ཆབ་མདོ་ངག་ཕུན།
སྔོན་གླེང་ཐུང་ངུ་།
བོད་མི་རིགས་ཀྱི་དཔའ་བོ་དང་རྩོད་སྒྲུབ་རིག་པ་སྨྲ་བའི་མཁས་དབང་འབའ་པ་ཕུན་ཚོགས་དབང་རྒྱལ་མཆོག་ནི་བོད་མི་རིགས་ཀྱི་ལོ་རྒྱུས་ཀྱི་ཀྱོག་མཚམས་ནང་འཁྲུངས་ཤིང་། བོད་མི་རིགས་ཀྱི་ལོ་རྒྱུས་གསར་རྙིང་གཉིས་ཀྱི་བར་མཚམས་དཔང་པོའི་གལ་ཆེ་མི་སྣ་རླབས་ཆེན་ཞིག་ཡིན་ལ། ལྷག་པར་དམར་པོ་རིང་ལུགས་ཀྱི་བོད་ནང་དུ་གདུག་རྩུབ་ཅན་གྱི་ལས་དོན་གང་འདྲ་ཞིག་སྤེལ་ཡོད་པ་སོགས་ཀྱི་དཔང་པོའི་མི་སྣ་ཞིག་ཀྱང་ཡིན། དེ་བཞིན་གྲོས་མཐུན་དོན་ཚན་བཅུ་བདུན་གནས་སྟངས་གང་འདྲ་ཞིག་གི་འོག་ཏུ་འཇོག་དགོས་བྱུང་བ་སོགས་ཀྱི་དཔང་པོའི་མི་སྣ་ཞིག་ཀྱང་ཡིན་ཞིང་། རྒྱ་ནག་བཙོན་ཁང་དུ་མི་ལོ་བཅོ་བརྒྱད་རིང་ལ་གདུག་རྩུབ་མནར་གཅོད་གང་འདྲ་བཏང་ཡོད་ན་ཡང་ནམ་ཡང་མགོ་བོ་སྒུར་མྱོང་མེད་པའི་བོད་མི་རིགས་ཀྱི་དཔའ་བོ་ཡང་དག་ཞིག་ཀྱང་ཡིན། ད་རེས་ཁོང་གཤེགས་པ་དེ་ནི་ཧ་ཅང་བློ་ཕམ་བྱུང་ཞིང་། ད་ནི་བོད་ནང་གནད་ཡོད་མི་སྣ་རིམ་གཤེགས་ཀྱིས་མགོན་མེད་དྭ་ཕྲུག་ལྟ་བུ་གྱུར་སོང་ཞིང་། བོད་མི་རིགས་བདེན་དོན་རྩོད་ཐུབ་མཁན་གྱི་གལ་ཆེའི་མི་སྣ་ཞིག་ཕྱི་མའི་ལམ་དུ་གཤེགས་སོང་། ད་ནི་བོད་མི་རྣམས་ཀྱི་ཁོང་གི་བརྩམས་ཆོས་ཁག་ལ་ཉམས་ལེན་གྱིས་བོད་མི་རིགས་ཀྱི་བདེན་པའི་ཐོབ་ཐང་རྩོད་དགོས་པ་དེ་རེད། ང་ཚོ་ནམ་ཡང་མགོ་བོ་སྒུར་མི་ཉེས།
རྗེས་དྲན་ཡིད་ཀྱི་མིག་ཆུ།
་་་་་་་་་(མི་རིགས་ཀྱི་དཔའ་བོ་དང་རྩོད་སྒྲུབ་རིག་པ་སྨྲ་བ་འབའ་པ་ཕུན་ཚོགས་དབང་རྒྱལ་མཆོག་ལ་རྗེས་དྲན་དུ་ཕུལ།)
གངས་རི་ལྗོངས་ཀྱི་དཔའ་རྒོད་གཤེགས་ཐོས་པའི།།
སེམས་ཁོང་ངོས་ནས་སྡུག་གི་མུན་པ་རུབ།།
གངས་ལྗོངས་ཆོས་ཀྱི་ཞིང་ཁམས་དེང་མཐུན་པའི།།
འཕོ་འགྱུར་ཡོང་རེ་ཡོད་ཚད་སྐུ་ལས་བསྐྱོན།།
གངས་ལྗོངས་ཆབ་སྲིད་ལམ་ལུགས་འཕོ་འགྱུར་སོགས།།
འཛམ་གླིང་མཐུན་པའི་བཅོས་བསྒྱུར་དགོས་ཚུལ་བརྗོད།།
ཐབས་ལམ་སྣ་ཚོགས་བརྒྱུད་ནས་གནང་ན་ཡང་།།
བོང་བུའི་རྣ་བར་གསེར་བྱེ་བླུགས་ལྟར་གྱུར།།
སྙིང་ཞེན་བག་ཞུམ་ཆེ་ཞིང་ཕུགས་རྒྱང་འཐུང་།།
སྤྱི་ཚོགས་རྙིང་པའི་ལམ་ལུགས་རྒྱུན་འཛིན་བརྔམས།།
འཛམ་གླིང་འགྱུར་ལྡོག་མ་རེག་མུན་འཐོབ་བསྡད།།
གངས་ལྗོངས་ཆབ་སྲིད་འཕོ་འགྱུར་སྣང་མེད་བཏང།།
བློ་ཕམ་ཆེན་པོའི་བོད་ནས་ཕྱིར་འབུད་བཏང་།།
མཐའ་མཇུག་བོད་ས་ཡོངས་རྫོགས་དམར་པོའི་གཞུང་།།
བཙན་པོས་འཕྲོག་སྟེ་གངས་ལྗོངས་སྡུག་ལ་སྦྱར།།
ཁྲག་དང་མིག་ཆུའི་ལོ་ཟླ་སྐྱུར་མོར་བསྐྲུན།།
བོད་ས་ཡོངས་རྫོགས་གཅིག་འགྱུར་རང་སྐྱོང་དང་།
བོད་ཁམས་བདེ་སྡུག་དོན་དུ་འཛེམས་མེད་ཀྱིས།།
སྐུ་ལས་ཚད་མེད་སྐྱོན་པའི་རྒྱ་གཞུང་གིས།།
ཉེས་མིང་སྣ་ཚོགས་བཏགས་ཏེ་བཙོན་དུ་བཅུགས།།
མནར་གཅོད་སྡུག་བསྔལ་དྲག་པོ་མྱོང་བཞིན་དུ།།
བལ་ཁུམ་རྣམ་གཡེངས་གནས་སུ་མ་བཞུགས་པར།།
གོས་ཁྲུས་ཚོས་ཁུས་སྣ་ཚ་བཟོས་བྱས་ཏེ།།
སྲིན་བལ་སྨྱུག་ཚབ་གྱང་ངོས་གཏན་ཚིག་བསྐྲུན།།
འཕོང་ཕྱིས་ཤོག་གུ་གྲོན་ཆུང་ལ་སོགས་ཀྱིས།།
ཁོར་ཡུག་ཆ་རྐྱེན་ཞན་པའི་གང་ཅི་ཐད།།
འཇིགས་ཞུམ་མེད་པའི་ཞིབ་འཇུག་རིམ་བྱས་པས།།
རང་བྱུང་ཚན་རིག་བསྟན་བཅོས་ཚད་ལྡན་བརྩམས།།
དེང་སྐབས་རང་རེའི་རྒན་དར་གཞོན་གསུམ་ལ།།
དཔྱད་གཞི་ཡིག་རིགས་མཐུན་རྐྱེན་ཕུན་སུམ་ཚོགས།།
གང་དགོས་འཛོམས་ཀྱང་ལེ་ལོ་རྣམ་གཡེངས་ཀྱིས།།
དོན་སྙིང་ལྡན་པའི་ཞིབ་འཇུག་མི་ཐུབ་པ།།
ལྷག་དོན་རང་རེའི་མཐོ་སློབ་ན་གཞོན་རྣམས།།
དཔྱད་གཞི་ཡིག་ཆ་རྫོགས་མཐའ་མེད་པ་དང་།།
སྣ་ཚ་ཤོག་གུ་གྲོན་ཆུང་མེད་པ་གང་སྤྱོད་ཡོད།།
འཆམ་གཏམ་དུས་འདའ་དུས་ཚོད་ཆུད་ཟོས་བཏང་།།
དེ་མཐོང་ལྷག་བསམ་སྙིང་སྟོབས་བཙན་པོ་ལ།།
དབང་མེད་ཡིད་སྨོན་ཁོག་པའི་གཏིང་ནས་ཤོར།།
རྩོད་སྒྲུབ་རིག་པ་སྨྲ་བའི་མཁས་དབང་ཁོང་།།
ཆོད་སེམས་རི་རྒྱལ་ལྷུན་དང་ཀུན་ནས་མཚུངས།།
མི་ཚེ་གང་པོ་མི་རིགས་གནད་དོན་རྩོད།།
འཇིམས་མེད་དམར་པོའི་འགོ་ཁྲིད་མདུན།།
ཞལ་གསལ་ཐོག་ནས་ཡང་ཡང་གསུང་བ་མཛད།།
བོད་ཀྱི་གནད་དོན་སེལ་ཐབས་ཞུམ་མེད་གནང་།།
རྒྱ་ནག་དམར་ཤོག་གཞུང་གི་འགོ་ཁྲིད་ལ།།
བོད་ཀྱི་གནད་དོན་ཐག་གཅོད་ཐུབ་མཁན་དེ།།
ཏཱ་ལའི་བླ་མ་མ་གཏོགས་མེད་གསུང་ནས།།
མགྱོགས་མྱུར་ཐག་གཅོད་དགོས་པ་གསུང་།།
སྐྱེ་ནས་མ་གཤེགས་བར་དུ་བོད་དོན་ཆེད།།
མི་རིགས་གནད་དོན་ཁོ་ནར་འཐབ་རྩོད་གནང་།།
མཐོ་དང་གོ་ས་མ་འཛེམས་བོད་དོན་རྩོད།།
དེ་རིང་གཤེགས་པ་ཐོས་པའི་སྐྱོ་བ་སྐྱེས།།
དམ་པའི་མཛད་རྗེས་བླ་མེད་རྨད་བྱུང་ལ།།
བདག་གི་སྙིང་ནས་རྗེས་སུ་ཡི་རངས་ཞུ།།
སླར་ཡང་དལ་འབྱོར་མི་ལུས་བཟང་པོ་ཞིག།།
གངས་ཅན་ཞིང་དུ་སྐྱེ་བའི་སྨོན་ལམ་འདེབས།།
རྩོམ་འདིའང་ཡག་གི