—-རྫ་ཚེ་རིང་བཀྲ་ཤིས།
བླ་མ་གཤེགས་ནས་ལོ་མང་ཐལ།།
ཕོ་ལོ་བཞི་བཅུ་མནོན་ནས་ཐལ།།
ཉལ་ས་དྲོན་པོ་མ་ཆགས་གོང་།།
ནམ་གྱི་ཆ་སྨད་ཟིན་ནས་ཐལ།།
བོད་ཀྱི་ཡུལ་ན་བླ་མ་མང་། །
བླ་མའི་ནང་ན་བླ་མ་ཡོད།།
མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ་དེ།།
བླ་མའི་ནང་གི་བླ་མ་ཡིན།།
མདོ་ཁམས་ཡུལ་ན་བླ་མ་མང་། །
བླ་མ་ཚང་མར་བྱ་བ་ཡོད།།
བླ་མ་གཅིག་ལ་བྱ་བ་མེད།།
བྱ་བ་མེད་པའི་བྱ་བ་ཡོད།།
ཆོས་ལུགས་ཚང་མ་ཆོས་ལུགས་ཡིན།།
ཆོས་ལུགས་ཆོས་བརྒྱད་ཁ་ཁ་ཡིན།།
འདྲ་འདྲའི་ནང་ན་ཁ་ཁ་ཡོད།།
ཁ་ཁའི་ནང་ན་ཁ་ཁེར་ཡོད།།
ཁ་ནས་བཤད་པ་ཁ་བཤད་གཉིས།།
གཅིག་པ་ཆགས་ན་གཅིག་པ་ཡིན།།
ཁ་ཞེ་ཚང་མ་གཅིག་པ་ཡིན།།
ཁ་བཤད་ཚང་མ་ལག་ལེན་ཡིན།།
ག་ས་གང་ན་བླ་མ་ཡོད།།
ས་རྡོའི་གསེང་ན་གསེར་དངུལ་ཡོད།།
རིག་ས་གོ་ས་འདི་ཚོ་ན།།
ཁྱེད་རང་ཡོད་པ་ལ་ཐང་མེད།།
རྗེས་དྲན་ཡིན་ལ་གང་དྲན་ཡིན།།
ཚོར་བ་ཡིན་ལ་འདུ་ཤེས་ཡིན།།
གོ་རྒྱུ་ཡིན་ལ་ཚོར་རྒྱུ་ཡིན།།
ངོ་མ་བཤད་ན་ཚང་མ་ཡིན།།
དོལ་ཤུལ་རྒྱ་མཚོའི་རྩོམ་གཤིས་དང་ཅུང་འདྲ་བ་འདི་བླ་མའི་རྗེས་དྲན་གྱི་འཕྲིན་ཕྲན་ཚོགས་པ་ཞིག་ཏུ་མཉམ་ཞུགས་མཚོན་བྱེད་དུ་གུས་སློབ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་༼༢༠༡༦/༤/༡༠༽གང་དྲན་ཤར་མར་སྤེལ།།
བླ་མ་འདི་ནི། ངས་ངོ་དེབ་ནང་ལ། འཇའ་ལུས་ཕེབས་པའི་པར་ཐོན་སོང་། ང་ནི། ད་དུང་ཡང་འཇའ་ལུས་ལ་ ཡིད་ཆེས་བྱ་ཡ་ཁག་པོ་འདུག ད་ག་རེ་བྱེད་དགོས་རེད། ལགས།
བླ་མ་འདི་འཇའ་ལུས་སུ་ཕེབས་པའི་བཤད་སྲོལ་ཡོད་མ་རེད།
ཅིག་བྱས་ན་ཉག་རོང་མཁན་པོ་ཨ་ཆོས་ཞུས་བ་དེ་ཡིན་སྲིད།