ཤར་ཕྱོགས་ཁུག་རྟ།
དེང་རབས་ནུབ་ཕྱོགས་པའི་ཞིབ་འཇུག་གི་ཐབས་ལམ་སྤྱད་དེ་རྗེ་བདག་ཉིད་ཆེན་པོ་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་གསར་བྲིས་མཛད་པ་པོ་མཁས་དབང་དགེ་བཤེས་ཐུབ་བསྟན་སྦྱིན་པ་མཆོག་ལ་བཅར་འདྲི་ཞུས་པ་འདིར་གསན་ན། ཡིད་ཀྱི་དྭང་བ་འདྲེན་པ། ཡི་རངས་ཤོར་པ། དགའ་བ་འཕེལ་བ། སྤོབས་པ་སྐྱེ་བ། རྗེ་བདག་ཉིད་ཆེན་པོ་དྲན་གདུང་གི་སྐྱོ་སྣང་འགོག་མེད་སླེབས་པ་བཅས་ཉན་པའི་ཚོར་བ་ཚིག་ལ་ཕབ་མི་ཤེས་པ། བཤད་མི་ཤེས་པ་ཞིག་སྟེར་གྱི་འདུག
འདི་ལོར་མྱང་འདས་ལོ་དྲུག་རྒྱའི་སྐབས་ ༼ རྗེ་ཙོང་ཁ་པའི་ལོ་༽ ཞེས་རྗེས་དྲན་གཞིས་བྱེས་གཉིས་སུ་ཚད་འཕེར་ཞུ་བཞིན་པ་དང་བསྟུན། དགེ་བཤེས་མཆོག་གིས་རྗེ་བདག་ཉིད་ཆེན་པོ་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོའི་མཛད་རྣམ་འཛམ་གླིང་གི་ལྟ་གྲུབ་མཁས་པའི་གནས་རིམ་དུ་འཇོག་ཕྱིར། རྗེ་རིན་པོ་ཆེའི་གསུང་འབུམ་སྐུ་འབུམ་དཔར་མ་དང་། རྗེའི་རྣམ་ཐར་མ་འདྲ་བ་བཞི་བཅུ་ལྷག་དང་། རྗེ་རིན་པོ་ཆེའི་བླ་སློབ་དང་སྦྱིན་བདག་འབྲེལ་ཡོད་མང་པོའི་ལོ་རྒྱུས་ཕལ་མོ་ཆེར་ཞིབ་འཇུག་གིས་སྔ་ན་མེད་པའི་མཛད་རྣམ་དྲག་ཞན་བར་མའི་སྐྱེས་བོ་ཡོངས་དང་། སྒོས་སུ་ཆོས་ཁས་ལེན་མིན་གྱི་སྐྱེས་བོ་བཅས་ནས་མཇལ་སྤྲོ་བ་ཞིག་མཛད་པའི་བཀའ་དྲིན་ནི་བསམ་བརྗོད་ལས་འདས་པས། བོད་མི་མཁས་དབང་དང་བོད་བརྒྱུད་ནང་བསྟན་གྱི་དབུ་འཕང་དགུང་དུ་བཏེགས་པའི་བླ་མེད་ཀྱི་རྗེས་དྲན་ཞུ་སྟངས་འདི་ཅི་འདྲའི་མཆོག་ཏུ་གྱུར་བ་ཞིག་རེད་ཨང་། དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས། སྙིང་ནས་བཀའ་དྲིན་ཆེ་ཞུ།
རང་ཅག་བོད་ཡུལ་དུ་ནང་བསྟན་དར་སྔ་ཡང་། ཡུན་རིང་སེར་མོ་བ་ཁོ་ན་ལས་སྐྱ་བོས་སློབ་སྦྱོང་བྱེད་སྲོལ་མ་དར། སེར་མོ་པའི་གྲས་ནའང་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་ཉུང་། ད་ལྟའང་ཉུང་། དེ་བཞིན་སྐྱ་བོ་རྣམས་ཟེར་རྗེས་འབྲང་པ་དང་ཡིན་པར་ཆ་བཞག་པ་ལྟ་བུའི་ནང་པ་ཞིག་ལས་བརྒལ་ཏེ་སློབ་སྦྱོང་ཅན་གྱི་ནང་པ་ངོ་མར་གྱུར་བ་དེང་སང་ཡང་ཧ་ཅང་ཉུང་བས། བར་ལྡིང་དུ་ལྷགས་པ་གྲངས་ལས་འདས་ན། མི་དཀྱུས་མར་གོ་བ་ཆགས་སླ་བ། རང་གི་ཕ་མེས་ཡང་མེས་ཀྱི་མཁས་མཛངས་དང་དེའི་ཚེ་དེའི་དུས་ཀྱི་ཡུལ་གྱི་གནས་བབ་ཀྱང་ཞོར་དུ་མཁྱེན་ཐུབ་པའི་མཛད་རྣམ་གསར་པ་དེ་བཞིན། བོད་མི་སེར་སྐྱ་ཕོ་མོ་ས་ཡ་མང་པོའི་ཆེད་དུའང་རང་སྐད་དུ་ཅི་ནས་ཀྱང་མཛད་རོགས་གནང་ཞེས་ཞུ་རྒྱུ་ཡིན། མཐར། སྐུ་མཆོག་སྐུ་དཀྱིལ་གསལ་ཞིང་ཞབས་པད་བརྟན་ལ་མཛད་འཕྲིན་སྔར་ལས་རྒྱས་པའི་སྨོན་ལམ་འདེབས།། ཤར་ཕྱོགས་ཁུག་རྟས། 2019 ཟླ་ 11ཚེས་ 29 ཉིན།།
ཐུབ་བསྟན་སྦྱིན་པ་ལགས་སུ་ཡི་རངས་ཞུ། ཁོང་ངོ་མ་སྐྱེས་པ་རླབས་ཆེན། གསོན་པ་གཟི་བརྗིད་རེད། ཁོང་ལྟ་བུའི་ཤེས་ཡོན་ཅན། སྤྱི་དོན་སེམས་ལ་བཅངས་ནས་ཕྱི་ནང་གཉིས་ལ་བོད་ཀྱི་ཆོས་དང་རིག་གནས་ཀྱི་ཞབས་འདེགས་སྒྲུབ་ཐུབ་ན། ཅིས་བཟང་། དོ་ནུབ་ངའི་རྣམ་ཤེས་དེ་ཐུབ་བསྟན་སྦྱིན་པ་ལགས་སུ་འཁོར་ནས། ཁོང་ལ་མངོན་བསྟོད་བྱེད་པ་ཡིན།
ཁོང་གི་བོད་ཡིག་གི་རྟ་ཁ་དབྱིན་ཡིག་གི་ཐང་ཆེན་དུ་ཤོར་སོང་། དེབ་དེ་གང་མགྱོགས་བོད་སྒྱུར་གནང་རོགས། རྗེ་ཙོང་ཁ་པ་བོད་པ་རྩམ་པ་བཟའ་མཁན་ཞིག་རེད། རྩམ་པ་ཡང་ཨམ་མདོའི་རྩམ་པ་སྣུམ་པོ་དེ་འདྲ་བཟའ་མཁན་ཞིག་རེད། དེ་བས་ཁོང་གི་རྣམ་ཐར་དེང་ལུགས་མ་དེ་བོད་སྒྱུར་གནང་རོགས།
མི་རྟག་པ་འཆད་སྐབས་སུ་བཤད་བཞིན་པའི་ རྗེས་ཐམས་ཅད་ནང་ནས་བ་གླང་གི་རྗེས་མཆོག་ཏུ་གྱུར་བ་ཡིན་ཟེར་བར་འགྲེལ་བཤད་རྒྱག་མཁན་རེ་ཨེ་ཡོད། །
བ་གླང་མ་ཡིན་པར་གླང་ཆེན་གྱི་རྗེས་ཡིན་བསམས་སོང་། དེ་ནི་གླང་ཆེན་གྱི་གཟུགས་པོ་ཆེ་ཞིང་ལྕི་བས་རྐང་རྗེས་ལག་རྗེས་དག་ཧ་ཅང་ཟབ་མོར་བཞག་ཡོད་པས་རེད། བ་གླང་ཡིན་ན་ཡང་གཟུགས་པོ་ཆེ་བས་ར་ལུག་ལ་ལྟོས་ན་རྐང་ལག་གི་རྗེས་ཟབ་མོ་འཇོག་པ་ལོས་ཡིན།
མིའི་རང་གཤིས་མངོན་པར་བརྗོད་པའི་རྗེ་རིན་པོ་ཆེའི་མི་ཚེའི་ལོ་རྒྱུས་འདི་མཇལ་འདོད་སྐོམ་པ་ཆུ་འདོད་ལྟར་བྱུང་ནས་ ཨ་མ་རྫོན་དྲ་ལམ་ནས་ཚར་གཅིག་མངག་ཉོ་བྱས་ཡོད།
རྣམ་ཐར་འདི་ཡིག་ཆ་༢༠༠་ཙམ་ལ་ཁུངས་བཅོལ་ནས་བྲིས་ཡོད་ཚོད་འདུག་པས་ང་ལྟ་བུ་མི་སྒྱུ་ལུག་ཅན་ལ་ཤིན་ཏུ་རྨད།
དེབ་ཀྱི་ནང་དོན་དང་ཁྱད་ཆོས་སྐོར་བལྟ་ཀློག་གྲུབ་རྗེས་གླེང་བར་བྱ།
ཀླུ་སྨྱོན་ལགས། བཀའ་དྲིན་ཆེ། ངས་ཀྱང་སྔོན་ཆད་དེ་འདྲ་ཞིག་བསམ་བློ་གཏོང་གི་ཡོད། འོན་ཀྱང་དཔེ་དེ་ཧ་ཅང་འབྱོར་གྱི་མི་འདུག་བསམ་མྱོང་། དེ་རིང་ལྡོང་ཡོན་ཏན་ཚང་གིས་ལམ་རིམ་གཞི་གྱུར་མའི་འཆད་ཁྲིད་ལ་ཉན་སྐབས་གོ་བ་ཅུང་མི་འདྲ་བ་ཞིག་ལེན་གི་འདུག ང་ནི་དེར་ཧ་ཅང་འཐད་ཀི་འདུག །
༄༄། ཤར་ཕྱོགས་ཁུག་རྟ་ལགས་ཐུགས་རྗེ་ཆེ་། ཁྱེད་ཀྱི་དགོང་གཞི་ལྟར་གུས་ནས་ཀྱང་མཁས་དབང་དགེ་བཤེས་ལྷ་རམ་པ་ཐུབ་བསྟན་སྦྱིན་པ་མཆོག་ནས་གངས་ལྗོངས་ཞ་སེར་བསྟན་པའི་སྲོལ་འབྱེད་རྗེ་རིན་པོ་ཆེ་མཆོག་སྐུ་མྱ་ངལ་ལས་འདས་ནས་མི་ལོ་དྲུག་བརྒྱ་འཁོར་བའི་དུས་དྲན་དང་འབྲེལ་མཛད་རྣམ་གསར་བྲིས་གནང་བ་དེ་གསར་འཕྲིན་ནང་ནས་མཇལ་བྱུང་བས་རྗེས་སུ་ཡིད་རང་དང་བཀྲིན་བླ་མེད་དུ་ཆེ་ཞུ་བ་དང་ཆབས་ཅིག་སླད་བདག་ཅག་བོད་རིགས་རྣམས་ཀྱི་ཆེད་དུ་བོད་ཡིག་ཐོག་པར་སྐྲུན་ཅི་ནས་ཀྱང་གནང་སྐྱོང་ཡོང་བ་ཞུ་རྒྱུ་ཡིན་།།
དྲན་སོས་པ་ཞིག་ལ།
མཁས་བཙུན་བཟང་པོ་རིན་པོ་ཆེའི་དཔེ་འཁྲིད་ཅིག་གི་སྐབས་ རྗེ་རིན་པོ་ཆེའི་ལེགས་བཤད་གསེར་ཕྲེང་ ནི་ཀློང་ཆེན་རབ་འབྱམས་པའི་བརྩམས་ཆོས་ཡིན་པའི་བཤད་ཚུལ་ཡོད་པ་རེད་ཟེར།
ད་ཡིན་ན
རྗེའི་ལེགས་བཤད་གསེར་ཕྲེང་ལ་གྲུང་མཐའ་རིས་མེད་ཀྱིས་ཡིད་འགུག་གི་ཁྱད་ཆོས་ཤིག་ཡོད་འདུག
རྗེའི་ལམ་རིན་ཆེན་མོ་དང་ལམ་གཙོ་རྣམ་གསུམ་ རྟེན་འབྲེལ་བསྟོད་པ་ལ་ཟུར་ཙམ་ཟུར་ཙམ་བལྟ་རྒྱུ་ལས། ལེགས་བཤད་གསེར་ཕྲེང་། དྲང་ངེས་ལེགས་བཤད་སྙིང་པོ་དང་རྩ་ཤེས་ཊིག་ཆེན་སོགས་མཇལ་མྱོང་མེད། འོན་ཀྱང་ཀློག་འདོད་ཧ་ཅང་ཆེ།
རྣམ་ཐར་འདི་ངོ་མཚར་ཆེ། དགེ་ལུགས་པ་ཚོ་ཉོན་ཨ། ཐུབ་བསྟན་སྦྱིན་པས་དཀའ་ལས་བརྒྱབ་ནས་ད་བར་དགེ་ལུགས་ཚོས་རྩ་བ་ནས་གོ་མ་མྱོང་བ་རྗེའི་མཛད་སྤྱོད་བྲིས་འདུག ཞབས་འདྲེན་པ་དགེ་ལུགས་ཚོ་ཉོན་ཨ། དེབ་འདིའི་ནང་ལ་རྗེ་ཙོང་ཁ་པའི་རྣམ་ཐར་ཤིན་དུ་ཞིབ་ཕྲ་རྒྱས་པ་ཞིག་དགེ་ལུགས་པ་མ་ཡིན་པ། བཀའ་བརྒྱུད་ཀྱི་བླ་མ་བསོད་ནམས་རྒྱལ་མཚན་ཞེས་པ་ཞིག་གིས་བྲིས་འདུག བླ་མ་དེ་ཙོང་ཁ་པའི་བཀའ་བརྒྱུད་བླ་མ་སྤྱན་སྔ་ཆོས་ཀྱི་རྒྱལ་པོའི་སློབ་མ་རེད། ད་བར་དགེ་ལུགས་པ་སུ་ཞིག་གིས་རྣམ་ཐར་དེ་མཇལ་མེད། ངོ་མ་ཞབས་འདྲེན་རེད། ཞབས་འདྲེན་རེད། རྗེ་བླ་མ་མར་ཉིན་ལྟར་གསོལ་བ་འདེབས། ཁོང་གི་རྣམ་ཐར་ངོ་མ་དེ་ད་བར་དགེ་ལུགས་པ་སུ་ཞིག་གིས་མཇལ་མི་འདུག
བསོད་རྒྱན་གྱི་རྣམ་ཐར་ནང་། ད་བར་དགེ་ལུགས་པ་སུ་གཅིག་གིས་མ་བཤད་པའི་རྗེ་རིན་པོ་ཆེའི་སྐོར་བཤད་འདུག ཁོང་གི་སྐུ་གཟུགས་ཆེ་ཆུང་། གདོང་པའི་དབྱིབས། སྐད་ཆའི་གདངས། གོམས་པ་རྒྱག་སྐབས་ཀྱི་གྲོས།
ངོ་མ་དགེ་ལུགས་པ་ཚོར་རྟ་ལྕག་གཏོང་དགོས་འདུག ཞབས་འདྲེན། ངོ་མ་ཞབས་འདྲེན་ད་བར་རྣམ་ཐར་འདི་འདྲ་མ་མཇལ་བ། ག་རེའི་མཁས་པ།
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས་།
དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས།
བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག་།
༼ གངས་ཅན་མཁས་པའི་གཙུག་རྒྱན་༽ ཙོང་ཁ་བ་།
བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས་
ད་བྱས་ན། ཐུབ་བསྟན་སྦྱིན་པ་ལགས་དགེ་ལུགས་པ་ཞིག་ཡིན་ཚོད་མི་འདུག
ཡག་པོ་བྲིས་འདུག དགེ་ལུགས་པ་རྣམས་ཀྱིས་རྗེ་རིན་པོ་ཆེའི་གསུང་འབུམ་པོ་ཏི་བཅོ་བརྒྱད་སྐུའི་སྐུ་ཚབ་གསུང་གི་གསུང་ཚབ་ཐུགས་ཀྱི་ཐུགས་ཚབ་མ་ཉམས་པར་འཆད་ཉན་བྱས་དང་བྱེད་བཞིན་པ་རེད། མི་རེ་རེའི་མཐོང་སྣང་ལས་བརྩམས་པའི་རྣམ་ཐར་ཡོད་དོ་ཅོག་མ་ཤེས་ན་དེར་ངོ་གནོང་དགོས་པའི་རྒྱུ་མཚན་ཅི་ཡང་མ་མཐོང་ལ་གལ་ཆེན་པོ་ཞིག་ཀྱང་མ་རེད། །
དད་པའི་འཇུག་ངོགས་ནང་རྗེའི་གསུང་སྐད་སྐོར་ཕྲན་བུ་ཡོད་བསམས།
མི་འདུག་མི་འདུག མར་མི་དྭགས་གསུམ་དང་། ཨོ་རྒྱན་འགྲོ་བའི་མགོན་པོའི་ཐུགས་སྲས་དང་། ས་སྐྱ་གོང་མ་ལྔ་བོའི་རྣམ་ཐར་མཇལ་ན། ཙོང་ཁ་པའི་རྣམ་ཐར་ནི་ཤིན་དུ་བསྡུས་ལ་ནང་དོན་ཕུན་སུམ་མ་ཚང་བ་གཅིག་པུ་དེ་རེད། དགེ་ལྡན་པ་རྣམས་གང་ལ་མགོ་འཁོར་ནས། རང་གི་ཕའི་ལོ་རྒྱུས་ཆུ་ལ་བསྐྱུར་བ་ཡིན་ནམ།
དད་པའི་འཇུག་ངོགས་ལ་རྗེ་བླ་མའི་རྣམ་ཐར་གྱི་དོན་སྙིང་སློབ་གཉེར་གང་གནང་བ་དང་། སྒྲུབ་པ་གང་མཛད་པ། གསུང་ཆོས་གང་གནང་བ་ཅི་ཡང་མི་འདུག
ཁྲལ་ཁྱོལ་ཙམ་གྱི་ཡིག་ཉོག་ཤོག་ལྷེ་བཞི་བཅུ་ཙམ་ལས་མི་འདུག