རྒྱང་མིག
བཙན་པོའི་གདུང་རྒྱུད་དྭངས་གཙང་རིགས་ལས་སྐུ་ཡི་མེ་ཏོག་ཤར་ནས་བཞད།།
རང་རིགས་སྤུན་ཟླ་ས་ཡ་དྲུག་ཆེད་དཀའ་ངལ་འབུམ་ཕྲག་ཁྱད་དུ་བསད།།
བོད་དོན་བདེན་པའི་ང་རོ་མཐོར་བསྒྲགས་གངས་རིའི་བུ་རྒོད་རྩོད་མེད་པོ།།
ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་པར་རྗེས་དྲན་ཚིག་གིས་གུས་ཕྱག་བརྩེགས།།
གངས་རིའི་བུ་རྒོད་ཁྱེད་དང་ཁྱེད་མཚུངས་ད་དུང་གངས་རིར་འཚོ་གཞེས་ཚེ།།
དགྱ་དམར་སྤྱང་ཁྱུས་མཆེ་རྣོན་གཅིགས་ཀྱང་བོད་ལ་དེ་ཙམ་གནོད་ནུས་མིན།།
རང་ཡུལ་གངས་རིར་དུངས་སེམས་ཟབ་པའི་སེང་ཆེན་ཉིན་བྱེད་གཏན་ནུབ་ཚུལ།།
བསམ་ཞིང་བསམ་ན་བཟོད་དཀའི་མྱ་ངན་གང་འདྲ་བྱས་ཀྱང་སངས་དུས་བྲལ།།
ཁྱེད་ནི་ཆེས་མཐོའི་བླ་མ་ལགས་པས་གྲགས་སྐམ་མིང་སྙན་འཚོལ་དགོས་མེད།།
སྐྱེས་སྦྱངས་རིག་སྟོབས་ཁྱེད་ལ་མངའ་བས་རྒྱ་གཞུང་ཕོགས་དངུལ་རེ་དགོས་མེད།།
བོད་མིའི་ཁྱད་ནོར་ཁྱེད་ལ་འཛོམས་པས་ཐོབ་དང་དབང་ཆར་བརྩོན་དགོས་མེད།།
དེ་ལྟ་ལགས་ཕྱིར་གངས་རི་བསྐྱུར་ནས་འཇིག་རྟེན་གཞན་དུ་གཤེགས་པ་སྔ།།
རང་དོན་སྤངས་ཏེ་གཞན་ཕན་འབའ་ཞིག་ལྷུར་བཞེས་མཛད་པའི་ཁྱད་ཆོས་མཆོག །
ཁྱད་འཕགས་སྐྱེས་བུ་ཉིད་ལ་མ་གཏོགས་གང་ཟག་ཕལ་བར་འབྱུང་མིན་པས།།
འདྲེན་ཁྱེད་སྐུ་འཚོ་གཞེས་པའི་དུས་སུ་དཔག་དཀའི་མཛད་རྗེས་མ་མཐོང་བར།།
ནོར་བུ་ཤོར་རྗེས་ནོར་ཉམས་ཆོད་ལྟར་ང་ཚོ་བོད་རྣམས་ཅི་ཡིས་ནོངས།།
ཁྱེད་ནི་གངས་རིར་མཛད་རྗེས་མཐོ་བའི་རྒྱལ་གཅེས་དཔའ་བོ་རྨ་མེད་ཅིག །
ཁྱེད་ནི་ཐུབ་པའི་བསྟན་པར་ཕན་མཛད་དེ་འཛིན་སྐྱེས་བུ་བླ་མེད་ཅིག །
ཁྱེད་ནི་རང་རིགས་ལྷག་བསམ་ཆེ་བའི་ཁྱད་འཕགས་གངས་སེང་རྩོད་མེད་ཅིག །
ད་དུང་འཛམ་གླིང་ཞི་བདེར་སྨན་པའི་ཀུན་ཕན་བྱམས་བརྩེའི་བདག་ཉིད་ཅིག །
དེང་སྐབས་འཛམ་གླིང་ཡུལ་གྲུ་གང་སར་བོད་ཀྱི་རིག་གཞུང་རྩ་ཆེར་འཛིན།།
དྲང་བདེན་བོད་ཀྱི་ལོ་རྒྱུས་དག་ལ་ཚོད་དཔག་ཉམས་ཞིབ་ཆེན་པོ་བྱེད།།
ཐོག་མར་དགྱ་འདྲེས་བོད་ནང་དྲག་གནོན་གདུག་རྩུབ་ཚད་མེད་བྱས་ཚུལ་དང་།།
གངས་རིར་ཚབས་ཆེའི་རྩ་གཏོར་བྱུང་སྟངས་ཀུན་གཟིགས་ཁྱེད་ཀྱི་དྲིན་ལས་རྟོགས།།
སྡིག་ཅན་རྒྱ་དམར་དཔུང་ཚོགས་ཆེན་པོས་མི་སྤྱོད་ལས་འདས་ཁྲིམས་རྩུབ་འོག །
བོད་ཀྱི་ཤེས་འཇོན་ནུས་གསུམ་ལྡན་པའི་མཁས་གྲུབ་བླ་དཔོན་མི་ཆེན་སོགས།།
རིས་མེད་སེར་སྐྱ་མང་པོ་དུས་གཅིག་སྡེབ་བསད་བཏང་བའི་སྐྱོ་གར་དེ།།
མཐོང་བས་མ་བཟོད་འཕྲལ་དུ་ཁྲག་གི་ཡིག་འབྲུ་ཁྲི་བདུན་སྙན་ཞུ་བརྩམས།།
དེབ་དེ་གཡོ་སྒྱུས་སྙིང་ཁོག་གཏམས་པའི་རྒྱ་དཔོན་ཚོགས་ལ་སྤྲད་པས་ན།།
དངོས་བྱུང་དྲང་བདེན་སྙན་ཞུའི་བརྗོད་དོན་མིག་ནང་ཚེར་ཟུག་ལྟར་གྱུར་ནས།།
དེ་ཡི་ལན་དུ་ཀུན་གཟིགས་མཆོག་གང་ཚབས་ཆེན་ཁྲིམས་འགལ་ཉེས་ཅན་དུ།།
བགྲངས་ནས་མུན་ནག་བཙོན་དོང་ནང་དུ་ལོ་ངོ་བཅུ་ཙམ་སྐུ་རྐྱང་བཞག །
བཙོན་བཞུགས་ལོ་བཅུའི་དུས་ཚོད་དེ་ནི་དངོས་འབྲེལ་ཧ་ཅང་ཡུན་རིང་ཞིང་།།
དེང་གི་ཆབ་སྲིད་བཙོན་པར་རློམ་པའི་ཕྲན་ཚེགས་ཉེས་ཆད་ལ་སོགས་དང་།།
ཕན་ཚུན་བསྡུར་ན་ཀུན་གཟིགས་མཆོག་གི་དཀའ་སྡུག་རི་བས་ཆེས་ལྕི་ཡང་།།
གནམ་སའི་གོ་རིམ་ལྡོག་བསྒྱུར་བྱེད་པའི་ཚུལ་དེར་སེམས་པ་དབང་མེད་སྐྱོ།།
དེ་འདྲའི་སྐུ་ངལ་དཔག་མེད་མྱངས་ཀྱང་བོད་པའི་སེམས་ཤུགས་སྔར་བས་ཆེ།།
བཟོད་དཀའི་སྡུག་ཉེས་སྟོང་ཕྲག་ཕབས་ཀྱང་བོད་ཀྱི་ལར་ཞེན་དགུང་ལས་མཐོ།།
སྲོག་དང་འཕྲད་ཀྱང་ངོ་རྒོལ་གདོང་ལེན་ཆུ་བོའི་རྒྱུན་བཞིན་རྟག་ཏུ་གནང་།།
བོད་དོན་ཉིད་ལ་གཅིག་ཏུ་གཞོལ་བའི་མཛད་རྗེས་གངས་རིའི་སྤོ་ན་བརྗིད།།
ལྷད་མེད་གངས་ཀྱི་མདངས་ལྟའི་ལོ་རྒྱུས་རང་ཞལ་མངོན་པར་གསལ་བའི་ཕྱིར།།
མི་རིགས་ཤིག་གི་སྲོག་རྩའི་དང་པོ་སྐད་ཡིག་བཀོལ་སྤྱོད་སླར་གསོས་ལྷན།།
མ་འོངས་བོད་ཀྱི་སོན་རྩ་བུ་རབས་ཚ་བརྒྱུད་རྣམས་ཀྱི་མཚན་སྙན་ལའང་།།
གནོད་པའི་ཤུལ་རྗེས་ཕྲ་མོ་ཙམ་ཡང་མི་འཇོག་གཡར་དམ་གཉན་པོ་མཛད།།
ཚུལ་དེས་སླར་ཡང་དགྱ་དམར་གཞུང་གི་རུལ་སུངས་མཚང་ངན་བྲུས་དོགས་ནས།།
ཀུན་གཟིགས་མཆོག་ལ་ཕྱི་འཇམ་ཚུལ་གྱིས་ལྐོག་གྱུར་བྱུས་ངན་སྣ་ཚོགས་བརྩམས།།
མཐར་ཐུག་གང་བྱུང་མ་ངེས་གློ་བུར་སྐུ་མཆོག་མྱ་ངན་འདས་བྱུང་བས།།
བོད་མིའི་སྲོག་དང་མཚུངས་པའི་ཁྱད་ནོར་བོར་བརླགས་བྱུང་བའི་སྡུག་བསྔལ་ལྕི།།
ཧུའུ་ཅིན་ཐ་འོ་དང་ཝུན་ཅྰ་འོ་ཡི་གཙོ་སྐྱོང་འོག །
སྨན་པ་ཝང་མིན་ཆིན་གྱིས་གྲོས་གཞི་ལྟར། །
མུན་ཧོང་ཝེ་དང་ཧུ་འུ་ཁྲོང་ཧྭ་ཡིས། །
༸པཎ་་ཆེན་དུག་གིས་བཀྲོངས་པ་བདེན་ནམ་ཅི། །
་་་་་་་ ཧུའུ་ཅིན་ཐའོ་ཡིས་ངོ་སྤྲོད་བྱས་པའི་སྨན་པ་ཧུའུ་ཁྲོང་ཧྭ་སོགས་ཀྱིས་པེ་ཅིན་དུ་ཚོགས་འདུ་ཚོགས་ཏེ། སྨན་པ་ཝང་མིན་ཆིན་གྱིས་གྲོས་གཞི་ལྟར་༧པཎ་ཆེན་རིན་པོ་ཆེ་མཆོག་ལ་དུག་བཀོལ་ནས་བཀྲོང་རྒྱུའི་ཐབས་ཇུས་བརྩམས་ཤིང་།
༡༩༨༩ ལོའི་ཟླ་ ༢ ཚེས་ ༢༧ མཚན་མོར་ཧུའུ་ཅིན་ཐའོ་དང་ཝུན་ཅཱ་པའོ་ཡིས་གཙོ་སྐྱོང་འོག་མུན་ཧོང་ཝེ་དང་ཧུའུ་ཁྲོང་ཧྭ་ཡིས་ལག་བསྟར་བརྒྱུད་ཀྲུའུ་མེན་ཌིན་ཐད་ཀར་པཎ་ཆེན་རིན་པོ་ཆེ་མཆོག་གི་གམ་དུ་བཏང་སྟེ་ ༢༨ ཉིན་གྱི་ཞོགས་པར་འཆར་གཞི་ལྟར་བཀྲ་ལྷུན་དགོན་དུ་སྐུ་སྲོག་དངོས་སུ་བཀྲོངས་ཡོད་པ་རེད། ་་་་་་་་
http://www.tibettimes.net/news.php?showfooter=1&id=8496
པན་ཆེན་རིན་པོ་ཆེ་ཡིས་བོད་དོན་མཛད་མེད་ཅེས་མ་རིག་པས་སྐུར་་བ་འདེབས་པ་པོ་རྣམས་ཀྱིས་འདི་ལྟ་བུའི་བོད་དོན་མཛད་པར་བསྟོད་པ་འདི་ལ་ལན་འབྲི་དགོས། བོད་དོན་གྱི་མཛད་པ་ལ་བསྔགས་བརྗོད་ལ་རྗེས་སུ་ཡི་རང་ངོ་།
རྒྱ་མིས་བོད་སར་བཙན་འཛུལ་བྱས་པ་ནས་བཟུང་ད་བར་བོད་ས་གང་སར་རྒྱ་མིའི་བཙན་འཛུལ་ལ་ངོ་རྒོལ་འདྲ་མིན་བྱས་ཡོད་ཀྱང་
བཀྲིས་ལྷུན་པོ་དང་གཞིས་ཀ་རྩེ་ཁུལ་དུ་ད་བར་རྒྱ་མིར་ངོ་རྒོལ་རྩ་་བ་ནས་བྱས་མ་སོང་བས་དེའི་རྒྱུ་རྐྱེན་གང་ཡིན་ནམ་ ༡༩༨༧ ལོར་ ལྷ་སར་ཞི་བའི་ངོ་རྒོལ་བྱས་པའི་སྐབས་རྒྱ་མིའི་དམག་མིས་མེ་མདའ་རྒྱབ་ནས་བོད་མི་བསད་པ་དངརྨས་པ་མང་པོ་བྱུང་བས་ སྐབས་དེ་དུས་ལྷ་ས་བ་དང་གནས་སྐོར་བ་ཚང་མས་མིག་མཐོང་ལག་འཛིན་ཡིན་བཞིན་དུ་ པན་ཆེན་རེན་པོ་ཆེས་ཚོགས་འདུའི་ཐོག་དང་ བརྙན་འཕྲིན་་ རླུངས་འཕྲིན་ཚང་མའི་ནང་བོད་མི་ཞི་རྒོལ་བ་ཚོར་ཁ་རྡུང་ངར་ཤུགས་ཆེན་པོས་གཏང་བའི་ཐོག་ རྒྱ་མིའི་དམག་མིས་མི་མདའ་གནམ་ལ་རྒྱབ་པ་ལས་མི་ལ་རྩ་བ་ནས་རྒྱབ་ཡོད་པ་མ་རེད་ཞེས་ཐེངས་ཁ་ཤས་གསུང་འདུག་པས་སྐབས་དེ་དུས་ལྷ་སར་ཡོད་པའི་མི་རྣམས་ཧང་སང་ནས་བླ་མས་རྫུན་བཤད་སོང་ཞེས་རྒས་་ཕོ་རྒས་མོ་ཚོའི་ཁ་ནས་ཐོན་པ་ངས་ད་ལྟའང་དྲན་གྱི་འདུག་
ཀུན་གཟིགས་ཐམས་ཅད་མཁྱེན་པར་ཕྱག་འཚལ་ལོ། །གང་གི་ཐུགས་ཀྱི་བཞེད་དོན་འགྲུབ་པ་དང་། །ཡང་སྤྲུལ་ཉི་ཟེར་འབུམ་གྱིས་ཟེར་མདང་གིས། །སྐྱེ་འགྲོའི་་རྨོངས་མུན་སྡུལ་བསྔལ་ཞི་གྱུར་ཅིག །ཀུན་གཟིགས་མཆོག་དུག་གིས་བཀྲོངས་བ་ཡོངས་གྲགས་སུ་གྱུར་མོད། ཅི་ལྟར་བཀྲོངས་པའི་བདེན་དཔང་ཁུངས་ལྡན་ཞིག་ད་ལྟའི་བར་རྙེད་མེད། སྐུ་མདུན་ནས་སྡོད་མཁན། ནང་མི། ཐུགས་ཉེ་བའི་གྲོགས་པོ་མང་པོས་སྐུ་ཁྲག་གི་སྙུན་གཞིས་གཤེགས་པར་བཞེད། པཎ་ཆེན་མཆོག་དང་གསུང་གླེང་ལན་གཅིག་ཀྱང་མ་མྱོངས་པ་འགའ་ཞིག་གིས་འདི་ལྟར་གླེང་མོ་སྣ་ཚོགས་བྱེད་པར་པ་ནི་རྒྱུད་མེད་ཀྱི་ལམ་སྟོན་ཡང་ཡིན་སྲིད། བག་གྲོ་ལགས་ཀྱིས་བཤད་པར་སྐུའི་ཤ་མདོག་དང་ཚེམས་ནག་པོར་གྱུར་བས་བདེན་དཔང་བྱས་ཟེར་བ་ནི་རྒྱུ་མཚན་ཚད་ལྡན་ཞིག་གཏན་ནས་མིན། གནའ་བོའི་དུག་གིས་དེ་ལྟར་འགྱུར་བར་བཤད་ཀྱང་དེང་རབས་ཀྱི་དུག་གམ་མི་གསོད་པའི་སྨན་ལ་ཤ་མདོག་ནག་པོར་འགྱུར་བ་སོགས་འབྱུང་བའི་ངེས་པ་མེད། ལྷག་པར་ཁྲག་ནད་ཅན་ལ་སྨན་ཁབ་རེ་གཉིས་ཀྱང་དུག་ཏུ་འགྱུར་བས་སྲོག་འཔྲོག་པ་ལ་ཚེགས་མེད་པས། གཡོ་སྒྱུར་གོམས་པའི་སྨན་པ་ཞིག་ལ་དེའི་ཤེས་བྱ་མེད་ག་ལ་སྲིད། པཎ་ཆེན་མཆོག་དུག་གིས་བཀྲོངས་པ་མིན་ཚེ། དེ་ལྟར་གླེང་ན་དགྲ་བོ་གད་མོ་འཆོར་ཞིང་། ཀུན་གཟིགས་མཆོག་གིས་ཐུགས་ཀྱི་འཔེན་པ་བཏང་སྟེ་ཞི་བ་མྱ་ངན་ལས་འདས་པ་ལ་སྐུར་འདེབས་ཆེན་པོར་འགྱུར་བས་གཟབ་འཚལ།