༼གྲོགས་པོ་ཞིག་ལ་སྤྲིངས།༽
འབའ་སྲས།
སྙན་ངག་མེ་ལོང་ཁྲིད་པའི་ལངས་ཤོར་གྱིས།།
བདག་གི་སྐྱག་ཁ་སྐྱག་ལངས་ཤོར་བ་ཡིས།།
ད་ནི་ཁ་འདི་སུ་ལ་མི་འཛེམས་པར།།
འདོད་པའི་གཏམ་ཞིག་སྨྲ་ལ་ངོ་མི་གནོང་།།
ལུས་རྒྱན་སྐྱོན་སེལ་ཐེངས་མང་ཁྲིད་པ་ཡིས།།
གྲོགས་ཁྱོད་བདག་ལ་ཧ་ཅང་སུན་གྱུར་ཡོད།།
དེ་རིང་གྲོགས་ཀྱིས་རྣ་བའི་སྒོ་གཏོད་དང་།།
རྙ་མ་འཛག་སྟངས་སློབ་ཁྲིད་གསར་བ་བྱེད།།
སློབ་ཁྲིད་འདི་ནི་མཐོ་བ་རྒྱལ་བོ་དང་།།
དམའ་བ་སྤྲང་བོ་ཨ་ཕ་ཨ་མ་དང་།།
ཕུ་བོ་ནུ་བོ་ཨ་ཅེ་སྲིང་མོའི་བར།།
ཤིན་ཏུ་མཁོ་བའི་སློབ་ཚན་ཉག་གཅིག་ཡིན།།
སློབ་ཚན་འདི་ལ་མ་སྦྱངས་བཟའ་ཚང་འགའ།།
ཉིན་མོ་ཟས་ཀྱི་ཁ་ནས་འགྲིག་ན་ཡང་།།
མཚན་མོ་ཉལ་ཆས་འོག་ནས་མ་འཆམས་པར།།
ཁ་འཛིང་ལག་འཛིང་བྱས་པའི་གཏམ་རྒྱུད་མང་།།
གྲོགས་ཁྱོད་ད་ནི་གཉེན་སྒྲིག་བྱེད་ལ་རན།།
དགའ་བོ་ཞིག་ཀྱང་འགྲམ་ན་ཡོད་པ་ཐོས།།
དེ་བས་དེ་རིང་དམིགས་བསལ་སློབ་ཚན་འདི།།
ཆེད་དུ་སློབ་ཐུན་འདི་ལ་གོ་སྒྲིག་བྱས།།
རྙ་མ་འཛག་སྟངས་རང་གི་ལུགས་ལ་སྦྱོར།།
བདེ་བ་འཐོབ་ཚུལ་དེ་ཡང་རང་གི་ལུགས།།
རང་གིས་བྱས་མྱོང་མ་གསང་དྲང་བའི་གཏམ།།
དེ་རིང་གྲོགས་པོ་ཁྱོད་ལ་བཤད་ཀྱི་ཉོན།།
ཁྱོད་ཀྱི་དགའ་མའི་ལུས་ཀྱི་དབྱིབས་གཟིགས་དང་།།
སེམས་ཀྱི་དགའ་བའི་ཚོར་ཤུགས་ཅི་འདྲ་བ།།
བྷ་གའི་སྒོ་མོ་ཆེ་ཆུང་མི་ཤེས་བས།།
རང་གི་དགའ་མ་དག་དང་སྦྱོར་ནས་བཤད།།
སྨན་ཤར་བུ་མོའི་ལུས་ཀྱི་དབྱིབས་གཟུགས་དང་།།
འདོམ་གྱི་རྙ་མའི་སྒོ་མོ་ཆེ་ཆུང་སོགས།།
གང་ལ་གང་བལྟས་དེ་ལ་དེ་འཚམས་ཀྱིས།།
སྤྱོད་སྟངས་སྣ་ཚོགས་བརྗེས་ནས་སྤྱོད་པ་མཆོག །
བུ་མོ་འགའ་ཤས་སྐྲ་ཡིས་འཐེན་པ་དང་།།
འགྲམ་ལྕག་སྟེར་བཞིན་སྐེ་ལ་སོ་འདེབས་པ།།
དྲག་ཅིང་རྩུབ་པའི་སྤྱོད་ན་སྐྱིད་དོ་ཅེས།།
བདག་གིས་འཛག་མྱོང་དགའ་རོགས་ཤིག་གིས་བཤད།།
བུ་མོ་འགའ་ཤས་དེ་ལས་ལྡོག་པ་སྟེ།།
ལྷོད་ལྷོད་དལ་དལ་ངལ་ཐང་ཆད་པ་བཞིན།།
ཉམ་ཆུང་གཤིས་ཀྱིས་ག་ལེར་འཛག་བྱས་ན།།
ཤིན་ཏུ་སྐྱིད་ཅེས་བོད་མོ་ཞིག་གིས་བཤད།།
འགའ་ཤས་དང་ཐོག་ག་ལེར་ལྷོད་ཀྱིས་འཛག །
དེ་ནས་རིམ་བཞིན་མགྱོགས་ཅིང་དྲག་པོས་སྤྱོད།།
འཇམ་རྩུབ་མཉམ་བསྲེས་བདེ་བ་མཆོག་སྟེར་ཞེས།།
མཚན་གཅིག་ཉལ་རོགས་རྒྱ་མོ་ཞིག་གིས་བཤད།།
སྐྲ་ཡི་སྣེ་མོ་འཇུས་ནས་ཤུགས་ཀྱིས་འཐེན།།
ཨོང་ཤ་ཕང་ཁར་སྦྱར་ཏེ་རྒྱབ་ནས་སྤྱོད།།
རྟ་མཆོག་རྒོད་པོར་ཞོན་ནས་རྒྱུག་པ་བཞིན།།
འཛག་ན་སྐྱིད་ཅེས་སེ་མོ་ན་ཡིས་བཤད།།
ཁ་ཤས་དང་ཐོག་ཁྱི་དང་ཁྱི་མོ་བཞིན།།
ཧ་ཅང་ཤུགས་ཆེ་མྱུར་བའི་ཚུལ་གྱིས་སྤྱོད།།
རྗེས་སུ་གཡང་དཀར་ལུག་གི་འཛག་སྟངས་བཞིན།།
ལྷོད་ཅིང་འཇམ་པའི་ངང་གིས་རྒྱུན་རིང་བྱ།།
དེ་ཡང་བུ་མོ་ལུས་ཀྱི་སྟོད་ཆེ་ན།།
དང་པོ་ནས་བཟུང་ཁུ་བ་བཞུར་བའི་བར།།
དོམ་ནག་སྨྱོན་པས་སྤྱང་ཤ་ཟ་བ་བཞིན།།
གང་འདོད་ཅི་འདོད་བྱས་ནས་འཛག་ན་མཆོག །
ལྕང་སྡོང་ཡལ་ཀ་སྟེང་གི་འཇོལ་མོ་དང་།།
མེ་ཏོག་འདབ་མ་ངོས་ཀྱི་སྦྲང་མ་སོགས།།
བྱ་བྱི་འབའ་འབུ་རིགས་ཀྱི་འཛག་སྟངས་ལྟར།།
བྱས་ན་དེ་ཡང་སྐབས་རེར་ཚིམས་པ་སྟེར།།
ལན་རེ་མི་ཡི་སྤྱོད་པའི་ཚུལ་དོར་ནས།།
ལྷ་དང་ལྷ་མོའི་སྤྱོད་ཚུལ་ཡིན་ཁུལ་གྱིས།།
སྙན་མོ་དབྱངས་དང་སྦྱར་ནས་འཛག་པ་ན།།
བདེ་བ་ཁྱད་པར་ཅན་ཞིག་ངང་གིས་ཐོབ།།
རང་གི་ལུས་པོ་ངལ་ཐང་ཆད་པའི་དུས།།
ཟུར་གྱིས་ཉལ་ནས་རྒྱབ་ནས་འཛག་ན་བདེ།།
འཛག་སྟངས་འདི་ཡིས་ཕན་ཚུན་གཉིས་ཆ་ལ།།
རྟ་མཇེ་ཁོག་འཛུལ་ལྟ་བུའི་སྣང་བ་སྟེར།།
སྤྱིར་ན་བུ་མོ་ལོ་ཆེ་ཕལ་ཆེ་བ།།
རྒྱ་མཚོ་ཁ་ཡི་ཆུ་གླང་ཉོལ་དོ་བཞིན།།
འཛག་ན་སེམས་ཀྱི་འདོད་པ་ཚིམས་དཀའ་བས།།
རྒྱ་སྟག་དར་མ་ནགས་ནས་མཆོངས་མཆོངས་བྱེད།།
དེ་དང་དེ་འདྲའི་བུ་མོ་མི་འདྲ་བ།།
སྤྱོད་སྟངས་དེ་ཡང་རྣམ་པ་སྣ་ཚོགས་ཀྱིས།།
འཛག་ན་འདི་ནི་རྙ་མ་འཛག་སྟངས་ལས།།
སྣ་གཅིག་སྤྱོད་པ་འབུ་ལི་ལག་བསྡམས་འདྲ།།
འདི་ལྟར་རྙ་མ་འཛག་སྟངས་ཁྲིད་པའི་མཇུག །
བུ་མོའི་ལུས་ཀྱི་ཕྲ་རག་མི་འདྲ་བར།།
ཇི་ལྟར་སྤྱད་ན་བདེ་བའི་མཆོག་སྟེར་བ།།
ལས་བྱ་བྲིས་ནས་བདག་ལ་ལན་ཞིག་བསྐུར།།
འདོད་གཏམ་ལག་ལེན་གྱི་སློབ་ཁྲིད།
སྙན་ངག་མེ་ལོང་ཁྲིད་པའི་ལངས་ཤོར་གྱིས།།
བདག་གི་སྐྱག་ཁ་སྐྱག་ལངས་ཤོར་བ་ཡིས།།
ད་ནི་ཁ་འདི་སུ་ལ་མི་འཛེམས་པར།།
འདོད་པའི་གཏམ་ཞིག་སྨྲ་ལ་ངོ་མི་གནོང་།།
ལུས་རྒྱན་སྐྱོན་སེལ་ཐེངས་མང་ཁྲིད་པ་ཡིས།།
གྲོགས་ཁྱོད་བདག་ལ་ཧ་ཅང་སུན་གྱུར་ཡོད།།
དེ་རིང་གྲོགས་ཀྱིས་རྣ་བའི་སྒོ་གཏོད་དང་།།
འདོད་གཏམ་ལག་ལེན་སློབ་ཁྲིད་གསར་བ་བྱེད།།
སློབ་ཁྲིད་འདི་ནི་མཐོ་བ་རྒྱལ་བོ་དང་།།
དམའ་བ་སྤྲང་བོ་ཨ་ཕ་ཨ་མ་དང་།།
ཕུ་བོ་ནུ་བོ་ཨ་ཅེ་སྲིང་མོའི་བར།།
ཤིན་ཏུ་མཁོ་བའི་སློབ་ཚན་ཉག་གཅིག་ཡིན།།
སློབ་ཚན་འདི་ལ་མ་སྦྱངས་བཟའ་ཚང་འགའ།།
ཉིན་མོ་ཟས་ཀྱི་ཁ་ནས་འགྲིག་ན་ཡང་།།
མཚན་མོ་ཉལ་ཆས་འོག་ནས་མ་འཆམས་པར།།
ཁ་འཛིང་ལག་འཛིང་བྱས་པའི་གཏམ་རྒྱུད་མང་།།
གྲོགས་ཁྱོད་ད་ནི་གཉེན་སྒྲིག་བྱེད་ལ་རན།།
དགའ་བོ་ཞིག་ཀྱང་འགྲམ་ན་ཡོད་པ་ཐོས།།
དེ་བས་དེ་རིང་དམིགས་བསལ་སློབ་ཚན་འདི།།
ཆེད་དུ་སློབ་ཐུན་འདི་ལ་གོ་སྒྲིག་བྱས།།
འདོམ་འཇུག་བྱེད་སྟངས་རང་གི་ལུགས་ལ་སྦྱོར།།
བདེ་བ་འཐོབ་ཚུལ་དེ་ཡང་རང་གི་ལུགས།།
རང་གིས་བྱས་མྱོང་མ་གསང་དྲང་བའི་གཏམ།།
དེ་རིང་གྲོགས་པོ་ཁྱོད་ལ་བཤད་ཀྱི་ཉོན།།
ཁྱོད་ཀྱི་དགའ་མའི་ལུས་ཀྱི་དབྱིབས་གཟིགས་དང་།།
སེམས་ཀྱི་འདོད་པའི་ཚོར་ཤུགས་ཅི་འདྲ་བ།།
བྷ་གའི་སྒོ་མོ་ཆེ་ཆུང་མི་ཤེས་བས།།
རང་གི་དགའ་མ་དག་དང་སྦྱོར་ནས་བཤད།།
མྱོས་བུམ་ཟླུམ་པོ་ལག་པས་མ་རེག་གོང་།།
ལང་གའི་མགོ་བོ་བྷ་གར་མ་བཅུག་སྔོན།།
བུད་མེད་རིགས་ལ་དགོས་པའི་སྔོན་འགྲོ་སྟེ།།
ཆགས་ཚིག་སྨྲ་བའི་གཏམ་གྱིས་དགའ་བར་བྱེད།།
འཕྲད་མ་ཐག་ཏུ་ལམ་སང་སྐེ་ལ་འཐེམ།།
འཐེམ་མ་ཐག་ཏུ་དབང་བོ་འདོམ་ལ་སྦྱར།།
སྦྱར་མ་ཐག་ཏུ་ཁུ་བ་བཞུར་བར་བྱེད།།
འདི་རིགས་བུད་མེད་ནམ་ཡང་དགའ་བ་མིན།།
སྙན་མོ་ཚིག་གིས་རྣ་ལ་སྙན་པར་སྨྲ།།
འཇམ་མཉེན་ལག་པས་རྐུབ་དང་སྐེད་པ་ཕུར།།
ནུ་མའི་ཏོག་རྩེ་རང་གི་སྙིང་ཁར་སྦྱོར།།
འཁྱུད་དང་འོ་བྱས་བྱ་བ་དང་བོར་ལེན།།
སྔོན་འགྲོ་འདི་ཡིས་ལུས་ཀྱི་ཤ་དྲོད་དང་།།
སེམས་ཀྱི་ཆགས་པ་མ་ལུས་བསླངས་བྱས་ནས།།
དཀར་བའི་ངོ་མདངས་དམར་པའི་མདོག་ལ་བརྗེས།།
འབྱིན་པའི་སྐད་ཀྱང་མི་འདྲ་སྣ་ཚོགས་འགྱུར།།
མཚམས་རེར་ཉན་ན་སྦྲང་མ་གྲགས་པ་འམ།།
སྐབས་རེར་ཉམ་ཆུང་ལུ་གུ་འབའ་བ་བཞིན།།
ལན་རེར་ཐང་ཆད་དབུགས་རིང་འབྱིན་པ་ལྟར།།
ཆགས་པའི་དབྱངས་རྟ་དྲུག་ལྡན་ཐོས་པར་འགྱུར།།
སྐབས་འདིར་སླེབས་ཚེ་ད་བཟོད་བུད་མེད་ཀྱི།།
ངོ་ཚའི་རང་ཚུགས་ཤོར་ནས་ལག་པ་ཡིས།།
ཕོ་ཡི་ལང་གའི་རྩ་བ་ལ་འཇུས་ནས།།
བརླ་ཁ་ཕྱེས་པའི་བྷ་གའི་ཁ་རུ་འདྲེན།།
ལོ་ཏོག་སྙེ་མ་སྨིན་པའི་སྟོན་ཐོག་དང་།།
ཐབ་ཀྱི་འོ་ཇ་འཁོལ་བའི་ཚ་ཐོག་ཏུ།།
སྦྲུལ་ནག་ཚང་ལ་འཛུལ་བའི་ངང་ཚུལ་བཞིན།།
ལང་གའི་རྩ་བ་བར་ཏུ་ནང་འཇུག་བྱེད།།
མྱུར་དང་ཤུགས་ཀྱིས་རྩ་བ་བར་དུ་བརྡབ།།
དལ་དང་ལྷོད་ཀྱིས་རྩེ་མོ་བར་དུ་འཐེན།།
ལང་གའི་ཏོག་གིས་བྷ་གའི་ཁ་ཤ་བརྡར།།
སླར་ཡང་ནང་འཇུག་བྱས་ནས་སྔར་བཞིན་སྤྱོད།།
ཆུ་ཡི་ཉ་མོ་ས་ཁར་བཏོན་པ་དང་།།
ནགས་ཀྱི་བྱི་ཆུང་ཆུ་ནང་ལྷུང་བ་བཞིན།།
རང་ཚུགས་ཤོར་ནས་རང་དབང་མེད་པ་ཡིས།།
ཨ་ཕ་ཨ་མ་འབོད་པའི་སྐད་ཀྱང་ཐོས།།
སྤྱོད་སྟངས་འདི་ནི་བུད་མེད་ཕལ་ཆེ་ལུགས།།
ལུགས་འདི་སྤོངས་མཁན་ཧ་ལམ་མེད་ཅེས་གྲགས།།
གྲགས་པའི་གཏམ་ལ་ཡིད་ཆེས་དཀའ་ན་ཡང་།།
ཡང་ཡང་སྤྱད་པའི་ཉམས་མྱོང་བསགས་ནས་བཤད།།
སྨན་ཤར་བུ་མོའི་ལུས་ཀྱི་དབྱིབས་གཟུགས་དང་།།
བྷ་ག་གཏིང་ཟབ་སྒོ་མོ་ཆེ་ཆུང་སོགས།།
གང་ལ་གང་བལྟས་དེ་ལ་དེ་འཚམས་ཀྱིས།།
སྤྱོད་སྟངས་སྣ་ཚོགས་བརྗེས་ནས་སྤྱོད་པའང་མཆོག །
བུ་མོ་འགའ་ཤས་སྐྲ་ཡིས་འཐེན་པ་དང་།།
འགྲམ་ལྕག་སྟེར་བཞིན་སྐེ་ལ་སོ་འདེབས་པ།།
དྲག་ཅིང་རྩུབ་པའི་སྤྱོད་ན་སྐྱིད་དོ་ཅེས།།
བདག་གིས་སྤྱད་མྱོང་དགའ་རོགས་ཤིག་གིས་བཤད།།
བུ་མོ་འགའ་ཤས་དེ་ལས་ལྡོག་པ་སྟེ།།
ལྷོད་ལྷོད་དལ་དལ་ངལ་ཐང་ཆད་པ་བཞིན།།
ཉམ་ཆུང་གཤིས་ཀྱིས་ག་ལེར་རྩ་བར་སྦྱར།།
ཤིན་ཏུ་སྐྱིད་ཅེས་བོད་མོ་ཞིག་གིས་བཤད།།
འགའ་ཤས་དང་ཐོག་ག་ལེར་ལྷོད་ཀྱིས་དང་།།
དེ་ནས་རིམ་བཞིན་མགྱོགས་ཅིང་དྲག་པོས་སྤྱོད།།
འཇམ་རྩུབ་མཉམ་བསྲེས་བདེ་བ་མཆོག་སྟེར་ཞེས།།
མཚན་གཅིག་ཉལ་རོགས་རྒྱ་མོ་ཞིག་གིས་བཤད།།
སྐྲ་ཡི་སྣེ་མོ་འཇུས་ནས་ཤུགས་ཀྱིས་འཐེན།།
ཨོང་ཤ་ཕང་ཁར་སྦྱར་ཏེ་རྒྱབ་ནས་སྤྱོད།།
རྟ་མཆོག་རྒོད་པོར་ཞོན་ནས་རྒྱུག་པ་བཞིན།།
སྤྱད་ན་སྐྱིད་ཅེས་སེ་མོ་ན་ཡིས་བཤད།།
ཁ་ཤས་དང་ཐོག་ཁྱི་དང་ཁྱི་མོ་བཞིན།།
ཧ་ཅང་ཤུགས་ཆེ་མྱུར་བའི་ཚུལ་གྱིས་སྤྱོད།།
རྗེས་སུ་གཡང་དཀར་ལུག་གི་འཛག་སྟངས་བཞིན།།
ལྷོད་ཅིང་འཇམ་པའི་ངང་གིས་རྒྱུན་རིང་བྱ།།
དེ་ཡང་བུ་མོ་ལུས་ཀྱི་སྟོད་ཆེ་ན།།
དང་པོ་ནས་བཟུང་ཁུ་བ་བཞུར་བའི་བར།།
དོམ་ནག་སྨྱོན་པས་སྤྱང་ཤ་ཟ་བ་བཞིན།།
གང་འདོད་ཅི་འདོད་བྱས་ནས་སྤྱོད་པ་མཆོག །
ལྕང་སྡོང་ཡལ་ཀ་སྟེང་གི་འཇོལ་མོ་དང་།།
མེ་ཏོག་འདབ་མ་ངོས་ཀྱི་སྦྲང་མ་སོགས།།
བྱ་བྱི་འབའ་འབུ་རིགས་ཀྱི་འཛག་སྟངས་ལྟར།།
བྱས་ན་དེ་ཡང་སྐབས་རེར་ཚིམས་པ་སྟེར།།
ལན་རེ་མི་ཡི་སྤྱོད་པའི་ཚུལ་དོར་ནས།།
ལྷ་དང་ལྷ་མོའི་སྤྱོད་ཚུལ་ཡིན་ཁུལ་གྱིས།།
སྙན་མོ་དབྱངས་དང་སྦྱར་ནས་འཁྲིག་པ་ན།།
བདེ་བ་ཁྱད་པར་ཅན་ཞིག་ངང་གིས་འཐོབ།།
རང་གི་ལུས་པོ་ངལ་ཐང་ཆད་པའི་དུས།།
ཟུར་གྱིས་ཉལ་ནས་རྒྱབ་ནས་བསྟེན་ན་བདེ།།
འཛག་སྟངས་འདི་ཡིས་ཕན་ཚུན་གཉིས་ཆ་ལ།།
རྟ་མཇེ་ཁོག་འཛུལ་ལྟ་བུའི་སྣང་བ་སྟེར།།
སྤྱིར་ན་བུ་མོ་ལོ་ཆེ་ཕལ་ཆེ་བ།།
རྒྱ་མཚོ་ཁ་ཡི་ཆུ་གླང་ཉོལ་དོ་བཞིན།།
འཛག་ན་སེམས་ཀྱི་འདོད་པ་ཚིམས་དཀའ་བས།།
རྒྱ་སྟག་དར་མ་ནགས་ནས་མཆོངས་མཆོངས་བྱེད།།
དེ་དང་དེ་འདྲའི་བུ་མོ་མི་འདྲ་བ།།
སྤྱོད་སྟངས་དེ་ཡང་རྣམ་པ་སྣ་ཚོགས་ཀྱིས།།
འདོམ་འཇུག་དེ་ནི་ཕོ་མོའི་འདོད་འཇུག་ལས།།
སྣ་གཅིག་སྤྱོད་པ་ལང་ག་ལག་བསྡམས་འདྲ།།
འདི་ལྟར་འདོད་གཏམ་ལག་ལེན་ཁྲིད་པའི་མཇུག །
བུ་མོའི་ལུས་ཀྱི་ཕྲ་རག་མི་འདྲ་བར།།
ཇི་ལྟར་སྤྱད་ན་བདེ་བའི་མཆོག་སྟེར་བ།།
ལས་བྱ་བྲིས་ནས་བདག་ལ་ལན་ཞིག་བསྐུར།།
འདིར་འབྲི་སྣོན་ཞིག་བྱས་ཡོད་པ་བསྐྱར་དུ་མཆན་དུ་བཀོད་པ་ལགས།
ཕྱི་གླིང་བ་ལ་འདོད་བསྟན་དེ་ཙམ་མི་མཁོ་ཡང་ །། ཁ་བ་ཅན་འདིར་སྔར་ནས་ད་ལྟ་ཐུག་གི་བར །། འཐུས་ཚང་མ་བྱུང་ཕྱི་རབས་ཉམས་མྱོང་རྒན་པོ་ལ །། བཞག་པའི་དགེ་ཆོས་ཁ་ཆེམས་ཁྱེད་ཀྱི་ཕྲག་ཏུ་བབས །།
རྐང་ཕྲ་ལག་ཕྲ་ཤིང་གི་ཐུག་མ་དང།། ནུ་མ་ཆུང་ཆུང་ལུག་གི་རིལ་མ་ཅན།།
དེ་མིན་ད་དུང་མེ་ཏོག་མའི་རིགས་ལ།། ཇི་ལྟར་སྤྱད་ན་ཁམས་ལུགས་འབའ་སྲས་གསུངས།།
ཁ་བརྡའི་ནང་གི་འདོད་པའི་གཏམ་གྱི་ལེའུ་དེ་རེ་ཤིག་རྫོགས་སོ། །ད་ནི་མཆན་བུ་འབྲི་འགོ་ཚུགས་ཤིག
ཀློག་མཁན་དང་པོ་ང་རང་ཡིན་སྙམ་ཡང་། །་་་
རྣམ་པ་ཚོས་བསམ་ཚུལ་སྤེལ་བར་བཀའ་དྲིན་ཆེ། ད་ལྟ་ལས་ཀ་ན་ཡོད་པས་ཁ་སྣོན་རེ་བྱེད་ཐུབ་མ་སོང་། ལས་ཀ་གྲོལ་རྗེས་མུ་མཐུད་འབྲི་རྒྱུ་ཡིན།
རང་གི་མཚན་མའི་ཆེ་ཆུང་ཕྲ་འབོམ་དང་། སྟུ་ཞེངས་ཆེ་ཆུང་ཚ་དྲོད་དམ་ལྷོད་སོགས། གནའ་གདེངས་རྒྱོ་ཡི་རྣམ་བཞག་ལེགས་ཉེས་སོགས། རྩོམ་འདི་ཀློག་པས་མཇེས་ནས་ཁུ་འཆོར།
ཉམས་མྱོང་དང་འབྲེལ་བའི་ཐོག་འགའ་ཞིག་བཤད་རྒྱུ་ཡོད་ན་ཉན་འདོད་པ་གང་འཚམ་ཡོད་ཚོད་རེད།
དེ་མིན་ཉ་ཉོག་མང་ན་ཕན་འབྲས་ཆུང་།
འདི་ལ་མེད་པའི་ལུགས་གཅིག་ཁ་སྣོན་བརྒྱབ་པར་འདི་ལྟར།
བུད་མེད་ལ་ལ་སྟུ་ལས་རྐུབ་ཁུང་དགའ།
དང་པོ་བརླན་ཆིལ་སྟེར་བཞིན་རློན་པ་བཟོས།
རིམ་བཞིན་ནང་ལ་བཅུག་ནས་དལ་བུས་འབུད།
ཇ་ལེའི་ཏོག་ལ་སྙེ་བཞིན་མུ་མཐུད་འབུད།
ཆགས་པ་འཕེལ་ཚེ་ཤུགས་ཆེར་ཐེངས་མང་སྣུན།
འདི་ནི་བདེ་བ་ཆེན་པོ་བྱུང་བའི་མང་ངག་གོ
རྒན་ལགས་ཀྱིས་དཔེ་ཁྲིད་བྱས་པ་དེ་ལུགས་རྙིང་མང་དྲགས་བྱ།
གསར་བ་མེད་དམ།
གསར་བ་ཡོད་ཀྱང་བོད་པ་ཚོ་ལ་ཅུང་ཁག་དྲག་པས་བར་སྐབས་སུ་བཞག་ཡོད། སྐབས་རྗེས་བའི་སློབ་ཚན་ནང་ལུགས་གསར་གྱི་སྤྱོད་སྟངས་གོ་སྒྲིག་བྱ་རྒྱུ་ཡིན། སྐབས་དེར་འཛིན་གྲྭར་ཕེབས་རྒྱུ་མ་བརྗེད། ཧ་ཧ་ཧ།
རྙ་མ་ཞེས་བྲིས་པ་ནོར་བ་འདྲ། བོད་རྒྱ་ཚིག་མཛོད་དང་སྨོན་ལམ་ཚིག་མཛོད་སོགས་སུ། རྙ་ཞེས་པ་བྱ་ཚིག་དང་། ཡུལ་སྐད་དུ་མོ་མཚན་ལ། གཉའ་མ་ཟེར་བའི་གཉའ་ནི་ག་འོག་ཉ་འ་བཞག་་་་གཉའ་འདི་བྲིས་འདུག
འདིའི་རིགས་གནའ་བསྐལ་བ་ཆགས་ལ་མ་ཆགས་ཀྱི་དུས་ཤིག་ནས་རྒྱ་གར་གྱི་བྲམ་ཟེར་རྒན་པོ་ཚོས་ཤིང་ནགས་ནང་དུ་ལག་ལེན་ལ་བཏབ། ཏ་ལའི་ལོ་མའི་སྟེང་དུ་མདོ་མང་པོ་བྲིས། དེང་སང་འཛམ་གླིང་གི་སྐད་ཡིག་ཚང་མའི་ནང་དུ་དུས་ལས་ཡོལ་བའི་རིག་གནས་ཞིག་ལ་ངོས་བཟུང་ནས་འགྱུར་ཚར་བ་ཞིག་རེད། བྲོ་བ་དམིགས་བསལ་བ་གང་ཡང་མེད་པ་རེད། ད་འཛགས་སྟངས་བྲོ་བ་ཅན་ཞིག་འབྲི་བསམ་ན་བུས་བུ་ལ་སྤྱོད་སྟངས། གློག་ཀླད་ཀྱི་མདུན་ནས་འཁྲིག་བདེ་མྱོང་སྟངས། ཁ་པར་གྱི་ལམ་ནས་འཁྲིག་བདེ་མྱོང་སྟངས། འཁྲིག་བདེ་སྟེར་བའི་ལག་ཆ་འདྲ་མིན་བེད་སྤྱད་སྟངས། འདྲ་གཟུགས་ལ་བརྟེན་ནས་འཁྲིག་བདེ་མྱོང་སྟངས་དེ་ཚོ་བྲིས་ན་ངོ་མ་ས་ཁུག་ལུང་ཀྱོག་གི་མི་ཚོའི་ངོ་གདོང་དམར་པོ་བཟོ་ཐུབ་གི་རེད། གཅིག་བྱས་ན་ཁ་ཤས་རེས་ཚོད་ལྟ་བྱེད་མཁན་ཡང་ཡོད་འགྲོ། དེ་མིན་བྲམ་ཟེར་རྒན་པོའི་རིག་གནས་དེ་ཚོ་བྲིས་ཀྱང་ལྟ་ཀློག་བྱེད་མཁན་རག་གི་མ་རེད།
འོ་ན། སྤོབས་པ་ཁྱེད་ཀྱིས་ཡང་ཕྲིས་དང། ལྟ་ཀློག་བྱེད་མཁན་ཡོད་མེད་ལ་ཐུགས་ཁྲལ་གནང་དོན་མེད་ཀ། མིས་ཅིག་འབྲི་གི་ཡོད་དུས།
ཕོ་ཡིས་ཕོ་ལ་སྤྱོད་སྟངས་ངས་མི་ཤེས།།
ཁ་དང་རྐུབ་ཀྱི་གསལ་ཆ་བདག་ལ་མེད།།
འགྱིག་གི་མོ་མཚན་རིན་གོང་དྲིས་མྱོང་ལས།།
དངོས་སུ་ཉོས་ནས་ཚོད་བལྟ་བྱས་མ་མྱོང་།།
ཕོ་ཡི་ལྕེ་ཡིས་སྟུ་ཁ་ལྡག་པ་དང་།།
མོ་ཡི་ཁ་ཡིས་རླིག་པ་འཇིབ་པ་སོགས།།
དེང་རབས་སྤྱོད་སྟངས་སྣ་ཚོགས་ཡོད་མོད་ཀྱང་།།
རང་ཅག་བོད་པར་མི་མཁོ་ཟུར་ནས་བཞག །
དེ་མིན་བུ་མོ་ལོ་ན་བགྲེས་གཞོན་དང་།།
མི་རིགས་མི་གཅིག་མགོ་སེར་མི་ནག་མ།།
ཁ་ཆེ་བུ་མོ་རྒྱ་མོ་སོག་མོ་སོགས།།
ཅི་ལྟར་སྤྱོད་དགོས་སློབ་ཚན་རྗེས་ནས་འབྲི།།
འབའ་སྲས་ལགས། སློབ་ཚན་གཉིས་པ་ཁྲིད་རོགས་། ད་གང་ན་བུད་ཐལ། རྒན་ལགས། འཁྲེབ་ཏོ་དེ