྒྱུ་མཚམས་འཇོག་ན་ལེགས་པར་མཐོང་།
ལ་སྟོད་བུ་ལགས། ཁྱེད་ཀྱིས་གསུངས་པ་དེ་བདེན་པ་ཡིན་ངེས། གང་ཡིན་ཞེ་ན་ངས་ནི་ཁོང་བུ་ཕྲུག་༢༠ དང་ཐུག་མ་མྱོང་ལ་ཁོང་གི་ཕ་མ་དང་ཡང་ཐུག་མྱོང་མེད། འོན་ཀྱང་སྒང་སྟེང་བཤད་གྲྭ་ནས་གྲྭ་པ་བཞི་ཁྲིད་ཕྱིན་པ་ནི་ངེས་བདེན་ཡིན། གང་ལྟར་དེ་ལྟར་བྱེད་མཁན་གྱི་གང་ཟག་ཁྱོད་མིན་པས་ཁྱོད་ལ་ཞུ་དགོས་མ་མཆིས་མོད། བོན་པོ་ལགས་ཀྱིས་དེའི་སྐོར་གླེང་གཞི་འགོ་བཙུགས་ཡོང་བས་དེ་ལ་ལན་མ་ཞུ་ཐབས་མེད་སོང་ནས་ཞུ་བ་ལགས།
མེ་ཏོག་དཀར་པོ་ལགས། ཁྱེད་ཀྱིས་ང་ལ་སློབ་གསོ་གནང་བར་བཀའ་དྲིན་ཆེ། དེ་རིང་ནས་ངས་འདིའི་སྐོར་མི་གླེང་། ཉིད་ཀྱིས་གསུངས་པའི་དྲི་བའི་ལན་ཞུ་ན། འབྲུག་རྒྱལ་པོའི་མ་འོངས་པའི་བཙུན་མོ་རྗེ་བཙུན་པདྨ་ཉིད་ཀྱི་ཆོ་རིགས་ཡར་དེད་ན་བོད་རིགས་ཡིན་སྲིད་དེ། འོན་ཀྱང་ད་ལྟའི་ཆར་ཁོང་དང་ཁོང་གི་ཕ་མ་སུ་ཞིག་ཀྱང་བོད་པ་མིན་པ་གསལ་པོ་ཡིན། འདིར་གསར་འགྱུར་འགོད་པོ་སུ་ཡིན་མི་ཤེས་ཁོང་གིས་རྗེ་བཙུན་པདྨའི་ཕ་ཁམས་ཉག་རོང་ནས་ཡིན་ཚུལ་བཤད་འདུག་པ་དེ་མ་བདེན་པའི་གཏམ་ཡིན་པར་ར་འཕྲོད་བྱུང་། རྒྱུ་མཚན་ནི་ཁོང་གི་ཡབ་དེ་བཀྲ་ཤིས་སྒང་གི་རྫོང་དཔོན་དྲག་ཤོས་རྡོ་པོ་ལ་བྱ་བའི་བུ་ཡིན་འདུག་ལ། ཁོང་ནི་འབྲུག་རྒྱལ་པོ་གཉིས་པ་འཇིགས་མེད་དབང་ཕྱུག་དང་རིགས་རུས་གཅིག་པ་ཡིན། ཡང་རྗེ་བཙུན་པདྨའི་ཡུམ་ནི་ད་ལྟ་གཏེར་སྟོན་པདྨ་གླིང་པའི་སྐུ་ཕྲེང་༡༡ པ་འཇིགས་བྲལ་ཀུན་བཟང་པདྨ་རྡོ་རྗེའམ་ཡོངས་གྲགས་སུ་གསུང་སྤྲུལ་རིན་པོ་ཆེ་ཞུ་བའི་ལྕམ་སྲིང་ཡིན་ལ་ཁོང་ནི་འབྲུག་རྒྱལ་གཉིས་པའི་བཙུན་མོ་རྒྱལ་ཡུམ་ཕུན་ཚོགས་ཆོས་སྒྲོན་དང་རིགས་རུས་གཅིག་པ་ཡིན།
ཉིད་ཀྱིས་སྤྱིར་འབྲུག་པས་བོད་པ་ལ་མི་དགའ་ལུགས་དང་། འབྲུག་པ་ཞིག་གིས་བོད་པ་ཞིག་མནའ་མར་བླངས་ན་དེ་ལ་ཕ་མ་དང་ཉེ་འདུ་རྣམས་ཀྱིས་མི་དགའ་ཚུལ་གསུངས་འདུག དེ་དྲའི་རྣམ་པར་རྟོག་པ་ནི་བོད་པ་ཙམ་ལ་མིན་པར་སྤྱིར་གྱི་འབྲུག་ཤར་ཕྱོགས་པ་ཞིག་གིས་ནུབ་ཕྱོགས་པ་དང་ནུབ་ཕྱོགས་པ་ཞིག་གིས་ཤར་ཕྱོགས་པ་དང་གཉེན་བསྡེབས་བྱས་ཀྱང་དེ་འདྲའི་རྣམ་རྟོག་བརྩི་སྲོལ་འདུག འོན་ཀྱང་དེང་སང་ནི་ཕལ་ཆེ་བས་དེ་འདྲའི་རྣམ་རྟོག་དོར་ནས་རྒྱ་བོད་དབྱིན་ཇི་ལ་སོགས་པ་མི་རིགས་གང་ཡིན་བལྟ་རྒྱུ་མེད་པར་གཉེན་བསྡེབས་བྱེད་ཀྱི་ཡོད་པས་ཁྱེད་རང་འབྲུག་མོ་ཞིག་མནའ་མར་བླངས་འདོད་ཡོད་ན་ཐུགས་ཟོན་གནང་མི་དགོས་ཞུ་བ་ལགས།
སྤོབས་པ་མཐའ་ཡས་ལགས། ཁྱོད་ནི་སྤོབས་པ་སོ་སོ་ཡང་དག་པའི་རིག་པ་མངའ་བའི་སྐྱེས་བུ་ལགས་པས་བོད་འབྲུག་གཉིས་ཀྱི་ཁྱད་པར་མི་ཤེས་གསུངས་པར་ངོས་ནས་ཡིད་ཆེས་ཞུ་ཐབས་བྲལ། མ་ཟད་འབྲུག་ལ་རང་བཙན་གཙང་མ་ཡོད་པས་ཧི་མི་དང་བསྡུར་ཐབས་བྲལ་ཞེས་གསུངས་པ་དེས་ཀྱང་བོད་འབྲུག་གཉིས་ཀྱི་ཁྱད་པར་མཁྱེན་འདུག་པར་ངེས་སོ།།
འབྲོང་ངུར་ལགས།
ཁྱེད་ཀྱིས་མང་དག་ཅིག་གསུངས་པ་དེ་དག་ཐམས་ཅད་ལ་དེ་དེ་བཞིན་ནོ་ཞེས་ཞུ་ཐབས་བྲལ་ཡང་། བོད་འབྲུག་བླ་སློབ་ཀྱི་འབྲེལ་བ་ཡོད་པ་ཡིན་པ་ནི་ཁྱེད་ཀྱིས་བཤད་མི་དགོས་ལ་ངས་ཀྱང་དེ་མ་ཡིན་ཞེས་ཞུས་མྱོང་མེད། གོང་དུ་རྒྱལ་དབང་འབྲུག་པའི་ཡབ་འབྲུག་ཉི་ཀླུང་དགོན་གྱི་གདན་འཛིན་པར་བསྐོས་ཡོད་ལུགས་ཞུས་པས་ཀྱང་བོད་འབྲུག་བླ་སློབ་ཀྱི་འབྲེལ་བ་ཡོད་པར་ཁས་ལེན་པ་ཤེས་ཐུབ་སྙམ། བོད་འབྲུག་རིག་གནས་གཅིག་པ་ཡིན་པར་ཡང་ངོས་ནས་ངོས་ལེན་ཞུ། འོན་ཀྱང་རིག་གནས་གཅིག་པ་ཡིན་པས་རིག་གནས་དེ་འཆང་བའམ་སྤྱོད་པའི་གང་ཟག་གཉིས་གཅིག་ཡིན་པར་ཇི་ལྟར་བསྒྲུབ་ཐུབ་བམ།
ལྷོ་ཕྲུག་སྣ་བོ་ཆེས་ཞབས་དྲུང་ངག་དབང་རྣམ་རྒྱལ་འབྲུག་པས་བཤང་ལམ་དུ་དར་ཤིང་གསོབ་སྟེ་བསད་ཡོད་ལུགས་གསུངས་པ་དེ་ངས་དེ་རིང་གསར་དུ་ཐོས་པས་ང་ལ་རྒྱུས་ཆ་མེད། ང་ཚོས་ནམ་རྒྱུན་ཞབས་དྲུང་ངག་རྣམ་དེ་ཐུགས་དམ་ལ་བཞུགས་ཡོད་ལུགས་བཤད་ཀྱི་ཡོད་ལ། ཁོང་གི་སྐུ་དུང་དེ་ད་ལྟའང་སྤུངས་ཐང་རྫོང་དུ་མ་ཆེན་ལྷ་ཁང་གི་ནང་ནང་རྟེན་གཙོ་བོ་ལྟ་བུར་བཞུགས་སུ་གསོལ་ཡོད། སྤྱིར་ཞུ་རྒྱུ་མང་དུ་ཡོད་ཀྱང་རང་ཉིད་ལ་ཤེས་ཚད་ཀྱི་མ་ལྡང་སྟབས་དེ་ཙམ་ལས་ཞུ་ཐུབ་མ་མཆིས། གཟིགས་པར་བཀའ་དྲིན་ཆེ།
རིག་འབྱུང་ལགས། ཁྱོད་ཀྱིས་བཤད་པའི་ས་ཆ་ཆེན་པོ་དེ་ ༡༩༥༩ ལོར་མའོ་ཀྲུ་ཞི་ལ་ཕུལ་ཚར་བ་མ་རེད་དམ། དེང་དུས་བོད་ཟེར་བའི་རྒྱལ་ཁབ་ཅིག་འཛམ་གླིང་ས་ཁྲ་ན་མིན་འདུག་ག་སྙིང་རྗེ། འབྲུག་ས་ཆ་ལག་མཐིལ་ཙམ་ཡིན་ནའང་འདྲ་མཐོང་ཐོས་རེག་རྒྱུ་འདུག་ཨེ་གོ
སྤྱི་ཁྱོད་ཀྱིས་པད་དཀར་ཟེར་བ་དེ་ང་ལ་མེ་དཀར་ཟེར་འདོད་པ་འདྲ། ང་ནི་འབྲག་པ་མིན་ལ་བོད་པ་ཡིན། ཕ་མ་གཉིས་ཀ་བོད་པ་རེད། སྐྱེས་ས་རྒྱ་གར་ལུང་པ་རེད། འོན་ཀྱང་བོད་པ་ཚོས་ཧམ་པ་ཤོད་དུས་ཚིག་པ་ཟ་གིན་འདུག བྱས་ཙང་འདི་ན་འབྲུག་པའི་སྐོར་བཤད་པ་ཡིན། ཁྱོད་རང་འབྲག་མོ་ལས་བོད་མོ་དགའ་བ་ཡག་པོ་རེད། དེ་ལ་བཤད་རྒྱུ་གང་ཡང་མེད།
ཨ་་ལེ་རྗེ་བཙུན་པདྨ་ཁོང་གསུང་སྤྲུལ་རིན་པོ་ཆེའི་ཚ་མོ་རེད་འདུག་ག སྤྱིར་ནས་རྗེ་བཙུན་མའི་བཞིན་རས་རྒྱལ་པོའི་བཙུན་མོར་འོས་པ་ཞིག་རེད་འདུག གང་ལྟར་ལེགས་སོ།།
ཡང་འབྲོང་ངུར་ལགས་ལ་གཅིག་ཞུ་འདོད་བྱུང་། ང་ཚོས་འབྲུག་པས་ཆོས་སྐད་ཅེས་བརྗོད་བཞིན་པ་དེ་འབྲུག་ལ་ཤིན་ཏུ་ཉམས་དམས་སུ་སོང་ཡོད་པ་དེ་ཁྱེད་ཀྱིས་གསུངས་པ་ལྟར་རེད། དེ་ལ་འབྲུག་མིའི་ངོས་ནས་ཀྱང་བློ་ཕམ་བྱེད་ཀྱི་ཡོད། དེའི་རྒྱུ་རྐྱེན་ཀྱང་འབྲུག་རྒྱལ་ཡོངས་སྐད་ཡིག་རྫོང་ཁ་ཞེས་པ་གསར་དུ་བརྩམས་པས་ཡིན་པར་ཀུན་གྱིས་མོས་མཐུན་ཡོད། འོན་ཀྱང་དེ་གསར་དུ་བརྩམ་དགོས་པ་ནི་འབྲུག་བོད་ནས་ལོགས་སུ་དགར་ཆེད་མ་ཡིན་ཞུ།
འོ་ན་གང་གི་ཆེད་ཡིན་ཞེ་ན། སྔར་འབྲུག་རྒྱལ་པོ་གསུམ་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་འབྲུག་ལ་སློབ་གྲྭ་མང་པོ་ཞིག་གསར་དུ་བཙུགས་པ་རེད། སྐབས་དེར་སློབ་གྲྭའི་སློབ་ཚན་ཅིག་ནང་ཆོས་བཞག་ཡོད་རེད། ནང་ཆོས་དེ་དག་ཚང་མ་ཆོས་སྐད་སྟེང་ཡོད་ཅིང་། ཆོས་སྐད་དེ་དག་ནི་ཡིག་སྐད་དུ་བེད་སྤྱོད་བྱས་པ་ལས་ཁ་སྐད་དུ་བེད་སྤྱད་པ་བོད་ལ་ཡང་མེད་ཚོད་རེད། དེ་ཡིན་དུས་ནང་ཆོས་ཀྱི་དགེ་རྒན་རྣམ་པས་དགེ་ཕྲུག་ལ་སློབ་སྟོན་གནང་དུས་རང་རང་སོ་སོའི་ཁ་སྐད་བེད་སྤྱད་ནས་སློབ་སྟོན་གནང་ཡོད་པ་རེད།
ཉིན་ཞིག་འབྲུག་རྒྱལ་པོ་མཆོག་གིས་འབྲུག་རྒྱལ་ཁབ་ཀྱི་སློབ་གྲྭ་ཚང་མར་ཞབས་བསྐོར་དུ་ཕེབས་པ་རེད། སྐབས་དེར་མི་དབང་མངའ་ཞབས་ཆོག་ལ་དཀའ་ངལ་ཅིག་ཕྲད་ཡོད་རེད། དེ་ནི་སློབ་ཕྲུག་ཚོ་ལ་བཀའ་སློབ་གནང་རྒྱུ་དེ་རེད། སློབ་གྲྭ་རེ་ལ་ཁ་སྐད་རེ་རྒྱག་དགོས་བྱུང་བ་རེད། དེར་བརྟེན་མི་དབང་མངའ་ཞབས་ཀྱི་ཐུགས་ལ་འབྲུག་ལ་སྤྱི་སྐད་ཅིག་ངེས་པར་དུ་དགོས་པའི་དགོངས་པ་ཤར་ནས་དེ་ནས་རྫོང་ཁ་དེ་བརྩམས་པ་རེད། དེ་ཡིན་དུས་བོད་འབྲུག་ཐ་དད་བཟོ་ཆེད་མ་རེད་ཞུ་གི་ཡིན། སྤྱིར་ཁྱེད་རང་རྣམ་པས་ག་རེ་བཤད་ཀྱང་ང་ཚོ་ལ་ཆོ་ཡོད་མི་སྲིད། འོན་ཀྱང་གནས་ཚུལ་ངོ་མ་དེ་མཁྱེན་པའི་ཆེད་དུ་འདིར་བཀོད་པ་ཡིན།
ཡང་ཁྱོད་ཀྱིས་བཙན་པོའི་སྐབས་སུ་འབྲུག་རྒྱལ་ཁབ་ཅེས་པ་ཞིག་ཡོད་རེ་རེ་ནས་ཁོད་ཅིག་ཅེས་དོན་གྱིས་བོད་བཙན་པོའི་སྐབས་སུ་འབྲུག་རྒྱལ་ཁབ་ཅེས་པ་ཞིག་མེད་པར་གསུངས་འདུག དེ་བདེན་པ་རེད། དེ་ཡིན་དུས་འབྲུག་རྒྱལ་ཁབ་དེ་བཙན་པོའི་དུས་སུ་བོད་ཀྱི་ཆབ་འོག་རེད་ཅེས་པ་ནི་མོ་གཤམ་གྱི་བུ་བོད་པའི་རིགས་ནས་བྱུང་བ་རེད་ཅེས་པ་དང་མ་མཚུངས་སམ། ཧ་ཧ་ཀུ་རེ་ཡིན། བཙན་པོའི་སྐབས་སུ་འབྲུག་རྒྱལ་ཁབ་ཅེས་པ་མེད་ཀྱང་འབྲུག་ཡུལ་མེད་པ་མིན་ཞིང་དེ་ལ་རྒྱལ་པོ་མེད་པ་ཡང་མ་ཡིན། འོན་ཀྱང་འབྲུག་སྤྱི་ལ་ཁྱབ་པའི་རྒྱལ་པོ་ཞིག་བྱུང་མེད། གཏེར་སྟོན་དྲི་མེད་གླིང་པའི་གཏེར་ཆོས་ཞིག་ནས་གསུངས་པ་ལྟར་ན་སྔར་བུམ་ཐང་ལ་རྒྱལ་པོ་སིན་དྷ་ར་ཛ་ཞེས་པ་ཞིག་བྱུང་བར་གསུངས་འདུག རྒྱལ་པོ་དེ་ནི་རྒྱའི་རིགས་ཡིན་པར་བཤད་ཡོད། དེ་བཞིན་འབྲུག་དབང་འདུས་ཕོ་བྲང་ཕྱོགས་ལ་ཡང་རྒྱ་གར་གྱི་རིགས་རྒྱུད་ཡིན་པའི་རྒྱལ་པོ་ཞིག་བསྡད་ཡོད་པར་གསུངས་ཡོད། འབྲུག་གི་ཤར་ཕྱོགས་ཁོངས་སུ་གཞོང་སྒར་རྒྱལ་པོ། སྔ་ཚང་རྒྱལ་པོ། ཕྱི་ཚང་རྒྱལ་པོ། སྨུག་ཧཱུཾ་དཔོན་ཆེན་ལ་སོགས་པ་དེས་མཚོན་ཏེ་འབྲུག་ཡུལ་གྱི་ལུང་པ་རེ་ལ་རྒྱལ་པོ་རེས་དབང་ནས་བསྡད་ཡོད་རེད།
དེ་དག་གི་ནང་ནས་ཁ་ཤས་ཤིག་བོད་ཀྱི་མངའ་འོག་ཡིན་པ་ཡང་སྲིད་ལ་ཁ་ཤས་མིན་པ་ཡང་སྲིད། གོང་དུས་ཞུས་པའི་གཏེར་ཆོས་དང་བསྟུན་རྒྱལ་པོ་སིན་དྷ་ར་ཛ་དེ་རྒྱའི་རྒྱལ་རིགས་ཤིག་ཡིན་པ་དང་རྒྱའི་རྒྱལ་པོ་སྣ་བོ་ཆེ་དང་མ་མཐུན་པར་བྲོས་ཏེ་བུམ་ཐང་དུ་རྒྱལ་སྲིད་བཟུང་བར་བཤད་ཡོད། འབྲུག་ལྷོ་ཕྱོགས་རྩི་རང་ཕྱོགས་སུ་རྒྱལ་པོ་སྣ་བོ་ཆེའི་ཕོ་བྲང་ཡིན་ཞེས་པའི་ཤུལ་སོགས་ཡོད་པའི་ལོ་རྒྱུས་ཀྱང་བཤད་རྒྱུ་འདུག དེ་བཞིན་ཀྲོང་གསར་མནའ་སྦེ་བྱ་བར་མོན་གྱི་རྒྱལ་པོ་སིན་དྷ་ར་ཛ་དང་རྒྱའི་རྒྱལ་པོ་སྣ་བོ་ཆེ་གཉིས་ཀྱིས་བཙུགས་པའི་རྒྱ་དང་མོན་གྱི་མཚམས་རྟགས་ཡིན་ཞེས་ད་ལྟ་ཡང་རྡོ་རིང་ཞིག་མཇལ་རྒྱུ་ཡོད།
གང་ལྟར་གོང་དུ་ཞུས་པ་ལྟར་འབྲུག་པ་ཁ་ཤས་བོད་ཀྱི་མངའ་འོག་ཏུ་ཡིན་པ་ཡང་ཡོད་སྲིད་ལ། རྒྱ་གར་གྱི་མངའ་འོག་ཏུ་ཡིན་པ་ཡང་ཡོད་སྲིད་། དེ་བཞིན་དེ་གང་གི་མངའ་འོག་མིན་པ་ཡང་ཡོད་སྲིད། དཔེར་ན་དེང་སང་མོན་པ་ཞེས་པའི་མི་རིགས་དེ་ང་ཚོས་འབྲུག་གི་གཉུག་མའི་མི་རིགས་ཡིན་པར་འདོད་ཀྱི་ཡོད། དེ་སོགས་ཀྱིས་མཚོན་ཏེ་གཞན་ཡང་ཡོད་པར་ཤེས་པར་བྱའོ།།
དེ་བས་ཁྱེད་རྣམ་པས་བཤད་རྒྱུ་ཡོད་ན་སྔར་ལུང་པ་ག་གེ་མོ་ཞིག་རྒྱལ་པོ་ག་གེ་མོའི་མངའ་འོག་ཏུ་ཡིན་ན་ཇི་ལྟར་ཡིན་དགོས་སམ་དེའི་སྐོར་བཤད་རྒྱུ་ཡོད་ན་བཤད་རོགས། ང་དེའི་སྐོར་ཤེས་འདོད་མཆིས། དེ་མ་ཡིན་པར་འབྲུག་པ་བོད་པ་ཡིན་པ་དང་བོད་པ་འབྲུག་པ་ཡིན་ཞེས་པ་ནི་ཆོ་མེད་ཀྱི་གཏམ་རེད་འདུག་པས་འདི་ནས་མཚམས་འཇོག་རྒྱུའི་རེ་བ་ཡིན།
བོན་པོ་ལགས་ལ་ཞུ་རྒྱུ། ངས་གོང་དུ་ཞུས་པ་ལྟར་འདི་ནས་རྙོགས་གླེང་གི་སྐད་ཆ་གཞན་ཞུ་གི་མེད། འབྲུག་ལ་བོན་གྱི་དཔེ་ཆ་ཕོན་ཆེན་ཡོད་ལུགས་ཐད་རང་ཉིད་འབྲུག་གི་དགོན་སྡེ་ཁག་གི་དཔེ་རྙིང་ཉམས་སྲུང་གི་ལས་ཀ་ལེན་མཁན་ཞིག་ལགས་པས་བློ་སྤོབས་ཆེན་པོའི་ངང་ནས་དེ་མི་བདེན་ཅེས་བཤད་ཆོག ཉིད་ཀྱིས་གསུངས་པའི་ཞབས་དྲུང་མཚན་ལྡན་འདུལ་བའི་གདན་ས་སྐུ་འབུམ་ལྷ་ཁང་དུ་སྲིད་པའི་རྒྱལ་པོའི་གསོལ་ཁའི་དཔེ་ཆ་ཞིག་མ་གཏོགས་གཞན་མིན་འདུག དེ་བཞིན་སེའུ་སྒང་ལྷ་ཁང་ལ་ཡང་དེ་མ་གཏོགས་མིན་འདུག་ཟེར། བུམ་ཐང་ཨུ་ར་ལ་ཡང་གཡག་མཆོད་ཅེས་པའི་དཔེ་ཆ་ཞིག་ཡོད་ཀྱང་དེ་ངས་མཇལ་མ་མྱོང་། གཞན་བོན་པོའི་དཔེ་ཆ་ཟེར་བ་རྣམས་ནི་གདོད་མའི་བོན་ཡིན་ནམ་མི་ཤེས་ཏེ་ངག་ཐོག་ནས་ཕབ་སྟེ་དེང་སང་གསར་དུ་བཀོད་པ་ཤ་སྟག་ལས་དཔེ་རྙིང་གང་དུ་ཡང་མ་མཐོང་ངོ། དེ་ཙམ་གྱིས་འཐུས་པར་བྱས་སོ།།
ལ་སྟོད་བུ་ལ་གཅིག་ཞུ་འདོད་བྱུང་། ངས་འབྲུག་ལ་བོན་གྱི་དགོན་པ་ཡོད་པ་ཤེས་ཀྱི་ཡོད། འོན་ཀྱང་བོན་གྱི་ཆོས་ལུགས་ནི་མེད། བོན་གྱི་དགོན་པ་ཚང་མའི་ནང་ཆོས་ལུགས་པའི་སྐུ་གསུང་ཐུགས་རྟེན་གྱིས་གང་ཚར་ཡོད། ཡིན་ན་མིན་ན་སྲིད་པའི་རྒྱལ་མོ་གཅིག་ལྷག་ཡོད། ད་ལྟ་ང་ཚོས་བོན་གྱི་ཆོས་ལུགས་སུ་བརྩི་བཞིན་ཡོད་པ་ནི་དམར་མཆོད་བྱེད་མཁན་དང་དཀར་མཆོད་ཀྱི་སྟེང་ནས་ལྷ་གསོལ་བོན་གསོལ་བྱེད་མཁན་ཉག་ཅིག་རེད།
འབྲུག་ལ་སྔར་དགེ་ལུགས་པའི་ཆོས་ལུགས་མེད་གསུངས་པར་བལྟས་ན་ཁྱེད་ཉིད་འབྲུག་ལ་རྒྱུས་མངའ་མེད་ཚོད་འདུག འབྲུག་ལ་སྔར་དགེ་ལུགས་པ་མེད་པ་མིན། རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་དང་པ་ཡིན་གཉིས་པ་ཡིན་མི་ཤེས། རྒྱལ་བ་དགེ་འདུན་གྲུབ་ཀྱི་སྐབས་ནས་འབྲུག་མེ་རག་དང་སག་སྟེང་ལ་དགེ་ལུགས་བྱུང་བར་བཤད་རྒྱུ་འདུག དེ་ཕྱོགས་ལ་ད་ལྟའང་དགེ་ལུགས་དང་པད་གླིང་ཟུང་འབྲེལ་དུ་གནས་ཡོད་ཟེར།
འབྲུག་ལ་སྔར་མེད་ཀྱི་ཆོས་ལུགས་གསར་དུ་བྱུང་བ་དགག་ཆ་གང་ཡང་མེད། ཆོས་ལུགས་གསར་རྙིང་གང་ཡིན་ཡང་སོ་སོའི་འདོད་མོས་ལྟར་བྱེད་དགོས་པ་ལས་དེ་ལྟར་མིན་པར་སུ་ཞིག་གིས་གཡོ་སྒྱུ་དང་མགོ་བསྐོར་བཙན་གནོན་གྱིས་དེ་ལ་མོས་སུ་བཅུག་ན་དེ་ནི་ཁྲིམས་འགལ་གྱི་གྲངས་སུ་བརྩི་གི་ཡོད། དེར་བརྟེན་གལ་ཏེ་དེ་འདྲ་བྱུང་ཞིང་དེའི་སྐོར་ཉེན་རྟོག་པས་གོ་རྟོགས་བྱུང་ན་གང་ཟག་དེ་ཡི་མགོ་ལ་ཉེས་ཁྲིམས་ཚ་ཐག་ཆོད་ཅིག་རག་ཐག་ཆོད་ཡིན།
ཡང་ཅིག་ཞུ་རྒྱུ་ང་ཆོས་ལུགས་གང་ཞིག་ལ་ཡང་སྡང་བ་མེད། འདིར་བོན་གྱི་མཁན་པོའི་སྐོར་བཀོད་དགོས་བྱུང་བ་ནི་བོན་པོ་ལགས་ཀྱིས་རྐྱེན་བྱས་པ་ཡིན་པར་གོང་དུ་ཡང་ཡང་ཞུས་པ་ལྟར་ཁྱེད་རང་ཉིད་ཀྱིས་མཁྱེན་གསལ་རེད། ཡིད་མ་ཆེས་ན་དེའི་སྐོར་གླེང་གཞི་ཁྱེར་ཡོང་མཁན་སུ་ཡིན་མིན་གོང་གི་མཆན་ཚང་མ་ཐེངས་གཅིག་ཀློགས་དང་། དེ་ནས་མཁྱེན་ངེས་རེད། དེ་བས་ཁྱེད་རང་ལ་བདེ་མོ་ཡོང་བའི་རེ་སྨོན་ཞུ།
མེ་དཀར་ལགས། བོད་ཀྱི་ས་ཁྲ་འཛམ་གླིང་ས་ཁྲ་ལས་མེད་པ་ནི་ཁྱེད་ཀྱིས་མ་མཐོང་བའམ་མཐོང་བ་རྣམས་ཆད་ནོར་ལྷག་པ་རྣམས་རེད། བོད་ཀྱི་ས་ཁྲ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁྲ་ལས་ཡོད། མི་བདེན་ན་ལྟོས་དང་། མཐོང་ངེས་རེད། ཧ་ཧ་
མི་བདེན་ན་རྒྱ་གར་རྒྱུད་ནས་ནུབ་ཕྱོགས་སུ་གནམ་གྲུ་སྡོད་དང་། གནམ་གྲུའི་ཕྱོགས་སྟོན་འཁོར་ལོ་ལས་ཀྱང་བོད་ས་མཐོང་ངེས་རེད།
གཡུ་འབྲུག་དཀར་པོ་ལགས་ཐུགས་རྗེ་ཆེ་ལན་གནང་བར།
ང་གཉིས་མི་རིགས་དང་སྡེ་ཚན་གཅིག་ཡིན་པར་སེམས་བཞིན་ཡོད་པས་དེ་དོན་དགོངས་འཇགས་དང།
འབྲུག་ལ་བོན་པོའི་ཆོས་ལུགས་མེད་གསུངས་པ་ནི་བདེན་མི་ཆེ།
ག་ལེར་གསན་དང་གསན་པའི་རེ་བ་ཡོད།
བོན་སྤྱོད་པའི་མི་དང་བོན་དཔེ་བོན་གྱི་མཆོད་རྟེན་དང་ལྷ་དང་ལྷ་ཁང་སོགས་ཡོད་པ་ལ་བོན་པོའི་ཆོས་ལུགས་ཡོད་མི་ཟེར་རམ།
རྒྱལ་བའི་སྐུ་གསུང་ཐུགས་རྟེན་ཡོད་སར་རྒྱལ་བསྟན་ཡོད་པར་མི་འདོད་དམ།
བོན་གྱི་ལྷ་ཁང་ནི་འདུག
མཆོད་རྟེན་ནི་འདུག
ལྷ་ནི་འདུག
གསུངས་རབས་ནི་འདུག
དེར་སྤྱོད་པའི་བོན་པོ་ནི་འདུག
དེ་ལས་ལྷག་པའི་བོན་གྱི་ཆོས་ལུགས་ཟེར་བ་ག་འདྲ་ཞིག་ལ་འཇོག་གམ།
སྔར་ཡོད་སྐྱར་གསོ་བྱེད་པ་ནི་རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་རྒྱལ་ཁབ་ཀྱི་རིགས་གཞུང་ཉམས་གསོ་ཟེར་བ་དེ་འདྲར་བརྗོད།
སྔར་བོད་ལ་དུས་འགྱུར་མ་བྱུང་བའི་གོང་དུ་རྒྱལ་རོང་དུ་ཡོད་པའི་བོན་གྱི་དགོན་པ་གཡུང་དྲུང་ལྷ་སྟེང་ཞེས་པ་དང་པོ་རྙིང་མས་བསྒྱུར་དེ་རྗེས་དགེ་ལུགས་ཀྱིས་བསྒྱུར་བར།
ཕྱིས་བོད་ལ་ཆོས་སྒོ་ཕྱེས་དུས་བོན་པོ་རྣམས་ཀྱིས་རྒྱ་ནག་གཞུང་ལས་རེ་བསྐུལ་ཞུས་པ་ལྟར་སྔར་སུ་ལ་བདག་ཡོད་མེད་ཀྱིས་ཞིབ་འཇུག་བྱས་ཏེ་མཐར་བོན་པོ་རང་ལ་ཚུར་སློག་པ་ལྟ་བུ་རེད།
ཁྱེད་ལ་ཆོས་ལུགས་གཞན་ལ་སྡང་བའི་སེམས་མེད་གསུངས་པ་དེ་མི་བདེན།
སྔར་ཁ་བརྡའི་དྲ་རྒྱར་མཁར་རྨེའུ་བསམ་གཏན་གྱི་སྐོར་ལ་རྩོད་པ་བྱེད་དུས་ཁྱེད་ཀྱིས་བོན་ལ་ངན་སྨྲས་མང་པོ་ཞིག་སྨྲས་པ་དྲན་གྱིས།
གཡུ་འབྲུག་དཀར་པོ་ལགས་ད་ལྟ་རང་ང་ཡི་གོ་གསལ་དུ།
འབྲུག་རྒྱལ་ཡོངས་དཔེ་མཛོད་དུ་མེ་ཉག་སྤྲུལ་སྐུ་ཞུ་བ་དེ་ཡིས་བོན་པོའི་བཀའ་འགྱུར་ཆ་ཚང་བཞག་ཡོད་འདུག་ཅིང་དེ་ཡང་ལེགས་པོ་བྱེད་དེ་ཉར་ཚགས་གནང་འདུག་དེར་བོན་གྱི་དཔེ་རྙིང་རྣམ་རྒྱལ་གཟུངས་ཆེན་ཞེས་པ་ཞིག་ཀྱང་ཡོད་འདུག
ད་ལྟ་མེ་ཉག་སྤྲུལ་སྐུ་ཁོང་དཔེ་མཛོད་ཁང་གི་དབུ་འཛིན་ནས་དགོངས་ཞུས་བྱས་རྗེས་བོན་གྱི་བཀའ་འགྱུར་དེ་དག་ས་ཁུག་འཁྱོག་ཅིག་ལ་ཉར་ཡོད་འདུག་ཁྱེད་ནས་ལེགས་པར་གཟིགས་དང།
མེ་ཉག་སྤྲུལ་སྐུ་རིན་པོ་ཆེ་ནི་ཐོག་མར་བོད་ནས་ཕེབས་པ་ཞིག་དང་ཁོང་གི་ཡབ་ཡུམ་ལས་སོགས་ནང་མི་བོན་པོ་ཡིན་པར་མ་ཟད་བོན་ལ་དད་གུས་ཀྱང་ཡོད་མུས་ཡིན་འདུག
འབྲུག་དང་བོད་གཉིས་གང་ཡིན་ནའང་ཡིན། ཐག་མི་ཆོད་ཚོད་འདུག དེ་བས་ཀྱང་། དྲྭ་གྲོགས་རྣམ་པར་བཀའ་འདྲི་ཞིག་ཞུ་འདོད་བྱུང་། ལན་ཞིག་གསོལ་རས་ཡོང་བ་མཁྱེན།
ང་ཚོས་ནམ་རྒྱུན་མི་ཞིག་ཚེ་ལས་འདས་པ་ན། ་་་་་་་་་ཕྱི་མའི་ལྔ་ལམ་དུ་གྱུར་པ་་་་་་ཞེས་འབྲི་བརྗོད་བྱེད་ཀྱིན་ཡོད་པ་དེའི་དོན་གང་ཡིན་ནམ། འཆི་བ་དེ་ཉིད་ཕྱི་མའི་ལྔ་ལམ་ཡིན་ཚུལ་དང་། ཕྱི་མའི་ལམ་དང་པོ་དང་། གཉིས་པ། གསུམ་པ། བཞི་པ་བཅས་ཀྱང་རེ་རེ་བཞིན་ངོས་འཛིན་བྱེད་ཐུབ་བམ། ལོ་ཤས་སྔོན་ཕྱག་དཔེ་ཞིག་གི་ནང་འདིའི་སྐོར་མཐོང་མྱོང་ཡང་ད་ནི་གང་དུ་ཡིན་བརྗེད་ཟིན་འདུག དེར་བརྟེན་དྲྭ་གྲོགས་མཁྱེན་ལྡན་རྣམས་ཀྱིས་ཕྱི་མའི་ལམ་ལྔ་པོ་ངོ་སྤྲོད་ཅིག་གནང་ན་འགྲིག་གམ།
རབ་བྱུང་ན་གང་དུ་གསལ་བའི་ཁུངས་ལུང་ཡོད་པ་དང་། དེ་ལྟར་མ་བྱུང་ཡང་རང་ཉིད་ཀྱི་ལྟ་ཚུལ་བརྗོད་ཀྱང་ཆོག བློ་སྐྱེད་ཅིག་ཞུ་ཞུ།
སྐུ་ཞབས་རིག་འབྱུང་ལགས། བོད་ཀྱི་ས་ཁྲ་འདུག་ལ་འབྲུག་གི་ས་ཁྲའང་འདུག མཐོང་བྱུང་། རིག་བྱུང་། ཡིན་ནའང་བོད་ཅེས་རྒྱལ་ཁབ་ཟུར་དུ་མིན་འདུག་པ་དེས་ན་རང་ས་ལག་མཐིལ་ཙམ་ཡང་མེད་ཅེས་བརྗོད་པར་བྱས་སོ།།
བློ་མཐུན་གཡུ་འབྲུག་དཀར་པོ་ལགས། ཁྱེད་རང་མི་བཟང་པོ་ཞིག་རེད། དེ་མིན་ན་རང་གི་རྒྱལ་ཁབ་ནང་སྐད་གསར་པ་བཟོས་ནའང་བཟོས། ཡིག་གསར་བཟོ་ནའང་འདྲ། ཡིག་རྙིང་བསུབ་ནའང་འདྲ་དེའི་སྐོར་རང་ཡུལ་རང་གིས་བདག་པོ་རྒྱག་མ་ཐུབ་པའི་བོད་པ་ཚོར་གསལ་བཤད་བྱ་དོན་གང་ཡོད། ཁྱེད་རྣམ་པའི་རྒྱལ་ཁབ་ནང་གང་ཞིག་བྱ་ནའང་རྒྱལ་སྤྱིའི་ཁྲིམས་དང་མ་འགལ་ན་གང་བྱེད་ཁྱེད་རང་ཚོའི་འདོད་པ་རེད། ཐུགས་བདེ་བར་འདོགས་ལགས།
ཟླ་བ་དོན་གྲུབ་ལགས་ཁྱེད་ཀྱིས་དྲིས་པར་ལན་ཞིག་ཕུལ་ཡོད་པས་ཐུགས་རེ་བསྐོང་བའི་རེ་བ་ཡོད།
འཇིག་རྟེན་ལྔ་ལམ། བྱིས་པ། གཞོན་ནུ། དར་མ། རྒས་པ། མཐར་ཤི་བ་ནི་ལྔ་པའི་ལམ་མོ། འཇིག་རྟེན་གྱི་མི་རྣམས་ལ་འགྱུར་ལྡོག་ལྔ་ཡིས་སྒོ་ནས་མཐར་མི་ཡི་ཚེ་ཚད་རྫོགས་འགྲོ་བཞིན་ཡོད། དེ་ཡང༌། ཆུང་བྱིས་པ། དེ་ནས་ན་ཚོད་གཞོན་ནུའི་སྐབས། དེ་ནས་ལུས་སེམས་དར་ལ་བབས་ཏེ་དར་མ་ཡི་གནས་སྐབས། དེ་ནས་ལུས་ཀྱི་འབྱུང་བཞིའི་ནུས་པ་རིམས་པས་ཉམ་སྟེ། ཤ་ཟད་རུས་ཟད་དུ་གྱུར་ཏེ་ལུས་ཀྱི་བཀྲག་མདངས་ཡལ་ཏེ་རྒས་པོར་གྱུར་བའི་གནས་སྐབས། མཐར་རྟེན་འབྲེལ་བཅུ་གཉིས་པ་འཆི་པའི་གནས་སྐབས་སམ། འཇིག་རྟེན་གྱི་མི་ཚེ་འདི་ཡི་ལམ་ལྔ་པ་འཆི་བའི་གནས་སྐབས་བཅས་སུ་འགྱུར། འཇིག་རྟེན་འདི་ནས་ཕྱི་མའི་ལྔ་ལམ་དུ་གྱུར་པ་ཞེས་ཟེར་སྲོལ་ཡོད་པ་ལྟ་བུའོ། བླ་མ་ཞིག་ཡིན་ན་འདི་ནི་ངེས་པར་དུ་ཤེས་དགོས་པ་ཞིག་ཡིན།
དེ་མིན་ཚེ་ལས་འདས་པར་བསྔོ་བ་ལས་སོགས་ཀྱི་གནད་དོན་མ་ཤེས་པར་མིག་བཙུམས་ནས་བཞུགས་རྒྱུ་ལས་མེད།
བོད་འབྲུག་ཕ་རུས་གཅིག་གི་བདག་པོ། ཕ་ཆོས་གཅིག་གི་རྗེས་འཇུག ཤ་ཁྲག་གཅིག་ཏུ་འདྲེས་པས་རིགས་གཅིག་ལ་རྒྱལ་ཁབ་སོ་སོ་བྱས་ན་མི་ཆོག་པ་མེད། བོད་འབྲུག་མཐུན་ན་བོད་ཆོས་རྒྱལ་དང་སྤྲུལ་བའི་ལོ་པཎ་རྣམས་ཀྱི་ཆོས་རྒྱུན་འདི་དར་རྒྱས་འབྱུང་བར་པན་པ་ངེས་ཅན་འབྱུང་། བསྟན་པ་ལ་དགོངས། མཐུན་སྒྲིལ་གྱིས། འོན་ཀྱང་བོད་བརྒྱུད་ནང་བསྟན་གྱི་མི་གྲངས་ལ་བསམ་ན་འབྲུག་བོད་གཉིས་ཀ་བསྟན་པའི་བདག་པོ་མ་རེད། དམངས་གཙོའི་འདེམས་ཤོག་འཕང་བ་ཡིན་ན་བསྟན་པའི་བདག་པོ་རྒྱ་ནག་ཆགས་རྒྱུ་རེད། བོད་བརྒྱུད་ནང་བསྟན་སྤྱོང་མཁན་གྱི་རྒྱ་རིགས་དུང་བྱུར་ལས་བརྒལ་ཡོད། རྒྱ་ནག་གི་འབུམ་རམ་མ་ཁྲིན་ཡོ་མའོ་བྱ་བའི་ཞིབ་འཇུག་ལྟར་ན། མི་གྲངས་ཕྱོགས་རྩིས། རྒྱ་ནག་སྐམ་ས་ཆེན་པོར་བྱེ་བ་དགུ། ཁ་འཐོར་བྱེ་བ་གཅིག ཧིན་དྷུ་ཉི་་ཞི་ཡར་འབུམ་བརྒྱད། ཐེ་ཝན་ཏུ་འབུམ་བཞི། མ་ལ་ཤི་ཡར་འབུམ་གཅིག ཉི་ཧོང་ཏུ་འབུམ་གཅིག ཧྥི་ལི་པེན་ལ་འབུམ་གཅིག ཧོང་ཀོང་ཏུ་ཁྲི་གསུམ། མ་ཁོ་ལ་ཁྲི་གཅིག སངྒ་པུར་ཏུ་སྟོང་ལྔ་ཙམ་ཡོད་པར་བཤད། དེ་རགཡ་རིགས་ཁོ་ན་དང་། སོག་པོ་ཕྱི་ནང་བསྡོམ་པ་འབུམ་བརྒྱད། འབྲུག་པ་འབུམ་དྲུག རྒྱ་གར་ཏུ་འབུམ་བཞི། ཡུ་རོབ་ཕྱོགས་ལ་འབུམ་བཞི། ཉེ་པཱལ་ཕྱོགས་ལ་འབུམ་གསུམ། ཨ་རི་ཕྱོགས་ལ་འབུམ་གཉིས། ར་ཤ་ཕྱོགས་ལ་འབུམ་གཅིག ཅེས་བརྩིས་ཡོད། དེ་དག་ཁྱབ་ཆེ་བི་ཕྱོགས་ཡིན། ཨ་རབ་ཕྱོགས་མ་ཡིན་པར་རྒྱལ་ཁབ་ཕལ་མོ་ཆེར་སྟོང་ནས་ཁྲི་ལོང་བ་ཡོད་པས་བོད་རྒྱུད་ནང་བསྟན་འདི་ཏཱ་ལེ་རུ་ཤོག་ཀྱིས་རླུང་འཚུབ་བཞིན་འཁོར་བཅུག་སོང་བས་དོ་སྣང་ཆེན་པོ་དགོས། ལྷག་པར་ཏུ་བོད་དང་སོག་པོ། འབྲུག་པ་གསུམ་ལ་ཁྱད་པར་མེད་པས་འགོ་ནད་སྔོན་འགོག་མ་བྱས་ན་ཁྱབ་འགྲོ་ཞེས་བཤད་འདུག འདི་དཔྱད་གཞི་ཙམ་གནང་བ་དང་། གྲངས་ཀ་འདི་མ་ཡིན་པའི་ཁ་གསལ་གསུང་རྒྱུ་ཡོད་ན། དྲ་གྲོགས་ཚོས་གནང་བར་ཞུ།
བོད་ལ་ས་ཡ་བཞི། འབྲུག་གི་གྲངས་དང་བོད་ཀྱི་གྲངས་ཅིའདྲ་བྱས་ནས་ཐག་བཅད་པ་ཡིན་གསལ་ཁ་མི་འདུག
གཡུག་འབྲུག་དཀར་པོ་ལགས། ཁྱེད་རང་གི་མཁྱེན་རླབས་དང་དཔྱོད་ཤེས་ལ་ངས་ནམ་ཡང་ཡི་རངས་ཞུ་འོན་ཀྱང་སྐུ་ཉིད་ཀྱི་གཟུ་བོར་མ་གནས་པའི་སྐད་ཆ་འགའ་ཞིག་བཤད་སོང་། ད་ནི་ངས་ཡང་སྐྱར་གསལ་བརྗོད་བྱ་འདོད་རང་བཞིན་གྱིས་ཆུང་དུ་ཕྱིན་གིན་འདུག་ལགས། དྲི་བ་ཚིག་གཅིག་ཞུ་གོང་གསལ་དེ་དག་ཁྱོད་སྐུ་སྒེར་གྱི་བསམ་ཚུལ་ཡིན་ནམ་འབྲུག་མི་དམངས་ཀྱི་འདོད་པ་གང་ཡིན། སྐད་ཡིག་གི་་ཐོག་ལ་ཉམས་ཆགས་འགྲོ་ཡིན་ཡོད་པ་རང་གིས་མཁྱེན་བཞིན་འདུག་པས་ཉམས་སྐྱོང་ཡོང་བར་ཞུ་ལགས། ཁྱོད་རང་གི་ཡིག་ཆུང་དག་གིས་ང་ལ་སྔར་མེད་ཀྱི་བློ་སྐྱེད་མང་པོ་ཐོབ་སོང་བས་སྙིང་ནས་བཀའ་དྲིན་ཞུ་ཞུ་ད་བདེ་མོ་བཞུགས་ལགས།
དྲ་གྲོགས་ཚོར་ལ་དྲི་བ་གཅིག་ཞུ་ དཔེ་ཆ་ནང་དུ་ ༼རིག་པ་བཅུད་ལ་བོར་༽ ཞེས་གསུངས་འདུག་པས་དེའི་ཚིག་དོན་ཇི་ཡིན་ཞིག་གསུངས་རོགས་མཁྱེན་
འབྲུག་རྒྱལ་མོ་རྗེ་བཙུན་པདྨོ་ནི་སྐུ་ཡབ་ནི་ཁམས་ཉག་རོང་དང་། མ་འབྲུག་མོ་རེད། ཆོས་བརྒྱུད་རྙིང་མ་ཀཿ་ཐོག་སོང་དང་། གཏེར་གྱི་ལུང་བསྟན་དང་དགོས་པ་མང་པོ་ཞིག་གིས་བཙུན་མོ་ལ་ལེན་པ་ཡིན་ཞེས་འབྲུག་རྒྱལ་རང་གི་ཚོགས་ལབ་ཏུ་བཤད་འདུག
འཇམ་རྒྱལ་ལགས།
རིག་པ་བཅུད་ལ་བོར་ཅེས་པ་ནི།
རིག་པ་གནད་ལ་ཞོག་ཅེས་པའི་དོན་རེད།
དེ་ཡང་རྫོགས་པ་ཆེན་པོའི་གཞུང་སོགས་ནས་རིག་པའམ་སེམས་དེ་ཉིད་གནས་ལུགས་ཀྱི་དོན་ལ་མ་གཡོས་མ་བཅོས་པར་ཧྲིག་གེར་ཞོག་ཅེས་པ་དང་དོན་འདྲ་བར་བཤད།
བོར་ཅེས་པ་ནི་ལ་སྟོད་དང་མངའ་རིས་པ་ལས་སོགས་ཀྱི་ཁ་སྐད་དུ་ད་ལྟའང་ཡོད།
དཔེར་ན་གཡུག་བོར་ཅེས་པ་གཡུག་ཞོག་ཅེས་པ་དང།
ཅ་དངོས་འདི་མདུན་ལྕོག་གི་སྟེང་དུ་བོར་ཅེས་པ་ནི་དེར་ཞོག་ཅེས་པའི་དོན་ནོ།
མདོ་སྨད་འབྲོག་པ་ཕལ་ཆེ་བས་་་་ཅ་ལག་ཕར་ཚུར་སྐྱེལ་བ་ལ་་་་ཅ་ལག་བོར་གི་ཡོད་་་་་ཟེར་གི་རེད་་་་་་རོང་བ་ཚོས་་་ཁུར་་་་ཟེར་གི་རེད།
འབྲུག་ཡུལ་དུ་མིའི་འགྲོ་བ་དུས་ནམ་ཞིག་ནས་བྱུང་བའི་སྐོར་ང་ཚོ་སུ་ལ་ཡང་གསལ་ཁ་མེད། འདི་འབྲུག་ཡུལ་གཅིག་པུར་འཁྲིས་པའི་དཀའ་ངལ་ཞིག་མ་རེད། བོད་ལ་ཡང་དེ་བཞིན་རེད། འོན་ཀྱང་ངས་བོད་ལས་འབྲུག་ཁུལ་དུ་མིའི་རིགས་སྔ་བར་བྱུང་ཡོད་སྲིད་ཅེས་སྔོན་གྱི་མཆན་ཞིག་ཏུ་བྲིས་ཡོད། འདི་ལ་ཚན་རིག་དང་མཐུན་པའི་རྒྱུ་མཚན་ཡོད། ཚན་རིག་པས་བཤད་ན་མི་རྣམས་ཀྱི་ཐོག་མའི་ཡབ་མེས་སམ་འབྱུང་རྩ་དག་འཁོད་དམའ་སའི་རྒྱ་མཚོའི་མཐའ་རིམ་ནས་སྐྱེ་འཚར་གྱི་འགོ་བརྩམས་པར་ཤོད་ཀྱིན་ཡོད། དེར་བརྟེན་འཁོད་དམའ་ས་ནས་རི་མཐོ་ས་མཐོར་རིམ་གྱིས་མཆེད་རྒྱུ་འདིར་གནས་ལུགས་ངེས་ཅན་ཞིག་ཡོད། འོན་ཀྱང་འདི་སྐོར་རྒྱས་བཤད་མི་བྱེད།
འབྲུག་མི་རྒྱ་བོད་གང་ལས་ཀྱང་མཆེད་མི་དགོས་པར་རང་ས་རང་ཡུལ་ནས་སྐྱེ་འཚར་གྱི་འགོ་བརྩམས་པ་ཞིག་ཡིན་ཆོག་པ་ལ་ཨང་སྙམ་སྙམ་གྱི་གུ་དོགས་འདུན་པ་དེ་དེང་སང་གི་འབྲུག་མི་ཚོར་གློ་བུར་དུ་ཡོད་པར་གྱུར་པའི་ཚོར་སྣང་ཞིག་མ་རེད། སྔོན་གྱི་འབྲུག་མི་དེ་ཚོར་ཡང་ཚོར་བ་འདི་ཤུགས་ཆེན་པོར་ཡོད། དཔེར་ན་རྗེ་མཁན་ཁྲི་རབས་རེ་དྲུག་པ་དགེ་འདུན་རིན་ཆེན་པས་ཀྱང་འབྲུག་མི་རྒྱ་བོད་གང་ལས་ཀྱང་མཆེད་མི་དགོས་པར་བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་ལྟ་བུས་འབྲུག་ས་རང་ནང་ནས་འབྱུང་ཆོག་པ་ལྟ་བུར་གསུངས་ཡོད། འདི་ཚོ་གུ་དྭོགས་དྲགས་ཀྱི་ཡོད།
སྲོང་བཙན་གྱི་དུས་སྐབས་སུ་འབྲུག་ཡུལ་དུ་རྒྱལ་ཁབ་ཅིག་གི་རྣམ་པ་མེད་པ་དེ་གསལ་པོ་རེད། མཐའ་འདུལ་གྱི་གཙུག་ལག་ཁང་རྣམས་བོད་ཀྱི་ས་བཀྲ་མི་ཤིས་པའི་ཁ་གནོན་དུ་བརྒྱབས་པ་མ་གཏོགས། བོད་ཁོངས་སུ་མི་གཏོགས་པའི་ཡུལ་གྲུ་ཞིག་ཡིན་ན་དེའི་ས་བཀྲའི་མི་ཤིས་པའི་མཚན་པའི་སྡུག་བསྔལ་དང་འཇིགས་ཉེན་དེ་བོད་རྒྱལ་གྱིས་འཁྱེར་དགོས་དོན་མེད་པ་ཁྱེད་ཚོས་མཁྱེན་གསལ་རེད། དེ་ཙམ་མ་ཟད་འབྲུག་པ་དགེ་འདུན་རིན་ཆེན་རང་གིས་འབྲུག་ཡུལ་དུ་སྲོང་བཙན་གྱིས་མཐའ་འདུལ་གྱི་གཙུག་ལག་ཁང་བཞེངས་པ་དེ་དམ་ཆོས་ཐོག་མར་དར་བའི་དུས་མཚམས་དང་། དེའི་རྗེས་ནས་མི་རབས་དག་རིམ་གྱིས་འཕེལ་ཏེ་གྲོང་དང་གྲོང་ཁྱེར་གྱི་རྣམ་པ་དག་གྲུབ་པར་ཁས་བླངས་འདུག་ག གྲོང་དང་གྲོང་ཁྱེར་ཟེར་བ་དེ་སྐབས་འདིར་མིའི་འདུས་ཚོགས་ཆེ་ཆུང་གི་ཆ་ནས་ཡིན་པ་མ་གཏོགས་སྡོད་ཁང་འཛུགས་སྐྲུན་མང་ལོས་ཀྱི་འཕེལ་རིམ་ཞིག་གི་སྟེང་ནས་གསུང་གི་མེད་ཚོད། དེ་ན་མིའི་འདུས་ཚོགས་ཀྱི་རྒྱ་ཁྱོན་གང་ཙམ་ཞིག་མ་གྲུབ་པར་རྒྱལ་པོ་ཟེར་བ་ཞིག་ཡོང་ཤེས་སྟངས་ག་ལ་ཡོད། འོན་ཀྱང་ངས་འདི་ཚོ་འབྲུག་རིགས་རྣམས་ཐབས་སྐྱོ་པོ་ཡིན་པ་དང་། བོད་བཙན་པོའི་མངའ་ཞབས་སུ་ཡོད་ན་ཁྱེད་ཚོ་ཉམས་དམའ་པོ་ཡིན་པ། ང་ཚོ་བོད་རིགས་ཚོར་སྙེམས་པ་བྱེད་རྒྱུ་ཞིག་ཡོད་དགོས་ཀྱི་ཆ་ནས་ཞུ་ཡི་མེད། ང་ཚོས་ལོ་རྒྱུས་ཀྱི་གནད་དོན་ལ་ངོས་འཛིན་གཙང་མ་ཞིག་ཡོང་དོན་དུ་དཔྱད་པ་བྱེད་ཀྱིན་ཡོད་པ་རེད།
གོང་དུ་གཡུ་འབྲུག་དཀར་པོས་རྒྱལ་པོ་སིནྡུ་ར་ཛའི་སྐོར་ཅིག་བཤད་སོང་། སྤྱིར་སྟངས་ལོ་རྒྱུས་དེ་དངོས་ཡོད་ཡིན་དབང་དུ་བཏང་ཡང་སྲོང་བཙན་གྱི་དུས་སྐབས་སུ་མ་རེད། ཁྲི་སྲོང་གི་དུས་སྐབས་སུ་རེད། རྒྱ་གར་གྱི་རྒྱལ་པོ་དེ་འབྲུག་ཡུལ་དུ་ཅི་བྱེད་དུ་ཡོང་མིན་ནི་མི་ཤེས། གཅིག་བྱས་ན་སྐྱབས་བཅོལ་དུ་ཡོང་བ་མིན་འགྲོ། རྗེས་སུ་ཁོ་པ་ནད་ཀྱིས་མནར་བའི་སྐབས་དེའི་རྐྱེན་སེལ་དུ་སློབ་དཔོན་པདྨ་གདན་འདྲེན་ཞུས་པར་བཤད། སློབ་དཔོན་པདྨ་ཁྲི་སྲོང་གི་དུས་སྐབས་སུ་མ་རེད་པས། ཇོ་བོ་དགུང་ལོ་བདུན་བརྒྱར་བཞུགས་ཟེར་བ་ལྟར་ཡིན་ན་ནི་དེར་ཟད།
གོང་དུ་ངས་ཞབས་དྲུང་འབྲུག་བྱོལ་དུ་ཕྱིན་པ་དེ་དཔག་བསམ་དབང་པོ་༸རྒྱལ་དབང་ལྔ་པའི་གཉེན་འབྲེལ་ཡིན་པའི་རྒྱུ་མཚན་དང་འབྲེལ་ཡོད་སྐོར་བཤད་པ་ཡིན། འདི་ངག་རྒྱུན་ལ་ཡོད་པའི་སྐད་ཆ་ཞིག་རེད་འདུག ཡིག་ཆ་ཁག་ཏུ་འདི་འདྲ་ཞིག་གསལ་གྱི་ཡོད་མེད་ཤེས་མ་སོང་། ལོ་རྒྱུས་སུ་གསལ་བ་ནི་སྤོབས་པ་མཐའ་ཡས་ཀྱིས་བཤད་པ་ལྟར་སྡེ་པ་གཙང་པ་དང་མི་མཐུན་པས་ཡིན་ཟེར་བ་དེ་རང་རེད། འདིའི་ཐད་དུ་ཡང་དགད་མོ་འཆོར་བའི་གནས་ཚུལ་འགའ་ཤས་འདུག བོད་པས་བོད་པ་རྒྱལ་བར་བཤད་ལ་འབྲུག་པས་འབྲུག་པ་རྒྱལ་བར་བཤད་པའི་དམག་དེ་འདྲ་ཡང་བྱུང་འདུག ཡང་སྙིང་སུ་རྒྱལ་ཡོད་མིན་ནི་མི་ཤེས། ཞབས་དྲུང་ངག་རྣམ་ལ་མཐུ་ཆེན་ཞེས་དྲག་པོ་ལས་སྦྱོར་གྱི་སྐད་གྲགས་ས་ཆོད་གནམ་ཆོད་དུ་ཡོད་སྐོར་འུར་སྒྲོག་ཀྱང་གཙང་པ་སྡེ་སྲིད་ལ་ཡ་འགྲན་བྱེད་མི་ཐུབ་པར་ཡུལ་བྱོལ་དུ་ཕེབས་པ་རེད། གཅིག་བྱས་ན་སེམས་ཅན་གྱི་ལས་མིན་འགྲོ
ཡིན་ནའི་གཙང་པ་སྡེ་སྲིད་ཀྱི་ཕོ་བྲང་གི་ཁོ་ར་ཁོར་ཡུག་ན་འུག་སྐད་གྲགས་པ་དང་ཁྱི་ནག་ངུ་བ། གནམ་ཐོག་མེ་ཆེན་གྱི་སེར་བ་འབེབས་ཟེར་བ་ལྟ་བུའི་ངག་རྒྱུན་ནི་འདུག
སྤོབས་པ་མཐའ་ཡས་ཀྱིས་ངག་རྣམ་གྱིས་འབྲུག་ལ་བཙན་འཛུལ་བྱས་ཟེར་བཀོད་འདུག འབྲུག་པས་ངག་རྣམ་ལ་དད་འདུན་བརྩི་བཀུར་གྱིས་སྣེ་ལེན་གནང་བའི་ལོ་རྒྱུས་ཞེ་གཅིག་ལས་བཙན་པོས་དཔུང་འཇུག་བྱས་པའི་ལོ་རྒྱུས་ཤིག་མཐོང་ཐོས་མ་བྱུང་། ཡོད་ན་གསལ་པོ་གསུངས་རོགས། འོན་ཀྱང་ཁོང་སྐུ་ཚེའི་འདུ་བྱེད་གཏོང་སྐབས་དར་ཤིང་གི་རྩེ་གཏོང་དགོས་པ་བྱུང་ཟེར་བ་དེ་རྒན་རབས་པའི་ངག་རྒྱུན་ལ་རླུང་ལྟར་གྲགས་པ་ཞིག་རེད། འོན་ཀྱང་ལོ་རྒྱུས་དང་རྣམ་ཐར་ཁག་ཏུ་མཇལ་རྒྱུ་ཡོད་པ་ནི་མཁའ་སྤྱོད་ཀྱི་ཞིང་དུ་ཕེབས་ཟེར་བ་དང་འོད་གསལ་གྱི་དབྱིངས་ལ་མཉམ་པར་བཞག་ཟེར་བ་ལྟ་བུ་མ་གཏོགས། ཁོང་གི་མགོ་ཐོག་ཏུ་བྱུས་ཉེས་ཕོག་པའི་སྐད་ཆ་ཙམ་ཡང་མི་འདུག མ་གཞི་འདི་འདྲ་བྲིས་ན་གདུལ་བྱའི་བློ་ཇི་ལྟར་ཁུག་གི་རེད། དཔེ་བསག་གི་རེད་པ།
༧དཔལ་ལྡན་འབྲུག་རྒྱལ་ལྔ་པ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་དང་ལྷན་ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་བདེ་བླག་ཏུ་འགྲུབ་པ་དང་། སྐུ་ཚེ་ཁྲི་ལོར་བརྟན་པའི་སྨོན་འདུན་ཡང་ཡང་ཞུ།
འབྲུག་རྒྱལ་མཆོག་དང་བཙུན་མོ་ལྷན་གཉིས་ལ་འཚམས་དྲིན་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།།
འབྲུག་ཅེས་པར་འགྲེལ་བཤད་མཛད་པར་བཀའ་དྲིན་ཆེ། བདག་གིས་དེབ་ཐོར་སྔོན་པོར་བལྟས་པས། འབྲུག་ཅེས་པ་ད་ལྟར་རང་ཅག་ལ་གྲགས་པའི་འབྲུག་ཡུལ་དེ་མ་ཡིན་པར་བོད་དབུས་གཙང་རང་ན། ལོ་རས་འཁྲུངས་གནས་ཀྱི་ཐག་ཉེ་བ་ཞིག་ཡིན་པར་ངེས། ལོ་རས་ནས་བརྒྱུད་པ་སྨད་འབྲུག་དང་། རྒོད་གཙང་ནས་བརྒྱུད་པ་སྟོད་བརྒྱུད་ཅེས། དེབ་ཐེར་སྔོན་པ་དེབ་སྨད་ཆ་ཤོག་༧༩༦ ན་གསལ། ལོ་རས་མོན་བུམ་ཐང་དུ་གཤེགས་ནས་མོན་པ་དུད་འགྲོ་དང་འདྲ་བ་རྣམས་ཀྱང་བསྙེན་གནས་སོགས་ལ་བཙུད། ༧༩༢ དེས་ན་འབྲུག་པ་་ཞེས་པ་ས་སྐྱ་པ་བཞིན་གནས་ལ་བརྟེན་ནས་བཏགས་པ་ཞིག་ཏུ་གོའོ།།
སྟོད་བརྒྱུད་ཅེས་པར་སྟོད་འབྲུག་ཅེས་གོ་བར་མཛོད།
ལ་སྟོད་བུ་ལགས། ཕྱི་མའི་ལྔ་ལམ་དུ་གྱུར་ཞེས་པ་དེ་ངས་གོ་ཚོད་ལ། འགྲོ་བ་རིགས་དྲུག་ཡོད་པ་ལས། ལྷ་དང་ལྷ་མ་ཡིན་གཉིས་གཅིག་ཏུ་བརྩིས་ནས་གཞན་ལྔ་པོ་དེ་ལ་ཟེར་བ་ཞེས་བླ་མ་ཞིག་གིས་ངག་རྒྱུན་ལས་ཐོས་པས་བདེན་པར་འཛིན་བཞིན་ཡོད་ན། ཁྱེད་ལ་དེ་ལས་རྒྱབ་ལྗོངས་ལྡན་པའི་ལུང་ཞིག་ཡོད་ན་དྲྭ་རྒྱའི་སྟེང་གནང་བར་ཞུ། ཐུགས་རྗེ་ཆེ། སོ་སོའི་ཤེས་རབ་རྒྱས་ཕྱིར་ཡིན།
རེད་ལགས། ཤེས་ལྡན་ལ་དྭགས་པ་ལགས། འབྲུག་ར་ལུང་འདི་དེང་སང་གི་ཆབ་སྲིད་ས་ཁོངས་བཅད་བགོས་བྱེད་སྟངས་ལས་གཞིས་ཀ་རྩེ་ས་ཁུལ་རྒྱལ་རྩེ་རྫོང་ཁོངས་སུ་ཡོད་པ་རེད། དགོན་པ་ཆེན་པོ་ཞིག་དེ་ཙམ་མ་རེད། ངག་རྒྱུན་ལྟ་བུ་ལ་ཐོག་མར་ར་ལུང་ཟེར་བ་ཡིན་ཡང་ཆོས་རྗེ་གཙང་པ་རྒྱ་རས་ཀྱིས་ས་དེར་དགོན་པ་འདེབས་མགོ་ཚུགས་ཉིན་འབྲུག་མ་བུ་དགུ་ནམ་མཁར་འཕུར་བ་མཐོང་བས་གདན་སའི་མིང་ལ་འབྲུག་ར་ལུང་བཏགས་པ་རེད་སྲོལ་ཡོད་པ་རེད་ལགས། དགོན་པ་འདི་གཙང་ཁུལ་གྱི་ལོ་རྒྱུས་རིང་གྲས་ཀྱི་དགོན་པ་ཞིག་ཡིན་སྟབས་རྒྱ་ནག་རྒྱལ་ཡོངས་རིག་དངོས་སྲུང་སྐྱོབ་སྡེ་ཚན་གྱི་ཁོངས་སུ་ཚུད་ཡོད་བསམ།
ཟླ་བ་དོན་གྲུབ་ལགས། ལྔ་ལམ་དུ་གྱུར་ཞེས་པ་དེ་མི་ཚེ་གཅིག་ལ་ཆ་ཤས་ལྔ་བགོས་པའི་ནང་གི་ཆ་ཤས་ལྔ་པ་དེ་ཡིན་སྟབས་དེ་ལྟར་བརྗོད་པ་རེད། དེ་ཡང་བྱིས་པའི་གནས་སྐབས། གཞོན་ནུའི་གནས་སྐབས། དར་མའི་གནས་སྐབས། རྒས་པའི་གནས་སྐབས། འཆི་བའི་གནས་སྐབས་བཅས་ལས་འཆི་བ་ནི་གོ་རིམ་ལྔ་པ་ཡིན་སྟབས་དེ་ལྟར་བརྗོད་པ་རེད། དེ་ལྟར་དབྱེ་སྲོལ་དེ་གནའ་བོའི་རྒྱ་གར་གྱི་རིག་གཞུང་ཞིག་ཡིན་པ་འདྲ།
སྤོབས་པ་མཐའ་ཡས་ལགས། གཙང་པ་རྒྱ་རས་ཀྱིས་འབྲུག་མ་སྨད་དགུ་གཟིགས་ས་དེ་གཙང་ར་ལུང་ལ་རེད་མི་འདུག དབུས་ཀྱི་ད་ལྟའི་སེ་བ་བྱང་ཆུབ་གླིང་ཞེས་པའི་དགོན་པ་ཡོད་ས་དེར་རེད་འདུག དེ་ཁ་རྒྱུན་ཙམ་མ་རེད་ཚད་ཐུབ་ཀྱི་ཡིག་ཆར་འཁོད་འདུག ངས་འབྲུག་པའི་ཆོས་འབྱུང་མཇལ་ནས་ཞུ་ཡི་ཡོད། སེ་བ་བྱང་གླིང་དང་ར་ལུང་གི་གདན་ས་གཉིས་སྔ་ཕྱིར་བཏབས་པ་རེད་འདུག
སྤྱིར་སྟངས་འབྲུག་འདི་མཐོང་རྒྱུ་ཡོད་མེད་ནི་མ་ཤེས། ཁམས་ལི་ཐང་ནས་ཡིན་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་འབྲེལ་ཡོད་གྲྭ་པ་ཞིག་གིས་བཤད་ན། ཁོང་ཚོའི་ལི་ཐང་གི་ཡུལ་དགོན་ཡོད་ས་ཞིག་གི་རྒྱང་ཐད་ཀྱི་མཚམས་ན་མཚོ་ཆེན་པོ་ཞིག་ཡོད་ཅིང་། ཉིན་གཅིག་གྲྭ་ཚོགས་གྲོལ་བཞིན་པའི་སྐབས་ཤིག་ལ་གཡུ་འབྲུག་སྔོན་མོ་ལོ་རྒྱུས་དང་སྙན་ངག་གི་ལམ་ནས་ཇི་ལྟར་སྒྲོ་བཏགས་པ་ནང་བཞིན་ཞིག་མཚོ་དེ་ཁའི་ནང་ནས་སྐད་སྒྲ་དང་བཅས་གནམ་དགུང་དུ་འཕུར་སོང་བ་དགེ་འདུན་པ་ཡོངས་རྫོགས་ཀྱིས་མིག་མཐོང་ལག་ཟིན་གྱིས་རིག་བྱུང་ཟེར་གྱིན་འདུག ངས་འབྲུག་ཅེས་པ་ཞིག་གཏན་ནས་ཡོད་མི་སྲིད་ཟེར་དུས། ཁོང་གིས་ཇི་ལྟར་ང་ཚོས་དངོས་ཡོད་ཀྱི་ཆོས་ཤིག་ལ་སྐུར་བ་འདེབས་དུས་དོན་དེ་དངོས་སུ་མཐོང་ཐོས་ཡོད་མཁན་གྱི་མི་ཞིག་གིས་སེམས་ལ་གཏན་ནས་འཐད་པ་མེད་པའི་རྣམ་འགྱུར་ཞིག་སྟོན་གྱི་ཡོད་པ་དང་འདྲ་བའི་རྣམ་འགྱུར་ཞིག་སྟོན་གྱི་འདུག ཁོང་གི་རྣམ་འགྱུར་འདིས་ཡིད་ཆེས་མ་བྱེད་རང་བྱེད་ལྟ་བུའི་གནས་སྟངས་ཤིག་བྱུང་། ད་དུང་ཁོས་དེ་རྒྱུན་གྱི་གནས་ཚུལ་ཞིག་ཡིན་ཅིང་། ཡིད་མ་ཆེས་ན་རྗེས་ཕྱོགས་པར་ལ་བསླངས་ཏེ་འཁྱེར་ཆོག་ཚུལ་བཤད། ད་དུང་ཁོས་བཤད་ན་མཚོ་དེ་ཁའི་མཚོ་ཁར་གནས་ཆགས་པའི་འབྲོག་པའི་སྦྲ་གུར་རྣམས་སྐབས་རེ་འབྲུག་འཕུར་དུས་ཀྱི་རླུང་ཤུགས་ཀྱིས་རྒྱང་རིང་དུ་འདེད་པར་བྱེད་པ་ལོ་རྒྱུས་སུ་གྲགས་སྐོར་ཡང་ཤོད་སྲོལ་ཡོད་ཟེར།
འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མའི་རང་རྣམ་ནས་མཐོང་བ་ཡིན་ནམ་གསལ་པོ་མི་དྲན། གང་ལྟར་འབྲུག་དགོན་ཚོས་དབྱར་དུས་ཀྱི་འབྲུག་སྒྲ་ཐོག་མར་སྒྲོག་སྐབས་ཆོས་བརྒྱུད་འབྲུག་པ་ཡིན་པའི་རྟེན་འབྲེལ་ལྟ་བུས་འབྲུག་ཇ་ཟེར་བའི་ཇ་ཞིག་ཀྱང་གཏོང་སྲོལ་ཡོད་སྐོར་བཤད་པ་ཐོས། རྟེན་འབྲེལ་བརྩི་སྟངས་འདི་ཚོ་དངོས་གནས་ཁྱད་མཚར་རེད།
ཁ་ཤས་ཀྱིས་ད་ལྟའི་འབྲུག་རྒྱལ་མཆོག་གི་བཙུན་མོར་འགྱུར་རྒྱུའི་མཛེས་མ་པདྨ་ཞུ་བ་ཁོང་ལུང་གིས་ཟིན་པའི་བུ་མོ་ཞིག་ཡིན་པར་འབྲུག་རྒྱལ་མཆོག་གིས་གསུངས་སྐོར་ཤོད་ཀྱི་འདུག
འབྲུག་བུ་རྡོ་རྗེ་རྒྱལ་མཚན་ལགས།
མདོ་རྒྱུད་དང་གཏེར་ཆོས་གང་ནས་ལུང་བསྟན་པའི་སྐོར་ཞིག་གསུང་རྒྱུ་ཡོད་ན་གསུང་རོགས། ལུང་བསྟན་གྱི་སྐད་ཆ་འདི་དང་མ་འབྲེལ་ན་འབྲུག་རྒྱལ་ལ་བཙུན་མོར་ལེན་སྟབས་མི་བདེ་བའི་སྐུ་ངལ་ཞིག་ཡོད་པ་ནི་ཡིན་རྒྱུ་མ་རེད།
དབྱིན་སྐད་ཀྱིBhuthanཞེས་པ་ལེགས་སྦྱར་གྱི་བྷོ་ཊBodབོད་ཅེས་པ་ལས་ཆད་པ་ཞིག་ཡིན་པར་བཤད་པ་བདེན་པའི་ཆ་ཞིག་ཡོད་པ་འདྲ་བས་དཔྱད་པར་བྱ་རིགས། བྷོ་ཊའི་གདངས་ཟུར་ཆག་ནས་བོད་དང་། བོད་ཅེས་པའི་གདངས་ཟུར་ཆགས་པས་བྷོས་དནBhuthanཞེས་བརྗོད་པ་ཡིན་ཞེ་ན་ཅི་འདྲ་འདུག ལོ་རྒྱུས་ཐོག་འབྲུག་ཡུལ་འདི་ལ་ལྷོ་མོན་ཙན་དན་ལྗོངས། ལྷོ་སྨན་ལྗོངས། མ་མོན་གྱི་ཡུལ་སོགས་འབོད་སྲོལ་སྣ་ཚོགས་ཤིག་བྱུང་ཡོད་པ་འདྲ། འབྲུག་པའི་གདོད་མའི་མི་རིགས་ནི་མོན་པ་ཡིན་ཞིང་། གནའ་དངོས་བརྟག་དཔྱད་ལས་བྱུང་བའི་གྲུབ་དོན་ལྟར་ན། མོན་རིགས་འདི་བཞིན་སྤྱི་ལོ་སྔོན་གྱི་དུས་རབས་ལྔ་བ་ཡས་ཡས་ཤིག་ནས་ཡུལ་དེར་བྱུང་ཡོད་ཚུལ་འགྲེལ་བཤད་རྒྱག་བཞིན་འདུག ཆོས་རྒྱལ་སྲོང་བཙན་སྐབས་འབྲུག་ཡུལ་དུ་ལྷ་ཁང་གཉིས་ཤིག་བཞེངས་པ་དང་། དུས་རབས་བརྒྱད་པའི་ནང་སློབ་དཔོན་པདྨ་འབྱུང་གནས་འབྲུག་ཏུ་ཕེབས་ནས། སངས་རྒྱས་ཆོས་ལུགས་ཡུལ་དེར་དར་སྤེལ་མཛད་པ་དང་། འབྲུག་ཞབས་དྲུང་ངག་དབང་རྣམ་རྒྱལ་སོགས་ཀྱིས་འབྲུག་པ་བཀའ་བརྒྱུད་ཀྱི་གྲུབ་མཐའ་འབྲུལ་ཡུལ་དུ་སྤེལ་བ་ལྟར་ན། འབྲུག་གི་མ་ཆོས་རྙིང་མ་དང་། བུ་ཆོས་བཀའ་བརྒྱུད་ཡིན་པར་ངོས་འཛིན་བྱེད་རིགས་ཤིང་། ད་དུང་གནའ་བོའི་འབྲུག་ཡུལ་ན་བོན་དང་། མོན་པའི་ཡུལ་ཆོས་ཤིག་ཀྱང་དར་ཡོད་པ་འདྲ་ནའང་གསལ་བོ་བཤད་ཐུབ་ཀྱི་མི་འདུག ཁྱེད་ཚོས་འབྲུག་ཡུལ་དེ་བོད་ཀྱི་མངའ་འོག་ཡིན་མིན་མ་གླེང་ན་བདེ། ལོ་རྒྱུས་ལ་ལ་ན་འབྲུག་འདི་བཞིན་ཕྱིའི་རྒྱལ་ཁབ་གང་གིས་ཀྱང་འཛིན་སྐྱོང་བྱེད་མ་མྱོང་བའི་རང་བཙན་གྱི་རྒྱལ་ཁབ་གཅིག་པུ་དེ་ཡིན་ཞེས་བཤད་པའང་མཐོང་། འབྲུག་བོད་ཀྱི་མངའ་ཞབས་ཤིག་ཡིན་པར་བསྒྲུབས་པས་བོད་ལ་ཕན་པ་ཅིའང་མེད་ལ། མ་ཡིན་པར་བཤད་པས་བོད་ལ་ཅུང་གོད་ཀྱང་མེད། རྒྱ་ནག་གིས་ཨ་རུ་ན་ཀྱལ་གྱི་གནད་དོན་ལས། རྒྱ་གར་ལ་སུན་གཙེར་ཇི་འདྲ་བཟོ་བཞིན་པ་ཚང་མས་མཁྱེན་གསལ་རེད། ༧རྒྱལ་བ་རིན་ཆེ་འབྲུག་ཡུལ་ལ་གདན་འདྲེན་རྒྱུ་ཞེས་པ་མ་བརྟགས་པའི་གཏམ་རེད། འབྲུག་མི་མང་ཚོས་རྒྱལ་བ་རིན་པོ་ཆེར་སྤྱན་རས་གཟིགས་ཞེས་དད་གུས་ཆེན་པོ་བྱེད་རུང་། སྤྱན་རས་གཟིགས་རྒྱལ་ཁབ་ཏུ་གདན་འདྲེན་རྒྱུ་ལས་རང་གི་མངའ་སྡེ་ཆུང་ངུ་འདིའི་བདེ་འཇགས་ལ་བསམ་བློ་གཏོང་དགོས་པ་རེད། འབྲུག་འདི་ཆབ་སྲིད་དང་། དཔལ་འབྱོར། དམག་དོན་སོགས་གང་ཅིའི་ཐད་ནས་སྟོབས་ཆེན་པོ་མ་རེད། འོན་ཀྱང་རྒྱ་དཀར་ནག་བལ་བོ་དང་བཅས་པའི་དབུས་ན། བོད་བརྒྱུད་ནང་ཆོས་དང་། སྐད་ཡིག་བཀོལ་སྤྱོད་ཀྱིས་རང་དབང་མང་གཙོའི་རྒྱལ་ཁབ་ཆོས་བཞིན་སྐྱོང་གིན་ཡོད་པ་དེས། བོད་མི་ཞིག་ཡིན་པའི་ཆ་ནས་ཡིད་སྨོན་སྤོབས་པ་སྐྱེ་བཞིན་ཡོད། ང་ལ་འབྲུག་པ་ངོ་ཤེས་མང་བོ་ཡོད། ངས་ཁོང་ཚོའི་ཕྱི་སྐྱོད་ལག་འཁྱེར་ཐོག་གི་བོད་ཡིག༼འབྲུག་རྒྱལ་གཞུང་ཕྱོགས་ལས་རྣམ་རྒྱལ༽ཞེས་པ་འདི་མཐོང་སྐབས་སེམས་གཏིང་ནས་ཡིད་སྨོན་དང་གུས་བཀུར་ཞིག་ཡོང་གི་འདུག དེ་བཞིན་ངའི་གྲོགས་མོ་སེང་ལྕམ་འབྲུག་མོ་འདྲ་བོ་དང་ཁ་གྱེས་ནས་རིང་ཞིག་ལོན་ཀྱང་། སེམས་ཐག་གྲོགས་མོ་གཞན་ལས་ཉེ་བོ་ཞིག་ཡོང་གི་ཡོད། མཐའ་དོན། མི་དབང་འབྲུག་རྒྱལ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་དང་། ཁོང་གི་ལྷ་ལྕམ་རྗེ་བཙུན་པདྨ་རྣམ་གཉིས་ཀྱི་གཉེན་སྟོན་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག དཔལ་ལྡན་འབྲུག་རྒྱལ་ཁབ་ཀྱི་ཆོས་སྲིད་ལུགས་གཉིས་མངའ་ཐང་དབྱར་དུས་དང་འགྲོགས་པའི་ཆུ་གཏེར་བཞིན་གོང་ནས་གོང་དུ་འཕེལ་བར་གྱུར་ཅིག
ལུང་བསྟན་ལ་ངས་ཀྱང་། མི་འདོད་པའི་རྣམ་འགྱུར་ཅིག་སྟོན་ཟིན་ལགས། འོན་ཀྱང་། ངེས་པ་དོན་གྱིས་ཁུངས་ཅིག་ཡོད་ན་གསལ་བཤད་མཐའ་འཁྱོངས་པ་དཔེར་ན་ད་ལྟའི་དངོས་སུ་བཞུགས་པའི་བླ་མ་རིག་པ་འཛིན་པ་གཅིག་གིས་སྒྱབ་སྐྱོར་གྱི་བཀའ་བཟང་ཞིག་ཀྱང་དགོས་ངེས་མི་འདུག་གམ། དགེ་བར་འགྱུར་ཅིག །
ཕྱི་མའི་ལྔ་ལམ་དུ་གྱུར་བ་ཞེས་པའི་ལམ་ལྔ་དེ་ངས་སྔར་བཤད་ཟིན།
དེ་ལྟར་བསྟན་པའི་ལུང་ནི་བོན་པོའི་གསུང་རབས་ཁག་ཏུ་བཞུགས་ཡོད་པས་ཁྱེད་ཀྱི་ཐུགས་འདོད་ཀྱི་རེ་བ་སྐོང་མིན་མི་ཤེས།
འགྲོ་བ་རིགས་དྲུག་ལས་ལྷ་མིན་ལ་ལམ་ལོགས་སུ་མེད་པས་ལམ་ལྔ་ཞེས་བོན་གྱི་དཔེ་རྣམས་སུ་བཤད་ཡོད།
དེ་ལ་ལམ་རྒྱུད་ལྔའམ་རྒྱུད་ལྔའི་ལམ་ལྔ་ཞེས་བརྗོད་པ་ལས་དེ་ལ་ཕྱི་མའི་ལྔ་ལམ་ཞེས་པར་མི་བརྗོད།
དེ་ལྟའི་བཤད་ཚུལ་དག་རྒྱ་གར་གྱིས་བཤད་ཚུལ་ཡོད་མེད་མི་ཤེས་ཀྱང་ལོ་ངོ་སྟོང་ཕྲག་གི་གོང་དུ་བྲིས་པའི་བོན་གྱི་དཔེ་རྣམས་སུ་འདི་ལྟར་ཡོད་འདུག
ང་ཚོས་རྟག་ཏུ་མ་དག་རྒྱུན་འབྱམས་སམ་དད་གུས་དག་སྣང་དབང་གིས་བོད་ཀྱི་ཐམས་ཅད་རྒྱ་གར་ལ་ཁུངས་གཏུགས་པར་ཡ་མཚན་སྐྱེ་བཞིན་ཡོད།
དཔེར་ན་ལདྭགས་པ་རྒན་ལགས་ཀྱིས་བོད་ཡིག་གི་དག་ཆ་འབྲི་ཚུལ་དག་དང་མ་དག་ཐམས་ཅད་རྒྱ་གར་ལེགས་སྦྱར་གྱི་སྐད་དུ་ཡོད་མེད་ཀྱིས་རྟོག་དཔྱོད་བྱེད་པ་ལྟ་བུ་རེད།
པདྨ་གེ་སར་གྱིས་རྒྱལ་པོའི་ཚོགས་བཤད་རྫུན་མ་ཞིག་རྙེད་ཡོད་པ་འདྲ། ངས་ཐོས་པའི་ཚོགས་བཤད་ནང་དུ་དེ་འདྲ་གསུངས་པ་གཏན་ནས་མ་ཐོས། མ་ཟད་འབྲུག་རྒྱལ་པོས་ཁོང་གིས་མ་འོངས་པར་བཞེས་རྒྱུ་ཡིན་པའི་བཙུན་མོ་དེ་ཁམས་པ་ཡིན་པ་དང་། ཆོས་ལུགས་རྙིང་མ་ཡིན་པ་སོགས་གཏན་ནས་གསུངས་མི་སྲིད། དེ་བཞིན་ལུང་གིས་བསྟན་པ་ཡིན་པ་ཡང་རྒྱལ་པོ་ཁོ་རང་གིས་གསུངས་མི་སྲིད། འོན་ཀྱང་ལུང་བསྟན་གཅིག་གཅིག་མིག་མིག་ཟེར་རྒྱུ་དེ་ང་ཅག་འབྲུག་པ་ཚོའི་ལུགས་སྲོལ་ལྟ་བུ་ཞིག་ཆགས་ཡོད། མ་གཞི་ལྷ་དང་བླ་མའི་ལུང་བསྟན་ཞིག་ལ་རྒྱབ་བསྟེན་འཆའ་རྒྱུ་དེ་འབྲུག་པ་གཅིག་པུ་མ་ཡིན་པར་བོད་པ་ཚོས་ཀྱང་བྱེད་ཀྱི་ཡོད་པ་འདྲ། རྒྱལ་བ་རིན་པོ་ཆེ་མཆོག་བོད་ནས་བྲོས་བྱོལ་དུ་ཕེབས་དུས་གནས་ཆུང་གི་ལུང་བསྟན་ལ་རྒྱབ་རྟེན་བཅའ་ཡོད་ལུགས་བཤད་པས་སོ།།
ད་མང་པོ་མི་བཤད། ང་ཉོབ་སོང་། ལ་སྟོད་ལགས་ཞུ་རྒྱུ་བོན་གྱི་བཀའ་བསྟན་དག་ས་ཁུག་ཀྱོག་གཅིག་ཏུ་ཉར་འདུག་ཅེས་པ་མི་བདེན། ཡིད་མ་ཆེས་ན་འབྲུག་ཡུལ་ལ་ཕེབས་དང་། འབྲུག་རྒྱལ་ཡོངས་དཔེ་མཛོད་ལ་བཀའ་རྙིང་ས་དགེ་བོན་གྱི་གསུང་རབ་རྣམས་སྡེ་ཚན་སོ་སོར་དབྱེ་ནས་ལེགས་པར་ཉར་ནས་ཡོད། དེ་ཙམ་ཡིན།
ལུང་བསྟན་དཔྱད་གཞིར་སླར་ཡང་འདྲ་བཤུས་བྱས་པ།
༢༧༽ འབྲོང་ངུར་བསྟན་འཛིན་ལམ་བཟང་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༡ གི་ཆུ་ཚོད་ ༡༦ སྐར་མ་ ༤༦པདྨ་བཀའ་ཐང་ལས།
མཐའ་མ་བོད་འདི་རྒྱ་ཡི་འོག་ཏུ་ཚུད།།
བུམ་ཐང་ཕྱོགས་ནས་ཁྲི་ཡི་ཟུར་ཆ་བསྣན།།
རྒྱལ་སྲིད་ཆོས་ཁྲིམས་སྐྱོང་བའི་ང་སྤྲུལ་འབྱུང་།།
ཞེས་གསུངས་འདུག་པས་འབྲུག་རྒྱལ་པོ་ནི་སློབ་དཔོན་ཆེན་པོའི་སྤྲུལ་པ་ཡིན་པ་ནི་ཤོད་མི་དགོས་པ་ཞིག་རེད་འདུག་སྟབས། སྐྱེ་འགྲོ་ཚང་མ་དགའ་འོས་པ་ཞིག་ལོས་ཡིན། ལྷག་པར་བོད་དང་འབྲུག་གཉིས་ལོ་ངོ་སྟོང་ཕྲག་གི་རིང་ཆོས་དམ་གྱི་འབྲེལ་བ་ཟབ་ཅིང་། བོད་བཙན་པོའི་སྐབས་སུ་བཙན་པོའི་སྟོད་ཀྱི་དཔའ་སྡེ་མོན་ཁ་བཞི་ཞེས་པ་ད་ལྟའི་འབྲུག་ཡུལ་ལ་ངོས་འཛིན་གྱི་འདུག མདོར་ན་ང་ཚོ་དང་ཤ་ཁྲག་གཅིག་པ་ཡིན་པས། དམིགས་བསལ་དམ་ཚིག་ལ་རྒྱ་མུ་མཐུད་གཅེས་སྐྱོང་བྱེད་པ་གལ་ཆེ།
གཡུ་འབྲུག་ལགས་ཁྱེད་ཀྱིས་ཁ་སྔོན་འབྲུག་ལ་བོན་པོའི་གསུང་རབས་མེད་ལུགས་གསུངས་སོང་རྒྱུ་མཚན་དེ་ཕྱིར་ཞུས་ཡིན།
ས་ཁུག་འཁྱོག་ཅིག་ལ་བཞག་པ་ང་ཡི་གྲོགས་པོ་ཞིག་འབྲུག་གི་དཔེ་མཛོད་དུ་བཞག་པ་གསལ་པོར་གསུངས་བྱུང།
དེ་སྐྱོན་ཆེན་པོ་དེ་འདྲ་མ་རེད་དྷ་ས་བོད་ཀྱི་དཔེ་མཛོད་དང་ཝར་ནའི་མཛོད་སོགས་སུའང་དེ་ལྟར་རེད།
ངེད་ཅག་བོད་མི་རིགས་པ་ཚོའི་སྐྱོན་ཆེ་ཤོས་ཤིག་ལ་རང་གི་གྲུབ་མཐར་ཞེན་པའི་དབང་གིས་མི་རིགས་ཀྱི་རྡོག་རྩ་བསྒྲིལ་ཐུབ་ཀྱི་མི་འདུག
ངེད་ཅག་ཧི་མི་རྒྱལ་གྱུར་ཅིག
ལ་སྟོད་བུ་ལགས། ཡོད་པ་བཞག་ནས་མེད་པ་འཚོལ་དགོས་པ་ངལ་བའི་རྒྱུ་མ་ཡིན་ནམ། གཞི་དེར་བོན་པོའི་དཔེ་ཆ་ཡོད་ན་བོན་པོའི་བསྟན་པ་གནས་པས་ཁྱབ་པ་ཨེ་ཡོད། འཛམ་བུའི་གླིང་གི་དཔེ་མཛོད་ཆེ་ཤོས། སྤྱི་ལོ་༡༨༠༠་ལོར་གསར་དུ་འཛུགས་བསྐྲུན་བྱས་པ་༼ Unite states Library of congress Washington D.C.༽ ཞེས་པའི་དཔེ་མཛོད་དེའི་ནང་དུ་དཔེ་དེབ་སོགས་རྣམ་གྲངས་མི་འདྲ་བ་ས་ཡ་༡༠༡་ཙམ་ཡོད་པར་བཤད་ཀྱི་འདུག་ལ། འཛམ་བུའི་གླིང་གི་དངོས་བྱུང་སྤྱི་ཚོགས་ཚན་རིག་དང་རིག་གནས་རྒྱུན་སྲོལ་གྱི་ཡིག་རིགས་སྣ་ཚོགས་བགྲང་གིས་མི་ཟིན་པ་དང་ཡེ་ཤུ། ཁ་ཆེ། ཧུན་དུ། ནང་པ། ཇེན། ལྗེའུ་ཆོས་ལུགས་སོགས་ཆོས་ལུགས་སྐོར་གྱི་དཔེ་དེབ་མ་ཚང་མེད་པར་ཡོད་པ་དང། བོད་ཀྱི་གནའ་དཔེ་བན་བོན་གྱི་སྐོར་ཡང་ཡོད་པ་རེད།། འདི་ནི་སྐུ་ཉིད་ལ་མཐུན་པའི་དཔེར་བཀོད་པ་ཡིན་མོད། གཞི་དེར་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་ཞིག་ཡོད་ན་ལྟ་རྒྱུ་ཞིག་རེད།
མིག་བརྒྱད་པ་ལགས།
སངས་རྒྱས་ཀྱི་བསྟན་པ་ནི་ལུང་རྟོགས་གང་རུང་གིས་ཆོས་དེ་མ་རེད་དམ།་
ལུང་གི་བོན་ནམ་ཆོས་དེ་གསུང་རབས་དེ་ཚོ་མ་རེད་དམ།
ལུང་གི་ཆོས་ནི་གསུང་རབ་ཡན་ལག་བཅུ་གཉིས་དེ་རིགས་བཞག་ཡོད།
ཉེ་བའི་གཟུང་དོན་བོར་ནས་རིང་བའི་ཡུལ་ལ་མ་འཇུག་རོགས།
དཔེ་མཛོད་དེར་ང་ཡང་འགྲོ་མྱོངས་བར་མ་ཟད་དེར་བོན་པོའི་བཀའ་རྟེན་འགྱུར་ཀྱང་བོད་ནས་བླུས་འདུག་པར་ང་ཡི་གྲོགས་པོ་ཞིག་དེར་ལས་ཀ་ཡང་བྱས་མྱོང་ཡོད།
རིགས་པའི་གཞུང་ལུགས་དག་ལ་ཅུང་གཟིགས་ཞིབ་ཆེ་ཙམ་གནང་བའི་རེ་བ་ཡོད།
ཀུ་རེ་ཡིན་དཱ་གྲོགས་མཆོག་ལགས།
སློབ་དཔོན་ཀར་རྡོ་ལགས། ཁྱེད་ཀྱིས་དྲངས་པའི་ལུང་དེའི་སྐོར་ལ་དྲི་འདོད་ཅིག་བྱུང་། མ་གཞི་ལུང་དེ་བཀའ་ཐང་བསྡུས་པ་ཟེར་བའི་དཔེ་ཆ་ཞིག་ནས་ཐོན་གྱི་ཡོད། འོན་ཀྱང་བཀའ་ཐང་བསྡུས་པ་དེ་སུའི་གཏེར་མ་ཡིན་ཁྱེད་ལ་རྒྱུས་མངའ་ཡོད་དམ། ཡོད་ན་དེའི་རྒྱབ་ཁུངས་དང་བཅས་གསུངས་དང་། ནམ་རྒྱུན་ཨོ་རྒྱན་གླིང་པའི་གཏེར་མ་ཡིན་པར་བརྗོད་ཀྱི་ཡོད་ཀྱང་ཡར་རྗེ་ཨོ་རྒྱན་གླིང་པའི་གཏེར་མ་ཡིན་མིན་སྐོར་ཅུང་ཟད་དོགས་པ་སྐྱེ་སོང་།
རྡོ་རྒྱལ་རང་གིས་མིག་བཙུམ་ནས་ཆགས་སྡང་གིས་འབྲུག་འབྲུག་པ་པ་ཟེར་ནས་སྐད་ཆ་བཤད་པ་དགོད་རེ་བྲོ། ། ཧ ཧ ཧ ལས་མཐའ་ལོག་པ་ཁྱོད་ལ་དེ་མིན་ཅི་ཡོད་ཡ།
ངས་བལྟས་ན་མི་རྐུན་མ་རྒྱག་མཁན་དེ་ཁྱེད་ཡིན་ཚོད་འདུག ང་ག་ཚོད་ལས་མཐའ་ལོག་ཀྱང་མི་རྐུན་མ་རྒྱག་མ་མྱོང་། བསྟན་པ་མགོ་སྐོར་གཏོང་ནས་སྤེལ་དགོས་ཐུག་པ་ལ་དེ་ལས་ཐབས་སྐྱོ་པོ་གང་ན་ཡོད། ངས་ཁྱེད་དང་མཉམ་དུ་ཁ་བརྡ་བྱེད་འདོད་མེད་ཅེས་ཡང་ནས་ཡང་དུ་ཞུས་ཟིན། འདི་ཁྱེད་རང་གིས་ཉོས་པའི་ཉོས་ཆང་ཡིན་པས་མངར་རུང་སྐྱུར་རུང་མཆོད་ཅིག
བོན་ལགས། རྡོ་རྗེ་རྒྱལ་མཚན་ལས་མཐའ་ལོག་སྟངས་ཞིག་གསུངས་དང་། ཁྱོད་ཀྱི་ངོར་ལས་མཐའ་མ་ལོག་པ་དེ་བོད་པ་ཡིན་ལ་བོན་པོ་ཡིན་པ་ཞིག་དགོས་རེད་དམ། ཨ་ལ་ཀུ་རེ་ཡིན། སུ་དང་སུ་ཡིན་ཀྱང་རང་གི་རྒྱལ་ཁབ་ལ་བརྩེ་དུང་དགོས་པ་རེད། རྡོ་རྒྱལ་འདི་པའམ་རང་རྒྱལ་ལ་ཞེན་པ་ཆེ་ཞིང་། དེ་དང་འབྲེལ་བའི་གཏམ་དང་ལོ་རྒྱུས་དེ་དག་ཀྱང་ལུང་རིགས་དང་བསྟུན་ཅིང་ཚིག་འཇམ་བུས་སྤེལ་བཞིན་པ་གོང་དུ་འདི་པའི་མཆན་བུ་ཁག་ལས་རྟོགས་ཐུབ། དེས་ན་རྡོ་རྗེ་རྒྱལ་མཚན་ནམ་གཡུ་འབྲུག་དཀར་པོ་ལགས་ལ་སྙིང་ནས་དགའ་བསུ་ཡོད།
བོད་རྒྱལ་ལོ།། འབྲུག་རྒྱལ་ལོ།། བོད་འབྲུག་ཆིག་སྒྲིལ་ཁྲི་ལོར་བརྟན་པར་ཤོག །
དྲྭ་གྲོགས་རྣམས་ཀྱིས་ལན་གནང་བར་ཐུགས་རྗེ་ཆེ་ཞུ། ཕྱི་མའི་ལྔ་ལམ་གྱི་འགྲེལ་བརྗོད་རྣམ་པ་མི་མཐུན་པ་གཉིས་བྱུང་ན། དེ་གཉིས་སོ་སོའི་བསམ་ཚུལ་ཙམ་ཡིན་ནམ་ཡང་ན་ཁུངས་གཏུག་ས་འདྲ་ཡོད། གལ་སྲིད་ཡོད་ན། ལུང་འདྲེན་རེ་གནང་ན་འགྲིག་གམ།
ངའི་གྲོགས་པོ་ཞིག་གིས། སྐྱེ། གནས། ན། རྒ། འཆི། བཅས་ལྔ་ལ་ངོས་འཛིན་གནང་གིན་འདུག འདི་ཉིད་ཁོང་གི་བསམ་ཚུལ་ཡིན་ཟེར། འདི་ཐད་དགོངས་ཚུལ་འདྲ་ཡོད་དམ།
གུས་པར་དམ་པ་གོང་མའི་དཔེ་ཆ་ཁུངས་བཅོལ་ནས་ཤོད་མཁན་འདྲ་དགོས་ཀྱི་འདུག སུས་མཁྱེན་ན་དྲྭ་ངོས་འདིར་འགོད་གནང་ཡོང་བའི་རེ་སྐུལ་ཞུ།
བོན་པོའི་དཔེ་ཆའི་ནང་འགྲོ་བ་ལྔ་ལ་ཕྱི་མའི་ལམ་དུ་གསུང་ཚུལ་ཡོད་ན། ལུང་འདྲེན་རེ་བཀོད་དེ། དེ་ལྟར་ཡིན་ཚུལ་འགྲེལ་བཤད་གནང་ན་སྙམ།
ཟླ་བ་དོན་གྲུབ་ལགས། སྐབས་ཐོབ་དང་འབྲེལ་བའི་གླེང་མོལ་གནང་རོགས། ཡང་ན་ཁྱེད་ལ་ད་དུང་དོགས་་འདྲི་གཞན་ཡང་ཡོད་སྲིད་པས་ཟུར་དུ་ཟིན་བྲིས་ཞིག་ནང་བཞག་དང་བགྲོ་གླེང་གནང་ཆོག་གི་རེད།
སྤོབས་པ་མཐའ་ཡས་ལགས་ཀྱིས། དེ་ལྟར་དབྱེ་སྲོལ་དེ་གནའ་བོའི་རྒྱ་གར་གྱི་རིག་གཞུང་ཞིག་ཡིན་པ་འདྲ། ཞེས་གསུངས་འདུག་ན། དེའི་རྒྱུ་མཚན་གང་ཡིན་ནམ།
ལ་སྟོད་བུས། ལོ་ངོ་སྟོང་ཕྲག་གི་གོང་དུ་བྲིས་པའི་བོན་གྱི་དཔེ་རྣམས་སུ་འདི་ལྟར་ཡོད་འདུག ཅེས་གསུངས་འདུག་ན། བོན་གྱི་དཔེ་ཆ་དེ་ཁྱེད་ཀྱིས་མཇལ་ཡོད་པ་འདྲ།
གཡུ་འབྲུག་དཀར་པོ་ལགས། ཨོ་རྒྱན་གླིང་པའི་གཏེར་མ་ཡིན་པ་གངས་ཅན་ལྗོངས་ལ་ཡོངས་སུ་གྲགས་ཟིན། དེ་ལ་ཅིའི་ཕྱིར་དོགས་པ་སྐྱེས། རྒྱུ་མཚན་མཆིས་སམ། དོགས་པ་མང་དྲགས་ན་རང་ཉིད་ཀྱི་མགོ་ལ་རྭ་སྐྱེ་མེད་ཅེས་བཤད་རྒྱུར་ཡང་ཐེ་ཚོམ་འབྱུང་ངེས་རེད།
འབྲུག་རྒྱལ་པོས་ཁོང་གིས་མ་འོངས་པར་བཞེས་རྒྱུ་ཡིན་པའི་བཙུན་མོ་དེ་ཁམས་པ་ཡིན་པ་དང་། ཆོས་ལུགས་རྙིང་མ་ཡིན་པ་སོགས་གཏན་ནས་གསུངས་མི་སྲིད། དེ་བཞིན་ལུང་གིས་བསྟན་པ་ཡིན་པ་ཡང་རྒྱལ་པོ་ཁོ་རང་གིས་གསུངས་མི་སྲིད། ཅེས་བཀོད་འདུག་ན། གསུངས་མི་སྲིད་ཅེས་ཚིག་ཐག་ཆོད་པོའི་སྒོ་ནས་བཤད་པ་འབྲུག་རྒྱལ་པོ་དང་ཁྱེད་རང་གཉིས་ནང་མའི་འབྲེལ་བ་ཟབ་པོ་ཡོད་པས་ཡིན་ནམ། ཡང་ན་ཁྱེད་རང་ཧོལ་རྒྱུག་ལ་དགའ་དྲགས་པས་ཡིན། བཀུར་འོས་ལགས། གོང་དུ་ཁོ་བོས་དྲི་བ་ཞིག་ཡོད་པ་དེ་དང་མཉམ་དུ་འདི་ལན་ངེས་པར་ཡོད་པར་ཞུ།
ཟླ་བ་དོན་འགྲུབ་ལགས།
ངས་ལོ་ངོ་སྟོང་ཕྲག་གི་གོང་དུ་བྲིས་པའི་ཡི་གེ་མཐོང་མ་མྱོངས་ངས་བཤད་འདོད་པ་ནི་ལོ་ངོ་སྟོང་ཕྲག་གི་གོང་དུ་བྱོན་པའི་མཁས་པ་དང་སངས་རྒྱས་ཀྱིས་བྱས་པའི་ཡི་གེ་གསུང་རབས་མཐོང་མྱོང་ཅེས་བཤད་ཀྱི་ཡོད།
འབྲུག་རྒྱལ་བསམ་བློ་གསར་པས།
རྒྱལ་ཁབ་དམངས་གཙོར་བསྒྱུར་སོང་།
འབྲུག་མོ་གཅིན་པ་ལངས་བཏང་།
མགྱོགས་ཙམ་བསྒྱུར་རོགས་གནང་དང་།
འབྲུག་མོ་ལང་གཅིན་གཏོང་ས། །
འབྲུག་པའི་རྒྱལ་ཁབ་ཅིག་འདུག །
བོད་མོ་སྡོད་གཅིན་གཏོང་སའི། །
རང་དབང་རྩོད་ཤོག་འུར་ཁང་། །
ཨོ་དེ་འདྲ་ཡིན་པར་རེད། ངས་འགོ་བརྗོད་དེ་ཐོག་དང་པོར་མིག་ལམ་དུ་མངོན་པ་ན། ད་ཡང་ང་ཚོའི་ཨ་མ་རྗེ་བཙུན་པད་མས་འཆང་ས་བརྒྱབ་རྒྱུ་ཡིན་འདུག་སྙམ་ནས་ཧ་སང་སོང་།
མཐའ་མ་བོད་འདི་རྒྱ་ཡི་འོག་ཏུ་ཚུད།།
བུམ་ཐང་ཕྱོགས་ནས་ཁྲི་ཡི་ཟུར་ཆ་བསྣན།།
རྒྱལ་སྲིད་ཆོས་ཁྲིམས་སྐྱོང་བའི་ང་སྤྲུལ་འབྱུང་།།
༢༡༧༽ འབྲོང་ངུར་བསྟན་འཛིན་ལམ་བཟང་གིས།
“ཨོ་རྒྱན་གླིང་པའི་གཏེར་མ་ཡིན་པ་གངས་ཅན་ལྗོངས་ལ་ཡོངས་སུ་གྲགས་ཟིན།” ཞེས་གསུངས་འདུག ལུང་བསྟན་འགྲེལ་ས་མ་ནོར་བ་ཡིན་ན་སྒྱབས་གནས་སུ་རྩིས་དགོས་ཀྱང་། ལུང་སྟོན་འགྲེལ་མཁན་གྱི་རྣམ་ཐར་ད་དུང་གསལ་དུ་འགྲོ་རེ་ལ་སྒུག་ནས་བསྡད་ཡོད་ལགས། ཨེ་མ་ཧོ། དགེའོ། དགེའོ། །
འུར་ཁང་འུ་རུ་མ་ཤོད།
ཉི་རེས་ནུ་ཏི་ཞུགས་ཅིག
ཨི་དང་ཨི་སྤགས་མཆོད་ནས།
ལས་ལ་སྐྱུ་རང་མ་གྲོ
འབྲུག་པ་ཆུང་ཡང་རང་བཙན་ཡོད། བོད་པ་མང་ཡང་ཁ་འཐོར་རེད། འདྲ་ས་མང་ཡང་མཚུངས་ཐབས་མེད། གཉིས་ཕན་ཆིག་སྒྲིལ་གནང་རོགས་དགོས། །འབྲུག་པའི་དམངས་གཙོ་མགོ་སྐོར་རེད། བཤད་དབང་བྱེད་དབང་གཉིས་ཀ་མེད། འབྲུག་པའི་རྙིང་མ་གཡོགས་པོ་རེད། མཇེ་མཁན་ཆེན་པོའི་མངའ་འོག་རེད། འབྲུག་པའི་དགེ་བོན་དགྲ་བོ་རེད། འགྲོ་ས་དར་ས་གཉིས་ཀ་མེད། གུ་རུའི་ལུང་བསྟན་རྫུན་མ་རེད། ཁ་བདེ་ཞིག་གིས་གང་བསྒྱུར་རེད། རྒྱལ་པོ་ཕེབས་ན་སྐུང་ལ་སྡོད། མགོ་བོ་བཏེགས་ན་རྡུང་རྒྱུ་རེད། སྨྲ་བརྗོད་རང་དབང་མིང་ཙམ་རེད། གཞུང་ལ་སྐྱོན་བརྗོད་བྱེད་ས་མེད། མི་རིགས་འདྲ་མཉམ་ཁ་ཙམ་རེད། །ནེ་པལ་མེ་ལ་བསྲེག་རྐྱང་རེད། །འོས་ཤོག་འཕེན་པ་སྒྲོ་བཏགས་རེད། །ལྐུགས་པར་མགོ་སྐོར་ཐུབ་ཙམ་རེད། །ཁྲིམས་ལུགས་རྒྱལ་པོ་སྲུང་ཐབས་རེད། །འདོད་པ་མེད་ན་སྒྱུར་རྐྱང་རེད། །མདོར་ན་དམང་གཙོ་མ་བྱུང་བར་འབྲུག་གི་འཐབ་རྩོད་རྫོགས་དུས་མེད། །
བཀའ་བསྡུས་ལས།
གདོང་སྨེ་ཅན་གྱི་བོད་ཀྱི་རྒྱལ་ས་ཟིན།
དེ་དུས་མི་ལ་བསོད་ནམས་སྙན་གྲགས་མེད།
མཐའ་མ་བོད་འདི་རྒྱ་ཡི་འོག་ཚུད།
བུམ་ཐང་ཕྱོགས་ནས་ཁྲི་ཡི་ཟུར་ཆ་བསྣན།
སྐྱིད་པའི་ཉི་མ་རྒྱ་མཐོང་གྲིབ་མ་ཙམ།
བློ་ཆོས་ཁྱེད་གསུངས་བདེན་པར་འདུག
འབྲུག་བོད་མཚུངས་དཔེ་དེ་བས་མང་།
བོད་པའི་དམངས་གཙོ་རྒྱལ་བས་གནང་།
འབྲུག་པའི་དམངས་གཙོ་རྒྱལ་པོས་གནང་།
དམངས་གཙོ་གནང་བ་འདྲ་པོ་རེད།
གནང་ལུགས་གནང་སྟངས་འདྲ་པོ་རེད།
ལུགས་སྲོལ་གསར་པ་འདྲ་པོ་རེད།
བསམ་བློ་རྙིང་པ་འདྲ་པོ་རེད།
གྲོས་ཚོགས་ཡོད་པ་འདྲ་པོ་རེད།
ཤོད་ས་མེད་པ་འདྲ་པོ་རེད།
རྩ་ཁྲིམས་ཡོད་པ་འདྲ་པོ་རེད།
རྐྱང་སྐུམ་ཡོད་པ་འདྲ་པོ་རེད།
མི་རབས་གསར་བ་འདྲ་པོ་རེད།
རྙིང་ཞེན་གནང་སྟངས་འདྲ་པོ་རེད།
དབང་ཆ་འཛིན་མཁན་འདྲ་པོ་རེད།
ལྟག་སྒོ་ཡོད་པ་འདྲ་པོ་རེད།
ཆོས་སྲིད་ཟུང་འབྲེལ་འདྲ་པོ་རེད།
ལྷ་མི་འཐབ་རྩོད་འདྲ་པོ་རེད།
མི་རིགས་འདྲ་མཉམ་འདྲ་པོ་རེད།
ཕྱོགས་རེས་འཐེན་འཁྱེར་འདྲ་པོ་རེད།
འདྲ་པོ་འདྲ་པོ་མང་པོ་ཡོད།
ང་དང་ཁྱེད་རང་འདྲ་པོ་རེད།
ཁ་ནས་ཤོད་སྟངས་འདྲ་པོ་རེད།
ལག་ལེན་མེད་པ་འདྲ་པོ་རེད།
སྐྱུ་རྩི་སྦང་མས་བཟི་ནས།
ཁ་ནས་གང་བྱུང་མ་ཤོད།
ཉི་རེས་ནུ་ཏིས་ཟེར་བ།
ལུང་པའི་གང་གི་སྐད་ཡིན།
རྒྱ་གར་ཚ་བའི་རོང་ལ།
ཨི་དང་ཨི་ལྤགས་མི་འདུག
ལས་ཀ་སྐྱག་པ་ཤོར་ཤོར།
སྐྱུག་མེར་གཏིང་ནས་ལངས་སོང།
འབྲུག་མོའི་ཁ་ཁུང་བཤས་ཁང་འདྲ།
ག་རུ་སོང་ཡང་དམར་ཛར་ཛར།
འབྲུག་མོའི་བརླ་ཁུང་གསང་སྤྱོད་འདྲ།
ག་དུས་ཡིན་ཀྱང་གཅིན་དྲི་ཁ།
འབྲུག་མོ་བྱད་བཞིན་མཛེས་ཀྱང་།
ཁ་ནས་པན་དྲི་འཚུབ་འཚུབ།
འབྲུག་མོ་སྐུ་གཟུགས་ལེགས་ཀྱང་།
འོག་ནས་གཅིན་དྲི་འཚུབ་འཚུབ།
ཇོ་མོ་རྗེ་བཙུན་པད་མ།
ཞལ་རས་མཛེས་པོ་འདུག་ཀྱང་།
དྲི་ངན་འཚུབ་འཚུབ་བཞུགས་ན།
འབྲུག་རྒྱལ་ཞབས་འདྲེན་ཞུས་ཡོང་།
དང་པོ། སློབ་དཔོན་ཀརྡོས། ལུང་བསྟན་འགྲེལ་ས་མ་ནོར་ བ་ཡིན་ན་སྐྱབས་གནས་སུ་རྩི་དགོས་ཀྱང་། ལུང་བསྟན་འགྲེལ་མཁན་གྱི་རྣམ་ཐར་ད་དུང་གསལ་དུ་འགྲོ་རེ་ལ་སྒུག་ནས་བསྡད་ཡོད་ ལགས། ཞེས་པ་བརྡ་སྤྲོད་སྟངས་ཞན་པས་ཅུང་གོ་བ་ལེན་མི་བདེ་ཡང་། བདག་གིས་གོ་བ་ལྟར་ན། ཁྱེད་ཀྱིས་ལུང་བསྟན་འགྲེལ་མཁན་གྱི་རྣམ་ཐར་ཞེས་གསུང་ཚུལ་ལ་གཞིག་དུས་གོང་ནས་ཁ་ཅིག་གིས་ཡང་ཡང་བརྗོད་པ་བཞིན། ལུང་བསྟན་འགྲེལ་མཁན་དེ་བླ་མ་ཆེན་པོ་ཆེ་གེ་མོ་ཡིན་དགོས་རབས་དང་། དེ་དག་གི་རྒྱབ་གཉེར་དགོས་རབས་བཤད་འདུག་སྟབས་ཕལ་ཆེར་དེ་འདྲ་ཟེར་བ་ཡིན་ན་ནི། ཧ་ཅང་ཐལ་ཏེ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་སོགས་འཕགས་ཡུལ་གྱི་པཎ་གྲུབ་དེ་དག་སྟོན་པ་བཅོམ་ལྡན་འདས་ཀྱི་ལུང་གིས་ཟིན་པ་ཡང་། པཎ་གྲུབ་ཁོང་ཚོའི་མི་ཚེའི་བྱེད་སྤྱོད་རྣམ་ཐར་རང་ལ་བརྟེན་ནས་སྟོན་པའི་ལུང་དང་ཤིན་ཏུ་མཐུན་པ་ན་སྟོན་པའི་ལུང་ཟིན་གྱི་སྐྱེས་བུ་ཡིན་པར་རང་བཞིན་གྱིས་ངེས་པ་རྙེད་པར་གྱུར་པ་ཡིན་གྱི་དེ་སྐབས་ཀྱི་རྒྱལ་པོ་དང་བླ་མ་ཆེན་པོ་རྫིག་པོའི་མིང་ཅན་ཆེ་གེ་མོའི་བསྒྲགས་གཏམ་དང་རྒྱབ་གཉེར་ཡི་གེ་སོགས་ཀྱི་རྗེས་སུ་འགྲོ་ལྡོག་བྱས་པ་ཞིག་ག་ལ་ཡིན།
དེས་ན་གོང་དུ་འབྲོང་ངུར་བསྟན་འཛིན་ལམ་བཟང་གིས་དྲངས་པའི་བཀའ་ཐང་བསྡུས་པའི་ལུང་དེ་ཡང་། འབྲུག་ཡུལ་དང་འབྲུག་རྒྱལ་པོ་དེ་བཞིན་བོད་ཀྱི་གནས་བབ་དང་ཤིན་ཏུ་མཐུན་འདུག་སྟབས་རང་བཞིན་གྱིས་འབྲུག་རྒྱལ་པོར་གོ་བ་མངོན་གསལ་ཡིན། མངོན་གྱུར་ནི་མངོན་སུམ་གྱི་སྤྱོད་ཡུལ་ཡིན་པས་འགྲེལ་བརྗོད་མང་པོ་མི་ཅི་ལ་དགོས། བླ་མའི་བཀའ་ཡིག་ནི་ལྐོག་གྱུར་གང་ཞིག་མངོན་དུ་འགྱུར་ཆེད་ཡིན་པ་ལས། མངོན་གྱུར་ལ་ད་དུང་གཞན་ཞིག་སྒྲུབ་བྱེད་དགོས་དོན་མེད།
གཡུ་འབྲུག་དཀར་པོ་ལགས་སོགས་འབྲུག་ལ་ཆ་རྒྱུས་ཡོད་མཁན་ཚོར་ང་ལ་རེ་བ་ཞིག་ཡོད། དུས་རབས་བཅོ་བརྒྱད་པའི་ནང་དུ་འཁྲུངས་པའི་མོན་བླ་ཀུན་གྲོལ་རྣམ་རྒྱལ་ཟེར་བ་དེའི་རྣམ་ཐར་ལོ་རྒྱུས་ཡིག་ཆ་གང་འདྲ་ཡོད་མེད་དང་དེང་སང་འབྲུག་ལ་ཁོང་གི་དགོན་པ་ཆོས་རྒྱུད་གང་འདྲ་ཡོད་མེད་སྐོར་རེ་མཁྱེན་ན་གསུངས་རོགས། ལན་རྒྱས་ཙམ་བྱུང་ན་ང་ཧ་ཅང་དགའ།
རྗེ་བཙུན་པད་མ་འདི་པ་བྱད་བཞིན་མཛེས་ཀྱང་་། བྲང་ཁོག་ལ་བུད་མེད་ཀྱི་ཁྱད་ཆོས་འབུར་ཐོན་དེ་འདྲ་མཇལ་དུ་མེད་པས། འབྲུག་རྒྱལ་པོར་བདེ་བ་ཆེན་པོ་རང་ཐོབ་རྒྱུ་དཀའ་བར་འདུག
ཤར་དཀྱིལ་ཨེ་ཤེ་ཡའི་བུད་མེད་ཀྱི་ནང་ལ་གནམ་གྲུ་ཐང་དེ་འདྲ་མང་།
ང་ཚོ་བོད་པ་འདི་གླེན་རྟགས་དང་ཨ་གསར་ཚ་བ་འདི་གང་མིན་ཚད་རེད། འབྲུག་གི་རྒྱལ་བོ་ཕོ་གསར་འདི་ལ་དེང་རབས་ཡར་ཐོན་དང་ལས་རྒྱུ་འབྲས་ཀྱི་བསམ་བློ་ཡོད་ན་ལས། འབྲུག་གིས་བོད་པར་སྡུག་པོ་བཏང་ཚད་དེ་རྒྱ་མིས་དྲག་སྤྱོད་ཀྱང་ངོ་ཚ་བའི་གནས་སུ་བཀོད་པ་ཞིག་ཡིན། ཁོང་ཚོས་ང་ཚོའི་༧གོང་ས་མཆོག་གི་སྐུ་ཚབ་སོགས་མང་པོ་བསད་པས་མ་ཟད། མི་མང་ལ་སྡུག་པོ་ཅི་བཏང་རུས་པ་ཅན་གྱིས་བརྗེད་ས་མེད། གང་ལྟར་དོན་དག་མང་པོ་ཞིག་ལྷག་བསྡད་ཡོད། དེ་ཚང་མས་ཤེས་བར་གྱིས། དོན་དག་མེད་སར་སྐྱ་སེར་གཉིས་ཀས་བུད་མེད་དེ་བསོད་ནམས་ཆེ་ཞེས་སྒྲོག་པ་ནི་དངོས་གནས་ངོ་ཚ་བ་རང་རེད།
འབྲོང་ངུར་ལགས། ངས་གསུངས་མི་སྲིད་ཅེས་པར་རྒྱུ་མཚན་ཡོད། ཡིན་ཀྱང་བཤད་ན་མི་འདོད། གང་ཡིན་ཞེ་ན་ང་ཚོའི་གཏམ་དཔེར། དྲང་པོར་བཤད་ན་མི་མི་དགའ། །རྟས་ཐག་བརྡུང་ན་ཁྱི་མི་དགའ། །ཟེར་བ་ལྟར་དྲྭ་བ་འདིར་དྲང་པོ་བཤད་པར་དགའ་མཁན་སུ་ཞིག་ཀྱང་མི་འདུག་པས་སོ།།
སྤོབས་པ་ལགས། ཁྱེད་ཀྱིས་གསུངས་པའི་མོན་བླ་ཀུན་གྲོལ་རྣམ་གྲོལ་ཞེས་པ་སུ་ཡིན་གོ་མ་སོང་། མོན་བླ་དེ་སུའི་སློབ་མ་ཡིན་དེའི་སྐོར་གསུངས་ན་ངས་ཀྱང་རྗེས་མར་ཞིབ་འཚོལ་བྱེད་ཐུབ་སྲིད། ཡང་ན་རིག་འཛིན་འཇིགས་མེད་གླིང་པའི་སློབ་མ་འཇིགས་མེད་ཀུན་གྲོལ་སྐོར་གསུངས་པ་མིན་ནམ། དེ་ཡིན་ན་དེ་ནི་ཤར་ཕྱོགས་པདྨ་དགའ་ཚལ་རྫོང་ཁག་ཁོངས་ནས་འཁྲུངས་པར་བཤད་ཅིང་དེའི་གདན་ས་ད་ལྟ་ཡོངས་ལ་དགོན་པ་ཟེར་བ་ཞིག་ཡོད། དེའི་ཆོས་རྒྱུད་ཇི་ལྟར་ཡོད་མེད་མི་ཤེས་ཏེ་དགོན་དེར་ད་ལྟ་ཀློང་ཆེན་སྙིང་ཐིག་གི་ཆོས་རྒྱུད་འཛིན་བཞིན་ཡོད་ཀྱང་ཆོས་རྒྱུད་འདི་ནི་རྡོ་གྲུབ་རིན་པོ་ཆེ་ནས་བརྒྱུད་པ་ཡིན། དེའི་སྐོར་རྒྱུས་ཆ་མང་པོ་ཡང་མེད། དེ་ཙམ་ཡིན།
ལས་སྨོན་རྟེན་འབྲེལ་ཞེས་པའི་མགུར་དེང་དུས་ཚོགས་གླུར་བླངས་བཞིན་པ་དེ་འཇིགས་མེད་གླིང་པས་རང་གི་སློབ་མ་འཇིགས་མེད་ཀུན་གྲོལ་ལ་གསུངས་པ་ཞིག་རེད། འཇིགས་གླིང་གི་སློབ་མ་འཇིགས་མེད་མཚན་ཅན་བཞི་ཡོད་པ་ལས་གཅིག་འད་པ་རེད་དྲན་སྙམ།
འུར་ཁང་འུ་རུ་མང་ནས།
འབྲུག་མོར་སྙད་སྨྲོས་བྱ་གི
འབྲུག་མོའི་གཅིང་དྲི་སྣུམ་མཁན།
འུར་ཁང་མིན་པས་སུ་ཡོད།
སྦང་མ་གད་སྙིགས་ཡིན་པས།
བ་ཕྱུག་མིན་པས་སུས་བཟའ།
འུར་ཁང་འུར་རུ་མང་ཡང་།
ཆང་དང་་སྦང་མ་མི་ཤེས།
སྐྱུ་རྩི་སྐྱུ་ལ་དགའ་ཡང་།
ཆང་དང་སྦང་མ་ལོས་ཤེས།
ཨོ་ལོ་ཤོད་ཤོད་མ་མང་།
འུར་རུ་ཉུང་ཙམ་ཤོད་རོགས།
བཀའ་ཐང་བསྡུས་པ་ཡར་རྗེ་ཨོ་རྒྱན་གླིང་པའི་གཏེར་མ་ཡིན་མིན་ལ་དོགས་པ་སྐྱེས་པའི་རྒྱུ་མཚན་ཡོད། ཡོངས་སུ་གྲགས་ཟིན་པའི་རྒྱུ་མཚན་ཅི་ཡོད། དཔེ་འདིའི་གཤམ་དུ་ཨོ་རྒྱན་གླིང་པའི་གཏེར་མ་ཡིན་ཞེས་གསུངས་པའི་རྒྱུ་མཚན་གྱིས་ཡིན་ནམ། ཡིན་ན་ཨོ་རྒྱན་གླིང་པ་ཞེས་པ་ཡར་རྗེ་ཨོ་རྒྱན་གླིང་པ་གཅིག་པུ་མ་གཏོགས་གཞན་མེད་དམ། ངས་ནི་བཀའ་ཐང་བསྡུས་པ་དེ་ཡར་རྗེ་ཨོ་རྒྱན་གླིང་པའི་གཏེར་མ་མིན་པར་ཨོ་རྒྱན་གླིང་པའི་མཚན་ཅན་གཞན་ཞིག་གི་གཏེར་མ་མིན་ནམ་སྙམ་པའི་དོགས་པ་ཡོད།
དེ་ལྟར་དོགས་པ་སྐྱེ་དགོས་པའི་རྒྱུ་མཚན་ཡང་། ངའི་ཕ་ཡུལ་དུ་ཨཱཿརྒྱ་གནས་ཞེས་པའི་གནས་ཤིག་ཡོད་ལ། དེའི་གནས་ཡིག་ཅིག་ཡོད་པ་དེ་ཡང་ཨོ་རྒྱན་གླིང་པའི་གཏེར་མ་ཡིན་པར་འདོད་ཀྱང་། ཡར་རྗེ་ཨོ་རྒྱན་གླིང་པའི་གཏེར་མ་ནི་མིན་པར་ངེས་ཏེ། གནས་ཡིག་དེའི་གཤམ་དུ་འདི་ནི་མདོར་བསྡུས་པ་ཙམ་ཡིན་ཏེ་རྒྱས་པར་དགོས་ན་པདྨ་གླིང་པའི་བཀའ་ཐང་དུ་ལྟོས་ཞེས་གསུངས་འདུག་པའི་ཕྱིར་རོ།། ཡང་གནས་ཡིག་དེའི་ནང་དུ་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྦས་གནས་ངོས་འཛིན་སྟངས་དང་། སྦས་གནས་ཀྱི་རྒྱལ་པོ་ངོས་འཛིན་སྟངས་རྣམས་ཀྱང་བཀའ་ཐང་ཤེལ་བྲག་མ་དང་མི་འདྲ་བས་ཀྱང་གནས་ཡིག་དེ་ཡར་རྗེ་ཨོ་རྒྱན་གླིང་པའི་གཏེར་མ་ཡིན་མིན་ལ་དོགས་པ་ངང་གིས་སྐྱེས་བྱུང་།
དེ་བཞིན་བཀའ་ཐང་བསྡུས་པར་བཤད་པའི་ཡབ་བརྒྱད་ཡུམ་བརྒྱད་སོགས་ཀྱི་སྐོར་ཡང་བཀའ་ཐང་སྡེ་ལྔ་རྣམས་སུ་ཟུར་ཙམ་ཡང་མི་སྣང་ཞིང་། ཨཱཿརྒྱ་གནས་ཀྱི་སྐོར་བཀའ་ཐང་ཤེལ་བྲག་མར་མི་གསལ་ཡང་། བཀའ་ཐང་བསྡུས་པར་མོན་ཁ་ཤྲཱི་རྫོང་ཞེས་ཨཱཿརྒྱ་གནས་ཀྱི་མིང་ཟུར་ཙམ་ཞིག་བྱུང་བས་ཀྱང་དོགས་པ་སྐྱེ་བའི་རྐྱེན་བྱས་སོ།།
འོན་ཀྱང་བཀའ་ཐང་བསྡུས་པ་དང་གོང་གི་གནས་ཡིག་དེ་གཉིས་སྤོ་བོ་བདུད་འདུལ་པདྨ་དབང་ཆེན་གྱི་གཏེར་མ་དང་སྒོ་གང་ས་ནས་མཐུན་པར་མཐོང་བས་ཁོ་བོས་ནི་གོང་གི་དཔེ་གཉིས་སྤོ་བོ་བདུད་འདུལ་པདྨ་དབང་ཆེན་གྱི་གཏེར་མ་མིན་ནམ་སྙམ་པའི་དོགས་པ་ཡོད་ལགས།
ལ་སྟོད་བུ་ལགས་ཁྱེད་ཀྱིས་ཚིག་འགྲེལ་གནང་བ་ལ་ཐུགས་རྗེ་ཆེ་ཞེས་ཞུའོ་
སྐྱུར་རྩི་ཆང་ལ་འཐམ་ནས།
དུས་ཀྱི་འགྱུར་བ་མི་ཤེས།
འཇིག་རྟེན་འཁོར་བ་འདི་ཡི།
ཉི་མ་མགོ་ནས་ནུབ་ཡོང་།
འུར་ཁང་འབྲུག་བོད་ས་མཚམས།
སྐྱེས་སུ་ཚར་ནས་མེད་པར།
འབྲུག་མོའི་བདེ་ཆེན་མྱོང་བར།
གཅིན་དྲི་མི་སྣོམ་ཐབས་མེད།
འབྲུག་རྒྱལ་གུ་རུ་པད་མ་དང་། །
རྗེ་པད་རྗེ་བཙུན་སྒྲོལ་མ་རུ། །
མིག་གིས་མཐོང་མཁན་རིགས་ཀྱི་བུ། །
ཟླ་བ་དོན་གྲུབ་རྨོངས་དད་ཆེ། །
འབྲུག་རྒྱལ་གུ་རུ་པདྨ་རུ།།
ལུང་ཟིན་སྒྲོག་པར་བྱེད་པ་ལས།།
ཟླ་དོན་མིག་གིས་མཐོང་འདུག་ཅེས།།
ཁྱེད་ལ་ལུང་བསྟན་བྱུང་བ་འདྲ།།
འདས་པ་མང་པོ་གླེང་དགོས་མེད། བོད་མི་རིགས་འདི་འབྲུག་རྒྱལ་ཁབ་སོགས་ཧི་མ་ལ་ཡི་མི་རིགས་ལ་འབྲེལ་བ་ཡོད་ན་བཟང་གི་རེད། ཚང་མ་དགྲ་རུ་གྱུར་ན་ད་ཡོང་རྒྱུ་གཅིག་ལས་ཡོད་པ་མ་རེད།
གཡུ་འབྲུག་དཀར་པོ་སོགས་འབྲུག་ཡུལ་ལ་རྒྱུས་ཡོད་རྣམས་ལ་འདྲི་རྒྱུ་ཞིག་ཡོད། འབྲུག་རྒྱལ་དབང་ཞེས་པའི་བླ་མ་ཁོང་འབྲུག་ཡུལ་ལ་བསྐྱོད་མི་ཆོག་པ་ཞིག་བཤད་ཀྱིན་འདུག དེའི་རྒྱུ་མཚན་ག་རེ་ཡིན་ནམ། ང་ལ་དགོས་པ་ཞིག་ཡོད་པས་དྲིས་པ་ཡིན་ལགས།
རྒྱལ་བཙུན་པདྨ་མཆོག་ལུ་བསྟོད་པ་ཡིད་དགའ་དྲི་ཟའི་གླིང་བུ།
སྔོན་བསགས་ཚོགས་གཉིས་ཟབ་མོའི་དཔལ་ཡོན་གྱི།།
བདུད་རྩི་ཆུ་རྒྱུན་ཉེ་བར་འཁྱིལ་བའི་མཆོག།
སྐུ་གཟུགས་ཆུ་གཏེར་དབང་པོར་མངོན་མཐོ་བ།།
ལྷོ་ལྗོངས་སྐྱེ་རྒུའི་བདག་མོར་བྱོན་པ་ལེགས།།
མཐོ་རིས་ཡོན་ཏན་བདུན་གྱི་མཚན་དཔེས་བརྒྱན།།
བྱམས་རྩེ་འོད་དཀར་འབུམ་གྱིས་རབ་འཁྱུད་པའི།།
མཛད་བཟང་མི་ཡི་སྤྱོད་པ་ལས་འདས་པ།།
མཁའ་འགྲོའི་རྣམ་སྤྲུལ་ཡིན་པར་ཐེ་ཚོམ་མེད།།
མཇལ་བས་མི་ངོམ་རབ་ཏུ་མཛེས་པའི་སྐུ།།
ཐོས་པས་མི་ངོམ་ཚངས་སྲས་ལྷ་མོའི་གསུང་།།
དྲན་པས་མི་ངོམ་སྙིང་རྗེ་ཆེན་པོའི་ཐུགས།།
སྨན་ལྗོངས་སྐྱེ་རྒུའི་དབང་མོར་རབ་ཏུ་བསྔགས།།
འཇིག་རྟེན་ཆགས་ཞེན་སྐྱོན་གྱིས་མ་གོས་པ།།
ངོ་མཚར་ཁྱད་ཆོས་ཡོན་ཏན་བཟང་པོས་བརྒྱན།།
མངའ་འབངས་ཡོངས་ཀྱི་ལེགས་ཚོགས་དཔལ་བཞད་པའི།།
ཚངས་སྲས་ས་སྐྱོང་དབང་མོར་རབ་ཏུ་བསྔགས།།
ངོ་མཚར་ལྷ་ཡི་རིགས་ལས་མཆེད་པའི་སྐུ།།
ཤེལ་གྱི་རི་བོར་རྟ་མདུན་དབང་པོ་མཚུངས།།
ཐུགས་རིག་རྣམ་བཀྲ་འཇའ་ཚོན་གཟི་མདངས་བཞིན།།
ཕན་བདེའི་འོད་ཀྱིས་གང་བ་ཤིན་ཏུ་མཚར།།
སྲིད་ན་ཤིན་ཏུ་མཛེས་པའི་རྗེ་བཙུན་མ།།
འཇམ་མཉེན་པདྨའི་ཡལ་འདབ་འགོད་པའི་ཞལ།།
ཚེམས་ཕྲེང་གེ་སར་ངོ་འཛུམ་རབ་ཏུ་དཀར།།
བཅོ་ལྔའི་ཆ་རྫོགས་ལྗོངས་འདིར་རྒྱན་གྱི་མཆོག།
ཚོད་ལྟ་ཡིན།
འབྲུག་པའི་རྒྱལ་སྲས་ཀྱི་གསར་བཞེས་ཀྱིས་བོད་མོའམ་འབྲག་མོ་མཛེས་མ་ཞིག་འདུག་ཀ ཡིན་ཡང་ཕྱི་ཡི་སྤྱོད་ལམ་དང་གཟུགས་པོའི་ཆེ་ཆུང་མཉམ་འགྱུར་དང་གསུང་གི་འགྱུར་ཁུགས་ག་འདྲ་ཡིན་སྙན། ངོ་ནས་ངས་མཐོང་འདོད་ཡོད་པས་འདྲ་ཞིག་ཡོད་ན་བསྟན་གནང་ཐུགས་རྗེས་གཟིགས། ད་རེ་་ཡི་ན་ཅུང་རྗེས་ལ་ལྷག་བྱ་ག་རེ་བྱས་ནས་༢༠༡༡་ གི་བོད་པའི་མཛེས་མའི་འགྲན་བསྡུར་ནང་ལ་ཞུགས་ན་ཏག་ཏག་ཡིན་མོ། ་སྐབས་དེ་ལ་འབྲུག་རྒྱལ་སྲས་ཀྱི་བཙུན་མོ་མཛེས་མ་ཞིག་ཡིན་མིན་འབྲུག་བོད་གཉིས་ཀྱི་མངོན་གསལ་དོད་པོ་ཞིག་མཐོང་གི་རེད་མོ། ཡིན་ཡང་འདི་བོད་པ་ལ་དགའ་མཁན་ཡིན་ནམ་སྐྱབས་མགོན་རིན་པོ་ཆེ་ལ་འཇལ་མྱོང་མཁན་ཞིག་ཡིན་ནམ།
གཉེན་སྟོན་ལ་བཀྲ་ཤིས་བདེ་ལེགས་ཞི་བ་དང་ཆབས་ཁྱེད་གཉིས་ཀྱིས་རླུང་རྟ་དར་བར་ཤོག།།།།།།།།།།
བཞིན་གྱི་དཀྱིལ་འཁོར་བསིལ་སྦྱིན་དཔལ་འགྲན་make-upསྒྱུ་མས་བསྐྲུན་པ་ལགས།
མཆུ་ཡི་འདབ་མ་ཨུད་པལ་་སྐྱེང་པ་lipstick ཡི་གཟིགས་སྦྱིན་འབར།
ལྷོ་ཤིང་སྨྱུག་མར་འགྲན་པའི་སྐུ་གཟུགས་ནུབ་ཕྱོགས་གེགས་མོར་འགྲན་ཟླ་མེད།
འབྲུག་རྒྱལ་ལིང་ཀ་ཇི་ལྟར་རྒོད་ཀྱང་བདེ་ཆེན་མྱོང་མིན་ཆ་མི་འཚལ།
འབྲུག་རྒྱལ་ཡབ་ཡུམ་གྱི་གཉེན་སྒྲིགས་ལ་བཀྲ་ཤིས་བདེ་ལེགས་ཞུ་ཡ་དང་། ཆོས་སྲིད་གཉིས་ལྡན་གྱི་མཛད་པའི་འཇིག་རྟེན་འདིར་རྫོགས་ལྡན་གསར་བ་བསུ་བའི་གཉེན་དུ་གྱུར་ཅིག
དཔལ་ལྡན་སྨན་ལྗོངས་ཆོས་ལྡན་འབྲུག་གི་རྒྱལ་ཁབ་ཆོས་རྒྱལ་མི་དབང་མངའ་བདག་རིན་པོ་ཆེ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་དང་། ལྷ་ལྕམ་རྗེ་བཙུན་པདྨ་རྣམ་གཉིས་ཀྱི་གཉེན་སྟོན་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག དཔལ་ལྡན་སྨན་ལྗོངས་འབྲུག་རྒྱལ་ཁབ་ཀྱི་ཆོས་སྲིད་ལུགས་གཉིས་མངའ་ཐང་གོང་ནས་གོང་དུ་འཕེལ་བར་ཤོག །རྒྱལ་ལོ་རྒྱལ་ལོ་ཆོས་ལྡན་འབྲུག་གིས་རྒྱལ་ཁབ།
འབྲུག་རྒྱལ་པོ་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
ང་ནི་ངའི་སྙིང་ནས་བརྩེ་བའི་བཟའ་ཟླ་ཤ་བརྩེ་ཡིད་འོང་མཆོག་ལ་བརྩེ་བ་འབྲུག་རྒྱལ་པོས་པདྨ་ལ་བཅངས་པའི་བརྩེ་གདུང་ལས་བརྒྱ་འགྱུར་སྟོང་འགྱུར་ལས་ལྷག་པ་ཡོད། དེ་འདྲ་སོང་ཙང་། འབྲུག་པ་ཚོ་དང་ཀློག་པ་པོ་ཚོ་སེམས་སྡུག་མ་བྱེད།
ངས་ཤ་བརྩེ་ལ་བརྩེ་གདུང་ག་ཚོད་ཡོད་མེད་གཙུག་ལག་ཁང་གི་རྟེན་གྱི་དྲུང་དུ་གདམ་བཅའ་འབུལ་ཡོད་ལ་རང་གི་སྙིང་ལ་རྡོ་ཡི་རི་མོ་བརྐོས་ཡོད།
ཤ་བརྩེ་ང་གཉིས་ཀྱི་ནང་མི་ཕྱོགས་ཡོངས་ལས་རྣམ་པར་རྒྱལ་འགྱུར་ཅིག
འབྲུག་གི་དགོན་སྡེ་ཁག་གི་དཔེ་རྙིང་ཉམས་སྲུང་གི་ལས་ཀ་ལེན་མཁན་་་གཡུ་འབྲུག་དཀར་པོ་ལགས། ཁྱེད་ཀྱིས་་་་སྲིད་པའི་རྒྱལ་མོའི་གསོལ་ཁའི་དཔེ་ཆ་་་་དེ་རང་མ་གཏོགས་མེད་པའི་ཚུལ་ཞིག་གསུངས་འདུག་པས་དེ་ལ་གསལ་བཤད་དུ་ཞུས་ན། ༡༩༩༩་་་ལོར་ཞིབ་འཇུག་པ་་བསམ་གཏན་རྒྱལ་མཚན་མཆོག་གིས་་་ཕྱག་གིས་རེག་སྤྱན་གྱིས་གཟིགས་པའི་དཔེ་ཆ་་་ཞབས་དྲུང་མཚན་ལྡན་འདུལ་བའི་གསོལ་འདེབས་་་དང་་་ཡིད་དམ་དབལ་གསས་ཀྱི་དཔེ་ཆ་བཅས་་་་ཡོད་པར་གསུངས་འདུག་པས་དེ་ཚོ་གང་དུ་ཡལ་སོང་བ་ཡིན་ནམ། དུ་དུང་ཞིབ་འཇུག་པ་བསམ་གཏན་རྒྱལ་མཚན་མཆོག་གིས་དཔེ་ཆ་ཡོངས་རྫོགས་ལ་གཟིགས་ལོང་བྱུང་མིན་འདུག། ཁོང་ནི་དེང་སང་སྐུ་འཚོ་བཞུགས་ཡིན་པས་སྐད་ཆ་འདྲི་ཆོག། ལ་སྟོད་བུས་ཀྱང་་་རྣམ་རྒྱལ་གཟུངས་ཆེན་་་ཡོད་སྐོར་ཞིག་གསུངས་སོང། བསམ་གཏན་རྒྱལ་མཚན་མཆོག་གིས་བྲིས་པ་། I picked up the dilapidated manuscript just out of curiosity. To my great surprise it contained a long prayer to Tshanden Dulwa Gyaltsen and the main text of the Bonpo ritual cycle known as Walsel48 It was then clear to me that I found myself in a building which was formerly a Bonpo establishment. For some reasons the gönkhang was kept for the propitiation of Bonpo deities despite the fact that everything else has changed.
བོན་པོ་ལགས་དུས་ཡུན་རིང་པོའི་རྗེས་སུ་སླར་ཡང་མཇལ་བར་དགའ་བསུ་ཞུ། གོང་དུ་དབྱིན་ཡིག་ཏུ་བཀོད་པའི་ནང་དོན་ལྟར་ན་བསམ་གཏན་རྒྱལ་མཚན་གྱིས་བོན་དཔེ་མང་པོ་མཐོང་བའི་དགོན་པ་དེ་སྐུ་འབུམ་དགོན་པ་རང་ཡིན་པ་འདྲ། འོན་ཀྱང་ངས་ཀྱང་མིག་གིས་མཐོང་ཞིང་ལག་པས་རེག་པ་ཡིན་པས་ངས་ནི་སྲིད་རྒྱལ་གྱི་བསྐང་གསོལ་དཔེ་ཆ་མ་གཏོགས་མ་མཐོང་ངོ་། ང་དང་མཉམ་དུ་ཡང་དབྱིན་ཇིའི་ཞིབ་འཇུག་པ་འགའ་ཞིག་ཕྱིན་ཡོད་པས་ང་ལ་ཡིད་མ་ཆེས་ན་ཁྱེད་རང་ཀེམ་བིརིཇི་གཙུག་ལག་སློབ་སྡེ་ལ་ཕེབས་ནས་ཁོང་ཚོར་དྲི་བར་མཛོད། དབྱིན་ལོ་༡༩༩༩ ལ་ཡོད་ཅིང་ད་ལྟ་མེད་ལུགས་ལ་བལྟས་ན་ཕལ་ཆེར་རྐུན་མར་ཤོར་བ་མིན་ནམ་་་་་མི་རྐུན་རྒྱག་མཁན་གྱིས་ཁྱེར་བ་མིན་ནམ་ཨང་་་་་ཧ་ཧ་
༄༅། །བུམ་ཐང་ལྷའི་སྦས་ཡུལ་གྱི་བཀོད་པ་མེ་ཏོག་སྐྱེད་ཚལ་ཞེས་བྱ་བ་བཞུགས་སོ།།
༈ ༀ་སྭ་སྟི་སིདྡྷི། བུམ་ཐང་ལྷའི་སྦས་ཡུལ་གྱི་བཀོད་པ་གསལ་བར་བྱེད་པ་མེ་ཏོག་གི་སྐྱེད་མོས་ཚལ་ཞེས་
བྱ་བ། ངོ་མཚར་རྨད་དུ་བྱུང་བ་ཐམས་ཅད་ལ་ཕྱག་འཚལ་ལོ།། ༈ ལྷ་ཡི་མཆོག་དང་ཀླུ་དང་གནོད་སྦྱིན་དང་། །དྲང་སྲོང་གྲུབ་པ་རིག་སྔཊ་འཆང་རྣམས་ཀྱི། །ཐོར་ཚུགས་གཡོ་བས་གང་གི་ཞབས་བཏུད་པ། །རང་བྱུང་པདྨ་དད་བརྒྱའི་གཙུག་གིས་མཆོད། །སྔོན་གྱི་རྒྱལ་བློན་མཆོག་རྣམས་བྱོན་པའི་ཡུལ། །ངོ་མཚར་གཙུག་ལག་ཁང་རྣམས་བཞུགས་པའི་ཡུལ། །མཁས་གྲུབ་དུ་མ་བརྒྱུད་པར་བྱོན་པའི་ཡུལ། །བུམ་ཐང་ལྷ་ཡི་སྦས་ཡུལ་བཀོད་པ་གསོན། །དབུས་དང་ཕྱོགས་བཞི་ཡངས་པའི་རང་བཞིན་ཡུལ། །ཀུན་ནས་ཟླུམ་པ་བུམ་པའི་འཁོར་ལོ་དང་། །པདྨ་ཁ་བྱེ་ལྟ་བུར་
མཛེས་པ་ལ། །མི་ཡུལ་མི་འདྲ་ལྷ་ཡུལ་འཕོས་པ་བཞིན། །རི་རྣམས་ཉམས་དགའ་སྔོ་ཞིང་སྣུམ་པ་ལ། །རྩེ་མོ་དཀར་
གསལ་གངས་རིའི་ཕྲེང་ཚོགས་ཅན། །མཐོ་ཁྱད་མཉམ་ཞིང་ཕྱོགས་རྣམས་འཁོར་བ་ནི། །རིན་ཆེན་ར་བས་ཀུན་ནས་
བསྐོར་བ་བཞིན། །ལུང་རྣམས་ཐང་ཡངས་མེ་ཏོག་འབྲས་མང་ལ། །གྲོང་རྣམས་ཡིད་འོང་པདྨ་མང་པོ་གང་། །ཕྱོགས་
རྣམས་མདངས་གསལ་དཔལ་གྱིས་མཛེས་པ་ནི། །ལྷ་རྣམས་ཡུལ་ལ་འགྲན་པ་ལགས་སམ་སྙམ། །ཡུལ་འདི་བུམ་
པའི་ཐང་ཞེས་གྲགས་པ་ཡང་། །རབ་སྣའི་དབུས་རི་བུམ་པ་ལྟ་བུའི་འདབས། །བྱང་ངོས་ཐང་ལ་ཐོག་མར་ཡུལ་བཏབ་
པས། །ཉེ་བའི་སྒྲ་ཡིས་དེ་སྐད་བཏགས་སོ་ཀྱེ། །འདི་ཡི་རང་བཞིན་ཀུན་ནས་མཛེས་པ་ལ། །ཕྱོགས་ཀྱི་ཡུལ་ཕྲན་མང་
པོས་བསྐོར་བ་ནི། །ལྷུན་པོ་གསེར་རི་མང་པོས་བསྐོར་བ་ལ། །གླིང་བཞི་གླིང་ཕྲན་མང་པོས་བསྐོར་བ་བཞིན། །དེ་ལྟའི་ཡུལ་དབུས་ཡངས་པའི་ལྟེ་བ་ལ། །རབ་སྣའི་ལུང་པ་ཀུན་ནས་མཛེས་པ་ནི། །པད་སྡོང་རྩེ་ན་བྱམས་པ་བཞུགས་པ་
འདྲ། །དངས་པའི་ཆུང་ཀླུང་དག་ཀྱང་ཤར་དུ་འབབ། །ལུང་བཟང་སྲོལ་ནི་པདྨའི་རྩ་བ་ལ། །རྩེ་མོ་བང་རིམ་འདབ་སྟོང་
རྒྱས་འདྲའི་སྟེང་། །བྱང་རི་བྱམས་པ་རྒྱལ་པོ་གདན་བཞུགས་ལ། །ཐར་པ་གླིང་གིས་ཉེ་བར་མཛེས་པ་ལགས། །ས་
རྣམས་འདབ་བརྒྱད་པདྨ་ལྟ་བུ་ལ། །གནམ་ཡང་འཁོར་ལོ་རྩིབས་སྟོང་བཀོད་པ་བཞིན། །མདངས་བཀྲ་ཉི་ཟླའི་འོད་ཀྱང་རྒྱང་རིང་ལ། །ཕྱོགས་ཀྱི་རི་དང་ཡུལ་རྣམས་འདུད་པ་བཞིན། །ས་མཁན་རིན་ཆེན་བསྔགས་པའི་གཞི། །རྒྱལ་བའི་
ས་སྟེ་བཀྲ་ཤིས་ཕུན་ཚོགས་ཤོག །གྲུབ་རི་རིན་ཆེན་འབྱུང་བའི་སྟི་གནས་ཏེ། །རང་འབྱུང་པདྨ་རྒྱལ་པོའི་མགོན་དང་
བཅས། །འདི་ཡིས་ཕྱོགས་བཞི་པདྨ་འདབ་མ་ལ། །ཡུལ་ཁམས་བཞི་དང་གཞུང་ཆུ་འབབ་པའི་ཚུལ། །སོ་སོའི་ཡ་
མཚན་དུ་མས་བརྒྱན་པ་ནི། །སྔོན་མེད་སྒྱུ་མའི་རྩེད་མཚོ་བཀོད་པ་བཞིན། །རང་བཞིན་བུམ་ཐང་སྡེ་བཞིར་གྲགས་པ་
ནི། །རབ་སྣ་མོ་རེ་སྟེང་ཆུ་མང་སྡེའི་ཡུལ། །བཞི་པོ་སྔོན་ནས་ཡོད་ཕྱིར་སྡེ་བཞི་ལ། །ཨུ་ར་ཕྱི་ནས་བོད་ཀྱིས་བཏགས་
པར་འདོད། །དེ་ནས་ཤར་ཕྱོགས་རྟ་ཆུའི་ལུང་པ་ནི། །རིན་ཆེན་ཤིང་རྟའི་དབྱིབས་ལྟར་མཛེས་པ་ལ། །ཡུལ་རྣམས་དར་
ཞིང་མི་རྣམས་བདེ་སྐྱིད་འཕེལ། །རིན་ཆེན་ཆུ་བོ་ཤར་ནས་ནུབ་ཏུ་འབབ། །ཡུལ་འདིའི་ཕུ་ན་སྦས་ཡུལ་སྒོ་ཡོད་
ལ། །བར་ན་དཔལ་ཕུག་བྲག་ལ་ཞབས་རྗེས་དང་། །མདའ་ན་ཆོས་ཀྱི་གཏེར་མཚན་དུ་མ་ཡོད། །དེས་སང་རི་མོ་ཅན་
ཞེས་གྲགས་པ་ཡིན། །སྨན་ཤིང་མེ་ཏོག་འབྲས་བུའི་ཚོགས་མང་ལ། །ཡུལ་ཁམས་ཡངས་ཤིང་ལོ་ཐོག་སྣ་དགུ་
འཁྲུངས། །ཕྱོགས་ཀྱི་ཚོང་ཟོང་དག་ཀྱང་གྲངས་མང་ལ། །ཡུལ་ལྷའི་མཆོག་ཀྱང་གཞན་ལས་འཕགས་པ་
ལགས། །ཤར་ལྷོ་རིན་ཆེན་ཨུ་རའི་ལུང་པ་ནི། །འཁོར་ལོའི་དབྱིབས་ལྟར་ཟླུམ་ཞིང་མཛེས་པ་ལ། །གྲོང་རྣམས་དར་
ཞིང་ཡུལ་འཁོར་ཤིན་ཏུ་མང་། །རིན་ཆེན་ཆུ་བོ་ལྷོ་ནུབ་དལ་གྱིས་འབབ། །འདི་ཡི་ཕུ་ལ་དངོས་གྲུབ་གནས་ཡོད་
ལ།།བར་གྱི་ཕྱོགས་མཚམས་དགོན་པའི་གནས་ཀྱིས་བསྐོར། །མདའ་ན་རབ་འཇིགས་བདུད་མཚོ་མེར་བ་ལས།།དྲག་
པོའི་སྒྲ་སྐད་སྣ་ཚོགས་འབྱུང་བ་ཡོད། །རྩྭ་རྣམས་བཅུད་ཆེ་རྐང་འགྲོས་གཞན་ལས་འཕེལ། །ཤིང་རྣམས་འབྲས་བཟང་ནགས་ཚལ་ཕུན་སུམ་ཚོགས། །སྨན་རྣམས་མཐུ་ཆེ་ནད་ཀྱི་རིགས་ཉུང་ལ། །ཡུལ་རྣམས་ཉམས་དགའ་ཡོན་ཏན་
དཔག་ཏུ་མེད། །ཡུལ་འདི་བོད་ཡུལ་དབུས་དང་འདྲ་བ་སྟེ། །བསིལ་དྲོད་མཉམ་ལ་སྟོན་དུས་ལན་གཅིག་ འབྱུང་། །
ཆོས་རྒྱལ་རྗེ་ཡི་གདུང་རབས་བཞུགས་པ་དང་། །གཙང་མའི་བོད་རྣམས་གནས་པས་ཁྱད་པར་འཕགས། །ལྷོ་ཕྱོགས་
ལུང་སྲོལ་རབ་ཏུ་བཟང་པོ་ལ། །བུམ་ཐང་ཡུལ་གྱི་གཞུང་ཆུ་འབབ་པ་ནི། །ཐོག་མར་ལྷོར་འབབ་དེ་ནས་ལྷོ་ནུབ་
ཏུ། །གངྒཱའི་ཆུ་དང་འདྲེས་ཏེ་སོང་བ་ལས། །བ་ཚྭ་ཅན་གྱི་རྒྱ་མཚོ་ཆེན་པོར་འབབ། །ཡང་ཡང་གངས་རིའི་མགུལ་ནས་
འོངས་པའི་ཆུ། །ཆིལ་ཆིལ་རླབས་ཀྱིས་གཉེར་བའི་རྒྱུན་བབས་པ།།ལྷུང་ལྷུང་ཆབ་སྒྲ་སྙན་པའི་གླུ་ལེན་ཅིང་། །འདེང་
འདེང་ཞེས་སྒྲོགས་ལྷོ་ཕྱོགས་སྙེགས་ལ་གཟིགས། །བརྒྱད་ལྡན་ཆུ་འབབ་རིན་ཆེན་ཆུ་བོ་ཡང་། །དད་བརྒྱའི་རྦ་
རླབས་གཡོ་བས་རབ་བསྐྱོད་དེ། །རྡོ་རྗེ་གདན་སོགས་འཕགས་པའི་ཡུལ་རྣམས་སུ། །ཡོན་ཆབ་ཕུལ་ཕྱིར་ཆས་པ་ཡིན་ནམ་སྙམ། །དངས་པའི་ཆུ་གཙང་ཝུ་འཕྲེང་འཛིན་པ་ནི། །རིན་ཆེན་བཻཌཱུར་བཞུ་བའི་ཁུ་བའམ། །ཨནྡ་རྙིལ་དང་སྟོན་
ཀའི་ནམ་མཁའ་བཞིན། །ཡང་ན་གཡུ་ཐག་ལེགས་པར་བརྐྱངས་པ་འདྲ། །འདི་ནི་གངས་དང་སྨན་དྲིའི་སྡིང་རྣམས་
དང་། །སྨན་ཤིང་མེ་ཏོག་ཅན་ནས་ལེགས་འབབ་པའི། །འཐུང་དང་ཁྲུས་བྱས་ཡོན་ཏན་དཔག་ཏུ་མེད། །ཆུ་ངོགས་
གཞན་ལས་མཆོག་ཏུ་འཕགས་པ་ལགས། །ནུབ་ཕྱོགས་མང་སྡེའི་ཡུལ་ཁམས་བཟང་པོ་ནི། །ཡིད་འོང་གཞུ་ཡི་
དབྱིབས་ལྟར་མཛེས་པ་ལ། །གྲོང་རྣམས་མྱུར་ཞིང་ཕྱོགས་ཀྱི་སྐྱེ་བོ་འདུ། །ཆུ་བོའི་རྒྱུན་ཡང་ནུབ་ནས་ཤར་ལྷོར་
འབབ། །འདི་ཡི་ཕུ་ན་ནགས་རིའི་ཚོགས་མང་ཞིང་། །བར་དུ་འབྲུ་མང་སྨན་ཤིང་ལོ་འབྲས་འཕེལ། །མདའ་ན་འབྲས་
དང་ཁྲེ་དང་ཡོན་ལ་སོགས། །འབྲུ་སྣ་མང་ལ་ཇ་ཤིང་བཟང་པོ་སྐྱེ། ། སྦྲང་དང་བཙོད་དང་ཡ་མཚན་ལ་སོགས་པ། །ཚོང་
ཟོང་གྲངས་མང་དར་དང་རས་བལ་སོགས། །ཤིང་དང་ས་ལས་འཁྲུངས་པའི་བཟའ་བ་ཡང་། །རོ་མཆོག་བརྒྱད་ལྡན་
དཀར་དམར་ལྡན་པ་དང་། །བུ་རམ་ཤིང་དང་ཁ་ཟས་རྣམ་པ་མང་། །མང་སྡེའི་ཡུལ་ཞེས་མིང་དོན་མཐུན་པར་
གྲགས། །བྱང་ཕྱོགས་མེ་རིའི་ལུང་པ་བཟང་པོ་ནི། །དཔག་བསམ་ལྗོན་ཤིང་རྒྱས་པ་ལྟ་བུ་ལ།།ཡུལ་ཁམས་དར་ཞིང་ས་ཕྱོགས་གཟི་བརྗིད་ཆེ། །དྭངས་པའི་ཆུ་བོ་བྱང་ནས་ལྷོ་ཕྱོགས་འབབ། །འདི་ཡི་ཕུ་ན་བོད་ཀྱི་སྒོ་ཡོད་ལ། །གངས་རིའི་ཕྲེང་བ་དར་དཀར་ཡོལ་བ་བཞིན། །སྔོན་ཚེ་པདྨས་དཀྱིལ་འཁོར་བཞེངས་པའི་ཐང་། །སྲིན་པོ་བཏུལ་བའི་རྡོ་དང་
བཅས་པ་ཡོད། །བར་ན་ཐང་ཡངས་ཆུ་བོའི་ཤར་ཕྱོགས་ལ། །བསམ་ཡས་མེ་བཙའ་ཆོས་འཁོར་ལྷ་ཁང་དང་། །ནུབ་
ན་བྱམས་པ་སྒྲོལ་མའི་ལྷང་ཁང་གཉིས། །ལྷ་ས་འུ་ཤང་རྡོ་ཡི་ལྷ་ཁང་བཞེངས། །དེ་དང་ཉེ་བའི་བྱང་རིའི་བྲག་ལོགས་
ལ། །རང་འབྱུང་པདྨ་རྒྱལ་པོའི་སྐུ་རྗེས་ཡོད། །དེ་ནི་ལན་གཅིག་མཐོང་བ་ཙམ་གྱིས་ཀྱང་། །ངན་སོང་སྒོ་བཅད་མཐོ་
རིས་ཐར་ལམ་བགྲོད། །མདའ་ན་སྔོན་གྱི་རྒྱལ་པོའི་ཡུལ་མཁར་དང་། །བློན་པོའི་གྲོང་ཡོད་རྒྱལ་བློན་ས་ཞེས་
གྲགས། །འདི་ཡི་མི་རྣམས་མཆོག་ཏུ་རིགས་བཟང་ལ། །གཟུགས་ཀྱང་གཞན་ལས་མཆོག་ཏུ་འཕགས་པ་
ལགས། །བུམ་ཐང་རིན་ཆེན་ལྷ་ཡི་སྦས་ཡུལ་གྱི། །རི་རྣམས་ལྷུན་སྟུག་ས་རལ་གྲོག་པ་མེད། །ཡུལ་རྣམས་ཉམས་
དགའ་སྟོན་དུས་འཁོར་མར་འབྱུང་། །མི་རྣམས་སྤྱོད་བཟང་སྔོན་གྱི་ཁྲིམས་ལ་གནས། །ཡིད་འོང་གྲོང་རྣམས་འཕྱོང་ཁ་
ཕྱེད་ཕིབས་ཅན། །སྙུག་མའི་སྦ་ཁང་དག་ཀྱང་གྲངས་མང་ལ། །མཁར་དང་ཁང་བཟང་ཤིང་གི་རྒྱ་ཕིབས་ཅན། །རྒྱང་
ནས་ལྷ་ཡི་ཁང་བཟང་མཐོང་བ་འདྲ། །འདི་ནི་མི་རྣམས་རང་བཞིན་དགེ་བ་སྟེ། །རི་དྭགས་མི་རྔོན་ལམ་སྲང་ཆོམ་པོ་
མེད། །རྐུན་པོ་ཉུང་ཞིང་གཞན་གནོད་འཚེ་བ་ཆུང་། །རང་གིས་རྒྱུད་འཇམ་འགྲོཊ་ན་བདེ་བ་ལགས། །ཡུལ་འདིའི་མི་
རྣམས་བརྙེས་སུ་མི་རུང་སྟེ། །ཁ་ཅིག་དཔའ་བོ་མཁའ་འགྲོའི་རིགས་ཡིན་ལ། །ལ་ལ་ཕྲིན་ལས་གཉན་ས་གནོན་ལ་
མཁས། །ཕལ་རྣམས་མཆོག་ཏུ་ངོ་མཚར་ཆེ་བ་ལགས། །འདི་ན་ལུཊ་བཟང་གློ་བུར་ལྷགས་ལ་བྱམས། །གང་དུ་
འགྲོ་ཡང་ལམ་རྒྱགས་མི་དགོས་ལ། །ཉེ་དུའི་ཁྱིམ་ལས་ལྷག་པའི་སྣ་ལེན་དང་། །བྱ་དགའ་ཆེ་བས་བསྐལ་པ་བཟང་པོ་བཞིན། ། ཡུལ་འདིའི་རང་བཞིན་ཞིབ་མོར་བསམ་པ་ན། །དབུས་གཙང་དག་པའི་ཞིང་ལས་ལྷག་པ་བཞིན། །འཚེ་བ་མེད་པས་དམ་ཆོས་སྒྲུབ་པའི་གནས། །ཡུལ་ཁམས་གཞན་ལས་ཁྱད་པར་འཕགས་སོ་ཀྱེ། །དེ་འདྲའི་ཡུལ་དབུས་
པདྨའི་ལྟེ་བ་ལ།།རབ་སྣའི་རི་རྒྱལ་ཀུན་ནས་བསྐོར་བ་བཞིན། །ཕྱོགས་ཀྱི་རི་རྣམས་དེ་ལ་འཁོར་བར་འདུད། །རིན་ཆེན་
འཛིན་མའི་ལྷུན་པོ་ཆེན་པོ་ཡང་། །སྣ་ཚོགས་བཀོད་པའི་འོད་ཟེར་སྟོང་འཕྲོ་ཞིང་། །གྲུབ་པའི་བསྟི་བཟང་པོས་བརྒྱན་པ་
ནི། །ཤར་རི་ལག་ན་པདྨོའི་བཞུགས་གནས་བཞིན། །དབྱར་དུས་ཨནྡ་རྙིལ་གྱི་ས་འཛིན་ལ། །ནོབ་བུ་ཉི་ཟླའི་འོད་ཀྱི་
མདངས་འཚེར་བ། །སྔོན་མེད་ལྷ་ཡི་རིན་ཆེན་ལྷུན་པོ་ཡང་།།ཕྱོགས་འདིར་འཕོས་ན་དེ་དང་མཚུངས་པ་སྙམ། །ཞི་བའི་
སྤྲིན་ཚོགས་བཟང་པོ་དེ་དག་ཀྱང་། །རབ་བཟང་དད་པའི་གློག་ཕྲེང་གར་བྱེད་ཅིང་། །སྙན་པའི་འབྲུག་སྒྲ་ཟབ་མོར་
སྒྲོགས་པ་ནི། །གནས་ཀྱི་ཡོན་ཏན་བསྔགས་པར་ཞུགས་པ་བཞིན། །སྟོན་དུས་མདངས་བཟང་མཛེས་པའི་རི་ངོགས་
ལ། །སྨན་ཤིང་མེ་ཏོག་འབྲས་བུའི་ཚོགས་སྨིན་པ། །ལྷ་ཡི་སྐྱེད་ཚལ་དར་བ་འཕོས་པ་བཞིན། །ཀུན་ནས་མཛེས་པའི་
རང་བཞིན་འདི་ལ་གཟིགས། །དགུན་དུས་ལྷུན་པོ་གངས་རིའི་ཅོད་པན་ཅན། །ཁ་བའི་གོས་དཀར་བཟང་པོས་
གཡོགས་པ་ནི། །ཤེལ་རི་འོད་ཀྱི་དྲ་བས་མཛེས་པའམ། །ཀུ་མུད་ཚལ་དུ་སྟོན་ཟླ་ཤར་བ་བཞིན། །རེས་འགའ་ཤིང་
རྣམས་དུང་གི་ལྗོན་པ་ལ།།པདྨ་དཀར་པོའི་མེ་ཏོག་རྒྱས་པ་བཞིན། །ས་གཞི་རིན་ཆེན་དངུལ་གྱིས་ཡོགས་འདྲ་
ལ། །རབ་དཀར་ངང་པ་མང་པོ་ལྷགས་པ་བཞིན། །དཔྱིད་དུས་ས་མཆོག་ཡོན་ཏན་མང་པོའི་རི། །རྒྱར་ཡང་ལྷུན་སྟུགས་
ནགས་ཚལ་དྲ་བས་གཡོགས། །རྩི་ཤིང་སྨན་དང་མེ་ཏོག་ཁ་འབུས་ཤིང་། །དྲི་ཞིམ་སྤོས་ངད་ལྡན་པས་ཕྱོགས་ཀུན་
ཁྱབ། །འདི་ནི་སྔོན་མེད་རིན་ཆེན་ལྷུན་པོ་ཞིག །གྲུབ་པའི་གནས་འདི་གསལ་བས་མཛེས་ལས་སམ། །རྣམ་པར་
འཔྲུལ་ལ་ཡོན་ཏན་བསམ་མི་ཁྱབ། །སྣ་ཚོགས་བཀོད་པའི་འོད་ཟེར་འགྱེད་ལ་ལྟོས། །དེ་འདྲའི་ལྷུན་པོ་རིན་ཆེན་
མཆོག་ཚོགས་ཅན། །བྱམས་པ་གདན་བཞུགས་འདྲ་བའི་ཐུགས་ཀ་ལ། །ཐར་པ་གླིང་གི་སྒྲུབ་གནས་མཛེས་པ་
ནི། །དཔལ་རི་པདྨ་འོད་ཀྱི་གཞལ་ཡས་བཞིན། །འདི་ནི་རི་རྒྱལ་རབ་ཏུ་ལྷུན་མཐོ་ལ། །ནགས་ཚལ་སྨན་ཤིང་མེ་ཏོག་
ཆུ་གཙང་དང་། །ནེ་གསིང་སྨན་ལྗོངས་དུ་མས་རབ་བརྒྱན་ཞིང་། ། དགོན་པའི་ས་གཞི་དག་ཀྱང་རབ་ཏུ་མཛེས། །ས་དང་གནམ་ཡང་ཉི་འོད་རྒྱུན་རིང་ལ། །དབྱར་བསིལ་དགུན་དྲོ་དུས་བཞི་བསིལ་དྲོད་མཉམ། །ཆུ་དང་ཤིང་བཟང་ངང་
གིས་སྡོད་སྙིང་འདོད། །གྲོང་ལས་རྒྱང་རིང་དབེན་པའི་ནགས་ཁྲོད་ལཊ། །འདི་ན་རང་བཞིན་འཚེ་བ་མེད་པ་
དང་། །མཐུན་རྐྱེན་སྒྲུབ་སླ་བསམ་གཏན་ངང་གིས་འཕེལ། ། བཅུད་ལེན་རྫས་ཀྱང་རྣམ་པ་གྲངས་མང་ལ། །ཤིང་ཏོག་
སྔོ་ངད་མང་པོའི་ཁ་ཟས་ལྡན། ། མཐོང་བས་ཆགས་ཤིང་བསྟེན་པས་ཡིད་སྤྲོ་ལ། །ངང་གིས་ཆོས་འཕེལ་སེམས་གཙང་རིག་པ་འཛིན། །རྒྱུན་དུ་ཡིད་དགའ་དག་པའི་ཞིང་ཁམས་བཞིན། །ཞི་བ་རབ་བཟང་ཐར་པའི་གླིང་མཆོག་
ལགས། །འདི་ནི་སྔོན་ཚེ་རང་བྱུང་པདྨ་ཡིས། །ལུང་བསྟན་ཟབ་གཏེར་བྱིན་རླབས་འབྱོར་པས་བརྒྱན། །མཁའ་འགྲོ་
དམ་ཅན་རྒྱ་མཚོའི་ཚོགས་འདུ་བ། །བར་ཆད་མེད་ཅིང་དངོས་གྲུབ་ཉེ་བ་ལགས། །དེ་འདྲའི་གནས་འདིར་པདྨའི་བྱིན་
རླབས་ལས། །རྒྱལ་སྲས་དྲི་མེད་འོད་ཟེར་ལེཊ་འོངས་ཏེ། །སྨོན་ལམ་ལུང་བསྟན་བཞིན་དུ་སྒྲུབ་པའི་ཕྱིར། །བསྟི་
གནས་བཅས་ཏེ་བསམ་སྒོམ་པ་ལེགས། །དེང་སང་དུས་ན་སྐྱེ་བོ་མི་བསྲུན་པས།།དབུས་གཙང་རྒྱལ་བའི་བསྟན་པ་ནུབ་ཏུ་ཉེ། །མཐའ་དམག་འབྱུང་པོས་ཡུལ་གྱི་དབུས་དཀྲུགས་པས། །འདི་འདྲའི་གནས་སུ་བྱང་ཆུབ་སྒྲུབ་པར་
རིགས། །ཕྱོགས་ཀྱི་སྦས་ཡུལ་རིན་ཆེན་སྒོ་རྣམས་ཀྱང་། །རིང་པོར་མི་ཐོགས་མྱུར་དུ་འབྱེད་འགྱུར་ལ། །སོག་པོའི་
མཐའ་དམག་རྣམས་ཀྱང་འབྱུང་དུ་ཉེ། །འདི་འདྲའི་རྒྱུ་མཚན་བསམ་ཞིང་སྐྱོ་བ་འཕེལ། །དེ་བས་དད་ལྡན ་ཐར་པ་འདོད་རྣམས་ཀྱིས། །རང་གི་ཡུལ་ལ་ཞེན་པ་རབ་སྤངས་ལ། །ཚེ་གང་ཟབ་མོའི་དེ་ཉིད་བསྒྲུབ་པའི་ཕྱིར། །ཕྱོགས་ཀྱི་སྦས་ཡུལ་བགྲོད་པའི་དུས་ལ་བབ། །སྦས་པའི་ཡུལ་དང་ཡུལ་འདྲ་ཐམས་ཅད་ན། །ལས་མཐུན་དགེ་བ་ཅན་རྣམས་
གནས་པ་དང་། །མཁའ་འགྲོ་དམ་ཅན་རྒྱ་མཚོས་ལེགས་སྐྱོང་པས། །འཚེ་བ་མེད་ཅིང་ཆོས་དང་མཐུན་པ་
ལགས། །མོན་ཡུལ་བུམ་ཐང་དགེ་བའི་གནས་མཆོག་འདི། །མོན་དུ་བཏགས་ཀྱང་བོད་ཡུལ་དབུས་དང་
མཚུངས། །སྦས་ཡུལ་མིན་ཡང་ཡུལ་འདྲའི་བྱེ་བྲག་སྟེ། །དེ་ཕྱིར་མཁས་རྣམས་དགའ་བ་བསྐྱེད་པར་རིགས། ། ཡུལ་
འདིར་བགྲོད་ནས་ཐར་པ་སྒྲུབ་པ་གང་། །དཔག་མེད་བསྐལ་བ་རྒྱ་མཚོའི་རྡུལ་སྙེད་ནས། །ལས་དང་སྨོན་ལམ་མཆོག་
ཏུ་དག་པས་ན། །ཚེ་འདིས་སྲིད་པའི་རྒྱ་མཚོ་བརྒལ་བ་ལ། །གནས་འདིར་རང་བྱུང་པདྨས་སྐྱབས་མཛད་པས། །འཚེ་
བ་མེད་ཅིན་དམ་ཆོས་འཕེལ་བ་ཆེ། །མཁའ་འགྲོ་རྣམས་དང་སྐལ་པ་མཐུན་པས་ན། །ཨུ་རྒྱན་ལ་སོགས་དག་པའི་
གནས་མཆོག་བཞིན་། །ཚུལ་འདི་བུམ་ཐང་ཡུལ་གྱི་བཀོད་པ་སྟེ། །དད་ལྡན་ཐར་པ་འདོད་རྣམས་བསྐུལ་བ་
དང་། །ཕྱོགས་ཀྱི་སྐྱེ་བོ་རྣམས་ལ་བསྒྲག་པ་དང་། །བློ་གསལ་རྣམས་ལ་མགྲིན་པའི་རྒྱན་དུ་འབུལ། །དགེ་བ་འདི་
ཡིས་བདག་དང་འགྲོ་བ་ཀུན། །སྲིད་པའི་རྒྱ་མཚོ་མ་ལུས་རབ་བརྒལ་ནས། །ཞི་བ་རབ་བཟང་ཐར་པའི་སྐྱེད་ཚལ་
དུ། །སྐུ་གསུམ་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག །དེང་ནས་བདག་བློ་སྲིད་ལ་རབ་སྐྱོ་བས། །ཚེ་འདིའི་རྣམ་གཡེང་
འདུ་འཛི་ཀུན་སྤངས་ཏེ། །ནགས་ཚལ་ཞི་བ་ཆོས་ཀྱི་དགོན་པའི་གནས། ། ཐར་པའི་གླིང་དུ་སྒྲུབ་པ་འཕེལ་བར་
ཤོག །བློ་གྲོས་ལྷུན་པོ་སྙན་ངག་ནཊ་འཁྲིགས་ཤིང་། །སྡེབ་སྦྱོར་ཆུ་ཀླུང་ལེགས་པར་འབབ་པའི་གནས། །མངོན་བརྗོད་
པདྨའི་ཚལ་གྱིས་བཀྲ་བ་འདིས། །དད་ལྡན་སྐྱེ་བོའི་ཚོགས་རྣམས་དགའ་བར་མཛོད། །བུམ་ཐང་ལྷའི་སྦས་ཡུལ་གྱི་
བཀོད་པ་གསལ་བར་བྱེད་པ་མེ་ཏོག་གི་སྐྱེད་མོས་ཚལ་ཞེས་བྱ་བ། བདེ་བར་གཤེགས་པའི་གསུང་རབ་ལ་མང་དུ་ཐོས་པའི་ནོར་གྱིས་ཕྱུག་ཅིང་། སྙན་དངགས་དང་། སྡེབ་སྦྱོར་དང་། །མངོན་བརྗོད་ཀྱི་གནས་ལ་མཁས་པ་ཐེག་པ་མཆོག་གི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས་ཤིང་མོ་ལུག་གི་ལོ་ལ་བུམ་ཐང་ཐར་པའི་གླིང་དུ་ལེགས་པར་སྦྱར་བ་རྫོགས་སོ།། །།མངྒ་ལཾ།།
དེ་རིང་མཇལ་བར་སྤྲོ་ཡོད་ལགས་
མི་སྒེར་གྱི་མི་ཚེའི་འགྲོ་སྟངས་ཤིག་ཡིན་དུས་བཀྲིས་པའི་གནས་ཚུལ་ལ་བཀྲིས་བདེ་ལེགས་ཞུ་འོས་མོད། ལར་ནས་ཉེ་རབས་ཀྱི་ལོ་རྒྱུས་རྣམས་དྲན་དུས་འབྲུག་རྒྱལ་པོའི་རིགས་བརྒྱུད་དང་བཅས་པ་རྩ་སྟོང་འགྲོ་བར་ཤོག་ཞེས་སྨོན་པ་ཡིན།
འབྲུག་གི་དགོན་སྡེ་ཁག་གི་དཔེ་རྙིང་ཉམས་སྲུང་གི་ལས་ཀ་ལེན་མཁན་་་གཡུ་འབྲུག་དཀར་པོ་ལགས། ཁྱེད་དང་དབྱིན་ཇིའི་ཞིབ་འཇུག་པ་འགའ་ཞིག་གི་ལྷན་དུ་་་་སྐུ་འབུམ་དགོན་པར་་་་་ཕེབས་པའི་་་་་ལོ་དུས་་་དེ་ཁ་གསལ་ཞིག་གསུངས་ཐུབ་བམ། ངས་དབྱིན་ཇི་ལ་སྐད་ཆ་འདྲི་འདོད་མེད་་་ངས་སྐད་ཆ་འདྲི་འདོད་ས་དེ་་་འབྲུག་པ་་་རང་ཡིན་ལགས།
དྲི་མགོ་རྡོ་ཅན་ནས་གསུང་པའི་འབྲུག་གཞུང་ནས་བོད་མི་ཚོར་གཉེ་གཅོད་ཚད་མེད་བཏང་བ་དངོས་འབྲེལ་རེད།ད་ལྟ་ཡང་འབྲུག་བསྡོད་བོད་མི་ཚོར་མི་རིགས་དབྱེ་འབྱེད་ཀྱི་བོད་མི་ཚོར་གཉེ་གཅོད་བྱ་དང་བྱ་མུས་ཡིན།་་་དང་པོ་འབྲུག་རྒྱལ་ལྗོན་རྟོགས་ཀྱི་བོད་པའི་བུད་མེད་བག་མར་ལེན་ཁུལ་བྱས། རྗེས་སུ་མི་རིགས་དབྱེ་འབྱེད་ཀྱི་འབྲུག་ཡུལ་ནས་ཕྱིར་འབུད་བྱས་པ་སོགས་ནི་འབྲུག་རྒྱལ་ཁབ་དེ་བཞིན་དེང་སང་རྒྱལ་སྤྱིའི་དམངས་གཙོའི་འགྲོ་ལུགས་ལྟར་མ་མཐུན་པར་ཁྱིམ་ཚང་སྒེར་གཅིག་གིསརྒྱལ་ཁབ་བདག་དབང་བྱས་པ་ནི་འབྲུག་པའི་མི་མང་ཚོ་ཧ་ཅང་གི་རྨོངས་པ་ཞིག་ཡིན་པ་བརྗོད་ན་མ་དྲིགས་པ་མེད། ང་རང་ཡང་ཕྱི་ལོ་༡༩༨༠་ལོར་འབྲུག་པས་བོད་མི་ཕྱིར་འབུད་བྱས་པའི་བོད་པའི་ཁྱིམ་ཚང་ཞིག་གི་ཕྲུག་གུ་ཡིན།་་་་་ད་ལམ་གྻེང་རྟེགས་དེར་གྻེང་བཞིན་པའི་གླེང་མོལ་དང་འབྲེལ་བའི་གུས་པའི་ལོ་རྒྱུས་ཞིག་བརྗོད་འདོད་བྱུང། ཐོག་མར་འབྲུག་རྒྱལ་གསུམ་པས་བོད་པའི་བུད་མེད་ཨ་ཤེ་དབྱངས་སྐྱིད་ཅན་གནའ་མ་འམ་ཟུར་མོ་ལེན།་་་༡༩༧༢་་ལོར་འབྲུག་རྒྱལ་འདས་དྲོངས་སོང་ཏེ་ཨ་ཤེ་སྐལ་བཟང་དང་འཁོར་སོགས་ནས་བོད་མི་དབྱངས་སྐྱིད་ལ་དང་སེམས་བཅང་ཏེ་འཇུ་བཟུང་བྱ་ཐབས་བྱས་ཀྱང་ལམ་ལྷོང་མ་བྱུང་བར་བརྟེན་བོད་མི་ཚོར་གཉེ་གཅོད་བྱ་རྒྱུ་གོ་བཙུག་པའི་སྐབས་བྻོ་དམག་མཁར་ཐོར་བའི་སྐབས་བློ་སྙན་སྒྲགས་འབྲུག་ཡུལ་སླེབས་། ཨ་ཤེ་སྐལ་བཟང་གི་གཅེན་པོ་གྲ་ཤོས་ལམ་དཔལ་ཅན་དང་བློ་སྙན་གྲགས་རྒལ་བློ་དོན་གྲུབ་ལ་ཡ་ལན་སློག་ཆེད་ཁོང་གཉིས་ཁ་མཐུན་ནས་བོད་མི་ཚོར་མིང་ཆད་བཟོ་རྩིས་བྱས་པར་། བོད་གཞུང་དང་ཨ་ཤེ་དབྱངས་སྐྱིད་གཉིས་ཁ་མཐུན་གྱི་འབྲུག་རྒྱལ་བསད་པའི་ཉེ་དམིགས་བཙུག་ཏེ་བོད་མི་མང་པོ་གཙོན་དུ་བཅུག་པ་དང་ཡུལ་མཐའ་ཁོབ་ཏུ་བརྒྱང་འབུད་བཏང་བ་སོགས་ཀྱི་དཀའ་མངལ་ཧ་ཅང་ཆེན་པོ་བྱུང་ཏེ་འབྲུག་བསྡོད་བོད་མི་ཚོས་བོད་གཞུང་དང་རྒྱལ་བ་རིན་པོ་ཆེ་ལ་འབྲེལ་བ་གཏན་ནས་བྱས་མི་ཆོག་པའི་བཀའ་བཏང་སྐབས་བོད་མི་ཚོས་རང་གི་ཙ་བའི་བླ་མ་དང་བོད་གཞུང་གཉིས་ནས་ཁ་དྲལ་ཐབས་མེད་བརྗོད་བརྟེན་བོད་མི་མང་པོ་ཞིག་རྒྱ་གར་དུ་ཕྱིར་འབུད་བ་སྐབས་ང་རང་ལོ་ན་༩་ལ་གསོན་ཡོད་སྟབས་གནས་ཚུལ་རྣམས་གསལ་པོ་ཤེས་ཀྱི་ཡོད། སྐབས་དེར་ཕྱིར་འབུད་བྱ་མཁན་ལས་བྱེད་གྲ་ཤོས་ཚེ་དབང་དང་གྲ་ཤོས་ཤེས་རབས་ཟེར་བ་གཉིས་འདུག ང་ཚོ་ཐོན་པའི་སྔ་དྲོ་སྔར་དང་མི་འདྲ་བའི་གངས་ཧ་ཅང་ཆེན་པོ་ཞིག་འབབ་འདུག་འབྲུག་ལ་རས་ནས་གནམ་དོག་བྱ་མཁན་ཡང་བྱུང་འདུག སྐབས་དེར་བོད་མི་ལ་རས་གངས་དཀྱིལ་དུ་ཅ་ལག་འོར་དྲེན་བྱ་མ་ཐུབ་པའི་སྐབས་དོང་སྐྱགས་སོགས་ཞུས་ཏེ་ཐབ་སྟེང་གི་ལྟོ་ཡང་བཟའ་ལོང་མེད་པར་ཡོང་དགོས་བྱུང་བའི་གནས་ཚུལ་ཐབས་སྐྱོ་བོ་མང་པོ་ཡོད།
དར་དམར་འོག་ནས་བོད་མི་དམར་གསོད་བྱས།།
ལྷོ་བལ་འབྲུག་ནས་བོད་མི་གསོན་བསྲེགས་བྱས།།
བདག་གི་སྙིང་ཤ་རྨ་ཡིས་ཁེངས་སོང་ཐལ།།
ཡང་བསྐྱར་ཆང་ཞིག་ཁུར་ཤོག་ཆང་བདག་མ།།
བོན་པོ་ལགས། ང་དང་དབྱིན་ཇི་འགའ་དང་ལྷན་དུ་སྐུ་བུམ་དགོན་དུ་ཕྱིན་པའི་དུས་ཚིགས་ནི་སྤྱི་ལོ་༢༠༡༡་ཟླ་༤པའི་ཚེས་པ་༡༢་ལ་རེད། ང་ཕྱིན་དུས་དེར་ལྷ་ཁང་ཉ་ར་བྱེད་གཡང་ཀ་དཔལ་མོ་ཟེར་བའི་བུ་མོ་ཞིག་འདུག་ལགས།
བསམ་བློ་གསར་པ་ཁྱེད་ཀྱིས་གནས་ཚུལ་ལོག་པ་སྤེལ་བ་ནི་མ་ལེགས། ངས་སྔོན་གྱི་ལོ་རྒྱུས་མི་ཤེས་ཀྱང་ད་ལྟ་བོད་མི་རྣམས་ལ་མི་རིགས་དབྱེ་འབྱེད་ཀྱི་བརྙས་བཅོས་བྱ་དང་བྱ་མུས་ཡིན་ཞེས་པ་ནི་དངོས་ནས་རྫུན་པ་རེད། འབྲུག་གི་རྒྱལ་ས་ཐིམ་ཕུ་སོགས་ཁྲོམ་ཚོགས་ཡོད་ཚད་ལ་ཁང་པ་ཁང་ཆེན་མང་ཆེ་བ་བོད་མིའི་ཡིན་པ་མ་ཟད། དེང་སྐབས་བུམ་ཐང་དུ་ཁང་པ་མང་པོ་ཞིག་མེས་འཚིག་པའི་རྐྱེན་ངན་གྱི་སྐབས་སུ་ཡང་ཁང་པ་འཚིག་མཁན་གྱི་ཁང་པའི་བདག་པོ་མང་ཆེ་བ་བོད་མི་ཡོད། འོན་ཀྱང་དེ་དག་ཚང་མར་མི་རིགས་དབྱེ་འབྱེད་ཀྱི་བརྙས་བཅོས་བྱ་རྒྱུ་ཕར་ཞོགས། འབྲུག་པ་རྒྱལ་པོས་འབྲུག་མི་དང་ཁྱད་པར་གང་ཡང་མེད་པར་སྐྱིད་སྡུག་མང་པོ་གནང་ཡོད་པ་མ་ཟད། ཁང་པ་ཡང་འབྲུག་རྒྱལ་པོའི་ལས་ཁུངས་ནས་གསར་བསྐྲུན་གནང་ཡོད་རེད།
ཡར་ཁམས་ཁྲི་རྒྱལ་ནི་བོད་རིགས་ཡིན་མིན་ལ་ཐེ་ཚོམ་སྐྱེས། བོད་རིགས་ཤིག་ཡིན་ན་དེ་འདྲའི་སྨོན་ལམ་རྒྱག་མི་རུང་སྟེ་རྒྱུ་མཚན་ནི་གོང་དུ་དྲངས་པས་སོ།།
གཡུ་འབྲུག་དཀར་པོ་ནས་བརྗོད་པ་ཐམས་ཅད་གང་ཙམ་ཞིག་བདེན་ན་ཡང་གནས་ཚུལ་ཆ་ཚང་མི་ཤེས་པ་ཡིན་ནམ་མངོན། འབྲུག་བསྡོད་བོད་མི་ནང་ཁུལ་ལ་ཡང་དབྱེ་འབྱེད་རིམ་པ་གསུམ་ཙམ་ཡོད། བོད་མ་ཚོར་ཚོང་ཁང་ཆུང་ཆུང་ཞིག་ཟིམ་རྒྱུའི་གོ་སྐབས་མེད་པར་འབྲུག་པའི་མིང་ཐོག་ཚོང་ལས་བྱ་དགོས་པ་ལས་བོད་མི་ཚོར་ཐོབ་ཀྱི་མེད། འབུམ་ཐང་འཆར་གཞི་ལྡན་པའི་མེ་སྐྱོན་གཅིག་འཇུག་གཉིས་མཐུད་ཀྱི་རིམ་མ་གསུམ་ཙམ་བྱུང་བ་ནི་ཐེ་ཚོམ་གི་རང་བཞིན་བྱ་རྒྱུ་ལས་མ་བསྡད།
བསམ་བློ་གསར་པ་ལགས། ཁྱེད་ཀྱིས་དྲང་པོ་གསུངས་པ་ཡིན་ནམ། ངས་ངོ་ཤེས་བོད་མི་འགའ་ཡོད་པ་དེ་དག་ཐམས་ཅད་ནི་རང་སོའི་མིང་ཐོག་ལ་ཚོང་རྒྱག་མཁན་མ་གཏོགས་འབྲུག་མིའི་མིང་ཐོག་ལ་རྒྱག་མཁན་ནི་གཅིག་ཀྱང་མེད། ངོ་ཤེས་མེད་པའི་བོད་རིགས་ཚོ་ཡང་རང་སོའི་མིང་ཐོག་ལ་ཚོང་རྒྱག་གི་ཡོད་པ་མངོན་གསལ་འདུག རྒྱུ་མཚན་ནི་རང་གི་མིང་ཐོག་མིན་པར་གཞན་གྱི་མིང་ཐོག་ལ་དངུལ་མང་པོ་བཏང་ནས་ཁང་པ་ཁང་ཆེན་དེ་འདྲ་གཏན་ནས་རྒྱག་མི་སྲིད་པ་མིན་ནམ། གལ་ཏེ་དེ་ལྟར་རྒྱག་པ་ཡིན་ན་འབྲུག་མི་བསམ་པ་བཟང་པོ་སངས་རྒྱས་དཀར་པོ་ཞིག་གི་མིང་ཐོག་ལ་རྒྱག་ན་མ་གཏོགས་དེ་མིན་ཁང་པ་བསྒྲུབས་ཟིན་པའི་རྗེས་སུ་འབྲུག་པས་ཁྱེར་རྒྱུ་ཐེ་ཚོམ་མེད། ངས་དོན་སྙིང་བསྡུས་ནས་བཤད་ཐབས་བྲལ་བས་དཔེར་མཚོན་ཞིག་བཀོད་དེ་བཤད་ན། དཔེར་ན་བོད་རིགས་ཤིག་གིས་ངའི་མིང་ཐོག་ལ་ཁང་པ་ཞིག་རྒྱག་ཅིང་ཁང་པ་དེ་བསྒྲུབས་ཟིན་པའི་རྗེས་ཁང་པ་དེ་ནས་ཐོབ་པའི་འོང་འབབ་སོགས་གང་ཅི་ངས་ཁྱེར་ན་ཁང་པ་དེའི་སྦྱིན་བདག་བོད་རིགས་དེས་ཅི་གང་ལབ་མི་ཐུབ། གལ་ཏེ་ལབ་དགོས་ན་ལབ་ས་དེ་ཁྲིམས་ཁང་ཡིན། ཁྲིམས་ཁང་དུ་བསྐྱལ་ན་ཁྲིམས་ཁང་ནས་ཐོག་མར་ཁང་པ་དེ་སུའི་མིང་ཐོག་ཡོད་མེད་བརྟགས་ངེས། དེ་ལྟར་བརྟགས་པའི་རྗེས་སུ་ཁང་པ་ནས་ཐོན་པའི་འབབ་ཁུངས་དེ་ཚོ་ཐམས་ཅད་ཁང་པ་སུའི་མིང་ཐོག་ཡོད་པ་དེ་ལ་དབང་རྒྱུའི་འཁྲུན་ཆོད་གནང་ངེས་ཡིན། དེ་ལྟར་ན་བོད་རིགས་ཤིག་གིས་འབྲུག་རིགས་ཤིག་གི་མིང་ཐོག་ལ་ཚོང་ཆུང་ཆུང་རྒྱག་པར་ཞུ་རྒྱུ་མེད། ཚོང་ཆེན་པོ་དང་ཁང་པ་ཁང་ཆེན་རྒྱག་ཐུབ་ས་འདུག་མི་འདུག་གཟིགས་དང་། རྟག་པར་བསམ་བློ་གསར་པ་ལ་མགོ་འཁོར་ནས་མ་བཞུགས་པར་བསམ་བློ་རྙིང་པ་ཡང་བེད་སྤྱད་གནོངས།
གཡུ་འབྲུག་དཀར་པོ་ལགས་ངོ་མ་ངོས་རང་འབྲུག་ལ་དགའ་བོ་ཡོད་པས་མ་ཟད་ཧི་མི་ལ་ཤ་ཞེན་ཡོད་མཁན་གཅིག་ཡིན།
འོན་ཀྱང་འབྲུག་ནི་ཡུལ་ལུང་གི་བཀོད་པ་བལྟ་ན་སྡུག་པའི་ནང་པའི་རྒྱལ་ཁབ་གཅིག་ཡིན་པས་ངོ་མ་དགའ་འོས་པ་ཞིག་རེད།
ད་ཆ་འབྲུག་དམངས་གཙོའི་རྒྱལ་ཁབ་ཞིག་ཏུ་འགྱུར་བཞིན་ཡོད་པས་མི་རིགས་ལ་དབྱེ་འབྱེད་དང་ཆོས་ལུགས་ལ་དབྱེ་འབྱེད་མི་བྱེད་པའི་རེ་བ་ཡོད།
འོན་ཀྱང་གཡུ་འབྲུག་ཁྱེད་ནས་ཡང་ཡང་མི་རྐུན་ཞེས་ཤོད་སྟངས་དེར་ད་དུང་འབྲུག་གི་མི་དམངས་ཀྱི་སེམས་ལ་དམངས་གཙོའི་ལྟ་གྲུབ་ཀྱི་མཁྱེན་ཡོན་དེ་མེད་པ་ཞིག་རེད་འདུག་སྙམས་པའི་དོག་པ་ཞིག་སྐྱེས་ཡོང་གི་འདུག
དཔལ་ལྡན་འབྲུག་ལ་དམངས་གཙོའི་ཉི་མ་འཆར་བར་ཤོག
དཔལ་ལྡན་འབྲུག་ལ་མི་རིགས་དབྱེ་འབྱེད་མེད་པའི་ཟླ་བ་ཤར་བར་ཤོག
དཔལ་ལྡན་འབྲུག་ལ་ཆོས་ལུགས་དབྱེ་འབྱེད་མེད་པའི་དག་སྣང་ཉི་ཟླའི་འོད་སྣང་འཆར་བར་ཤོག
ཐེངས་ཤིག་འབྲུག་སྤ་གྲོའི་ཁྲོམས་གཞུང་དུ་ང་དང་རོགས་པ་གཉིས་བཅས་སོང་།དེ་ནི་ལོ་འགའི་ཡར་སྔོན་གྱི་བོད་ཟླ་དང་པོའི་ཚེས་ཤར་ཙམ་ཞིག་ལ་ཁེལ།བོད་པ་ཚོས་ཚོང་ཁང་དང་ཟ་ཁང་དག་ལ་སྒོ་ཡོལ་རེ་དཔྱང་འདུགདེ་མིན་འབྲུག་མི་དང་བལ་པོའི་མིའི་ཚོང་ཁང་དང་ཟ་ཁང་དག་ལ་སྒོ་ཡོལ་བཀལ་མི་འདུགབོད་པ་ཚོས་ལོ་གསར་སྐབས་སྒོ་ཡོལ་རེ་ངེས་པར་འགེལ་སྲོལ་ཡོད་པ་རེད་ཟེར།ང་ཚོ་སྐོར་བ་འགའ་བྱས་མཚམས་སྒོ་ཡོལ་ཅན་གྱི་ཁང་པ་ཞིག་ནང་འཛུལ།དེ་ནི་བོད་ས་ཕ་རི་ནས་ཡིན་པའི་ཨ་མ་ཞིག་གི་ཟ་ཁང་རེད།ཟ་ཁང་ཨ་མས་ང་ཚོ་བོད་པ་ཡིན་པ་ཤེས་མཚམས་ཇ་དང་ཁམ་ཟས་མདུན་དུ་སྤུངས།ང་ཚོ་བོད་པ་ཚོ་འདི་ལྟར་འཛམ་གླིང་གང་སར་འཐོར་ཡོད་པ་རེད་བསམ་སེམས་ལ་སྐྱོ་བ་ལྷང་ལྷང་སྐྱེ།ཟ་ཁང་ཨ་མས་ང་ཚོར་བཤད་དོན་སྤྱིར་ན་བོད་ཆོས་ཤོར་བ་ཡང་སྒོས་རྒྱ་མིའི་ཤུལ་ལུས་ཀྱི་བོད་མིར་གདུག་རྩུབ་ཧ་ཅང་ཆེ་བར་བྱ་བཞིན་ཡོད་པས་སེམས་ལ་སྡུག་སྔལ་ཡོད་པ་མ་གཏོགས་ང་ཚོ་འབྲུག་ལ་ཡོད་པའི་བོད་པ་ཚོ་ལ་རང་དབང་དང་བདེ་སྐྱིད་ཆེ་བ་ལ་ཚད་མེད་ཟེར།འབྲུག་རྒྱལ་གཞུང་ནས་མི་རིགས་དབྱེ་འབྱེད་དང་ཐུབ་ཚོད་གཏང་གནས་མེད་ཟེར་བ་མ་ཟད་འབྲུག་རྒྱལ་པོ་ལྷ་ནང་བཞིན་བརྩི་གནང་གི་འདུག་འཚམས་འདིར་བོད་པ་འཆན་འབྲི་བ་ཚོས་འབྲུག་ལ་ཡོད་པའི་བོད་པ་ཚོར་ཐུགས་བསམ་གཞིག་སྟེ་རང་དབང་ཅན་གྱི་ཁ་ལ་བདག་པོ་རེ་གནང་བ་ལས་ཕྱི་བ་ནང་བཞིན་ཁུངས་ནས་ཕིག་མ་འདུག་ཞུ་རྒྱུ་ཡིན།།
འབྲུག་གི་དགོན་སྡེ་ཁག་གི་དཔེ་རྙིང་ཉམས་སྲུང་གི་ལས་ཀ་ལེན་མཁན་་་གཡུ་འབྲུག་དཀར་པོ་་་་ལགས་ནས་ལེན་ཁ་གསལ་གནང་བར་བཀའ་དྲིན་ཆེ་ཞུ་བཞིན་ཡོད། སྤྱི་ལོ་༢༠༡༡་ཟླ་༤པའི་ཚེས་པ་༡༢་ལ་་་་ཞབས་དྲུང་མཚན་ལྡན་འདུལ་བའི་གདན་ས་སྐུ་འབུམ་དགོན་པ་་་་ཉ་ར་བྱེད་མཁན་་་་བུ་མོ་གཡང་ཀ་དཔལ་མོ་་་་མཆོག་ལ་དམིགས་གསལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ད་དུང་སྐུ་ཉིད་ལ་དྲི་བ་གཅིག་རང་འབུལ་ཆོག་པ་ཞུ་རྒྱུ། ཁྱེད་འབྲུག་གི་དགོན་སྡེ་ཁག་གི་དཔེ་རྙིང་ཉམས་སྲུང་གི་ལས་དཀའ་ལས་མཁན་ཞིག་ཡིན་པའི་ཆ་ནས་དྲི་བ་འདྲི་འདོད་པ་ནི། འབྲུག་རྒྱལ་ཡོངས་ཀྱི་་་དཔེ་ཆ་རྙིང་ཤོས་དེ་་་གང་ལ་བརྩི་འཇོག་གནང་གི་ཡོད་དམ། ངས་བལྟས་ན་་་སྲིད་པའི་རྒྱལ་མོའི་་་བསྐང་གསོལ་གྱི་དཔེ་ཆ་་་་དེ་འབྲུག་རྒྱལ་ཡོངས་ཀྱི་་་དཔེ་ཆ་རྙིང་ཤོས་དེ་འཇོག་གནང་བ་ཡིན་ན་དགེ་མཚན་ཤིན་ཏུ་ཆེ་བར་སེམས། དེ་ཡང་འབྲུག་གི་་་རྗེ་མཁན་པོའི་་་འབྲུག་པའི་ཆོས་འབྲུང་ལོ་རྒྱུས་ཕྱག་བྲིས་མ་དང་ཏག་ཏག་མཐུན་བ་ཞིག་ཡིན། ཁྱེད་རང་ལ་དགོངས་ཚུང་གང་ཡོད་དམ། སྲིད་པའི་རྒྱལ་མོའི་བསྐང་གསོལ་གྱི་དཔེ་ཆ་གཅིག་རང་འདུག་ཟེར་་་སྣང་ཆུང་གཏོང་མི་ཉན་་་སྲིད་པའི་རྒྱལ་མོའི་བསྐང་གསོལ་གྱི་དཔེ་ཆའི་ནང་་་གཡུང་དྲུང་བོན་གྱི་བསྟན་པའི་ནང་དོན་ཆ་ཚང་བ་ཞིག་བསྟན་ཡོད་རེད། བྱུང་ན་སྐུ་ཉིད་ཀྱིས་་་་སྲིད་པའི་རྒྱལ་མོའི་བསྐང་གསོལ་གྱི་དཔེ་ཆ་་དེ་ཡི་་་མཚན་བྱང་་་་འདིར་འབྲི་ཐུབ་ན་ཤིན་ཏུ་བཀའ་དྲིན་ཆེ་བར་ཞུ་རྒྱུ་ཡིན།
བོན་པོ་ལགས་ཀྱིས་དྲི་བ་བཀོད་གནང་བར་ཐུགས་རྗེ་ཆེ། འོན་ཀྱང་ང་ནས་ལན་གསལ་པོ་ཞིག་འབུལ་རྒྱུ་མེད་པས་དགོངས་འགལ་མེད་པར་ཞུ། སྐུ་འབུམ་དགོན་དེའི་དཔེ་ཆ་དེ་ད་ལྟ་ངས་པར་རྒྱག་མེད་པས་མཚན་གང་ཡིན་མིན་ཞུ་ཐབས་བྲལ། སྤྱིར་ངས་དཔེ་ཆ་ཉམས་སྲུང་ཟེར་ན་ཡང་དཔེ་རྙིང་རྣམས་པར་རྒྱབ་ནས་གློག་རྡུལ་འདྲ་པར་བཟོ་བཞིན་ཡོད་པ་ལས་དཔེ་རྙིང་རྣམས་ཇི་ཙམ་རྙིངས་ཡོད་མེད་ཐད་ཞིབ་འཇུག་བྱེད་ཀྱི་མེད། འོན་ཀྱང་འོལ་ཚོད་ཀྱིས་བཤད་ན་འབྲུག་རྒྱལ་ཁབ་ཏུ་དཔེ་ཆ་རྙིང་ཤོས་དེ་སྤར་མའི་གྲལ་ནས་པདྨ་གླིང་པའི་རྣམ་ཐར་དེ་མིན་ནམ་སྙམ་པ་ཡོད། རྣམ་ཐར་དེ་ནི་དུས་རབས་༡༦ པའི་སྨད་ཙམ་ལ་པདྨ་གླིང་པའི་སྲས་ཐུགས་སྲས་ཟླ་བ་རྒྱལ་མཚན་གྱིས་བརྐོས་ཚུལ་རྣམ་ཐར་དེའི་མཇུག་བྱང་དུ་གསལ། ཁ་ཤས་ཀྱིས་ནི་སྤ་གྲོའི་ཕྱོགས་སུ་སྐྱེས་མཆོག་འབའ་ར་བའི་རྣམ་ཐར་ཞིག་ཡོད་པ་དེ་རྙིང་པ་ཡིན་ཚུལ་བརྗོད་ཀྱང་། དཔེ་ཆ་དེ་པར་བརྐོས་པའི་དུས་རབས་ཁ་གསལ་མེད་པས་ཁ་ཚོད་གཅོད་དཀའ། བྲིས་མ་རྣམས་ཀྱི་གྲལ་ནས་པདྨ་གླིང་པས་བྲིས་པ་དང་རྡོ་རྗེ་གླིང་པས་བྲིས་པ་སོགས་ཀྱི་ངག་རྒྱུན་གྱི་ལོ་རྒྱུས་ལྡན་པའི་དཔེ་ཆ་མང་དག་ཅིག་ཡོད་ཀྱང་ཡིད་ཆེས་ཀྱི་དཔངས་རྟགས་གང་ཡང་མེད་པས་རྙིང་ཤོས་ཀྱི་གྲལ་དུ་འཇོག་དཀའ་བར་སེམས། དེ་བཞིན་སྐུ་འབུམ་དུ་ཡོད་པའི་སྲིད་རྒྱལ་ཀྱི་བསྐང་གསོལ་དེ་ཡང་བྲིས་མ་ལགས་པས་རྙིང་ཤོས་ཡིན་མིན་དཔྱད་ཐབས་བྲལ། དེ་ནི་མི་སྒེར་རང་གི་བསམ་འཆར་ཙམ་ཡིན། ཁ་གསལ་མཁྱེན་འདོད་ན་སྲོལ་འཛིན་ལས་ཁུངས་ཀྱི་མངའ་འོག་ཏུ་ཅ་རྙིང་འཛིན་སྐྱོང་ཞེས་པའི་སྡེ་ཚན་ཞིག་ཡོད་པས་དེར་འབྲེལ་གཏུགས་གནང་ན་མཁྱེན་ཐུབ།
གཡུ་འབྲུག་དཀར་པོ་ལགས། བུམ་ཐང་བསྔགས་བསྟོད་བཀོད་པར་ཐུགས་རྗེ་ཆེ།
ངས་ག་དུས་ཡིན་ཧི་མ་ལའི་རི་ཁུལ་ནས་རོང་ཟམ་པན་ཊི་དའི་གསུང་རྩོམ་རེ་རྙེད་ཐུབ་པའི་རེ་བ་བཅངས་ཡོད། ང་ལ་མཚོན་ན་རྙིང་མ་ཚང་གིས་ཁོང་གི་གསུང་མང་པོ་ཞིག་བརྒྱུད་འཛིན་མ་ཐུབ་པ་དེ་ལས་སྐྱོ་ཤས་ཆེ་བ་མེད་པ་ལྟ་བུ་རེད།
གོ་ཐོས་ལ་དུས་འགྱུར་སྔོན་ཁམས་རི་བོ་ཆེའི་རྙིང་དགོན་ཞིག་ཏུ་བོད་བཅུ་དགུ་ཡོད་ཟེར་བ་གོ་ཡང་རིག་གསར་སྐབས་རྨེག་མེད་དུ་སོང་བ་འདྲ། སྲས་ཀྱི་དཀར་ཆག་ཏུ་ཀོང་པོ་གཏིང་ཡན་ཆད་དུ་འབུམ་རྒྱས་འབྲིང་སྡུས་གསུམ་ལས་མང་པ་བཞུགས་པ་མིག་མཐོང་ཡིན་གསུང་འདུག དེ་ལས་མང་པ་ཡོད་པར་ཡང་གསུང་འདུག
ངའི་གྲོགས་པོ་ཡོལ་མོའི་གངས་འདབས་ཀྱི་བས་མཐའ་ནས་ཡིན་པ་ཞིག་གིས་ཁོང་ཚོའི་ཁྱིམ་ཚང་ཞིག་ལ་མི་ལའི་རྣམ་ཐར་བོད་ཆེན་གཉིས་གཡག་གི་རྒྱབ་ཁལ་ཅན་ཞིག་ཡོད་ཟེར་བ་ལྟ་བུ་ལུང་ཁུད་དག་ན་དེ་འདྲ་ཡོད་སྤྲོད་འདུག
ང་ན་ཉིན་སྤི་ཏི་སྤྲིན་དགོན་ལ་སོང་ནས་པད་གླིང་སྐབས་ཀྱི་ལྷ་ཁང་རྙིང་པའི་ཡིག་རྙིང་དབོ་ལུག་མ་ཁ་ཤས་ལ་ལྟ་སྐབས་ཡང་འབྲི་གོང་པ་ཞིག་གིས་བྲིས་པའི་ཡོངས་སུ་མ་གྲགས་པའི་ཏི་སིའི་གནས་ཡིག་སོགས་མང་པོ་འདུག
དེ་རིགས་ཡོད་ན་སྐུ་མཁྱེན་ཉམས་འཇོག་རེ་གནང་རོགས།
ང་ལ་རོང་ཟམ་པའི་གསུང་འབུམ་གྱི་ཆ་ཤས་རེ་ཙམ་ཡང་རྙེད་འདོད་ཆེན་པོ་འདུག
མེ་ཏོག་དཀར་པོས་འབྲུག་ནས་ལས་དོན་དེ་འདྲ་སྒྲུབ་གནང་སྐབས་ཐུགས་ལ་འཇོག་རོགས།
ང་འཛིན་གྲ་ལ་འགྲོ་རན་སོང་། ཡི་གེ་ཕྱེད་ཀ་ཡིག་ནོར་རེད།
རོང་ཟོམ་
པོད།
སོགས་
དགོངས་དག་
དགོངས་དག
ནང་དོན་ཚོད་དཔག་གནང་རོགས།།
ང་བྲེལ་བ་ཡིན།
རྫ་དྲག བྲེལ་བ་ཡིན་མདོག་མེད། མི་རེད་པ། དེ་བས་ང་ལ་བྲེལ་བ་ཡོད་གསུངས་རོགས། ང་ཚོའི་ཕུལ་སྐད་དུ། ང་བྲེ་ལ་ཡོད། ཟེར། འདི་ནི་ཡིན་དང་ཡོད་གྱི་ཁྱད་པར་འབྱེད་པ་ཙམ་མོ། །དགོངས་དགབྱུས་གཏོགས་བྱས་ཤོར་སོང་།
གཡུ་འབྲུག་དཀར་པོ་ལགས་ཀྱིས་ང་ཡི་དྲི་བ་ཁག་ལ་ལེན་དུས་ཐོག་གནང་བར་ཤིན་ཏུ་བཀའ་དྲིན་ཆེ་ཞུ་བཞིན་ཡོད། ཡང་སྐུ་ཉིད་ཀྱིས་མཆན་གྲངས་༡༧༥་་པར་བྲིས་གནང་བར། ༼༼བོན་པོ་ལགས་ལ་ཞུ་རྒྱུ། ངས་གོང་དུ་ཞུས་པ་ལྟར་འདི་ནས་རྙོགས་གླེང་གི་སྐད་ཆ་གཞན་ཞུ་གི་མེད། འབྲུག་ལ་བོན་གྱི་དཔེ་ཆ་ཕོན་ཆེན་ཡོད་ལུགས་ཐད་རང་ཉིད་འབྲུག་གི་དགོན་སྡེ་ཁག་གི་དཔེ་རྙིང་ཉམས་སྲུང་གི་ལས་ཀ་ལེན་མཁན་ཞིག་ལགས་པས་བློ་སྤོབས་ཆེན་པོའི་ངང་ནས་དེ་མི་བདེན་ཅེས་བཤད་ཆོག ཉིད་ཀྱིས་གསུངས་པའི་ཞབས་དྲུང་མཚན་ལྡན་འདུལ་བའི་གདན་ས་སྐུ་འབུམ་ལྷ་ཁང་དུ་སྲིད་པའི་རྒྱལ་པོའི་གསོལ་ཁའི་དཔེ་ཆ་ཞིག་མ་གཏོགས་གཞན་མིན་འདུག དེ་བཞིན་སེའུ་སྒང་ལྷ་ཁང་ལ་ཡང་དེ་མ་གཏོགས་མིན་འདུག་ཟེར། བུམ་ཐང་ཨུ་ར་ལ་ཡང་གཡག་མཆོད་ཅེས་པའི་དཔེ་ཆ་ཞིག་ཡོད་ཀྱང་དེ་ངས་མཇལ་མ་མྱོང་། གཞན་བོན་པོའི་དཔེ་ཆ་ཟེར་བ་རྣམས་ནི་གདོད་མའི་བོན་ཡིན་ནམ་མི་ཤེས་ཏེ་ངག་ཐོག་ནས་ཕབ་སྟེ་དེང་སང་གསར་དུ་བཀོད་པ་ཤ་སྟག་ལས་དཔེ་རྙིང་གང་དུ་ཡང་མ་མཐོང་ངོ།༽༽ བོན་པོ་དཔེ་ཆ་དེ་ཚོ་དེང་སྐབས་དགོན་པའི་ནང་དུ་མཐོང་རྒྱུ་མེད་པ་ཡིན་ནའང་་ཡུལ་མི་ཚོའི་ལག་དུ་ཡོད་སྲིད་པས་་གལ་ཏེ་མཐོང་ཐོས་འདྲ་བྱུང་ན་ཐུགས་ལ་འཇོག་རོགས་གནང། ངོས་རང་ནས་དཔེ་ཆ་མང་པོ་རྩིག་བཞག་པ་འདུག་ཟེར་གོ་བ་དེ་མི་ལོ་༡༥་ཙམ་གྱི་སྔོན་ནས་ཡིན། དོན་ངོ་མར་ཞུས་པ་ཡིན་ནའང་འབྲུག་ཡུལ་གྱི་བོན་པོའི་དགོན་པ་དེ་ཚོར་དཔེ་ཆ་མེད་དགོས་པའི་རྒྱུ་མཚན་ཡོད་མ་རེད། དཔེ་ཆ་ཡོད་པ་དེ་ཚོའང་དུས་རབས་་་༡༤་་་དང་དེ་ཡི་ཡར་སྔོན་གྱི་ལོ་རྒྱུས་ལྡན་པའི་དཔེ་ཆ་ཡིན་དགོས་ཀྱི་ཡོད་པ་རེད། དེང་སང་མཐོང་རྒྱུ་མེད་པར་གྱུར་བ་དེ་གཏན་གཏན་གཅིག་བྱུང་ཐག་ཆོད་རེད། ཞབས་དྲུང་མཚན་ལྡན་འདུལ་བའི་གདན་ས་་་་་སྐུ་འབུམ་ལྷ་ཁང་དང་་་སེའུ་སྒང་ལྷ་ཁང་་་་བུམ་ཐང་ཨུ་ར་་་་བཅས་ལའང་ངས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་དོ། སྐུ་ཉིད་ཀྱིས་གསུངས་པའི་་་་་གཡག་མཆོད་་་་ཀྱི་དཔེ་ཆ་དེ་ངོ་མ་བདག་པོ་ཡག་པོ་བྱེད་དགོས། ཡང་ཁྱེད་འབྲུག་པ་རྣམས་ཀྱིས་འབྲུག་པའི་ངག་ཐོག་ནས་ཕབ་པའི་བོན་གྱི་ལོ་རྒྱུས་དང་དཔེ་ཆ་གསར་བཀོད་གནང་བཞིན་པའི་ཕྱག་ལས་དེ་ཚོ་ལ་འཛམ་གླིང་ཕྱོགས་ཡོངས་ཀྱི་དོ་སྣང་ཅན་ཚོས་རྗེས་སུ་ཡིད་རང་ཞུ་ངེས་པ་ཞིག་རེད། ཕྱག་ལས་དེ་ཚོ་ལ་བོན་པོ་ང་ཡི་ངོས་ནས་བཀྲ་ཤིས་བདེ་ལེགས་དང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་ལམ་ཡོད། ཡང་སྐུ་ཉིད་ནས་་་དཔེ་ཆ་་་པར་མ་་་དང་་་་ལག་བྲིས་་་་གཉིས་ལ་གསར་རྙིང་གི་སྐོར་ཞིག་གསུངས་འདུག། ངས་བསམ་ན་ལག་བྲིས་རྙིང་པ་དེ་ཚོ་གལ་ཆེ་བ་དང་རིན་ཐང་ཆེ་བར་འཇོག་དགོས་པར་སེམས། འོན་ཀྱང་དེང་སང་་་འཕྲུལ་ཆས་་་ཀྱིས་གསར་རྙིང་བརྟག་དཔྱད་བྱེད་རྒྱུ་ཡོད་རེད་བ་། དེ་རིང་དུས་ཚོད་ཀྱིས་དེ་ཙམ་མོ།
འབྲུག་མི་བོད་མི་མིན་པའི་སྒྲུབ་བྱེད་ཅིག་ཡོད་དབང་དུ་བཏང་ན། ཁམས་དང་ཨ་མདོ་སོགས་ཀྱང་བོད་མིན་པའི་སྒྲུབ་བྱེད་ལོས་ཀྱང་ཡོད། མཚོ་སྔོན་ནས་བོད་དུ་ཕེབས་པ་དང་། དར་རྩེ་མདོ་ནས་བོད་དུ་ཕེབས་པ། ཆབ་མདོ་ནས་བོད་དུ་ཕེབས་པ་སོགས་ཀྱི་བརྗོད་ཚིག་བོད་ཀྱི་ལོ་རྒྱུས་གྲངས་ལས་འདས་ཤིང་། ཐ་ན་ཁམས་དང་ཨ་མདོའི་ཡུལ་ལུང་ཕལ་མོ་ཆེར་བོད་པ་ཞེས་ལབ་དུས་དབུས་གཙང་པ་ཁོ་ནར་གོ་གི་རེད། འོན་ཀྱང་ཁོ་ཚོས་རང་ཉིད་བོད་མི་ཡིན་པར་སྙིང་ཐག་པ་ནས་འདོད་ཀྱི་ཡོད། གང་ལྟར་བོད་མི་ཡིན་ན་བོད་ཀྱི་མངའ་ཁུངས་ཡིན་དགོས་དོན་ཡོད་མ་རེད། ཐེ་ཝན་རྒྱ་ནག་གི་མངའ་ཁུངས་མིན་མོད། རྒྱ་ནག་པ་རེད། སིང་ཀ་པོར་ཀྱང་དེ་དང་འདྲ། བོད་འབྲུག་མི་རིགས་གཅིག་ལ་རིག་གཞུང་གཅིག གདོང་གཤིས་གཅིག་ལ་གོམས་སྲོལ་མཐུན། །ས་བབས་འདྲ་ལ་སྐད་ལུགས་མཚུངས། ། འོན་ཀྱང་རྒྱ་གར་གྱིས་སྲིད་ཇུས་ནག་པོའི་འོག་ནེ་པལ་གྱི་མི་རིགས་ཀྱིས་འབྲུག་གི་ཕྱེད་ཀ་ཡན་ཟིན་པས་ནམ་ཞིག་འཇིགས་པ་ཆེན་པོ་ཞིག་ཡོང་ངེས་ཀྱི་ཞེད་སྣང་འདུག དོན་དངོས་ཐོག་འབྲུག་པ་སྐྲག་དགོས་ས་དེ་རྒྱ་གར་ཡིན་པ་ལས། རྒྱ་ནག་རྩ་ནས་མ་རེད། རྒྱ་ནག་གིས་ཆབ་སྲིད་དབང་སྒྱུར་སླེབས་དབང་དུ་བཏང་རུང་། མི་རིགས་རྩ་བརླགས་ཀི་ཉེན་ཁ་བཟོ་མི་ཐུབ། རྒྱ་གར་གྱིས་གོ་རིམ་དང་འཆར་གཞི་ཡོད་པའི་ངང་ཡོད་ཚད་རྩད་ནས་རློག་བཞིན་འདུག་པ་འབྲུག་པ་གཙོས་པའི་ཧི་མ་ལ་ཡ་རི་རྒྱུད་ཀྱི་མི་ཚོས་ཤེས་དགོས་སུ་འདུག་གོ
འབྲུག་པ་རྡོ་རྗེ་རྒྱལ་མཚན་ལ་ཞུ་རྒྱུ་གཅིག་ཡོད། ངེད་ཀྱི་བསམ་འཆར་ལ་ ཁྱོད་རང་བོད་པ་ཚོ་དང་ རྒྱོ་བཤད་ཀྱི་གཏམ་རེ་གསུང་ན་མ་གཏོགས་ འབྲུག་པའི་རྒྱལ་རབ་དང་ ཆོས་ལུགས་སོགས་ཀྱི་སྐོར་ ལྷག་པར་འབྲུག་རྒྱལ་པོ་དང་བཙུན་མོའི་ལོ་རྒྱུས་ཚུ་དངས་གསལ་ བོད་པར་གསུང་ན་ ཞབས་རིན་པོ་ཆེ་དང་ཁོང་གི་བསྟན་སྲིད་ལ་གནོད་ཉེན་ཡང་བྱུང་སྲིད་ གང་ཡིན་ཞེ་ན་ ཡར་ཁམས་་ཁྲི་རྒྱལ་སོགས་ གོང་གི་དྲ་མཛོད་ལྟར་ན་བོད་པ་ཚོ་འབྲུག་མི་ལ་ཞེ་འགྲས་ཆེན་པོ་འདུག་ ཁྱོད་ཀྱི་མ་མཐོང་ངམ།
ཁོང་རང་ཚོ་གི་རྒྱལ་སྲིད་རྒྱ་ནག་གིས་འཕྲོག་སོང་བ་དེ་ ང་ཚོ་འབྲུག་པ་ཚོས་འཕྲོག་པ་ལྟར་གྱི་སྐད་ཆ་བཤད་ཀྱིན་འདུག་ དོན་དངོས་ནས་བསམ་ན་འབྲུག་པས་བོད་པར་ཉེས་པ་གང་ཡང་བྱེད་མ་མྱོང་བ་ལ་ ཁོང་ཚོས་དུས་རྒྱུན་དུ་འབྲུག་པས་བོད་པར་ཉེས་བྱེད་ཀྱི་རྫུན་གཏམ་མང་པོ་རྗོད་འདུག
ལར་དཔེ་ཞིག་ཞུ་ན་ བོད་རང་དབང་ཡོད་པ་དང་ འབྲུག་པ་ཚོ་བོད་པའི་འོག་སྡད་པ་ཞིག་ཡིན་ན་བོད་པས་འབྲུག་པ་རྩ་མེད་མི་གཏོང་ཐེ་ཚོམ་མེད། ང་ཚོ་འབྲུག་པ་ནི་བོད་པ་སུ་ལའང་གནོད་པ་བྱས་པ་མེད།
ཁྲིམས་འགལ་དང་ མི་ངན་ཚོ་ལ་ཆད་པ་གཅོད་པ་དེ་འཛམ་གླིང་གྱི་འགྲོ་སྲོལ་རེད་།
རྒྱུ་མཚན་དེ་ལ་བརྟེན་འབྲུག་པ་རྡོ་རྗེ་རྒྱལ་མཚན་ནམ་ ཨཔ་གནག་རིས་རྡོ་རྗེ་ བོད་པ་ཚོ་གི་དྲ་མཛོད་ནང་ ཟབ་ཟབ་མཛོད་གནང་ཞུ།
གཡུ་འབྲུག་དཀར་པོ་ལགས། དེ་རིང་ངོས་རང་ནས་སྐུ་ཉིད་ལ་ལེགས་སྐྱེས་ཀྱི་ཚུལ་དུ་འབུལ་བར་འདོད་པ་ནི་་་་་་འབྲུག་ཡུལ་དུ་བོན་པོའི་་་་ཀླུ་འབུམ་དཀར་ནག་ཁྲ་གསུམ་་་་གྱི་ཤིང་པར་རྙིང་པ་ཞིག་ཡོད་པ་དང་ཁོང་གིས་དེ་དངོས་སུ་མཇལ་མྱོང་བ་འདི་ལྟར་བྲིས་འདུག། http://www.himalayabon.com དྲ་རྒྱར་ཕེབས་ནས་དཔྱད་རྩོམ་་་་རྒྱལ་དབང་ལྔ་བ་ཆེན་པོས་བོན་གྱི་ལྷ་སྡེར་གཟིགས་ཕྱོགས་གནང་ཚུལ་་་་ཞེས་པ་དེ་མར་ཀློག་གནང་ན་འདི་ལྟར་འདུག་་་་༼འབྲུག་རྒྱལ་ཁབ་ཏུ་ཡོད་པའི་གཏེར་སྟོན་རྡོ་རྗེ་གླིང་བའམ་གཡུང་དྲུང་གླིང་བའི་གདུང་བརྒྱུད་ཨོ་རྒྱན་ཆོས་གླིང་དུ་གསུང་རབ་དེ་ཉིད་ཀྱི་ཤིང་པར་ཞིག་བཞུགས་ཡོད་པ་མཇལ་མྱོང་། དེའི་པར་བྱང་མི་གསལ་ཡང་ཕལ་ཆེར་བུམ་ཐང་བདེ་ཆེན་ནམ་ཕྱིས་སུ་པུ་ན་ཁར་གྲགས་པའི་ཤིང་པར་ཡིན་པ་འདྲ་སྙམ༽་་་་་་ད་ཐུགས་རྗེས་གཟིགས་སྐུ་ཉིད་ཀྱི་སྤྱན་ལམ་དུ་གྱུར་མ་མྱོང་བ་རྒྱུ་མཚན་དུ་དྲངས་ནས་་་་་འབྲུག་ཡུལ་སྤྱི་ཡོངས་ལ་་་་བོན་པོའི་སྲིད་པ་རྒྱལ་མོའི་གསོལ་ཁའི་དཔེ་ཆ་དེ་རང་མ་གཏོགས་བོན་གྱི་དཔེ་ཆ་གཞན་མེད་པར་གསུངས་ནས་བཞུགས་པ་གནང་ན་ཐལ་བ་ཆེན་པོ་བབ་ཉན་འདུག་གོ།
འབྲུག་གི་སྐོར་ལ་དོ་སྣང་བྱེད་པ་ཐུགས་རྗེ་ཆེ
འབྲུག་རྒྱལ་པོ་ལ་བཀྲིས་བདེ་ལེགས་ཞུའོ།
ནམ་མཁའི་ནོར་བུས་གླིང་བཞིའི་མུན་པ་སེལ་བཞིན་དུ།།ཆུ་ཡི་པདྨོ་རྣམས་ཀྱང་ཐ་དག་བཞད་ལ་སྤྲོ།།དེ་བཞིན་དབྱར་རྔའི་ལྗོངས་ཀྱི་མི་ཡི་དབང་པོས་ཀྱང་།།འབངས་ཀྱི་བདེ་སྡུག་སེལ་བཞིན་དགའ་བདེའི་ལམ་ལ་བཀོད།།
༄། ནམ་མཁའི་ནོར་བུས་གླིང་བཞིའི་མུན་པ་སེལ་བཞིན་དུ།། ཆུ་ཡི་པདྨོ་རྣམས་ཀྱང་ཐ་དག་བཞད་ལ་སྤྲོ།། དེ་བཞིན་དབྱར་རྔའི་ལྗོངས་ཀྱི་མི་ཡི་དབང་པོས་ཀྱང་།། འབངས་ཀྱི་བདེ་སྡུག་སེལ་བཞིན་དགའ་བདེའི་ལམ་ལ་བཀོད།།
ཧཧཧཧ་་་་་་ ང་འཚོ་བདོ་མི་ཁ་ཤེས་ ཧམ་པ་ཚ་བོ་ ཁོང་འབྲུ་པའི་ སྲིད་གཞུང་ དཔོན་པོ་ནས་བཟུང་ ཀུན་ལ་ གང་འདྲེན་སྨྲས་པ་ ཨ་ཧ་ རང་ཡུལ་དང་རང་དབང་མེད་རྐྱང་ འདིར་དྲྭ་རྒྱའི་ངོས་སུ་ རང་དབང་བརྩན་པོ་རེད་ཤ་ ཧཧཧཧཧཧ།