ཨ་ཚོགས་ཀླུ་མཁར་བྱམས།
༼གཅིག ༽ རྗེན་པའི་ཕེབས་སྐྱེལ།
༌༌༌༌རིན་པོ་ཆེ་མཁྱེན། སྐུ་ཉིད་ཕེབས་སྐབས་དབུ་མའི་ལམ་ཀྱི་ཡང་འགྲེལ་༼རང་སྐྱོང་མངོན་འདོད་ཀྱི་བསམ་འཆར་ཡིག་ཆ་༽བརྙབས་ནས་ཕེབས་རོགས། དབུས་བོད་མིའི་སྒྲིག་འཛུགས་བརྙབས་ནས་ཕེབས་རོགས། བཙན་བྱོལ་བོད་གཞུང་གི་མིང་བྱང་གཅིག་པོ་ང་ཚོར་རང་འཇགས་ཤིག་འཇོག་གནང་རོགས། མིང་བྱང་དེ་ནི་ཤི་བོས་ཁ་ཆེམས་དང་གསོན་པོས་རེ་བ་ཡིན༌༌༌༌༌
རྒྱ་མིའི་སྤྱི་ཚོགས་རིང་ལུགས་ཟེར་བ་དེང་སང་ལྟ་གྲུབ་ཅིག་གི་གནད་དོན་མ་ཡིན་པར། ཁེ་ཕན་ཤོག་ཁག་གི་འབུ་སྲིན་འཚངས་སའི་རྫབ་དོང་ཞིག་ཆགས་ཡོད། སོང་ཙང་ཤོག་ཁག་དེས་ཡོད་ཚད་ལ་བཅོས་བསྒྱུར་གཏོང་ཆོག་མོད། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་འགྱུར་བ་གཏོང་མི་ཆོག་ལུགས་བརྗོད་ཀྱིན་ཡོད་ལ། དེ་བཞིན་འདི་གར་ཡང་གནམ་ས་བླ་འོག་བརྗེ་ཆོག་ཀྱང་། ལམ་དབུ་མའི་སྲིད་བྱུས་ལ་འགྱུར་བ་གཏོང་མི་ཆོག་ཟེར་བ་ཡག་རྟགས་ཤིག་མིན།
སྲིད་པའི་ཁམས་འདིར་ཅི་ཡང་སྲིད་ལ་ཅི་ཡང་ཆོག ལོ་བཅུ་འདིའི་ནང་ཚུན་ལ་རྒྱ་ཆེ་སར༼༌༌༌་་རང་སྐྱོང་མངོན་འདོད་ཀྱི་ཡིག་ཆ་༽གྲོས་ཚོགས་ལ་མ་བསྟན་པར་རྒྱ་མིར་སྤྲད་པ། མང་ཚོགས་ཀྱི་རེ་འདུན་ལ་མ་བལྟས་པར་བོད་གཞུང་གི་མིང་བྱང་བརྗེ་བ། གཞུང་གཉེར་ཁེ་ལས་ཚང་མ་ལྟ་གྲུབ་དང་མ་མཐུན་ན་ནང་ཁུལ་བརྒྱུད་ཚོང་བྱས་ཆོག་པ། ལྷ་འདྲེ་གདོན་འགེགས་རྩ་མེད་བྱ་ཆེད་གཞུང་རྒྱུ་བཏང་ནས་ལས་འགུལ་སྤེལ་བ། ད་དུང་དགའ་ལྡན་ཕོ་བྲང་གི་སྲིད་དབང་སྒོ་བརྒྱབས་པ་དང་། ༸གོང་ས་མཆོག་བགྲེས་ཡོལ་ལ་ཕེབས་པ་སོགས་་༌༌༌༌མི་ཆོག་པ་ཞིག་མེད་ནོ་མཐོང་གསལ་རེད། ཁ་གསེང་ན། ལོ་བཅུ་ནི་ལམ་དབུ་མ་ནས་བོད་དོན་བཤད་པ་དང་། བོད་རྒྱ་འབྲེལ་མོལ་ལ་གྲུབ་འབྲས་སོན་པའི་ལོ་བཅུ་མ་ཡིན་པར། དེ་ལས་ལྡོག་ཏེ་གནམ་ས་གོ་འབྱེད་བྱས་ཤིང་། དེ་ཡི་མཇུག་འབྲས་སུ་བཀའ་ཤག་གིས་ཁྱོན་ཡོངས་ནས་ལམ་དབུ་མ་འདི་བཞིན་དབང་བསྒྱུར་གྲལ་རིམ་ཀྱི་ཁེ་ཕན་ངོ་བོ་ཁོ་ནར་བསྒྱུར་བའི་ལོ་བཅུ་ཡིན། བྱས་ཙང་ཆུ་སོང་ཡང་ཟམ་འདུག་དགོས་ལ། བཀའ་ཁྲི་ཟམ་གདོང་གི་ལས་ཡུན་རྫོགས་ནས་འགྲོ་དགོས་ཀྱང་། ལམ་དབུ་མའི་ཡོལ་བའི་འོག་གི་སྐུ་དྲག་གསར་རྙིང་རྣམས་འཚོ་དགོས་སྟབས། ལམ་འདིར་ད་དུང་ཅང་བཤད་མི་རུང་ལ། དེར་ཅིག་བཤད་ན་༸རྒྱལ་བ་རིན་པོ་ཆེ་དགོངས་གཞི་ཡིན་པར་ཁ་གཡར་ནས་དཀྲོགས་རྐྱེན་སློང་ཆོག་ཆོག་ཡིན།
གོ་སྐབས་སྣ་ཚོགས་ཀྱི་ཟུར་མཇལ་དེ་དག་བསམ་ཚེ། གནམ་ཟམ་གདོང་ལ་དབང་བའི་འོག་གི་ལོ་བཅུ་འདི་ཐུང་སྐྱོན་མེད་འགྲོ༌༌༌༌༌ ཡིན་ནའང་། ལོ་བཅུ་འདིའི་ནང་ཆབ་སྲིད་བསམ་བློའི་ཁྱབ་ཁོངས་ལ་ལྷ་སྒྲུང་ལག་ཆར་སྤེལ་བ་དང་། བོད་རང་བཙན་རྩོད་མཁན་ཚོ་དོལ་རྒྱལ་བརྟེན་མཁན་ལས་ཀྱང་ཉེན་ཁ་ཆེན་པོ་རེད་ཟེར་ནས་དྲིལ་བསྒྲག་པ། གཞུང་ཞབས་རྣམས་ཚོགས་སྐྱིད་ཁག་གི་ལས་འགུལ་ནང་ཞུགས་མི་ཆོག་ཁར། གཞུང་དང་ལྟ་བ་མི་མཐུན་སར་ཞལ་འདེབས་ཡན་ཆད་སྤྲོད་མི་ཆོག་པའི་བཀོད་ཁྱབ་བཏང་ལུགས་སོགས་༌༌༌༌ནང་མཚང་བཤད་དགོས་བྱུང་ན། ངོ་མ་རྟ་ལམ་བོང་བུའི་འགག་པའི་ལོ་བཅུ་བོ་རིང་དྲགས་སོང་ཡཱ༌༌༌༌༌༌༌
འོན་ཏེ། སྤྲེལ་ལད་ཀྱི་སྤྱི་ཚོགས་འདི་བས་བདག་གཞན་ཉིས་ག་སྤྲེལ་ལད་ཀྱིས་འདྲ་ཆགས་ཤིག་བཟོ་ཆེད། གྲུབ་འབྲས་མེད་སར་གཟེངས་བསྟོད་བདག་སྐྱེལ་ནི་ཡོད་ཡོད་པ་ཡིན་ལ། དེ་ཡིས་རེ་ཞིག་གཟེངས་སུ་བསྟོད་མཁན་དང་བསྟོད་པ་བཞེས་མཁན་ཉིས་ཆར་བཟི་ཁ་མངར་མོ་རེ་སྤྲོད་སྲིད་མོད། མཚན་རིང་སྒྲུང་གིས་མི་འཁྱོལ་ཞིང་། ལོ་རྒྱུས་ནི་ག་དུས་ཡིན་ཡང་ར་བཟི་ནས་དྭངས་རྒྱུ་མེད་པ་ཞིག་མིན། མ་གཞི་བླ་མ་ཟམ་གདོང་ཡང་མི་གྲུང་བོའི་གྲས་རེད་ལ། ཁོ་བས་གྲྭ་བས་ཆབ་སྲིད་སྐྱོང་ན་མི་སྐྱ་ཕལ་བ་ལས་ལྷག་ཅིག་དགོས་སྐོེར་བརྗོད་མྱོངས་ཀྱང་། སོ་སོ་རང་ཐོག་ལ་བབ་ཚེ་མིག་སྔའི་ཁེ་ཕན་ཙམ་དང་ངོ་གདོང་འདྲ་ཆགས་ཤིག་སྲུང་ཆེད། མི་གཤིས་གཏའ་མར་བཞག་པ་ཙམ་མ་ཟད། མཐར་བཟང་སྤྱོད་ཀྱང་བརླགས་སྟེ། ད་ཆ་གཟུགས་སྐུ་རྗེན་པ་ཁྲི་ལས་གཤོལ་སྐབས་འདིར་གཅིག་བྱས་ན་སེམས་པ་གྲང་ཤུར་ཤུར་ཡིན་སྲིད། སོང་ཙང་ཁོང་གིས་༼ངའི་ད་བར་ཁྲི་བྱང་རྡོ་རྗེ་འཆིང་གི་བཀའ་སྒྲུབ་པ་ལས། བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་གང་ཡང་སྒྲུབ་མྱོངས་མེད་༽ཟེར་ནས། སྐད་ཆ་ཆེན་པོ་ཞིག་གིས་ལོ་རྒྱུས་ལ་ཀུ་རེ་རྩེད་སྲིད་མོད། རྩེད་མོ་དེ་ཕྱིར་རང་མགོར་ལྷུང་རྒྱུ་ཉག་གཅིག་ཡིན། རྒྱུ་མཚན། ཁོ་བས་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་བྱ་རྒྱུ་ཡོད་མདོག་མདོག་གིས་མནའ་གན་དམ་འབུལ་བྱས་བ་ལོས་ཡིན།
༼གཉིས ༽རེ་དོགས་ཀྱི་བསུ་མ།
༌༌༌༌༌ ངས་༼གསར་གཏོད་དང་། རང་མགོ་རང་ཐོན། ༌༌༌༌༌༌༌ ༽ བཤད་བསྡད་ཡོད་མོད། དེ་གསུམ་ཀ་བཀའ་ཁྲི་ཟམ་གདོང་གིས་གནང་ཚར་འདུག་ཅེས། ཁྲི་གསར་ཁྲི་ལ་མ་བྱོན་གོང་དམ་བཅའ་ཕུ་ཐུང་ནང་ནས་ཞུགས་དོན་ཅི་རེད། ཉི་མ་འགའ་ལས་ཕྱིན་མེད། ཕོ་གསར་སྟག་འདྲ་བོ་དེ་མྱུར་མོ་ཉ་ནང་བཞིན་ཞིག་ཆགས་འདུག་ཟེར་ན་བློ་མི་བདེ་བའི་ཚད་རེད། མ་གཞི་ཁྱོད་ལ་ཁག་ཡོད་རྒྱུ་མ་རེད། ཁེ་ཕན་རིང་ལུགས་ཀྱི་དཀྱིལ་འཁོར་ནང་དངོས་སུ་ཞུགས་དུས། གཞུང་ལུགས་ལ་མཁས་དང་མི་མཁས། ཕོ་གསར་རྫིག་མི་རྫིག་སོགས་ཀྱིས་ཅི་གང་མི་ཕན། གཙོ་བོ་མི་རེ་ངོ་རེར་ཟ་རྒྱུ་ཞིག་མ་རག་ཕྱིན་༌༌༌༌
དེ་སྔོན་ཚོགས་གཙོ་སྤེན་པ་ཚེ་རིང་གིས་རང་བཙན་རྩོད་མཁན་གྱི་བཀའ་ཁྲི་ཞིག་ཡོང་ན། གཞུང་དང་། ཁོ་རང་སྒེར་གཉིས་ཆར་དཀའ་ངལ་འཕྲད་ཀྱི་རེད་ཟེར་ནས་འཇིགས་སྐུལ་བྱས་སོང་ལ ། དེ་བདེན་ཐག་ཆོད་ཡིན། ཁྲི་གསར་ཚང་གི་མདུན་གྱི་ནམ་མཁའ་ན་༸རྒྱལ་བ་ཡིད་བཞིན་ནོར་བུ་དང་ཟམ་གདོང་སྣང་སྲིད་ཟུར་གནོན་ལྟ་བུ་ལྷ་ཞལ་ཞི་ཁྲོ་གཉིས་ཀྱིས་མར་གཟིགས་ཡོད་ལ། དེ་ཡི་གཡས་དང་གཡོན་ན། ཚོགས་གཙོ་སྤེན་ཚེ་ནང་བཞིན་གནས་ལུགས་རྗེན་པར་བསྟན་ན་མི་གོ་བར། དད་པ་དག་སྣང་ཁ་ལ་གཟེས་ཤིང་རྒྱབ་ལ་གོན་ནས་འཚོ་བཞིན་པའི་ཨབ་ཕྲུག་ལོང་པ་གང་བས། གདོང་འབག་སྣ་ཚོགས་གྱོན་ཏེ། ཁྲི་གསར་ཚང་གི་སྒོ་སྒེའུ་ཁུངས་ཚང་མའི་ནང་འཚངས་ཡོང་གི་ཡོད་ཙང་། ལྷ་ཚོགས་དེའི་ནང་ཁྱོད་ཕོ་རོག་དཀར་པོ་ཐོན་ས་མེད་ཐག་ཆོད་ཡིན།
མ་གཞི་བོད་ཀྱི་ཨོ་བྷ་མ་སྟེ། སློབ་སྤྱོང་འགྲིག་ཐག་ཆོད་ཡིན་མོད། ཙི་ཙི་རྒྱུག་ལམ་ལས་ཀྱང་གུ་དོག་པའི་རྡ་སའི་སྲིད་སྟེགས་སྟེང་གི་འཁྲབ་ཚན་འདྲ་ཆགས་ཤིག་ཡོང་ཆེད། ཉིད་ཀྱིས་རང་བཙན་གྱི་ལྟ་བ་དགའ་བོ་དོར་ནས་ལམ་དབུ་མའི་ཁེ་ཕན་ཤོག་ཁག་ནང་ཞུགས་པ་ནི། གཅིག་བྱས་ན་ཉིད་ཀྱི་མི་ཚེ་ནང་གི་ནོངས་འགྱོད་ཆེ་ཤོས་ཆགས་ཀྱང་སྲིད་ལ། ཡང་གཅིག་བཤད་ན། བཙན་བྱོལ་ནང་བོད་རང་བཙན་ནས་ལམ་དབུ་མར་ས་ལམ་འཕོས་པ་དང་། དབུ་མའི་དཀྱིལ་འཁོར་ནང་དུའང་རྒྱལ་གླུ་བླངས་ཆོག་པ། རྒྱལ་དར་འཕྱར་ཆོག་པ། ཐ་ན་བོད་རྒྱལ་ཁབ་དང་མི་རིགས་ཟེར་བའི་ཚོང་འདི་འགྲིམ་སར་བརྒྱག་ཐུབ་ཚོད་ཡིན་སྟབས། འཐབ་ཕྱོགས་གཅིག་གྱུར་ཁང་ལྟ་བུ་ཕ་རོལ་བས་ང་ཚོར་དཀར་ནག་གི་དབྱེ་བ་བགར་ཤེས་ཀྱི་མེད་པ་ནང་བཞིན། སྐབས་རེར་སོ་སོ་རང་ཉིད་ཀྱང་མགོ་འཐོམ་གྲབས་རེད། དེ་བཞིན་མི་འགྲོའི་ཆ་ནས་བཤད་ནའང་། བཀའ་ཁྲི་ཟམ་གདོང་ཚང་དང་། དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་༌༌༌༌སོགས་གཞི་རྐང་གཞོན་ནུ་ནས་བཙུགས་ཀྱང་། མཐར་གཞོན་ལྷན་དང་ལྟ་བ་མཉམ་པོར་གཡུག་ནས་དབུ་མར་བྱོན་པའི་ལམ་འགྲོ་ཅན་ག་ཚོད་དགོས་དགོས་ཡིན་ན། དེ་རིང་ཁྱོད་ལ་མཚོན་ནའང་། རང་བཙན་དོར་ནས་དབུ་མར་ཕེབས་པ་དེར་ལྷམ་གོག་ཅིག་བརྗེ་བའི་སྣང་བ་ཙམ་ལས་ཡོད་མི་སྲིད་ན་ཐང་།
རེད་དེ། འཇིག་རྟེན་བྱ་བ་བཤད་ཚོད་དཀའ་བས། སང་ཉིན་བོད་འདི་ཤི་ཐག་གསོན་ཐག་ཆད་པའི་རྗེས་སུ། ཁྱོད་ཚོའི་གྲས་རང་བཙན་ནང་ཕྱིར་ལོག་དགོས་པ་འདྲ་ཤར་ན། གྲོགས་པོའི་ཁོག་རྒྱའི་ངོས་ནས་ཡོད་ཚད་ལ་གུ་ཡངས་གཏོང་ཆོག་མོད། ལོ་རྒྱུས་ལ་ནང་ཚགས་མི་འགྲོ་ཙང་། སྐབས་དེར་རྣམ་པ་ཚོས་མཚན་གཞུང་དེ་ཨ་བུ་རག་སྡིས་དང་། ཨ་ཅག་ཚེ་བརྟན་སྒྲོལ་མ། བྱམས་པ་ཕུན་ཚོགས་སོགས་ཀྱི་མིང་གི་ལྐུབས་ཤིག་ལ་འཁོད་དགོས་བྱུང་ཚེ་ག་འདྲ་འདུག དེ་བས་ཉིད་ལམ་ནོར་ལ་ཞུགས་པར་འགྱོད་བཤགས་དང་བཅས་ཕྱི་ལམ་ཤིག་བཙལ་ན་གོ་སྐབས་ཡག་ཤས་རེད།
༼གསུམ༽ ལྷག་པའི་བློ་འགྱོད།
༌༌༌༌སྐུ་མདུན་བགྲེས་ཡོལ་ལ་ཕེབས་པའི་རླབས་ཆེན་ཀྱི་དགོངས་གཞི་འདི་ཡིན་ན། ང་ཚོའི་ཆབ་སྲིད་ཁྱབ་ཁོངས་ཀྱི་རྟོགས་སད་ཐེངས་ཤིག་ཡིན་མོད། ད་ཆ་མི་རེ་གཉིས་ཤིག་གིས་མཛད་དགའ་བོའི་ཁ་ལོག་ལམ་ལ་བསྒྱུར་ཏེ། ཁེ་གྱོང་གང་ཡིན་བཤད་ཚོད་དཀའ་བའི་གནས་སུ་འགྱུར། ལྟོས་ཡོང་དུས་སྐུ་མདུན་བགྲེས་ཡོལ་གནང་བ་ནི། བཙན་བྱོལ་བོད་གཞུང་སྒོ་བརྒྱག་རྒྱུ་དང་། ཁྱོན་ཡོངས་ནས་རྒྱ་མགོར་འདོགས་རྒྱུའི་སྔོན་འགྲོའི་རོལ་མོར་འགྱུར་བཞིན་འདུག་༌༌༌
སྐུ་མདུན་བགྲེས་ཡོལ་ལ་ཕེབས་པའི་བསྟན་དོན་ནི། དང་པོ། བོད་རྙིང་བའི་ཆོས་སྲིད་ཟུང་འབྲེལ་གྱི་མི་རྗེ་དབང་འཛིན་ལམ་ལུགས་མཇུག་སྒྲིལ་ཏེ། དུས་ཀྱི་འགྲོས་དང་མཐུན་པའི་དམངས་གཙོའི་ལམ་ལུགས་སྲ་བརྟན་གཏོང་རྒྱུ་དང་། གཉིས་ནས། ཁོང་གིས་༼ང་བགྲེས་ཡོད་ལ་ཕྱིན་པ་དང་མཉམ་པོར། ངོས་ཀྱི་མིང་གནས་རྗེས་འབྲེལ་གྱི་ཡིག་ཆ་སྐོར་ཞིག་རང་བཞིན་གྱིས་རྩིས་མེད་ལ་འགྲོ་སྲིད་པ་རེད༽གསུངས་བ་ནི། རྒྱལ་ཁབ་ཕྱི་ནང་ལ་ཤུགས་རྐྱེན་ཆེ་བའི་དབུ་མའི་ལམ་ཀྱི་སྲིད་བྱུས་དང་། ཁྱད་པར་དུ་ཟམ་གདོང་སྐབས་ལམ་དབུ་མའི་༼འགྲེལ་གསར༽རང་སྐྱོང་མངོན་འདོད་ཀྱི་ཡིག་ཆ་ཟེར་བ་ཕྱིར་བསྡུ་བྱ་སྲིད་པའི་དགོངས་པ་ཡིན་ཆོག་པ་ལས། གང་གི་མཚན་ཐོག་གི་བཀའ་རྩ་དང་ནང་ཁུལ་ཁྲིམས་སྒྲིག་ཙག་ཙིག་ཚོར་གསུངས་མེད་ཚོད་ཡིན། འོན་ཀྱང་། སྐད་ཆ་ལམ་དབུ་མའི་སྒང་སླེབས་ན། དེ་ནི་མི་ཁག་ཅིག་གི་སློང་བཟེད་ཡིན་སྟབས། སྐུ་མདུན་གྱི་བཀའ་མོལ་གལ་ཆེན་དེ་ཚོ་མ་གོ་མདོག་མདོག་དང་། མང་ཚོགས་ནང་དེ་འབྲེལ་གྱི་སྐད་ཆ་བྱུང་ས་རེད་བསམ་ནས་ག་ཚོད་འཛེམ་ཀྱིན་འདུག
རྒྱུ་མཚན་རྡོག་རྡོག་བཤད་ན། རྒྱ་གུང་ཁྲན་གྱི་དཀའ་ངལ་དངོས་ནི། ༸གོང་ས་མཆོག་གཙོས་ང་ཚོ་ལ་ཚུར་རྒྱབ་ཀྱི་ཤོར་མ་སྤར་མོ་གང་བའི་ཕར་མགོ་འདོག་སར་ཡོང་མིན་དང་། འདོག་ལུགས་འདོག་སྟངས་ཅི་ཡིན་སོགས་མ་ཡིན་པར། ལ་ཕར་རྒྱབ་ཀྱི་ས་ཡ་དྲུག་པོ་གན་ཞི་དྲག་གང་གིས་ཀྱང་གཉའ་གཅོག་ཐུབ་ཀྱི་མེད་པ་དེ་རེད་ལ། དེ་བཞིན་གཞིས་ལུས་མང་ཚོགས་ཀྱིས་རྒྱ་མིའི་ཡག་སྡུག་བཤད་ནས། ཡག་ན་རྒྱ་འོག་ནས་འདུག་རྒྱུ་དང་། སྡིག་ཅག་ཡིན་སྟབས་ངོ་ལོག་པ་ཙམ་མ་ཡིན་པར། མི་སེར་སྤེལ་མཁན་གཞུང་གིས་ཡག་སྡིག་གང་བྱས་ཀྱང་རུང་། བོད་རྒྱ་འོག་ནས་འདུག་གི་མེད་ཟེར་ནས་ལངས་ཡོང་གི་ཡོད་སྟབས། འདི་ནས་བཤད་པའི་རང་སྐྱོང་མངོན་འདོད་ཟེར་ན་འདྲ། མགོ་འདོག་རིང་ལུགས་ཀྱི་སྲིད་བྱུས་ནི། ཕྱོགས་གང་ནས་བལྟས་ཀྱང་རྒྱ་བོད་འབྲེལ་མོལ་དང་། གཞིས་བྱེས་མཉམ་འཛོམས་སོགས་ཀྱི་རྨང་གཞི་མིན་པ་གསལ་བོ་ཡིན།
ལམ་དབུ་མ་འདི་བཙོང་རྒྱུ་ཞིག་ཡིན་ན། སྲིད་དོན་ཚོང་བའི་བཙོང་རྒྱུ་ཡིན་པ་ཨ་ཅང་ཅང་། ད་ཆ་ཁེ་ལས་ཚོང་བ་ཚོས་ཀྱང་འདི་ན་བཙོང་རྒྱུ་ཞིག་གམ། ཟ་རྒྱུ་ཞིག་འདུག་བསམ་ནས་ཚད་འདྲ་རྒྱག་བཞིན་པ་ནི་ངོ་མ་ཐབས་སྐྱོ་བོ་ཡིན། ངས་ཕོ་གསར་ཅིག་ཇ་ཁ་ཆང་ཁ་ནས་ངོ་ཤེས་སོང་། དེ་དུས་ཁོ་སློབ་གྲྭ་ནས་ཐོན་མ་ཐག་ཡིན་སྟབས་དཔལ་འབྱོར་གྱི་གནས་སྟངས་སྐྱོ་བོ་རེད་ལ། ལྟ་བ་བོད་རང་བཙན་གཙང་མ་ཡིན་ཟེར། རྗེས་སུ་ཁོས་ཁ་པར་གྱི་ཚོང་ལས་གཉེར་ནས་སྤུ་མདོག་ཅུང་རྒྱས་པར་བརྟེན། རང་གཤིས་ཀྱང་བརླགས་ཚར་འདུག་པ་མ་ཟད། རང་བཙན་ལ་ཆོ་ཡོད་བ་མ་རེད་མདོག་མདོག་སྤོམ་བཤད་བྱེད་རྒྱུའི་ཚད་ལ་སླེབས་འདུག འདི་དཔེ་མཚོན་ཆུང་ཆུང་ཅིག་ཡིན། ཡང་ས་ཆའི་ཚོད་ཀྱི་ས་བདག་ཚོ་སྟེ། རྡ་སའི་ཐོག་ཁང་ཅན་༼སྤེལ་ཀྲིན་བ་ལ༽འགའ་དང་། བལ་ཡུལ་གྱི་ཚོང་བ་འགས་དབུ་མའི་ལམ་ཀྱི་ལས་འགུལ་ཁང་བཙུགས་པ་ལྟ་བུ་རེད། ༼དེ་ཚོའི་སྐོར་ཞིག་ལ་བོད་ནང་ཚོང་ཤུགས་ཆེན་ཡོད་སྐད༽ དེང་སང་མེགྷ་ལོར་ཁྲོམ་ན་ལམ་དབུ་མའི་འགྲིམ་འགྲུལ་ཁང་ཟེར་བ་མཐོང་རྒྱུ་ཡོད་ལ། སློབ་གྲྭ་ཞིག་གི་ནང་ལམ་དབུ་མའི་ཁམས་ཚན་ཟེར་བའི་སྒོ་ཕྱེ་ཡོད་སྐད་གོ་སོང་། རྣམ་འགྱུར་ཡ་མ་བརླ་འདི་ལས་རྟོགས་ཐུབ་པ་ནི། ཚོང་བ་ཚོས་ལམ་དབུ་མ་འདི་བཙོང་ཐུབ་མིན་ལ་མ་བལྟས་པར་བཙོང་རྒྱུ་ཞིག་ཡིན་པ་ཤེས་སོང་རེད་མ་གཏོགས ཁོ་ཚོའི་ལམ་དབུ་མའི་ལྟ་གྲུབ་མི་ཤེས་ལ། ཤེས་དགོས་དོན་ཡང་མེད་ལ། ཡང་བཙོང་སྟངས་ཀྱི་ཆ་ནས་བཤད་ན། ཚོང་བ་ཚོས་ཁ་རྒྱ་ལ་འཁོར་བ་དང་། ཡང་ན་ལམ་དབུ་མ་འགྲིམ་སའི་མཐོ་རིམ་སྤྱི་ཚོགས་ནང་༧རྒྱལ་བོའི་དགོངས་གཞིའི་རང་གི་ཞེ་འདོད་གང་ཞིག་ལ་ཕྱི་ཐུམ་བརྒྱབས་ནས་བཙོང་བ་དང་། ཕྱོགས་མཐའ་ཁག་གི་མང་ཚོགས་ནང་། བོད་རྒྱལ་ཁབ་ཀྱི་རྒྱལ་དར་དང་། བོད་རྒྱལ་ཁབ་ཀྱི་རྒྱལ་གླུ ཐ་ན་བོད་རྒྱལ་ཁབ་དང་མི་རིགས་ཟེར་བ་སོགས་རྒྱལ་ཞེན་ཆེ་མདོག་མདོག་གི་འབོད་ཚིག་བཙོང་ནས་སྤྱན་ཆབ་ཤུར་ཤུར་འབབ། རིམ་པ་འདིར་སླེབས་དུས་བྱ་དངོས་ཀྱི་རིན་ཐང་བཙོང་ཐུབ་མིན་ཡིན་པ་ལས། བཙོང་ཆོག་མིན་གྱི་སྐད་ཆ་མེད།
གོང་གི་དབུ་མའི་ལས་འགུལ་ཁང་གི་ཚོགས་གཙོས། བོད་གཞུང་ཁྲིམས་ཁར་བསྐྱེལ་བ་ལྟ་བུ་རེད། སྤྱིར་གཞུང་གིས་དྲང་བོ་མ་བྱས་པར་ཁྲིམས་ལ་གཏུགས་ན་ཧང་སངས་ཀྱི་མེད་མོད། ཁྲིམས་ལ་བསྐྱེལ་མཁན་གྱི་གང་ཟག་དེ་ཁྲིམས་བཟོ་ལྷན་ཁང་གི་འཐུས་མི་ཡིན་པ་དང་། རང་ཚོས་བཟོས་པའི་ཁྲིམས་དེ་ཡི་འོག་ཁོ་རང་གིས་ཁས་ལེན་དམ་འབུལ་བྱས་ཡོད་པའི་སྤྱི་འཐུས་ལས་ཐོག་པ་ཞིག་མིན་རྒྱུ་ན་པཱ༌༌༌༌༌
ད་དུང་དབུ་མའི་ལམ་ཀྱི་ལས་འགུལ་ཁང་ནང་ན་བླ་རྒན་སྐྱ་མིན་སེར་མིན་ཞིག་ཡོད་ལ། ཁོས་ནམ་རྒྱུན་ལམ་དབུ་མའི་ལྟ་བ་གཞིར་བཞག་ནས་ཕར་ལོག་ཐུབ་ན་བཟང་རབས་རྒྱན་རབས་བཤད། ངས་ཁོང་ལ་དེ་འདྲ་ཡིན་ན། སྔོན་ལ་ཁྱོད་ཕར་ལོག་ནས་ཚོད་ལྟ་བྱས་ན་ཞུས་པར། ཁོས་ང་རྒྱ་འོག་ནས་བྲོས་ཡོང་བ་རེད། ད་ཤི་ན་གསོན་ན་ཕར་ལོག་གི་མིན་ཟེར། ཁ་བཤད་དང་ལག་ལེན་རྒྱབ་འགལ་ཅན་གྱི་མི་འདི་དག་རིག་ཚོད་མ་ཟིན་པ་མ་ཡིན་པར། མང་ཚོགས་རང་བཞིན་གྱི་ལམ་དབུ་མའི་རྒྱུ་སྤུས་འདི་ཡིན་ན། ལམ་དབུ་མ་འདི་ཚད་གང་ལ་སླེབས་འདུག མི་རྒྱུས་ཡོད་ཅིག་ཡིན་ན། ལམ་དབུ་མ་འདིར་གཟུགས་འདས་རིག་པའི་དགོངས་འགྲེལ་རྩོམ་པ་དང་། དག་པའི་ཞིང་ལ་བློས་སློང་བྱེད་པ། ཁ་དོག་དཀར་དམར་གྱི་རིགས་ལམ་གྱིས་མུ་བཞི་སྐོར་བ་སོགས་ཀྱི་ངལ་བར་བརྟེན་མི་དགོས་ལ། ༸རྒྱལ་བ་རིན་པོ་ཆེ་དགོངས་གཞི་ཡིན་མིན་གྱི་འགྲེལ་བརྗོད་དེ་བས་རྒྱག་དགོས་དོན་མེད་ལ། མི་འདི་དག་གི་ལག་ན་ལམ་དབུ་མ་ཞིག་ཡོང་རྒྱུ་མེད་པ་གསལ་བོ་ཡིན།
ངོ་མ་བཤད་ན། ༧རྒྱལ་བ་རིན་པོ་ཆེ་དགོངས་དབྱིངས་ནས་འཁྲུངས་བའི་ལམ་དབུ་མ་ཟེར་ན་འདྲ། ཁྱད་པར་དུ་མི་དང་མིས་དབར་གྱི་རྩོད་རྙོག་གྲོས་མོལ་ལ་བརྟེན་ནས་སེལ་དགོས་པ་དང་། འགྲོ་བ་མིའི་རིགས་གཅིག་ལ་གཅིག་བརྟེན་དང་། ཞི་མཐུན་མཉམ་གནས་ཀྱིས་འཚོ་དགོས་གསུངས་པ་རེད་ཟེར་བ་ལས་མ་རེད་ཟེར་མཁན་ཞིག་ཡོད་མི་སྲིད་ལ། དཔེ་དེ་བཞིན། མར་ཁེ་སི་དང་ཨིན་ཁེ་སིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་ཐོག་མར་བསྒྲགས་སྐབས། ས་ཆེན་འདི་ཡི་མི་འབོར་གྱི་སུམ་ཆ་གཉིས་ཀྱིས་དེར་བསྟོད་གླུ་འཐེན་པ་རེད། ཕྱིས་སུ་མའོ་དང་། སི་ཏ་ལེན་སོགས་ཀྱི་ལག་པར་ཤོར་བའི་མཇུག་འབྲས་ཚང་མས་མཁྱེན་གསལ་ཡིན་ན། ད་ཆ་ལམ་དབུ་མ་སུས་དགོངས་གཞི་ཡིན་མིན་དང་། ལམ་དེ་ལྟ་གྲུབ་རང་སྟེང་ནས་ཡང་དག་མིན་གྱི་སྐད་ཆ་ཞིག་བཤད་ས་ལྷགས་མེད་ལ། གཙོ་བོ་སུ་ཞིག་གིས་དགོས་པ་གང་གི་ཆེད་དུ་སྤྱོད་མིན་དེ་ཡིན་ལ། ཉི་མ་ཁ་དཀར་ངོ་དཀར་ལ་སྐུའི་དགོངས་པར་ལོག་འགྲེལ་རྒྱགས་རྒྱུ་ནི་ཆེ་སྤྱིར་བཏང་ཆགས་འདུག
ལོས་ཀྱང་བདེན། ༸གོང་ས་མཆོག་གི་སྐུ་ཚེ་འདིར་གང་ཡོང་ཡོང་གནང་ཡོད་ལ། ཉིད་ཀྱིས་རྒྱ་རྒན་གློ་ནག་ཅན་མའོ་ཡི་གསོལ་སྐལ་མི་འདོད་བཞིན་དུ་གཙང་བཞེས་གནང་མྱོངས་ལ། དེ་ནི་གྲོས་མཐུན་དོན་ཚན་བཅུ་བདུན་ལག་བསྟར་དོན་འཁྱོལ་ཆེད་ཡིན། མི་དྲག་གི་ལྕམ་ཆུང་དེ་དག་གཙོས། ཆབ་སྲིད་ལྡིངས་ཆའི་སྐྱེ་དམན་ཡ་མ་བརླ་ཚོ་དགེ་སློང་ཞིག་གིས་མཐོང་ན་ཤ་འདར་བརྒྱག་སྲིད་མོད། ཉིད་ཀྱིས་རེ་རེ་བཞིན་ཕྱག་གིས་འཇུས་ཤིང་དབུ་ཐོད་གཏུགས དེ་ནི་བོད་དོན་རྒྱལ་སྤྱི་ཅན་ལ་བསྒྱུར་ཆེད་ཡིན། ད་དུང་ལོ་འདི་འགར་བོད་རྒྱ་འབྲེལ་མོལ་ཀྱི་ཆེད་དུ་ཁོང་ཚང་དྲ་ཐོག་ཁྲིད་ཡོང་ནས། པེ་ཅིན་གྱི་རྒྱ་ཕྲུག་ཚོ་མཉམ་པོར་གླེང་མོལ་བྱས་པ་སོགས་སྐུ་ངལ་ལྷུར་ལེན་གནང་བ་རེད། འོན་ཀྱང་། སྤྱི་མཐུན་ལས་ཀྱི་བསོད་ནམས་གྱིས་མ་འཁྱོག་པ་ཡིན་ན་འདྲ། གང་ལྟར་བོད་དོན་བདེན་མཐའ་གསལ་རྒྱུར་ཀ་ནས་ཨ་བར་གྱི་གོ་རིམ་ཤིག་མཐོང་ཐུབ་ཀྱི་མེད་ལ། གཅིག་བྱས་ན་གང་གི་མཛད་པ་མཐའ་ཅན་དུ་ལྷགས་ཀྱང་སྲིད་པས། སྔ་སང་སང་ནས་བགྲེས་ཡོལ་ལ་ཕེབས་པ་ནི་རྒྱལ་སྲས་སྤྱོད་པའི་ལག་ལེན་གྱི་རྣམ་གྲངས་ཤིག་ལོས་ཀྱང་ཡིན།
ཁོ་བོ་ཙམ་ཀྱིས་བལྟས་ན། ༧གང་ཉིད་ཀྱི་སྐུ་འཚོ་བཞུགས་སྐབས་ལམ་དབུ་མའི་སྲིད་བྱུས་འདིར་ས་མཚམས་ཆུ་མཚམས་ཤིག་བཟོ་རྒྱུ་དང་། བྱུང་ན་ཉིད་ཀྱི་ཤུལ་ལ་མ་ལྷགས་པ་ཞིག་བྱེད་རྒྱུ་ནི་ཤིན་དུ་གལ་ཆེ་ཞིང་། དེ་ནི་དགའ་ལྡན་ཕོ་བྲང་ཁྲི་ལས་གཤོལ་བ་དང་། བཙན་བྱོལ་བོད་གཞུང་གི་མིང་བྱང་བརྗེ་བ། མ་འདས་སྤྲུལ་སྐུ་བཙལ་བ་ལས་ཀྱང་ཁ་ཚ་དགོས་གཏུགས་སུ་ཆགས་འདུག་སྙམ། མཐའ་དོན། རེ་སྐུལ་འདིར་དད་པ་ལས་བརྒལ་བའི་གནས་ལུགས་ཡོད་མེད་གང་ལྟར། སེམས་པ་གཙང་མའི་ངང་ཕུལ་བའི་ང་རྒྱལ་ཡོད།།
བླུན་པོ་ཁ་བཙུམ་ན་བཙན་བྱོལ་སྲིད་གཞུང་ལ་ཕན་ངེས་རེད་སྙམ།།
གྲོགས་པོ་རང་སྐྱེས་ནས་ད་བར་དང་ལྷག་པར་བཙན་བྱོལ་དུ་འོང་ནས་ད་བར་རང་གི་མ་འཇོན་པ་ལས་མ་བྱས་བ་དང་བྱེད་མ་བཆུག་པ་གང་ཡང་ལྷག་མེད་པ་རེད་ད་རུང་ཡང་རང་གིས་གང་འདོད་ལྟར་བྱེད་རྐྱང་བྱོས་ནམ་ཞིག་དངོས་ཡོད་ཀྱི་འཇོན་ཐང་ཞིག་སྟོན་ཐུབ་ན་མི་སུ་ཡིན་ཀྱང་རྒྱབ་སྐྱོར་དང་བརྩི་བཀུར་བྱེད་ངས་ཡིན།
མི་ལ་དོན་མེད་དུ་ཁ་བཏང་ནས་རང་ཉིད་ཀྱི་མཇོན་ཐང་མངོན་ན་དེ་ཐབས་ལམ་ལེགས་པོ་ཞིག་དུ་མི་མཐོང།།
ཀླུ་མཁར་ལགས་ཀྱིས་སྐྱེལ་མ་དེ་ལེགས་བྱུང་། མི་ལོ་བཅུའི་ཡར་སྔོན་གྱི་བླ་མ་ཟམ་གདོང་བཞིན་དུ་བདེན་པའི་ཨུ་ཚུགས་ཀྱི་ལྟ་གྲུབ་དེ་བསྣམས་ནས་ཕེབས་ཤོག མི་ལོ་འདི་དག་ཡར་སྔོན་ལ་ཕྲན་ཐེ་བའི་ཧོལ་རྒྱུགས་ཅན་མང་མང་གིས་འོས་གྲངས་བརྒྱ་ཆའི་དགུ་བཅུ་ཐོབ་སྐལ་བྱུང་བའི་རྒྱུ་མཚན་འཚོལ་གྱིན་ཕེབས་ཤོག མི་ལོ་བཅུའི་སྲིད་ཁྲི་ལ་བཞུགས་ནས་གཉིས་ཕན་གྱི་ངོ་བ་ལ་ངང་སྒུག་བྱས་བའི་རིན་དོན་དུ་ཅི་ཞིག་འཆོར་ཟིན་པ་བློ་རྒྱ་བསྐྱེད་ནས་ཕེབས་ཤོག སྐུ་ཉིད་ནས་ལན་བརྒྱ་ཆད་མཐུད་ཀྱིས་ཞི་མོལ་ལ་དམིགས་རྩེ་གཅིག་ཏུ་གཏད་ཀྱང་ལྷན་འཛོམས་དེ་མ་ཐུབ་རུང་། ཁྲི་བྱང་རྡོ་རྗེ་འཆིང་གི་བཀའ་སྒྲུབ་པ་ལས། བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་གང་ཡང་སྒྲུབ་མྱོངས་མེད་བ་བཞིན་བསམ་ཤེས་ཐུབ་དང་ཐུབ། སྐུ་ཉིད་ཀྱི་དམིགས་པ་རྩེ་གཅིག་དུ་གཏོད་ཡུལ་ནི་མི་རབས་འདིའི་ཐོད་བྱང་ལ་ཨུ་ཚུགས་ཀྱིས་སྦྱར་བའི་བདེན་པ་སྟེ། ༿བདེན་པ་ཉིད་རྒྱལ་གྱུར་ཅིག༾ཞེས་བ་འདི་ཁ་འདོན་བཞིན་དུ་སྐྱོར་བསྡད་ན་འགྲིག་འགྲོ་ནས་གསང་སྔགས་འདྲ་ཡིན་ཚོད་མི་འདུག ག་ལེར་ཕེབས་ཤོག་དང་བདེན་པ་ཨུ་ཚུགས་བྱེད། ཉེ་སྔོན་འདིར་ཨ་རིའི་རླུང་འཕྲིན་ཁང་ནས་བསྒྲགས་གཏམ་
སྤེལ་བ་མ་བོར་ནས་ཕེབས་ཤོག་དང་ཕྲན་ཐེ་བའི་མང་མང་ལ་བདེན་པའི་ཨུ་ཚུགས་དེ་དམར་ཁྲིད་ཞིག་བྱེད་རོགས།
གནའ་མི་བོད་ཀྱི་གཏམ་དཔེར། ཁ་བཤད་ཆུའི་ལྦུ་བ་དང་། ལག་ལེན་གསེར་གྱི་ཐིིགས་པ་ཟེར་བ་ཞིག་དང། འཆད་མཁན་དང་ལས་མཁན་མི་མཚུངས་ཞེས་གཏམ་དཔེ་དུ་མ་མཆིས། ་གཏམ་དཔེ་དེ་དག་ཀྱང་མི་རབས་མང་པོའི་ལག་བསྟར་དངོས་བརྒྱུད་ལ་བརྟེན་ནས་བྱུང་བར་སོང་། དོན་དངོས་ལ་གནས་ཡོད་པ་ནི་ཀླུ་མཁར་བྱམས་ཀྱིས་བདེན་པ་ར་སྤྲོད་གསལ་པོ་བྱས་སོང། ཀླུ་མཁར་བྱམས་ལ་མཚོན་ན་བཙན་བྱོལ་སྤྱི་ཚོགས་ནང་སྐད་ཆ་རྫིག་པོ་བཤད་ནས་འགྲོ་སྡོད་མཁན་གཙོ་གྲས་ཤིག་ཡིན་།་ ་ཁོའི་སྐད་ཆ་ལྟར་ན་ཁོ་ལ་གོ་སྐབས་ཤིག་སྤྲད་ན་ཁོས་ད་ལྟ་རང་བོད་རང་བཙན་ལེན་མི་ཡོང་ངམ་སྙམ་པ་ཞིག་ཡོད། འོན་ཀྱང་དེང་སང་ཁོ་ལ་འཁྲབ་སྟོན་གྱི་གོ་སྐབས་ཤིག་ཐོབ་ཀྱང་། དམིགས་བསལ་གྱི་ལྟད་མོ་ལྟ་འོས་པའི་འཁྲབ་སྟོན་ཞིག་མིག་མདུན་མི་མངོན། ད་དུས་སྔར་བཞིན་གནས་ལུགས་དང་མགོ་མཇུག་མི་མཐུན་པའི་ཕྱོགས་ཞེན་དང་ཁོན་འཛིན་གྱིས་རྨང་བཏིང་ནས་ཀུ་ཅོ་སྒྲོག་བཞིན་པ་འདི་ནི་ངོ་ཚའི་གནས་ཤིག་མ་རེད་དམ།
ཀླུ་བྱམས་དང་འཇམ་ནོར། དེ་མིན་མི་རེ་ཟུང་གིས་༧གོང་ས་མཆོག་དང་ཟམ་གདོང་གཉིས་ལ་མ་འགྲིག་པ་རྐྱང་རྐྱང་ཤོད་ཀྱིན་འདུག ཁོང་གཉིས་ཆ་བོད་པའི་ཆབ་སྲིད་ཀྱི་དཀྱིལ་འཁོར་ནས་ཐོན་ཚར་རེད། ད་ཀླུ་བྱམས་དང་འཇམ་ནོར་གཉིས་ཀྱིས་རྒྱལ་སྤྱིའི་ཁྲོད་དངོས་ལེན་ཡོད་པའི་བོད་གཞུང་འཛུགས་རྒྱུའི་གོ་སྐབས་རེད་ལ། བོད་རང་བཙན་ལེན་པའི་གོ་སྐབས་ཀྱང་ལོས་ཡིན། ཁོང་གཉིས་༧གོང་ས་མཆོག་དང་ཟམ་གདོང་ལས་ལྷག་པའི་འཇོན་ཐང་ཡོད་པ་རེད། དེ་བོད་མི་ཚོས་ཤེས་དགོས་རེད། ཁོང་གཉིས་ད་བར་དུ་རྒྱབ་ནས་སྐད་ཆ་བཤད་བསྡད་པ་རེད། ཀླུ་ཡི་རྩོམ་འདི་དང་འཇམ་ནོར་གྱི་ཕ་ཡུལ་དྲ་བར་སྤེལ་རྩོམ་༼ཉམས་འགོ་ཚུགས་སོང༽ཟེར་བའི་རྩོམ་ལས་ཁོང་གཉིས་ཀྱིས་བཅོ་བརྒྱད་བཀད་རྒྱུ་ཡིན་པ་གསལ་བོ་རེད། ད་ཁོང་གཉིས་ཐོན་རན་རེད། ད་ཁོང་གཉིས་ལ་སྐད་བཤད་ཁོམ་དངའབྲི་མཁོ་མེད་ཚོད་རེད། དངོས་སུ་ལས་ཀ་བྱེད་རན་སོང་། བོད་མི་ཚོ་བསོད་ནམས་ཆེན་པོ་རེད། ཁོང་གཉིས་ཡར་ལངས་སོང་།
འདི་ལའང་གོ་རྒྱུ་མང་པོ་འདུག
ཟམ་གདོང་རིན་པོ་ཆེས་ག་རེ་བྱས་ཡོད་མེད་དེ་ཕྱི་ནང་ཀུན་གྱིས་ཤེས་གསལ་ཡིན་པས། ཀླུ་མཁར་བྱམས་ཀྱིས་དཀར་པོ་བརྡར་ནས་ནག་པོར་འགྱུར་རེ་བྱེད་པར་ཧ་ལས་དགོས་པ་ཅང་མ་མཐོང་།
ད་འོ་ན་ཀླུ་མཁར་བྱམས་ཀྱིས་ལོ་བཅུའི་ནང་བོད་མི་རིགས་དང་རྒྱལ་ཁབ་ལ་ཕན་པའི་ལས་དོན་ཅི་ཞིག་བསྒྲུབས་ཡོད། ཅི་སྟེ་ཀླུ་མཁར་བྱམས་ལ་བཀའ་ཁྲིའི་གོ་གནས་ཤིག་སྤྲད་རྒྱུ་ན་དུས་ཚོད་ག་ཚོད་ཙམ་འཁྱོལ་ཡོང་། ཨའུ་་་་་་ཉིན་གཅིག་ཀྱང་འཁྱོལ་ཨེ་ཡོང་། མ་གཞི་ཁག་མེད། སྤྱི་འཐུས་འོས་མི་ཙམ་ལའང་མ་ཐོན་པ་ཞིག་བཀའ་ཁྲིར་ཇི་ལྟར་སླེབས།
ད་ཟམ་གདོང་རིན་པོ་ཆེའི་དུས་ཚོད་རྫོགས་སོང་། ཞོལ་ནས་ཀླུ་མཁར་བྱམས་ཀྱིས་བློ་སེང་ལ་ཅི་ཞིག་ལབ་མིན་བལྟ་ཆོག བློ་སེང་གིས་དམ་འབུལ་མ་བྱེད་གོང་། ཀླུ་མཁར་བྱམས་ཀྱིས་”ཕོ་གསར་སྟག་འདྲ་བོ་དེ་མྱུར་མོ་ཉ་ནང་བཞིན་ཞིག་ཆགས་འདུག”ཅེས་སྐད་ངན་རྒྱག་གིན་འདུག་ཟེར།
སྐད་རྒྱོབས། སྐད་རྒྱོབས། སྐད་ཆེ་ཙམ་རྒྱོབས། སྐད་མང་ཙམ་རྒྱག་ན་རླུང་ནད་མི་ལངས་བར་ཕན་ཡོང་།
བཀའ་དྲིན་ལ་བསམ་བཞེས་མེད་པར་དྲིན་ལན་ལོག་འཇལ་བྱེད་མཁན་གྱི་ཀླུ་མཁར་བྱམས་ཟེར་མཁན་དེས། རང་རེའི་སྤྱི་ཚོགས་ཆུང་ངུའི་དེའི་ཁྲོད། བྱས་རྗེས་ཅན་དང་། བོད་བསྟན་སྲིད་མི་རིགས་ལ་ཞེན་ཅིང་དུང་བ་མ་ཟད། ལྷག་བསམ་དང་ཤེས་ཡོན་གྱོ་དོ་ཟླ་བྲལ་བའི་རླབས་ཆེན་གྱི་སྐྱེས་ཆེན་དག་གི་ནང་མཁྱེན་པའི་ཡོན་ཏན་དང་། ཕྱི་མཛད་པ་འཕྲིན་ལས་སོགས་ཀྱི་ལེགས་ཆར་ལོང་བ་ལྟར་གྱིས་ཚིག་གཅིག་ཀྱང་ཡོང་པའི་བསམ་ཚུལ་སྤེལ་མྱོང་མེད་ན་ཡང་། ཁོས་༸གོང་ས་མཆོག་གི་གི་དབུས་བསྟན་འཛིན་གྱི་སྐྱེས་ཆེན་དག་དང་། བཙན་བྱོལ་སྒྲིག་འཛུགས་ཀྱི་གནད་ཡོང་མི་སྣར་རྒྱུན་བར་ལོག་ངན་སྨྲ་འབེབས་བྱེད་བཞིན་པ་ནི་དྲ་གྲོགས་ཚོས་མཐོང་ཆས་སུ་གྱུར་ཡོད་པས་བསམ་བཞེས་དགོས་རྒྱུ་ལས། མི་དེརིགས་ཀྱི་བསམ་ཚུལ་ལ་རྒྱབ་སྐྱོར་གྱི་ཚུལ་དུ་བསམ་ཚུལ་སྤེལ་བ་ནི་མི་ངན་ལངས་ཤོར་ཏུ་འགྲོ་བཅུག་པའི་གྲོགས་ཡིན་པ་མ་ཟད། བལྟ་བ་དང་ལངས་ཕྱོགས་ནི་བཙན་བྱོལ་གཞུང་ལ་རྒྱབ་འགལ་སྟག་སྤྲོད་ཀྱི་ལངས་ཕྱོགས་ཞིག་ཡོད་པ་ལས། རང་རེའི་སྤྱི་ཚོགས་ཁྲོད་ཕན་པའི་བསམ་པས་དབེན་ཞིང་། གཞན་ལ་རྒྱུན་དུ་ཟུར་ཟ་དང་སྨྲ་འབེབས་བྱེད་པ་ནི་རང་ཉིད་ཀྱི་ཁེ་ཕན་ཞིག་དངོས་སུ་ལོངས་སྤྱོད་མི་ཐུབ་པའམ་སྤྱོད་ཐུབ་པའི་རེ་བ་མེད་པས་དེ་ལྟར་འུ་ཐུག་ཐབས་ཟད་ཀྱིས་སྐྱོན་བརྗོད་ཤ་སྟག་བྱེད་པ་ནི་མ་རབས་ཐ་ཤལ་གྱི་བྱེད་བབ་ལས་མ་འདས། དེའི་ཕྱིར་ཁྱེད་ཀྱིས་འཁྱུར་ལ་ཉེ་བའི་བཀའ་ཁྲིར་བསྟོད་ཀྱང་རུང་། སྨད་ཀྱང་རུང་། འཛམ་གླིང་གནད་ཡོད་མི་སྣ་ཁག་གིས་ཁོང་གི་བླ་ན་མེད་པའི་མཛད་རྗེས་དང་། མཁྱེན་ཡོན་ལ་གུས་ཞབས་དང་། བརྩི་མཐོང་ཆེར་འཛིན་པ་ནི་ཁྱེད་བྱབ་ཆུང་ཞིག་དང་གླེན་པ་ཞིག་ཡིན་པའི་རྟགས་གསལ་པོ་བཏོན་པ་རེད། དེའི་ཕྱིར་ཁྱེད་ནས་སྤྱི་ཚོགས་འདིར་ཕན་པའི་གཏམ་ཞིག་མེད་ན་ཡང་གནོད་གཞི་ཆེ་ལ་དཀྲུགས་ཤིང་ལ་འགྲོ་བའི་བས་ཚུལ་རིགས་ད་ནས་མཚསམ་འཇོག་གནང་ན་ཤིན་ཏུ་ལེགས།
ཁྱོད་ལ་བཤད་ཕོད་པའི་བློ་སྟོབས་འདུག་ལ། སྒྲུབ་ཕོད་པའི་སྙིང་སྟོབས་ཡོད་ཀྱང་། ང་ཚོའི་སྤྱི་ཚོགས་འདིར་སྤྱི་དོན་སྒྲུབ་ས་ནས་རང་དོན་འགྲུབ་པའི་ཁེ་སང་མེད་ན་ཕྱར་གྲུ་མཉམ་འདེགས་བྱེད་མཁན་ཉུང་ལ། ཁྱི་ཁ་རྡོ་རྫོགས་བྱེད་མཁན་མང། ཁྱོད་ལ་བཤད་ཕོད་པ་དང་སྒྲུབ་ཕོད་པའི་བློ་སྟོབས་དང་སྙིང་སྟོབས་ཡོད་ཀྱང། སྐབས་དང་དུས་རན་མིན་ལྟ་མི་ཤེས་པ་དེ་ཡིས་ཁྱོད་ཀྱི་ལས་ལམ་དུ་མི་འགྲོ་བའི་གེགས་རྐྱེན་ཡིན་པ་བསམ་བློ་གཏིང་ཟབ་གཏོང་དགོས་པ་འདུག་ཅེས་གསལ་འདེབས་ཞུ་རྒྱུ་ཡིན།
འོ་ཚོའི་སྤྱི་ཚོགས་འདིར་དྲང་བདེན་གྱི་གཏམ་བཤད་ཉན་ཤིན་ཏུ་ཉུང་།
གལ་སྲིད་རེ་འགའ་ཙམ་ཡོད་ཀྱང་དེ་དག་ནི་བྱ་འུག་པ་ཉིན་མོར་ཐོན་པ་བཞིན་ཀུན་གྱི་ཁྱད་གསོད་དང་སྨ་འབེབ་བྱས་ཏེ་སྤྱི་ཚོགས་འདིའི་གྲལ་ནས་བོད་འགྲོ་བས།
དེའི་ཕྱིར་ཀླུ་བྱམས་ཁྱོད་རང་ལ་ཤ་ཞེན་ཡོད་ན་ཁ་བཙུམས་ནས་བསྡད་ན་བཟང་།
སྤྱིར་བོད་ནང་དང་མི་འདྲ་བར་བཙལ་བྱོལ་གྱི་ཁོར་ཡུག་འདི་རང་དབང་དང་དམངས་གཙོ་ཡི་པས་ཁྱོད་ཀྱིས་ཁ་བདེ་མདོག་དང་ལྕེ་རྣོ་མདོག་གིས་ཅི་ཡང་བྱེད་སྲིད་ལ་ཅི་ཡང་བྱེད་ཆོག འོན་ཀྱང་ད་བར་འཁོན་འཛིན་ཁོ་ནས་ལོ་ངོ་དུ་ཙམ་འདས་སོང་བ་ཤེས་སོང་ངམ། རྣམ་དཔྱོད་གྱི་བློ་མིག་ཤིག་ཡོད་ཚེ་ཕྱི་ལྟས་ཞིག་བྱོས་དང་མིག་ཟུང་བཙུན་གྱིས་ཙུམ་ནས་ལུས་ཤུགས་ཡོད་རྒུས་བཏང་བའི་དངོས་པོ་དེ་དག་ཆེས་སྐྱུག་བྲོ་ཞིང་རང་ཉིད་ཀྱིས་ཀྱང་ཟ་མི་རུང་བའི་རྫས་ངན་ཁོ་ནར་ཡིན་པར་ད་གཟོད་ཤེས་ནུས། ཕྱོགས་གཞན་ཤིག་ནས་བསམ་ན་ཁྱོད་ལ་ཁག་མེད་སྟེ། ཁྱོད་ཀྱིས་རང་ཉིད་ཀྱིས་གྲོད་ཁོག་རྒྱངས་དགོས་པས་རྒྱ་དམར་གྱི་ལྐོག་ངན་ཆེད་ལས་ཀ་འདི་འདྲ་རེ་མི་བྱེད་ཐབས་མེད་རེད། འོན་ཀྱང་ཁྱོད་ཀྱི་རུས་པའི་ནང་དུ་གདོང་དམར་བོད་ཀྱི་རྐང་ཡོད་ལ་ཁྱོད་ཀྱི་རྩ་ཕྲན་ནང་དུ་གདོང་དམར་བོད་ཀྱི་ཁྲག་དམར་རྒྱུ་བཞིན་ཡོད་པས་སྐྱུག་བྲོ་བའི་ལས་ཀ་འདི་དག་མཚམས་འཇོག་ན་ཅིས་འགྲིག་གམ། གལ་ཏེ་མི་འདོད་ཚེ། ཁྱོད་ཀྱིས་བགྲངས་པའི་ཟམ་གདོང་ཚང་གིས་ལོ་ངོ་བཅུའི་རིང་བྱས་པ་སྟེ། ( ༼༌༌༌་་རང་སྐྱོང་མངོན་ འདོད་ཀྱི་ཡིག་ཆ་༽གྲོས་ཚོགས་ལ་མ་བསྟན་པར་རྒྱ་མིར་སྤྲད་པ། མང་ཚོགས་ཀྱི་རེ་འདུན་ལ་མ་བལྟས་པར་བོད་གཞུང་གི་མིང་བྱང་བརྗེ་བ། གཞུང་གཉེར་ཁེ་ལས་ཚང་མ་ལྟ་གྲུབ་དང་མ་མཐུན་ན་ནང་ཁུལ་བརྒྱུད་ཚོང་བྱས་ཆོག་པ། ལྷ་འདྲེ་གདོན་འགེགས་རྩ་མེད་བྱ་ཆེད་གཞུང་རྒྱུ་བཏང་ནས་ལས་འགུལ་སྤེལ་བ། ད་དུང་དགའ་ལྡན་ཕོ་བྲང་གི་སྲིད་དབང་སྒོ་བརྒྱབས་པ་དང་། ༸གོང་ས་མཆོག་བགྲེས་ཡོལ་ལ་ཕེབས་པ་སོགས།) འདི་འདྲའི་ཉེས་པ་ཚབ་ཆེ་ཞིག་བསགས་ཡོད་ན། མི་དམངས་ཀྱིས་སྔོན་མ་ཁོང་ལ་འོས་འཕེན་པ་རྩ་བ་ནས་ནོར་བ་གསལ་པོ་རེད། ཟབ་གདོང་ཚང་གིས་ལོ་ངོ་བཅུའི་རིང་ལས་ཀ་གང་བྱས་པ་མི་དམངས་ཀྱིས་གསལ་པོར་ཤེས་ཡོད། དེས་ན་ཁྱོད་རང་བོད་མིའི་གཞིས་ཆགས་གང་སར་སོང་ནས་ས་རྟགས་བསྡུ་རུབ་ཀྱི་ལམ་ནས་ཟབ་གདོང་ཚང་གིས་ནོར་ཡོད་པར་གསལ་པོ་ཞིག་བཟོ་ཐུབ་ཚེ་ད་གཟོད་ང་ཚོས་ཁྱོད་ལ་དགོངས་དག་ཞུ་ཆོག དེ་མིན་འཇོན་རྒྱུ་གང་མེད་པར་སྐྱུག་བྲོ་བའི་རྩོམ་ཡིག་རེ་འབྲི་ནས་ཕྱི་ནང་མི་ཤེས་པའི་རྡ་སའི་ཁྱི་ལྡོམ་ཚོའི་ཁྲོད་ནས་སྦྱིན་བདག་ལ་ངུ་ཟུག་རེ་འབྱོན་ནས་སྡོད་ན་ཁྱོད་རང་ངལ་བའི་རྒྱུ་ཉིད་ལས་མ་འདས། ལྷག་པར་འདྲི་རྒྱུ་ཞིག་ལ་ལྷ་འདྲེ་གདོན་འགེགས་རྩ་མེད་བྱ་ཆེད་གཞུང་རྒྱུ་བཏང་ནས་ལས་འགུལ་སྤེལ་བ་ཞེས་པའི་ལྷ་དེ་གང་ལ་ངེས་འཛིན་རྒྱུ་ཡིན། དོལ་རྒྱལ་ལ་ཟེར་རྒྱུ་ཡིན་ནམ། གཞན་ཞིག་ལ་ཡིན།
འཛམ་གླིང་གི་འགྱུར་འགྲོས་དང་ད་ལྟའི་བོད་ཀྱི་གནས་བབས་ཕྱོགས་ཡོངས་ནས་བལྟས་ཏེ་བསམ་ཕོད་པ་དང་སྒྲུབ་ཕོད་པ་ཡིན་ན་ཨ་མའི་བུ། ཆབ་སྲིད་པ་ཟེར་ན་སྐབས་འཚོལ་རིང་ལུགས་པ་ཡིན་ཟེར་ན་ཆོག ཨ་ཚོགས་གླུ་མཁར་བྱམས་ཀྱིས་བརྗོད་པ་དེ་ཚོ་དོན་ངོ་མས་ཀུན་སློང་ལ་རག་ལས་བ་ཞིག་འདུག་ལ། གལ་སྲིད་ཁོང་ལ་དེ་འདྲའི་ཀུན་སློང་རྨ་མེད་པ་ཞིག་ཡོད་ན་དེ་ཙམ་མི་སྐྱོན། གནས་ལུགས་ལ་སུས་ཀྱང་རྒྱབ་འགལ་བྱེད་ཀྱི་མ་རེད། ཡིན་ན་ཡང་༧གོང་ས་མཆོག་དང་ཟམ་གདོང་ལས་ལྷག་ཅིག་ཁོང་གིས་མི་འཇོན་པ་ནི་མངོན་གསལ་རེད། དེ་མིན་སོ་སོའི་ལངས་ཕྱོགས་དང་མ་མཐུན་པ་གང་ཡོད་ལ་མཐའ་གཅིག་ཏུ་དགག་པ་རྒྱུ་དེ་ཡང་རན་པོ་ཞིག་མིན། དེ་ལས་སོ་སོའི་བསམ་ཚུལ་འདྲ་བཏོན་ནས་གནས་ལུགས་བཤད་ན་ཆོག་མོད། དེ་ལས་ལྡོག་སྟེ་བརྙས་རྐོ་སྙད་འདོགས་རྐྱང་རྐྱང་བྱས་ནས་བསྡད་ན་སྤྱི་དོན་ལ་གྱོང་རེག་གི་རེད། མདོར་བསྡུས་ན། འཇམ་ནོར་དང་གླུ་བྱམས་སོགས་ཀྱིས་ཚོང་རྫས་བཏམ་མི་ཤེས་པ་འདྲ་ཞིག་མཐོང་བས་ཉེས་པ་ཡོད་ན་མཐོལ་ལོ་བཤགས།
xxxxxxxxxxxxxxxxxxxx
མཆན་ཞབས་པ་འདི་ཚོས་རྩོམ་ཀློག་ཤེས་རྒྱུ་ཕར་བཞག༌༌༌༌༌༌༌༌ཐ་ན་སྐྱོན་བརྗོད་སྟངས་ཙམ་ཡང་ཤེས་མི་འདུག་པས་ངོ་མ་སྙིང་རྗེ་ཡ་རེད་འདུག
ཀླུ་མཁར་བྱམས་ཀྱིས་སྡུག་སྐད་རྒྱབ་པར་བལྟ་རྒྱུ་ཅི་ཡོད། ཁོས་ད་ལན་སྡུག་སྐད་ཁ་ཤས་བརྗོད་ན།
༡། བཙན་བྱོལ་བོད་གཞུང་གི་ལས་གནས་ནས་ཕྱིར་འབུད་བཏང་བ།
༢། སྤྱི་ཚོགས་སྟེང་ནས་གདེངས་འཇོག་མི་ཐོབ་པ།
༣། མདོ་སྨད་སྤྱི་འཐུས་ཀྱི་འོས་ཤོག་ཐོབ་རེ་ཆེན་པོ་བྱསཀྱང་སྤྱི་འཐུས་འོས་ཤོག་མ་ཐོབ་པ།
༤། ཐབས་དང་གཡོ་བྱུས་འདྲ་མིན་སྤྱད་ནས་གཞན་གྱི་ཆུང་མ་འཕྲོག་ཀྱང། ལས་འབྲས་འཁོར་ཏེ་ཆུང་མའི་ཕྲུ་གུ་སྐྱེ་ཤོར་ཐེབས་ནས་ཚེ་ལས་འདས་པ་སོགས་ཀྱིས་ད་ལྟ་སྨྱོ་ལབ་རྒྱབ་དགོས་པ་བྱུང་བ་རེད།
གྲོགས་པོས་དཔྱད་གཏམ་གནང་བར་དགའ་ཡོད། ས་འདིའི་མཐུན་རྐྱེན་གྱི་དབང་གིས་དྲ་ངོས་ལས་ཞིབ་ཏུ་ཀློག་ཁོམ་མ་བྱུང་མོད། ནང་དུ་ཁྱེར་སོང་ནས་ཞིབ་ཏུ་བལྟ་བར་བྱ། དེ་མིན་གཞན་གྱིས་ཅི་ཟེར་ལྟག་རྒྱབ་ཏུ་དོར་ཏེ་རང་གི་ཁེར་ཚིགས་ཀྱིས་བསམ་བློ་ངོ་མ་དེ་བརྗོད་པར་ཧ་ཅང་དགའ་ཞིང་བསྔགས་པར་འདོད། བདེ་མོ་བྱོས།
ཨ་ཚོགས་ཀླུ་མཁར་བྱམས་ཀྱི་ཆེད་རྩོམ་འདི་ཁ་བརྡར་ཕེབས་བསུ་མེད་ལ་བློ་འགྱོད་དང་བཅས། ཕེབས་སྐྱེལ་ཡོད་པས་རང་གི་ཡིག་སྣོད་ནང་ལ་བསྐྱར་བཞེས་ཡོང་བའི་རེ་བ་དང་བཅས་བྲིས། བཀའ་ཁྲི་ཟབ་གདོང་རྒྱལ་གྱུར་ཅིག །
ཀླུ་མཁར་བྱམས་ལ་རྒྱ་ནག་ལའང་འདི་ལྟའི་ཞེ་འཁོན་ཉར་མི་ཐུབ་པ་ཞིག་ཡོད་ན་ཅི་མ་རུང་། བཙུན་པ་ཟམ་གདོང་ལ་སོགས་ཀྱིས་ཀླུ་མཁར་བྱམས་ལ་ཅི་འདྲའི་སྡུག་པ་བསགས་པ་མི་འདུག་གམ། སྙིང་རྗེ།
ལམ་དབུ་མ་བ་ཚོས་ཁ་ཕར་ལ་འཁོར་ནས་རྒྱ་དང་རྒྱ་གཞུང་ལ་སྒྲོག་ཙེ་གཅིག་གི་གྲོས་མོལ་བྱེད་ལ་འབད་པར་རེ། རང་བཙན་འཐབ་བརྩོད་པ་འགས་ཁ་ཚུར་ལ་འཁོར་ནས་བོད་དང་བོད་གཞུང་གི་འུ་ཁུང་ཡོད་ཚད་ལ་གད་སྙིགས་འདུག་ཅེས་ཀི་རིང་བཏབས།
ཀུན་སློང་ལ་གནོངས་མེད་ན་ཡང་ཤོད་ཡག་ལ་ཤོད་སྟངས་དགོས་གི་རེད། དེ་མེད་ན་ཁྱེད་སྐད་ཆ་དེ་ཀུན་གྱི་རྣ་ལ་འགྲོ་རྒྱུ་ཕར་ཞོགས་དེ་ལས་ལྡོག་ཏེ་རྡོ་ལོག་ཉོ་བྱེད་ཀྱི་ཟུག་སྐད་ཅིག་ལ་འགྱུར་གི་རེད།
སྐད་ཆ་ཅིག་བཤད་བསམ་ན་གནས་ལུགས་ཡོད་པ་ཅིག་ཤོད་དགོས་གི་རེད། གནས་ལུགས་དང་མཐུན་ན་སྐད་ཆ་གཅིག་གིས་ཆོག གནས་ལུགས་དང་མི་མཐུན་པའི་སྐད་ཆ་ཅིག་ཡིན་ན་ལུང་པ་གང་ཤོད་ཡང་ཉོག་གཏམ་ཆགས་འགྲོ་གི་རེད།
གནས་ལུགས་ཡོད་མེད་དེ་ཡང་མཚམས་མཚམས་ལ་མི་མང་པོའི་བསམ་ཕྱོགས་དང་གཅིག་མཐུན་ཡིན་མིན་ལ་རག་ལས་གི་རེད། གལ་སྲིད་མང་ཕྱོགས་དང་བསམ་ཚུལ་གཅིག་མཐུན་མ་བྱུང་ཚེ་ཁྱེད་སྐད་ཆ་ལ་ཕམ་ཁ་ལས་ཕན་འབྲས་མི་ཐོན་ཁོ་ཐག་ཡིན་པ་རེད།
ཀླུ་མཁར་བྱམས་ཟེར་བའི་མི་འདི་མི་དྲང་མོ་ཅིག་ཡིན་པ་ལས་ཆབ་སྲིད་པ་ཅིག་མ་རེད། སོང་ཙང་། ཁྱེད་མཆན་འདེབས་པ་ཚོས་ཁོང་གི་བསམ་བློ་ཐོག་གི་ནོར་འཁྲུལ་ལ་སྐྱོན་བརྗོད་བྱེད་ན་འོས་འཚམ་ཡིན་མ་གཏོགས་ཁོང་སྒེར་གི་ཁྱིམ་དོན་ལ་ཇུས་གཏོགས་མ་བྱེད་ན་ལེགས།
ཨ་ཡོད་ནང་གི་དེ་ཡོད། བཙན་བྱོལ་ནང་གི་བུ་རྒོད། མི་ཕྲག་དོག་ཅན་གྱི་གནོད་ས། དགྲ་གུང་ཁྲན་ཏང་གི་གཟན་ས། ཀླུ་མཁར་འདི་རེད། ལྟོས་དང་། རྩོམ་ཡིག་སྤེལ་མ་ཐག་གྲྭ་རྒན་ཆོས་ལུགས་ཀྱི་སྲིན་ཐག་གིས་བཀྱིག་པ་རྣམས་དང་། རང་མི་ཕྲག་པའི་གོང་དུ་ཤོར་དོགས་ཀྱིས་གནོད་ཀྱིན་པའི་མི་དག་གིས་ཅི་ཞིག་བཤད་ནས། སྐྱོན་འཛུགས་དང་། འགྲམ་ལ་ཡོད་ན་ཟ་ལ་ཁད་ཅིག་བྱེད་ཀྱིན་འདུག ཀྱེ་མའོ། སྐྱོ་བ་ལ།
བོད་པ་ཚང་ལ་མི་ཕོ་རང་ཚུགས་ཅན་རེ་འཚར་ན་གཉའ་བར་ནས་བཟུང་སྟེ་གསོན་ཟ་བྱེད་ཀྱིན་པའི་ལམ་སྲོལ་དེ་ད་དུང་མཇུག་སྒྲིལ་མི་འདུག
ཟུར་ཞུ། ཀྱེ་ཀྱེ། ཀླུ། མ་འདུག་རི་ལ་སོང་། རི་མགོར་སོ་ཉུལ་གྱིས། མ་འགྲོ་གཟབ་གཟབ་བྱོས། མགོ་ཐོག་རྡོ་རག་ཡོང་།
ཁྱེད་ཀྱིས་གཟབ་རོགས། མི་འདི་ཚོས་ཁ་ནང་དར་བརྫང་གི་རེད། སྙིང་ལ་གྲི་འཛུགས་ཀྱི་རེད། བཟུང་ནས་བཙོན་འཇུག་གི་རེད། བཀག་ནས་མུ་ཤི་གཏོང་གི་རེད། གཟབ་རོགས།
རྩོམ་བཀླགས་ཟིན། ཁྱེད་དང་ལྟ་ཚུལ་ཅུང་མི་མཐུན་རུང་། ཁྱེད་ཀྱི་སྨྲ་བརྗོད་ཐོབ་ཐང་ལ་ནམ་ཡང་གུས་བརྩི་ཡོད།
ཀླུ་མཁར་བྱམས་ཀྱིས་འུ་ཚོར་བློ་ཞིག་འབྱེད་ཀྱི་འདུག དངོས་གནས་ཤེས་ཡོན་ཅན་ཞིག་གིས་ལྟ་བ་གླེང་རིན་ཞིག་རེད།
ཁ་ཁོག་མི་མཚུངས་པའི་རྩོམ་རྙོག་འདི་ཚོའི་དམིགས་ཡུལ་ནི། བླ་ཆེན་མི་ཆེན་རྣམས་ལ་དམའ་འབེབ་ཁོ་ན་བྱེད་པ་དེ་མ་རེད། གང་ཡིན་ཟེར་ན་༧གོང་ས་མཆོག་དང་། བཀའ་ཁྲིའི་མཛད་རྗེས་ནི་ཉི་ཤར་སྦར་མོས་མི་ཁེགས་པའི་དཔེ་ལྟར་ཁོ་པ་ཚོའི་སེམས་ལ་ལྷམ་མེར་ཡོད་པ་ནི་སུས་ཀྱང་རྟོགས་ཐུབ། གལ་ཏེ་དེ་ཙམ་ཡང་ཤེས་པའི་བློ་གྲོས་མེད་ན་ས་འོག་འབུ་སྲིན་རང་རེད། འོན་ཀྱང་དེ་རིང་སང་བློ་སྟོབས་ཡོད་མདོག་དང་། གསར་གཏོད་པ་ཡིན་མདོག་བྱེད་མཁན་ཁག་ཅིག་གིས་ནང་ཆོས་ལ་རང་བློས་དཔོག་མི་ནུས་པས་དགག་པ་བྱེད་པ་དང་། བླ་ཆེན་མི་ཆེན་རྣམས་ལ་སྐྱེ་བ་ནས་ཚེ་རབས་བར་གསབ་མི་ནུས་པའི་སྐུར་འདེབས་ཞུས་ཏེ་རང་ཉིད་བློ་སྟོབས་ཅན་དུ་རེ་བ་དང་། མཁས་གྲགས་ཅན་དུ་རེ་བ་ཙམ་རེད། འོན་ཀྱང་དེའི་འབྲས་བུ་ནི་ལྡོག་ཕྱོགས་ནས་སྨིན་ཏེ་ཐ་ན་རང་ཉིད་བོད་པའི་སྤྱི་ཚོགས་ནས་ཀྱང་བུད་འགྲོ་བ་ནི་ངོ་མ་ཤ་ཚ་དགོས་པ་ཞིག་རེད། ངའི་
རེ་སྨོན་ནི་ཀུན་དང་མཐུན་པ་མི་ཆོས་རྕ་བ་དེ་ཁོང་ཚོའི་རྒྱུད་ལ་ངང་གིས་སྐྱེས་གྱུར་ཅིག།
གནད་དོན་གང་ཡིན་ཡང་དྲང་པོར་བཤད་ཕོད་པའི་སྙིང་སྟོབས་ཅན་ཕོ་རྒོད་ཀླུ་མཁར་བྱམས་ལགས་ལ་རྒྱབ་སྐྱོར་ཡོད་ ཡིན་ནའང་གྲུབ་འབྲས་ཡོད་ཚད་༧གོང་ས་མཆོག་གི་བཀྲིན་ཁོ་ནར་འདོད་མཁན་སྤྲེལ་ལེབ་ཅན་གྱི་བོད་པའི་སྤྱི་ཚོགས་འདི་ལ་བཤད་དང་མ་མཤད་ཕན་ཐོག་མེད་
ཀླུ་མཁར་བྱམས་ཀྱི་རྩོམ་ཡིག་ནང་ཁས་ལེན་རུང་བ་དང་མི་རུང་བ་གཉིས་ཀ་འདུག འོན་ཀྱང་བཤད་སྟངས་ལ་བརྟགས་ན་སྒེར་གྱི་འཁོན་འཛིན་ཞིག་ལ་འཇུས་ཡོད་པ་མངོན་འདུག དེ་མིན་སྨྲ་བརྗོད་རང་དབང་ལ་བཀག་འགོག་མེད་དཔ།
xxxxxxxxxxxxxxxxxxxxxxxxxx
ཀླུ་མཁར་བྱམས་ལགས་ཀྱི་ལྟ་གྲུབ་ཡོད་དོ་ཅོག་ལ་མོས་མཐུན་ཡོད་པས་མ་ཁྱབ་ཀྱང་།རྩོམ་འདི་དང་ཁོང་གིས་ད་ལྟའི་བར་བོད་མི་རིགས་ལ་བཅངས་པའི་ལྷག་བསམ་རྣལ་མ་དང་།སྐབས་དང་དུས་ལ་མ་བསྟན་པར་སོ་སོའི་ཁ་ཕོར་ཤོར་བའི་གནས་སུ་ལྷག་ཀྱང་རང་གི་ལྟ་བ་དེ་ཨུ་ཚུགས་ཀྱིས་བརྟན་སྲུང་གནང་བར་གུས་བརྩི་ཡོད་ལ།བོད་གཞིས་བྱེས་གཉིས་ཀྱི་བོད་མིའི་སེམས་ཀྱི་རེ་འདུན་ངོ་མ་དེ་ཁོང་གིས་གསལ་ལེར་རྟོགས་ཡོད་པར་སྙམ།
ཀླུ་ཡིས་ལམ་དབུ་མ་མང་པོ་ཞིག་གིས་ཁ་རྒྱབ་དང་ཚོང་རྫས་བྱས་རབས་བཤད་ཀྱིན་འདུག
བདེན་སྲིད་ཀྱང་ཐང་།ཀླུ་མཁར་གྱིས་རང་བཙན་བཙོང་བ་རེད།རང་བཙན་ཟོས་པ་རེད།ད་དུང་གྲོ་ཁོག་མ་རྒྱག་པར་ཕྱི་ནང་གཉིས་སུ་ལག་པ་གཟེད་ཀྱིན་ཡོད་པ་རེད།
ཁ་ཤས་ཀྱིས་ཀླུ་མཁར་བྱམས་དྲང་པོ་རེད་ཟེར།བདེན་སྲིད་ན།དྲང་པོ་ཡིན་ན་ཚང་མའི་ཕྱོགས་སུ་དྲང་དགོས་པ་ལས།རང་ཕྱོགས་ཀྱི་ཉེས་པ་འགེབ་ཐབས་དང་།མི་དགའ་མཁན་གྱི་ཡོན་ཏན་སྐྱོན་དུ་བགྲང་ན་དེ་དྲང་པོ་འེ་རེད།
ཁ་ཤས་ཀྱིས་ཀླུ་ལ་བློ་སྟོབས་ཡོད་རབས་ཟེར།དེ་བདེན་ན་དཔའ་བོ་དཔའ་མོ་སྟོང་ཕྲག་མང་པོའི་རྗེས་སུ་འབྲངས་ཏེ་རང་སྲོག་དམར་པོ་འབེན་དུ་འཛུགས་ཆོག་པ་ལ།ཟམ་གདོང་བླ་མའི་གཞུང་གི་ཐུར་འོག་ཏུ་འཛུལ་ནས་ངར་ངར་བྱེད་དགོས་དོན་གང་ཡིན་ནམ།
ཁ་ཤས་ཀྱིས་ཀླུ་ལ་རིགས་ཞེན་ཡོད་རབས་གླེང་།ཆུ་ཚོད་གཅིག་གི་ཟས་བཅད་ངོ་རྒོལ་དང་།ཉི་མ་གཅིག་གི་རང་བཙན་འཐབ་རྩོད་བྱེད་མ་མྱོང་མཁན་ཞིག་ལ་རྒྱལ་ཞེན་ཡོད་རབས་གླེང་ན་ངོ་ཚ་མིན་ནམ།
ཁ་ཤས་ཀྱིས་ཀླུ་ནི་བཤད་ཕོད་མཁན་ཞིག་ཡིན་པར་འགྲེལ།བོད་པ་སྐྱབས་བཅོལ་དུ་གནས་ནས་ལོ་ངོ་ལྔ་བཅུ་རེད།སྤུན་ཟླ་སྟོང་ཕྲག་མང་པོ་བསད་པ་ཀླུ་ཡིས་ཤེས་གསལ་རེད།ལྷག་པར་ཀླུ་འདི་དགུ་བཅུ་གསུམ་གྱི་ཚོགས་གཙོ་ཡིན་པ་ནས་བཟུང་བོད་ནང་གི་ཛ་དྲག་ཇེ་ཆེ་རེད།ཀླུ་ཡིས་རྒྱ་གཞུང་ལ་ཅི་ཞིག་བཤད་སོང་།གང་བྱས་སྡིགས་སོང་།ནུས་པ་གང་འདྲ་བཏོན་སོང་།སྤྱི་འཐུས་ཐོབ་ཆེད་སྤྱི་ཚོགས་ཟིང་ཟིང་བཟོས་པ་དེ་ཁོ་ན་ཡིན་པཱ།
ཀླུ་ཡིས་དབུ་མའི་ལམ་གྱིས་མ་འགྲིག་ཚུལ་བཤད་པ་རེད།བསྒྲགས་པ་རེད།རང་བཙན་སྐྱ་ཐིག་དོན་ཚན་བཅོ་ལྔ་སུས་བཀག་སོང་།སུས་བཙོན་དུ་བཅུག་སོང་།སུ་ཞིག་གིས་བདག་དབང་འཕྲོག་སོང་།ཉལ་སའི་ནང་ནས་རྒས་གཏམ་དང་མཉམ་དུ་གཉིད་སོང་བ་ལས་སུས་ཀྱང་བཀག་ཡོད་པ་མ་རེད།
ཟམ་གདོང་བླ་མས་བོད་གཞུང་འཛིན་སྐྱོང་མ་འགྲིག་ཚུལ་བཤད་ཀྱིན་འདུག་་ཀླུ་ཡིས་དགུ་བཅུ་གསུམ་ལ་འགྲིག་པ་ག་རེ་བཟོས་ཡོད།ཆབ་སྲིད།དཔལ་འབྱོར།རིག་གནས།འཐབ་རྩོད།ཀླུ་ཡིས་འཛིན་སྐྱོང་བྱས་པ་ནས་དགུ་བཅུ་གསུམ་གྱི་ཁང་པ་གོག་པོ་དེ་ལ་སྡུག་ཡུས་ཀྱི་ཁ་སྤུ་སྐྱེ་བཞིན་མི་འདུག་གམ།རྒས་རྟགས་ཤར་གྱིན་མི་འདུག་གམ།ལྟས་ངན་སྟོན་གྱིན་མི་འདུག་གམ།
ངོ་མ་དཔྱད་རྩོམ་གནད་ལ་འཁེལ་བ་ཞིག་བྲིས་འདུག ཕལ་ཆེར་དཔྱད་རྩོམ་འདི་དག་བོད་མིའི་བློ་ཡུལ་ལ་ཤོང་ཁག་སེ་ཡོད་ངེས་རེད། འོན་ཀྱང་། ག་ལེར་འགྱུར་བ་འགྲོ་གིན་རེད། རྩོམ་ཡིག་དེ་ལྟ་བུ་ཞིག་ ༨༠ ཡི་ནང་དུ་སྤེལ་ཡོད་ཚེ་མཁས་དབང་ཟླ་བ་ནོར་བུ་ལྟ་བུ་ལ་རྡུག་བརྡེག་ཕོག་པ་ནང་བཞིན་ཡོང་ངེས་རེད། ཡིན་ན་ཡང་ད་ནི་དུས་རབས་ཉི་ཤུ་རྩ་གཅིག་ལ་སླེབས་ཆར་ཡོད་པས་འགྱུར་བ་ཕྱིན་ཡོད།
ཁྱེད་ཀྱི་རྩོམ་འདི་དང་འཇམ་དབྱངས་ནོར་བུའི་རྩོམ་ ༼ཉམས་མགོ་ཚུགས་སོང་།༽ ཞེས་པ་འདི་གཉིས་ཀྱིས་བཙན་བྱོལ་བོད་མི་ཚོ་གཉིད་ལས་སློང་ངེས་རེད། འོན་ཀྱང་། ཉམས་མགོ་ཚུགས་སོང་ཞེས་པའི་རྩོམ་དེ་བོད་བསྒྱུར་ཐོག་མེད་པས་ད་ལྟ་ཁྱབ་བསྒྲགས་ཞེ་དྲག་ཕྱིན་མེད། གཅིག་བྱས་ན་བོད་བསྒྱུར་མགྱོགས་པོ་སླེབས་སྲིད།
ལོ་ངོ་དུམ་མའི་རིང་ལ་རྒྱ་ནག་གིས་དངོས་ཤུགས་རྒྱུད་གསུམ་ནས་གཞིས་བྱེས་གཉིས་ཀྱི་པར་ལ་དོན་རྒྱལ་བསྟེན་མིན་བཀོལ་སྤྱོད་བྱས་ནས་དབྱེན་དཀྲུག་གང་མང་བྱས་ནས་ཕྱོགས་གང་ཐད་ནས་དཀའ་ངལ་བཟོས་པ་རེད། ཡང་དེང་སང་་ལམ་དབུ་མ་ལག་ཆ་བྱས་ནས་རྒྱལ་བཙོང་མཁན་རེ་ཟུང་གསོ་སྐྱོང་བྱས་སྟེ་བཙན་བྱོལ་དུ་ཆེད་གཏོང་བྱས་ཡོད་པ་འདྲ། ཕལ་ཆེར་བཙན་བྱོལ་བོད་པ་ཙམ་མ་ཟད་གཞིས་སྡོད་བོད་རིགས་སྤུན་ཟླ་རྣམས་པས་ཀྱང་མཁྱེན་ཡོད། རྒྱ་ནག་གཞུང་གིས་བཙན་བྱོལ་བོད་གཞུང་དང་གཞིས་ལུས་བོད་མིས་པར་ལ་དཀྲུགས་ཤིང་བྱེད་མཁན་གྱི་ལག་ཆ་ཡག་ཤོས་ནི་བོད་པའི་ནང་ལོགས་ནས་བོད་པ་བཅོལ་ཆུང་རེ་ཟུང་བཙལ་ན་འོས་ཤིང་འཚམས་པ་ཡིན་ཚུལ་གྱིས་གྲོས་ཆོད་གསངས་པ་ཕྱིར་ལ་ཤོར་ཡོད། ང་རང་སྒེར་ངོས་ནས་བཤད་ན་ཀླུ་མཁར་ཟེར་པ་ནི་མཐོང་ཡང་མ་མྱོང་ལ་མྱི་གཤིས་ལ་གསལ་ཆ་ཅི་ཡང་་མེད། འོན་ཀྱང་ཁོང་གི་མིང་ཐོག་ནས་རྒྱ་དམར་གྱིས་རང་གཤིས་དངོན་པ་མང་པོ་མང་པོ་མཐོང་བ་ཙམ་ཡིན། གང་ལྟར་་་་་ཤ་ཁྲག་གཅིག་པའི་བོད་པ་ཚང་མས་གཟབ་གཟབ་གནང་དགོས།
ངོ་མ་ཡ་མཚན་སོང་། རྩོམ་ཡིག་འདི་དུད་འགྲོ་རེ་ཟུང་གིས་ཀྱང་བཀླགས་འདུག་པ་འདྲ། རྒྱུ་མཚན་ནི་མཆན་འགོད་མཁན་རེ་ཟུང་ཞིག་གིས་ཀླུ་མཁར་བྱམས་ཀྱི་མི་གཞིར་དམའ་འབེབས་བྱས་པ་མ་ཟད། ད་དུང་ཁོའི་བྱིས་པ་མ་འཚམས་པ་དེར་འཕྱ་དགོད་བྱས་འདུག ངོ་མ་བྱོལ་སོང་ཟེར་ན་དེ་འདྲ་ལོས་ཡིན།
ང་ནི་ཀླུ་མཁར་བྱམས་ཀྱི་སྐད་ཆ་ཡོད་ཚད་ལ་ལེགས་སོ་ཟེར་མི་ཐུབ་ཀྱང་། ཁོའི་སྐད་ཆར་དོ་སྣང་ཆེན་པོས་ཀློག་གིན་ཡོད་དོ།།
ཀློག་མཁན་རྣམ་པ། མི་གཞིར་དམའ་འབེབས་བྱེད་མཁན་དག་གིས་རྩོམ་ཡིག་འདིར་དགག་རྒྱག་གི་འཆན་རེ་ཁ ཤས་ལས་མཐོང་རྒྱུ་མེད་པས། མི་ཚང་ལ་དགག་རྒྱག་དང་མཚང་བྲིས་པས་འདི་ལ་ཆོལ་མེད་ཀྱི་གཏམ་བཤད་པ་དང་རང་ཉིད་མི་གཞིའི་དམའ་འབེབས་མ་གཏོགས་མ་ཤེས་པས་རྟགས་རེད། དེ་ལས་རྩོམ་ཡིག་གི་བརྗོད་བྱ་དགག་རྒྱག་བྱེད་ཐུབ་ན་མ་མའི་བུ་རེད།
ནོར་བ་ཀུན་ལ་ཡོད་སྲིད་པའི་གནད་ལུགས་འདི་ཤེས་པའི་ཐོག་ནས་དྲྭ་ཐོག་ཏུ་ཐོན་ཤོག་ནས་མ་འོངས་པའི་ལེགས་སྤེལ་ཉེས་འགོག་དང་ཡོ་སྲང་བྱེད་དགོས་པ་ལས།
གང་ཟག་དེ་ལྷ་རེད་དེའི་བྱས་ཚད་དང་གསུངས་ཚད་བདེན་པ་དང་།
གང་ཟག་དེ་འདྲེ་རེད་དེའི་བྱས་ཚད་དང་ཟེར་ཚད་རྫུན་རེད་ཅེས་ཤོད་བསྡད་ནས་ལམ་བུ་རྣལ་མ་ཞིག་རྙེད་མི་སྲིད་དོ།
འོན་ཀྱང་ཀླུ་མཁར་བྱམས་ཁྱོད་ཀྱིས་བསམ་ཕོད་པ་དང་བཤད་པ་འདུག་ཀྱང་། བྱེད་ཕོད་པའི་རང་གཤིས་དེ་ཕྱིར་ལ་མངོན་མི་ཐུབ་པའི་རྒྱུ་མཚན་གང་།
བོད་རིགས་རྩམ་ཟན་གྱི་ནང་ནས་མཁྱེན་སྟོབས་ཀྱི་འདོ་སྣང་འབར་ཞིང་གཞི་དངོས་པོའི་གནས་ལུགས་བརྗོད་པའི་བོད་མི་རེ་ཟུང་སྟེ། དེ་སྔ་དཔེར་ན་མཁས་དབང་དགེ་འདུན་ཆོས་འཕེལ་ལྟ་བུ་རེད། ཁོང་གི་བཀའ་དྲིན་དེ་སྔ་སུ་དང་གང་གིས་ཀྱང་དྲན་མྱོང་མེད་པ་ཐག་ཆོད་རེད། ཁོང་གཤེགས་པའི་རྗེས་ད་ལྟའི་བོད་རིགས་རྩམ་ཟན་ཚོས་གཞི་ནས་དགེ་ཆོས་ཏོག་ཙམ་སྐུ་འཚོ་བཞུགས་གནང་ཐུབ་ཡོད་ན་བོད་རྒྱ་ལག་ལ་མི་འགྲོ་བའི་གདེངས་ཚོད་ཀྱང་བྱེད་ཀྱི་ཡོད་པ་རེད། དེ་ནི་ཧ་ཅང་གི་ཕྱིས་དྲག་པའི་གནས་ཚུལ་ཞིག་རེད། ད་ཆ་དཔེར་ན་ཨ་ཚོགས་ཀླུ་མཁར་བྱམས་ལགས་ཀྱིས་ལྷག་བསམ་སེམས་འཁུར་དང་སྦྲེལ་ནས། རང་རིག་གངས་ཕྲུག་པ་ཚོར་རྨོངས་གཉིད་ལས་གསད་པའི་དྲང་བདེན་གྱི་ངོ་སྤྲོད་ཞིག་མཛད་འདུག་ཀྱང། ད་དུང་དེ་ལ་ཐུགས་རྗེ་ལེགས་གསོལ་མེད་པར་ཡང་བསྐྱར་ཕྱོགས་ཞེན་གྱིས་ཁ་ཤད་དང་དཔུང་ཤད་ཤ་སྟག་ངོམ་ནས་རང་རིགས་ཤེས་ལྡན་ཚོ་རྡོག་རོལ་དུ་བཏང་བ་འདི་བློ་ཕམ་ནང་གི་བློ་ཕམ་དང་ལྐུགས་རྟགས་ནང་གི་ལྐུགས་རྟགས་ཤིག་ལོས་ཡིན། དེ་ནི་ང་རང་ཚོའི་ཕམ་ཁ་རེད་མ་གཏོགས་དོན་གྱི་སྙིང་པོ་གཞན་ཅི་ཡང་ལོན་ཡ་ཡོད་མ་རེད། ཁྱེད་ཅག་ཚོས་དགག་འདོད་ན། གོང་དུ་ཆུ་ཁ་ཚང་གིས་གསུངས་པ་ལྟར་ཁོང་གི་རྩོམ་གྱི་ནང་དོན་གྱི་བརྗོད་བྱ་ཁག་ལ་དོན་བདེན་གྱི་དགག་པ་རེ་མཛོད་དང། གཟི་བརྗིད་རེད། ཡོངས་ལ་ཕན་ངེས་རེད། དེ་མིན་ང་དང་ང་ཡི་བླ་མ་ཟེར་ནས་ཕྱོགས་ཞེན་ཤ་སྟག་བྱས་བསྡད་ན་བོད་དོན་བདེན་མཐའ་ནམ་ཡང་གསལ་མི་སྲིད་པ་ཞིག་རིད། ང་ཚོའི་དགྲ་བོ་ངོ་མ་རྒྱ་ནག་གུང་བྲན་ཏང་གི་དམར་པའི་སྲིད་གཞུང་གི་མི་སྣ་དེ་ཚོ་རེད། ཁ་ཤུགས་དང་དཔུང་ཤུགས་ངོམས་རྒྱུ་ཡོད་ན་དེ་ཚོ་ལ་ངོམ་ཐུབ་ན་ཡག་པོ་ཡོད་རེད། ཟམ་གདོང་ལ་སྐྱོན་བརྗོད་བྱེད་ཀྱི་འདུག་ཟེར་ན། དེ་ཙམ་གྱི་ཧ་ལས་ཡ་གས་ཡོད་མ་རེད། གཅིག་བྱས་ན་ཟམ་གདོང་གིས་ཆབ་སྲིད་སྟངས་འཛིན་བྱེད་ཕྱོགས་ལ་མ་འགྲིག་པ་དང་མ་འཐུས་པ་ཞིག་མཐོང་ནས་དགག་པ་སྐྱོན་གྱི་ཡོད་མདོག་ཁ་པོ་རེད། ཁ་གཏད་ཚོགས་པ་མེད་ན་བོད་མིའི་སྒྲིག་འཛུགས་ཡར་རྒྱས་འགྲོ་རྒྱུ་ཁག་པོ་རེད། དམར་པོའི་གཞུང་ཡིན་ན་རེད་མ་གཏོགས་དེ་མིན་དམངས་གཙོའི་གཞུང་ཡོངས་རྫོགས་ལ་ཁ་གཏད་ཚོགས་པ་ག་ཚོད་འདུག ཡར་རྒྱས་ག་ཚོད་འགྲོ་གི་འདུག དེ་ཙམ་གྱི་ཚད་རྒྱུ་ག་པར་ཡོད་རེད། རྒྱལ་ཁབ་ཀྱི་དམངས་གཙོའི་དབུ་ཁྲིད་དང་སྲིད་འཛིན་སྲིན་བློན་ཡན་ཆད་ལ་ཡང། ངོ་རྒོལ་དང་འདྲ་དཔར་མེར་བསྲེགས་སོགས་ག་ཚོད་བྱས་ཀྱི་འདུག བསམ་བློ་ཡག་པོ་ཞིག་བཏང་ན་རང་རེ་བོད་པ་ཚོ། དེ་སྔ་རྗེས་ལུས་ནང་གི་རྗེས་ལུས་ཆགས་པ་རེད། ད་ཆ་ཁྲ་ཁྲ་ཟིང་ཟིང་དང་ཟ་རྒྱུ་གོན་རྒྱུ་བཏུང་རྒྱུ། བསྡད་སའི་ཁང་གཞིས་སོགས་ཨ་འུ་ཙམ་ཡར་རྒྱས་ཕྱིན་ཡོད་ནའང། གུ་ཡངས་ཀྱི་ལྟ་བ་དང། དམངས་གཙོའི་གནས་ཚད་ཐད་ད་དུང་ལྡང་ངེས་མེད་པ་མ་ཟད། རྗེས་ལུས་ནང་གི་རྗེས་ལུས་རེད་སྙམས་པའི་ཚོར་སྣང་ཤུགས་དྲག་དང་བཅས་།
བདམས་ཐོན་བཀའ་ཁྲི་གསར་པ་ཕེབས་པ་དང་རྒྱ་ནག་གིས་འཆར་གཞི་ལྡན་པའི་ངང་གསངས་ཉུལ་བ་དང་བཙན་བྱོལ་སྤྱི་ཚོགས་དང་གཞེས་ལུས་རྒྱ་ཆེའི་མི་མང་པར་ལ་དཀྲུག་ཤིང་བྱེད་མཁན་ཀླུ་མཁར་ལྟ་བུ་རེ་ཟུང་བཏང་ཡོད་པ་ཐག་ཆོད་རེད།
ཆེས་བཀུར་འོས་པའི་བཀའ་ཁྲི་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ག་ལེར་ཕེབས་རོགས། ཀླུ་མཁར་བྱམས་དང་འཇམ་ནོར་སོགས་རླུང་ནད་ཀྱིས་སྨྱོན་པ་མ་ཆགས་གོང་ག་ལེར་ཕེབས་རོགས། བོད་མི་མང་གིས་ཡིད་ཆེས་དང་རེ་བ་ཡོད་ཚད་ཁྱེད་ག་ཕེབས་ས་རུ་ཡོད། བོད་མི་མང་གི་སེམས་ཀྱི་བཀའ་ཁྲི་ཁྱེད་ག་ལེར་ཕེབས་རོགས། ལོ་བཅུའི་རིང་གི་རྡ་སའི་སྐུ་ངོ་ཚོའི་བློ་ཁ་སྤྲུགས་པར་དགོངས་སེལ་ཞུ་མི་དགོས་ལ། མི་མེད་རྒྱུ་མེད་ཤེས་མེད་ཚོའི་ཅ་ཅོ་སྒྲོགས་པར་ཐུགས་འཚབ་མི་དགོས། ག་ལེར་ཕེབས་རོགས། ངའི་སེམས་ཀྱི་བཀའ་ཁྲི་ག་ལེར་ཕེབས་རོགས། ༧རྒྱལ་བའི་སྟག་ལག་གཡས་པ་ག་ལེར་ཕེབས་རོགས། རྒྱ་དམར་པོའི་མགོ་ཡི་སྟ་རེ་ག་ལེར་ཕེབས་རོགས། རྟོག་གེ་བ་ཚོའི་ཁ་གནོན་ག་ལེར་ཕེབས་རོགས། ཐུགས་སེམས་བདེ་བོའི་བདེ་བའི་ངང་ནས་ག་ལེར་ཕེབས་རོགས།
བདུད་བློན་ད་ར་མཛེས་ཀྱི་གཏམ་དེ་ཕྱེད་བདེན་ལ་ཕྱེད་མི་བདེན་ཟེར་བ་བཞིན། ཀླུ་མཁར་བྱམས་ཀྱི་བཏམ་ཕྱེད་མི་བདེན་པ་མ་ཟད་དེ་ནི་དགོད་སྤྲོ་བ་ཞིག་རེད།
མ་གཞི་གཅིག་བྱས་ན། ཧ་མ་གོ་བས་ཡིན་རྒྱུ་རེད། དང་པོ་སོ་སོའི་མིག་མདུན་དུ་ཡོད་པ་ཚོ་སྲ་ཐག་ཐག་ཞིག་བྱས་ཏེ། རྗེ་སུ་མི་ཐོག་ལ་ཁ་ཕོ་ཆེ་ན་མི་གཞན་ཡིད་ཆེ་བྱེད་སྲིད།
ཆབ་སྲིད་ཀྱི་དཔྱད་བརྗོད་སྤེལ་ན་ཡག་ཉེས་གང་ཡིན་ཡང་སྤེལ་ཆོག་མོད། ཡིན་ཡང་མི་གཞིར་དམའ་འབེབས་དང་བཟའ་ཚང་ལ་སོགས་པའི་མཚང་འབྲུ་བ་སོགས་སྤངས་དགོས། དེ་ནི་མཆན་མཁན་པ་ཞིག་ལ་མཚོན་ན་སྤངས་དགོས་པའི་བླང་བྱ་དང་པོ་རེད་འདོད། གལ་སྲིད་བརྗོད་གཞི་དང་མཐུན་པའི་དགོངས་ཚུལ་གསུང་ན་ཡང་ཉེས་གང་ཡིན་ཡང་སྤེལ་མ་ཆོག་པ་མི་སྲིད་ལ། བསམ་ཚུལ་བརྗེ་རེས་བྱས་པ་སྤྱི་ཚོགས་ཡར་རྒྱས་དང་དེང་རབས་ཅན་ལ་ཕྱོགས་པས་ཡིན། མདོར་ན་རྩོམ་ཡིག་ཡག་ཉེས་ལ་མ་བལྟས་པར་རྩོམ་པ་པོར་དམིགས་ནས་དམའ་འབེབས་བྱེད་པ་དེ་དུས་རབས་ཉེར་གཅིག་པའི་རྩོམ་པ་པོ་དང་མཆན་འདེབས་པ་ཞིག་གཏན་ནས་ཡིན་མི་སྲིད་དོ།།
གོང་དུ་བཀྲ་ཤིས་ཞེས་པ་ཞིག་གུས་མིང་འོག་ཏུ་འཛུལ་ནས་འདྲ་མིན་འབྲི་བཞིན་འདུག་པས། བཀྲ་ཤིས་ཞེས་པ་འདི་ཕལ་ཆེར་དྲ་བདག་འབྲེལ་བ་མེད་སྙམ་པའི་ཚོར་བ་ཞིག་ཀྱང་བྱུང་སོང་། བདག་གིས་བཀྲ་ཤིས་ཀྱི་མིང་བཀོལ་མཚམས་བཞག་པ་ཡིན།
འདྲེ་རིག་ལྡན་ལགས་ཀྱིས་བཤད་པ་བདེན་ཤེས་ཆེ། མཆན་མཁན་ཕལ་ཆེ་བ་མཆན་འདེབས་མཁན་མ་རེད་ཡིག་ངོ་ཤེས་པ་ཙམ་ལས་དོན་དངོས་ཐོག་ནང་ཁུལ་དབྱེན་དཀྲུག་མཁན་དང་། སྤྱི་ཚོགས་ཀྱི་གདོན་རྫས་སམ་ཕན་མི་ཐོགས་པའི་ཁུར་བོ་རྐྱང་རེད། དཔྱད་བརྗོད་དང་ཚིག་ངོས་ཀྱི་འགྲེལ་བརྗོད་བྱེད་པ་ལས་མི་སྒེར་གྱི་མི་གཞི་ལ་དམོད་པ་ནི་གླེན་པ་ལུག་ལས་ཀྱང་གླེན་ལ། ཁྱི་ལས་ཀྱང་སྡུག་པའི་ཕྱོགས་རེས་པ་ཁག་གཅིག་རེད། བསམ་བློ་ཞིབ་ཚགས་ཤིག་ཐོངས་དང་ཀླུ་ཡི་གཅེས་ཕྲུག་མ་འཚམས་པ་དེ་ཁྱེད་ཀྱི་བརྗོད་བྱ་དང་འབྲེལ་བ་ཡོད་དམ། དེ་ནི་དཔྱད་མ་ཤེས་པ་དང་དབྱེན་དཀྲུག་ཁོ་ན་ལས་ཅི། མདོ་དོན་བསམ་ཞིབ་བྱས་ནས་དོན་དངོས་དང་འགྲེལ་བ་ལས་ཉོག་གཏམ་གྱི་ཁྱེད་རང་ས་ལ་བརྡབ་པ་མ་གཏོགས་གཞན་གང་ཡང་མིན།
ངས་ལྟོས་ན་དྲ་ཐོག་ནས་མངོན་པར་མི་གསལ་བར་བྱས་ཤིང་མིང་རྫུན་གྱི་སྒོ་ནས་སྡིག་མཁན་འདི་དག་ནི་དོགས་པ་བྱ་ཡུལ་དང་དཀྲུགས་ཤིང་འཕེན་མཁན་ཡིན་པ་ལས། ཀླུ་མཁར་བྱམས་ལྟ་བུའི་ཕྱི་ནང་གླེང་ཐུབ་མཁན་གྱི་མི་རུས་པ་ཅན་འུ་ཚང་ལ་དཀོན་གི། དྲ་གྲོགས་ཚོས་གང་ཟག་གི་མི་གཞི་དང་ཁྱིམ་ཚང་གླེང་བ་ནི་དོན་མེད་ཀྱི་ཡུལ་རེད། དེ་ལས་ཀླུ་ཡི་རྩོམ་ཡིག་བཀླགས་ཏེ་དཔྱད་བརྗོད་རེ་སྤེལ་ན་འུ་ཚོགངས་ཅན་པ་ཡོངས་ལ་ཕན་རེ་ཆེའོ།
ཀླུ་མཁར་ལགས།
ཁྱེད་ཀྱི་སྙིང་སྟོབས་ཞུམས་པ་མེད་པར། ནམ་ཡང་མི་རིགས་ཤིག་གི་བདེ་སྡུག་ཆེད་སེམས་འཁུར་དང་། གནས་ལུགས་ལྡན་པའི་རྩོམ་ཡིག་སྤེལ་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།།
དོན་ངོ་མར་བཤད་ན། དྲ་ཚིག་འདིའི་ནང་དུ་དབྱེན་དཀྲུག་མཁན་གཅིག་ཀྱང་མེད་པར་མ་ཟད། ད་དུང་དེ་ལས་ཚབ་ཏུ་བོད་མི་རིགས་ཀྱི་ཤ་ཞེན་ཅན་གྱི་བོད་རིགས་གདོང་དམར་བ་ཤ་སྟག་ཡིན། བོད་ཀྱི་དམངས་གཙོའི་རང་དབང་ལོངས་སུ་སྤྱོད་ཅིང་། དུས་སྟུན་གྱི་བོད་ཀྱི་གནས་ཚུལ་ལ་དོ་སྣང་བྱེད་པ་ཙམ་དུ་མ་ཟད། དེར་མཆན་ཀྱང་འདེབས་པར་བྱེད་པ་ནི་ངོ་མར་དམངས་གཙོ་ཡར་རྒྱས་ཀྱི་རྣམ་པ་ཞིག་ཏུ་མཐོང་། གལ་སྲིད་རང་དང་ལྟ་བ་མི་མཐུན་པ་རྒྱུ་མཚན་དུ་བྱེད་ནས་སྤྱི་ཚོགས་དཀྲུག་མཁན་རེད་ཟེར་དགོས་ན་མཆན་འདེབས་མཁན་དང་རྩོམ་པ་པོ་ཡོངས་རྫོགས་དཀྲུག་མཁན་ཞིག་ཏུ་ངོས་འཛིན་དགོས། གང་ཡིན་ཟེར་ན། རང་ལ་ལྟ་བ་མཐུན་པ་དེ་གཞན་ལ་མི་མཐུན། ཡང་གཞན་ལ་མཐུན་པ་དེ་རང་ལ་མི་མཐུན་པས་སོ། །
ཁྱེད་ཀྱིས་རྒྱལ་སྤྱིའི་གསར་འགྱུར་དྲ་ཚིག་སྟེ་དཔེར་ན། སྦི་སྦི་སི་དང་། རྒྱ་གར་དུས་བབ་ཀྱི་དྲ་ཚིག་ལ་གཟིགས་དང་། མཆན་འདེབས་མཁན་མང་པོ་ག་འདྲ་འདུག དེ་དག་གིས་རང་གི་དམངས་གཙོའི་ཁེ་དབང་ལོངས་སུ་སྤྱོད་པ་ལས་དཀྲུགས་ཤིང་གི་བསམ་པས་བྲིས་པ་ག་ལ་ཡིན། དེས་ན་མཐོང་རྒྱ་དང་ལྟ་རྒྱ་ཆེ་ཙམ་བྱེད་དགོས་པ་ཡིན།
གོང་གི་མཆན་འགོད་མཁན་ཕྱོགས་རྣམ་གཉིས་ལ་སོར་བཅུ་སྙིང་གར་སྦྱར་ནས་ཞུ་དོན།
ཁྱེད་རྣམ་པས་ལོ་རྒྱུས་བརྫུན་བཟོ་བྱེད་མཁན་དང་།བཙན་བྱོལ་གཞུང་ལ་མཐའ་གཅིག་ཏུ་རྒོལ་བའི་ཕྱི་
ཕྱོགས་ཀྱི།
སྲིད་དོན་པ་དང་རྒྱ་གཞུང་གི་མགྲིན་ཚབ་པ་མཐོ་དམན་བར་གསུམ་བཏང་སྙོམས་རྒྱ་ཡན་དུ་གཏོང་མུས་ལ།
རང་སྡེ་ནང་ཁུལ་ལ་དགྲ་གཉེན་གྱི་འདུ་ཤེས་ལྟ་བུ་འཛིན་དོན་ཅི།
ལར་ནས་མཁས་དབང་བློ་སེང་སྐུ་ངོ་མའི་གསུང་གི་ཉིང་ཁུ་ཟབ་ཤོས་ནི་ད་ཆའི་གཞི་རིམ་གྱི་ལྟ་གྲུབ་གསུམ་པོ་འདི་དག་མ་ཡིན་པར།
དབུ་མའི་ལམ་རྩོད་ན་རང་བཙན་ཐོབ་སྲིད་ལ་རང་བཙན་རྩོད་ན་ཡང་དབུ་མའི་ལམ་ཐོབ་སྲིད་པའི་དཔེ་མཚོན་དང་བཅས་པ་འདི་རྣམས་གནད་ཀྱི་དོན་པོ་ཆེ་ཡིན་པས།
ཁོང་གིས་རྒྱབ་མདུན་ངོ་ལྐོག་མེད་པར་རང་གི་བསམ་ཚུལ་སྤེལ་བ་ལ་ངར་དགོས་གང་ཡང་མེད་ཅིང་།
གཅིག་ཕན་གཅིག་གྲོགས་ངང་པུང་པ་མཉམ་གཤིབ་ཀྱི་བློ་རྒྱ་སྐྱེད་པར་མཛོད་ཅེས་
གསོལ་བ་འདེབས་པ་ལགས།
དེ་མིན་འདྲ་ཆགས་པོ་བྱས་ནས་མི་ཕན་པ་ཤེས་གསལ་མ་ཡིན་ནམ།
གོང་གི་མཆན་འགོད་མཁན་ཕྱོགས་རྣམ་གཉིས་ལ་སོར་བཅུ་སྙིང་གར་སྦྱར་ནས་ཞུ་དོན།
ཁྱེད་རྣམ་པས་ལོ་རྒྱུས་བརྫུན་བཟོ་བྱེད་མཁན་དང་།བཙན་བྱོལ་གཞུང་ལ་མཐའ་གཅིག་ཏུ་རྒོལ་བའི་ཕྱི་
ཕྱོགས་ཀྱི།
སྲིད་དོན་པ་དང་རྒྱ་གཞུང་གི་མགྲིན་ཚབ་པ་མཐོ་དམན་བར་གསུམ་བཏང་སྙོམས་རྒྱ་ཡན་དུ་གཏོང་མུས་ལ།
རང་སྡེ་ནང་ཁུལ་ལ་དགྲ་གཉེན་གྱི་འདུ་ཤེས་ལྟ་བུ་འཛིན་དོན་ཅི།
ལར་ནས་མཁས་དབང་བློ་སེང་སྐུ་ངོ་མའི་གསུང་གི་ཉིང་ཁུ་ཟབ་ཤོས་ནི་ད་ཆའི་གཞི་རིམ་གྱི་ལྟ་གྲུབ་གསུམ་པོ་འདི་དག་མ་ཡིན་པར།
དབུ་མའི་ལམ་རྩོད་ན་རང་བཙན་ཐོབ་སྲིད་ལ་རང་བཙན་རྩོད་ན་ཡང་དབུ་མའི་ལམ་ཐོབ་སྲིད་པའི་དཔེ་མཚོན་དང་བཅས་པ་འདི་རྣམས་གནད་ཀྱི་དོན་པོ་ཆེ་ཡིན་པས།
ཁོང་གིས་རྒྱབ་མདུན་ངོ་ལྐོག་མེད་པར་རང་གི་བསམ་ཚུལ་སྤེལ་བ་ལ་ངར་དགོས་གང་ཡང་མེད་ཅིང་།
གཅིག་ཕན་གཅིག་གྲོགས་ངང་པུང་པ་མཉམ་གཤིབ་ཀྱི་བློ་རྒྱ་སྐྱེད་པར་མཛོད་ཅེས་
གསོལ་བ་འདེབས་པ་ལགས།
དེ་མིན་འདྲ་ཆགས་པོ་བྱས་ནས་མི་ཕན་པ་ཤེས་གསལ་མ་ཡིན་ནམ།ཞེས་ལན་བརྒྱར་ཞུ་འོ།།
ཕྱི་ཞིམ་ནང་སྟག་བྱེད་དགོས་དོན་གང་མེད་ལ་ནང་པའི་ལྟ་སྤྱོད་འཚེ་མེད་ཞི་བ་དང་མཐའ་གཉིས་སུ་མ་ལྷུང་
བ་ཞེས་པ་དང་།
བོད་ཀྱི་ཡ་རབ་གོམས་སྲོལ་ལ་ཡང་ངོ་ལྐོག་སྤྲེལ་ལད་བྱེད་དགོས་དོན་གང་ཡང་མེད་པས་རྒྱུ་མཚན་ལ་བསམ་གཞིག་གཉང་བར་ཞུ།
ཨ་ཁུ་སྟོན་པ་འུར་ཤོབ་ཆེ་བ་དང་།།
འཕན་པོའི་རྒན་མོ་བློ་རྒྱ་ཆུང་བ་གཉིས།།
དབུས་ཀྱི་ཉི་མ་ལྷ་སའི་དགའ་ཚལ་དུ།།
ྨམཉམ་དུ་འཛོམས་པའི་མོད་ལ་བག་ལེབ་ཤོར།།ཞེས་པའི་རྗེས་སུ་མི་འགྲོ་བར་མཐའ་གཅིག་ཏུ་སྨོནོ།།
ངེད་བོད་པ་ཚང་གི་གཏམ་དཔེ་ལ། ཤ་ཚའི་ཁོག་ནས་གཏམ་ངན་། ཤ་ཚ་བའི་གཏམ་དེ་སྙན་པོ་མེད། ནད་མཁྲིས་པའི་སྨན་དེ་ཞིམ་པོ་མེད། ཀླུ་མཁར་བྱམས་འདི། ངེད་ཚང་གི་ཆ་རྒྱུས་དེ་ཙམ་མེད་ཀྱང་། གོ་ཐོས་བྱས་ན། ཁོ་ནི་བོད་རང་གིས་ས་ཐོག་ནས། རྒྱ་གསོན་པོའི་གདོང་ལ་ངོ་རྒོལ་བྱེད་ཐུབ་མཁན་གྱི་བོད་མི་ཞིག་རེད་འདུག ཡིན་ན་ཡང་འཁོར་ཡུག་འདིའི་ནང་། མི་འདི་ཚོའི་རིགས། ཤི་ན་ཕངས་མེད། གསོན་ན་བདག་མེད། བོད་ལ་ཡོད་དུས། དཔའ་བུ་དང་། དཔའ་མོ། བཙན་བྱོལ་ལ་ཡོང་ན། རྒྱ་མིའི་སོ་པ།།
།བོད་མིའི་རང་དབང་ཆེད་དུ། །ངོ་ལོག་ཟིང་འཁྲུག་བྱས་ཡོད། །བསོད་དམན་ཉམ་ཆུང་རྣམ་གྱི། །ལས་དབང་འདི་ལ་གཟིག་དང་།།།
རྒད་པོ་ཀླུ་བྱམས་ཀྱི་སྐད་ཆ་ཉན་བཞིན་ཉན་བཞིན་ཇེ་སྙན་དང་། བསམ་བཞིན་བསམ་བཞིན་ཇེ་བདེན་རེད།
འོན་ཀྱང་རང་ཚུགས་མེད་པའི་མི་བུ་དག་ལ་ནི། སྤྱང་ཀའི་རྣ་བར་ཀི་བཏབ་པ་དང་གཅིག་མཚུངས་རེད།
ད་དུང་འདྲེ་མགོ་རྡོག་ཟེར་བས་འདིའི་ཐད་ལ་གཅིག་བཤད་ཁུལ་བྱས་འདུག་ཀྱང་། གནམ་སའི་བར་ཁྱད་ཤོར་བའི་ཕྱོགས་སྔ་ཕྱི་གཉིས་ཀྱི་སྐད་ཆར་གསེར་དང་བོང་བའི་ཁྱད་པར་གཏན་གཏན་འདུག
༧གོང་ས་མཆོག་གིས་བོད་གཞུང། བོད་མི་དམངས་ལ་གནང་ནས་ཆོས་དང་སྲིད་ཁ་ཁ་དབྱེ་གནང་བར། ངེད་ཚང་གི་གུས་བཀུར་ཆེན་པོ་ཞུ་ཞིན་ཡོད། དེ་ཞིན་ལོ་ཤས་གོང། བཟོ་པའི་ཆོས་ལུགས་ཀྱིས་ཐེན་འཁྱེར་གྱི་བཏུམ་པའི་བོད་རྒྱལ་ཁབ་ཀྱི་རྒྱལ་དར་གྱི་མཐའ་ཆགས་གསེར་པོ།༼རྒྱལ་དར་གྱི་མཐའ་ཆགས་གསེར་པོའི་མཚོན་དོན་ལ། ཕྱི་ནང་གཉིས་ཡོད། ཕྱི་ཚུལ་དུ་གསེར་ཡིན་ཁུལ་དང་། བསྟན་དོན་ནི། བོད་ཀྱི་བདག་དབང་ཡོངས་རྫོགས་ཞ་གསེར་ལ་ཡོད། ཞ་གསེར་བརྟན་པ་དར་བའི་དཔའ་དར་མཚོན་པ་འདི་ཡང་།༽ཟམ་གདོང་རིན་པོ་ཆེ་ཁྱེད་ཀྱི་མཉམ་དུ་བསྙབས་ཕེབས་རོག་ཞུ་རྒྱུ་ཡིན། རིན་པོ་ཆེ་ཁྱེད་ཀྱི་མཁྱེན་གསལ་རེད་ལགས། ད་ཆ། ཆོལ་ཁ་དང་ཆོས་ལུགས་ཀྱི་ཐེན་འཁྱེར་མེད་པའི་བོད་མི་རིགས་རྣམ་ཅིག་སྒྲིལ་ངང་། བོད་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཞིག་སྐྲུན་ཞིན་འདུག་ན། དེ་དོན་རིན་པོ་ཆེ་མཆོག་ནས་དགོང་ཞེས་ཡོད་པ་མཁྱེན་མཁྱེན།།
དཔྱད་རྩོམ་འདིའི་གནད་ལ་ཁེལ་བའི་དགག་ལན་ཡོད་ན་ཧ་ཅང་དགའ་འོས་བའི་གནས་ཤིག་ཡིན་མོད། དེ་ལས་ལྡོག་སྟེ་མི་གཞིར་དམའ་འབེབ་རྐྱང་རྐྱང་བྱེད་པ་ནི་སྤྱི་ཚོགས་ཆུང་ཆུང་འདི། ད་དུང་ཡང་མ་རིག་པས་བསྒྲིབས་ནས་ཀླ་ཀློའི་སྤྱི་ཚོགས་ཤིག་གསལ་སྟོན་བྱེད་པ་ལས་གཞན་ཅི་ཡང་མིན། གང་ལྟར་ཡང་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་མི་རིགས་འདི་ལ་བཅངས་བའི་ལྷད་མེད་ཀྱི་ལྷག་བསམ་དང་རྒྱལ་ཁབ་འདིའི་ཁྱད་དུ་གཅེས་སྲོག་ཀྱང་འདོར་ཕོད་པའི་ལྟ་བ་ཟུང་། ནམ་ཡང་དགུང་ནས་ཉི་ཟླ་བཞིན་འཚེར་བ་ལས་དེའི་འཆར་ནུབ་ལ་དོ་ཕོག་ཁྱོན་ནས་ཡོང་མི་སྲིད།
ལྟ་བ་རྒྱལ་གྱུར་ཅིག
ཀླ་ཀློའི་སྤྱི་ཚོགས་ཤིག ༼དཔེར༽ བསྟན་འཛིན་སྒང་གི་དོན་རྐྱེན་དང་། སུ་ཇཱ་སློབ་གྲྭའི་གནས་ཚུལ་སོགས།
ཀླུ་བྱམས་འདི་ལྟ་བ་ཁེར་ཚུགས་ལྡན་པའི་མི་བུ་ཞིག་རེད་ལ་སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་ཐུབ་མཁན་ཞིག་ཀྱང་རེད་འདོད། རང་དབང་ལྡན་པའི་དམངས་གཙོའི་སྤྱི་ཚོགས་ནང་ཆབ་སྲིད་ཐད་སྐྱོན་བརྗོད་བྱེད་པ་ནི་ཡར་རྒྱས་ཀྱི་ཐབས་ལམ་བཟང་ཤོས་དེ་རེད། འོན་ཀྱང་འགའ་རེས་སྨྲ་བརྗོད་རང་དབང་ལ་རྒོལ་བ་དང་མི་གཞི་ལ་དམའ་འབེབས་བྱེད་པ་སོགས་ནི་དམངས་གཙོའི་གོ་རྟོགས་ཏིལ་འབྲུ་ཙམ་ཡང་མེད་པ་ཁོ་ནར་ཟད། དམངས་གཙོའི་སྤྱི་ཚོགས་ནང་ལྟ་གྲུབ་འདྲ་མིན་ཡོང་ཆོག་ལ་ཡོང་དགོས་ངེས་རེད་ལ་༧རྒྱལ་བའི་དགོངས་པ་ཡང་རེད། དཔེར་ན་ནུབ་ཕྱོགས་དམངས་གཙོ་ཚད་མཐོ་བའི་ལུང་པའི་ནང་ཆེས་མཐོའི་འགོ་འཁྲིད་ཚོར་སྐྱོན་བརྗོད་འདྲ་མིན་བྱེད་ཆོག་ལ་དེ་ལ་རྒོལ་མཁན་དང་འཇིག་སྐུལ་བྱེད་པ་སོགས་ནི་གང་ཡང་མི་འདུག། དབུ་མའི་ལྟ་གྲུབ་དང་རང་བཙན་ལྟ་གྲུབ་གཉིས་ཀ་བོད་མི་རིགས་ཀྱི་རྩ་དོན་དང་བདེ་སྐྱིད་རང་དབང་ཆེད་དུ་རེད་མ་གཏོགས་ཕན་ཚུན་རྒོལ་རེས་དང་སྡིག་རེས་དམོད་རེས་རྩོད་རེས་བྱེད་རྒྱུའི་ཆེད་དུ་མ་ཡིན་པ་ནི་གནག་རྫིས་ཀྱང་ཤེས་ངེས། བཙན་བྱོལ་སྤྱི་ཚོགས་ནང་རང་བཙན་ལྟ་གྲུབ་པ་ཡོང་མི་ཆོག་པ་ལྟ་བུ་ནི་༧རྒྱལ་བའི་ལྷ་དགོངས་དང་བཙུན་པ་ཟམ་གདོང་གི་དགོངས་གཞི་ནི་ཅང་ཡིན་རྒྱུ་མ་རེད། འགའ་རེས་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་བཙུན་པ་ཟམ་གདོང་ཁ་ལ་འཁྱེར་ནས་ག་དུས་ཡིན་ཡང་རང་བཙན་ལྟ་གྲུབ་པ་ལ་རྒོལ་བ་དང་སྡིག་པ་དམོད་པ་སོགས་བྱེད་སྟངས་ལ་བལྟས་ན་མི་འདི་ཚོ་གུང་ཁྲན་འཐབ་ཕྱོགས་གཅིག་བསྒྱུར་པུའི་བཀོད་མངགས་འོག་ཡོད་པ་འདྲ་ཞིག་རང་བཞིན་གྱི་མངོན་ཡོང་གི་འདུག། དུས་རབས་ཉེར་གཅིག་འདི་དང་ལྷག་པར་དུ་བོད་མི་རིགས་ཀྱི་རྩ་དོན་གཉན་འཕྲང་གི་དུས་སྐབས་འདིར་དངོས་ཐོག་བདེན་འཚོལ་དང་གནས་ལུགས་དང་རྒྱུ་མཚན་ལྡན་པའི་སྒོ་ནས་ལྟ་གྲུབ་མི་མཐུན་པ་ཕན་ཚུན་གྲོ་གླེང་ལྷུག་པོ་བྱེད་དགོས་པའི་དུས་ཚོད་རེད་མ་གཏོགས་ཕན་ཚུན་རྒོལ་རེས་དང་སྡིག་རེས་དམོད་རེས་བྱེད་པའི་དུས་ཚོད་ནི་ནམ་ཡང་མ་རེད་ལགས།
སྐུ་ཞབས་སྐྱིད་ཆུ་ཚང་ལགས།
༡༽ཁྱེད་ཀྱིས་གསུང་སྟངས་ལྟར་ན་༸གོང་ས་ལྔ་པ་ཆེན་པོས་དབུས་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་རྣམ་པ་དང་བོད་ཀྱི་སྲིད་སྐྱོང་།
བཀའ་བློན་ལྷན་རྒྱས་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་ཡང་སྒོས་གངས་ལྗོངས་བསྟན་སྲིད་མི་རིགས་དང་
བཅས་པ་ལ་ཞབས་འདེགས་གང་ཡང་མ་སྒྲུབ་པར་གྲུབ་མཐའི་ཕྱོགས་ཞེན་རྐྱང་པས་ད་བར་དུས་འདའ་བར་
བྱས་སམ།
༢༽རྒྱ་གཞུང་གི་མིག་ནང་དུ་གཏན་ནས་མི་བདེ་བའི་རང་རེའི་རྒྱལ་ཁབ་ཀྱི་གཟི་བརྗིད་ཆེ་བའི་རྒྱལ་དར་༼གངས་རིར་ཉི་ཟླ་ཟུང་གི་གཟི་འོད་ཚོན་མདངས་རབ་ཏུ་འཕྲོ་ཞིང་།གངས་སེང་དཀར་མོ་གཡུ་ཡི་རལ་པ་ཅན་ཁ་སྤྲོད་ཀྱིས་
ལྷན་དུ་དམ་པའི་ཆོས་ཀྱི་འཁོར་ལོ་རིན་པོ་ཆེ་དགུང་དུ་འདེགས་པ་དང་ལག་པ་གཞན་གཉིས་སུ་ནོར་བུ་འཛིན་
པའི་མཐའ་ཆགས་སུ་
གསེར་གྱི་མདོག་འདྲའི་ཁ་དོག་སེར་པོའི་མཐར་བརྒྱན་པ་ལ་དེ་ཙམ་མི་ཟོད་པ་གནང་ནས་ཡང་སྙིང་རྒྱལ་དར་
གང་འདྲ་ཞིག་འཛྷཇོག་རྩིས་ཡོད་དམ།
ད་ཆབོད་ནང་གི་བོད་པའི་ཁང་པའི་མཐོ་དམན་བར་གསུམ་དུ་བཙན་གཤེད་ཀྱིས་བཙུགས་པའི་སྐར་ལྔའི་དར་དམར་དེ་འཛུགས་རྩིས་ཡོད་དམ་ཡང་ན་གང་རས་་་་་་་་་་་་་གསུངས་དང་་་་་་་་་ཐུགས་ཁྲལ་མི་དགོས་
ཐུགས་བློ་བདེ་པོ་གནང་ན་སྐུ་རླུང་ག་ལེར་ག་ལེར་མར་འཇགས་གནང་གི་རེད།
ཨོང་ཀོའོ།
སྐུ་ཞབས་སྣྲོན་ངག་ཁྲི་ལགས། ཡང་ཁྱེད་ཀྱི་མཚན་བུ་༥༥ནང་དྲི་བ་འདི་འདྲ་ཞིག་འདུག ༼ད་ཆབོད་ནང་གི་བོད་པའི་ཁང་པའི་མཐོ་དམན་བར་གསུམ་དུ་བཙན་གཤེད་ཀྱིས་བཙུགས་པའི་སྐར་ལྔའི་དར་དམར་དེ་འཛུགས་རྩིས་ཡོད་དམ་ཡང་ན་གང་རས་༽ ཕྲན་བོད་ནང་ལོ་བཅུ་ཙམ་རིང་སྐར་ལྔའི་དར་དམར་ལ་ངོ་རྒོལ་བྱས་པར་བརྟེན་ཁྲིམས་འདྲ་མིན་ཕོག་པས་མ་ཟད། ད་ཆ་བཙན་བྱོལ་དུ་ཡོང་དགོས་པའི་རྒྱུ་མཚན་ཡང་འདི་རང་ཡིན་ལགས། ཡིན་ཡང་། བོད་མིས་ཐོག་མ་བོད་ནང་སྐར་ལྔའི་དར་དམར་བོད་ལ་བཙུགས་མཁན་དེ། བོད་ཀྱི་ཆོས་སྲིད་གཉིས་ལྡན་གྱི་དབུ་འཁྲིད་༧གོང་ས་མཆོག་གིས་ཕྱི་ལོ་༡༩༥༦ཟླ་༤་ཚེས་༢༢ཉིན་ལྷ་ས་ཉི་ཤུ་གླིང་ཀའི་ནང་ད་ལྟ་སྐྱོང་ཞིན་པའི་བོད་རང་སྐྱང་ལྗོངས་འདི་དང་སྐར་ལྔའི་དར་དམར་དེ་བཙུགས་པ་དང་། ད་ལྟ་བེད་སྤྱོད་བྱེད་ཞིན་པའི་རང་སྐྱོང་ལྗོངས་ཀྱི་ཐམ་ཀ་དེ་༧གོང་ས་མཆོག་གྱི་ལོ་ངོ་བཞིའི་རིང་བེད་སྤྱོད་གནང་འདུག གནས་ཚུལ་འདི་ཚོ་བཙན་གཤེད་ཡིན་མིན་༧གོང་ས་མཆོག་ལ་བཀའ་དྲི་ཞུས་ན་གསལ་པོ་ཡོང་གི་རེད་ལགས། ཡང་༧གོང་ས་མཆོག་གི་དུས་རྒྱུན་དུ་འཛམ་གླིང་མི་དམངས་དང་འཛམ་གླིང་དབུ་འཁྲིད་རྣམ་པར་བོད་འདི་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ཀྱི་འོག་དུ་སྡོད་ཀྱི་ཡིན་གསུང་ཞིན་འདུག་ན། དེ་ལ་དྲི་བ་དང་འགག་པ་ཡོད་ན། ༧གོང་ས་མཆོག་ལ་དྲི་ལགས།།
ཐུགས་རྗེ་ཆེ་སྐུ་ཞབས་ཀླུ་མཁར་བྱམས་ལགས། ཉིད་ཀྱི་རྩོམ་ཡིག་མུ་མཐུད་དུ་སྤེལ་བའི་རེ་བ་ཡོད།།
དགོངས་དག་གོང་གི་མཚན་བུ་༥༧ནང་གི་༼སྐྱང་༽དེ་སྐྱོང་ལ་གཅོད་གནང་ཡོད་པ་ཞུ།།
སྐུ་ཞབས་སྣྲོན་ངག་ཁྲི་ལགས། ངེད་ཚང་གི་བྲིས་པ་འདི་རེད། ༼ལོ་ཤས་གོང། བཟོ་པའི་ཆོས་ལུགས་ཀྱིས་ཐེན་འཁྱེར་གྱི་བཏུམ་པའི་བོད་རྒྱལ་ཁབ་ཀྱི་རྒྱལ་དར་གྱི་མཐའ་ཆགས་གསེར་པོ།༽ ཟེར་དུས། མཐའ་ཆགས་གསེར་པོ་དེ་ལོ་ཁ་ཤས་གོང་བཟོས་པ་འདི་རེད་ལགས། གངས་སེང་ཅན་གྱི་བོད་ཀྱི་རྒྱལ་དར་དང་། ༸གོང་ས་ལྔ་པ་ཆེན་པོས་དབུས་རྒྱལ་དབང་སྐུ་ ཕྲེང་རིམ་བྱོན་རྣམ་པས་གྲུབ་མཐའི་ཕྱོགས་ཞེན་བྱས་པའི་ལོ་རྒྱུད་གསལ་མི་འདུག་ན། འདི་ངེད་ཚང་གི་ལྟ་བ་མ་རེད་ལགས།
ཆབ་སྲིད་རིག་ལམ་ནས་ཟུར་བལྟ་བྱས་ན་ཀླུ་བྱམས་ཀྱི་སྐད་ཆ་ཁག་ལ་དོན་སྙིང་ལྡན་ལ་གནད་འགག་ཧ་ཀྱང་ཆེ། མི་གཞིའི་ཐོག་ནས་བསམ་ན་ཀླུ་བྱམས་ནི་དྲང་ཚུགས་ཐུབ་ལ་བདེ་དོན་ལ་གཞོལ་བས་མི་མཆོག་གྱུར་གྱི་ཁོངས་སུ་གཏོགས། ད་ཐེངས་ཀྱི་སྐད་ཆ་འདི་ཡང་དྲང་ཚུགས་དང་བདེ་དོན་ལ་གཞོལ་བའི་སྐད་ཆ་རྨ་མེད་པར་སོང་ལྷག་བསམ་རྣམ་དག་གི་སྐད་ཆ་དང་དྲང་གཏམ་ད་དུང་བདེན་དོན་གྱི་ཕྱུག་པའི་སྐད་ཆ་ཞིག་ལ་ངོས་མ་བཟུང་རང་བཟུང་རེད། འོན་ཀྱང་སྒེར་གྱི་ཁེ་ཕན་ལས་གཞན་གང་ལ་ཡང་གཙིགས་འཛིན་མེད་པའི་སྤྱི་ཚོགས་དང་འཁོར་ཡུག་འདིའི་ནང་ལ་ཀླུ་བྱམས་ཀྱི་སྐད་ཆ་དག་ལམ་འགྲོ་རྒྱུགས་རྒྱུ་དཀའ་མོ་རེད། འདི་ནས་མཆན་པ་སྐྱིད་ཆུ་ཚང་གི་མཆན་དེ་ཡང་གོང་དང་འདྲ་བར་བདེན་གཏམ་ཉག་ཅིག་ཡིན་པས་རྒྱབ་སྐྱོར་ཆ་ཚང་ཡོད།
དེ་སྔོན། མཁས་དབང་ཟམ་གདོང་རིན་པོ་ཆེས། བོད་མི་རྒྱ་ཆ༩༩ལ་བྱང་ཆུབ་སེམས་ཐོབ་ན། དེའི་ཉིན་མོ་ནས་རྩིས་བའི་ཉིན་གྲང་བདུན་གྱི་ནང་ཚུད། བོད་རང་བཙན་ཐོབ་ཀྱི་རེད་ཅེས་གསུང་འདུག ལྐུགས་པ་ངས་བལྟ་ན། བོད་རང་བཙན་ཐོབ་པའི་དུས་ཞིག་ཤར་སྲིད་ཡང་། བོད་མི་རྒྱ་ཆ་༩༩ལ་བྱང་ཆུབ་སེམས་ཐོབ་པའི་དུས་ཞིག་ནམ་ཡང་ཤར་མི་སྲིད་བསམ། གལ་སྲིད་མཁྱེན་པའི་བདག་པོ་མཁས་དབང་ཁོང་གིས་གསུང་པ་བཞིན། བོད་མི་རྒྱ་ཆ་༩༩ལ་བྱང་ཆུབ་སེམས་ཐོབ་པ་ཡིན་ན། དེ་ནས་བོད་རང་བཙན་གྱི་ག་རེ་བྱེད་དགོས་རས།།
ཀླུ་མཁར་ཡག་པོ་ཞེ་དྲག་བྲིས་འདུག་ཐུགས་རྗེ་ཆེ་ལགས།
དཔྱད་བརྗོད་གང་ཡིན་ཡང་སྤེལ་ཆོག་ལ་དེའི་བརྗོད་གཞི་དང་མཐུན་པའི་དགོངས་ཚུལ་གསུང་བ་དང་། དགག་པ་བྱེད་ན་དེ་བས་བཀྲིས་བདེ་ལེགས། དེ་མིན་རྩོམ་པ་པོར་དམའ་འབེབས་ཀྱི་རིག་ལ་དགའ་བསུ་མི་ཞུ།།