གནས་ཚུལ་མཁོ་གཏོང་གནང་མཁནཿ མཁན་པོ་ཆོས་དབྱིངས།
དཔལ་སྔ་འགྱུར་རྙིང་མའི་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་ཆེ་བཤད་སྒྲུབ་ཉིན་བྱེད་ཕྲིན་ལས་བཟང་པོ་མཆོག་གིས་༢༠༡༢ སྤྱི་ཟླ་ ༥ ཚེས་༤༢ དབུ་བཙུགས་ཏེ་བྱང་གཏེར་གྱི་བཀའ་དབང་དང་ལྗགས་ལུང་བསྩལ་ཡོད་པ་རེད། སྐྱབས་རྗེ་མཆོག་འདི་ལོ་སྤྱི་ཟླ་ ༣ ཚེས་་༦ ། བོད་རབ་བྱུང་བཅུ་བདུན་པའི་ཆ ུ་འབྲུག་ལོའི་བོད་ཟླ་ ༡ ་ཚེས་ ༡༣ རེས་གཟའ་མིག་དམར་ཉིན། སྔ་འགྱུར་རྙིང་མ་མ་དགོན་དྲུག་གི་བླ་ཆེན་ཁག་མཁན་དང་པོ་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་རྙིང་མའི་དབུ་འཛིན་དུ་ཞལ་བཞེངས་གནང་། བླ་ཆེན་རྣམས་ཀྱིས་མཎྜལ་རྟེན་གསུམ་བཏེགས་འབུལ་ཞུས། དེ་རྗེས་རྡོ་བྲག་འདུས་སྤྱི་ནས་གསོལ་བ་བཏབ་པ་བཞིན་སྤྱི་ཟླ་༥ ཚེས་ ༢༤ ཉིན་དབུ་བཙུགས་ཏེ་སྔ་འགྱུར་ཡོང་རྫོགས་ཀྱི་བཀའ་དབང་ལྗགས་ལུང་བསྩལ་གནང་བ་དང་། སྤྱི་ཟླ་ ༦ ཚེས་ ༤ ས་ག་ཟླ་བའི་ཚེས་ ༡༥ ཉིན་༸གོང་ས་ཏཱ་ལའི་བླ་མ་མཆོག་གཟིམ་ཆུང་ནང་མཇལ་གནང་སྟེ་རྙིང་མའི་དབུ་འཛིན་གྱི་ཁྲི་དར་གནང་བ་དང་ཉིན་དེའི་ཕྱི་དྲོ་སིམ་ལ་རྡོ་བྲག་མ་དགོན་དུ་ཆིབས་བསུ་གཟག་རྒྱས་བྱས་ཞིང་ངོ་མཚར་བའི་རྟགས་མཚན་དུ་མས་སྣ་དྲངས་ཏེ་་རྡོ་བྲག་དགོན་དུ་ཞབས་སོར་བཀོད། ཚེས་ ༥ ཉིན་ སྐུ་ངལ་བསོས། ཚེས་ ༦་ ཉིན་རྙིང་མའི་དབུ་འཛིན་གྱི་ཁྲི་འདོན་མཛད་སྒོ་རྒྱས་པ་ཞིག་བྱས། མཛད་སྒོ་དེར་བཀའ་དབང་ཞུ་བཞིན་ཡོད་པའི་དིལ་མགོའི་མཁྱེན་བརྩེའི་ཡང་སྲིད་རིན་པོ་ཆེ། འབྲུ་གུང་རྒྱབ་ར་ཁྲི་ཚབ་རིན་པོ་ཆེས་དབུས་པའི་མཁན་སྤྲུལ་བརྒྱ་ལྷག་དང་དགེ་འདུན་དང་བཙུན་མ་མི་མང་བཅས་ཁྱོན་ཆོས་ཞུ་བ་གཅིག་སྟོང་ལ་ཉེ་བ་ཙམ་དང་། རྣམ་གྲོལ་གླིང་སྐུ་ཚབ་མཁན་པོ་ཚེ་རིང་རྡོ་རྗེ། ཇོ་ནང་སྐུ་ཚབ། རྙིང་མ་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ། ཆོས་རིག་དྲུང་ཆེ། གནས་ཆུང་གྲ་ཚང་གི་སྐུ་ཚབ། དགའ་གདོང་དགོན་པའི་སྐུ་ཚབ་། དེ་བཞིན་སིམ་ལ་ས་གནས་བོད་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་བཅས་ཕེབས་ཡོད་པ་རེད།
དཔལ་སྔ་འགྱུར་རྙིང་མའི་དབུ་འཛིན་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གི་གསང་གསུམ་ཡིད་བཞིན་བཞིན་ནོར་བུ་མཆོག སྐུ་མཆོག་ལྷུན་པོའི་གཏོས་བཞིན་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང། གསུང་མཆོག་ཚངས་པའི་དབྱངས་བཞིན་ནམ་ཡང་འགག་པ་མེད་པར་སྐྱེ་འགྲོའི་གསོས་སུ་བསྐལ་བརྒྱར་སྒྲོགས་པ་དང། ཐུགས་མཆོག་ཉི་ཟླ་བཞིན་དུ་སྐྱེ་འགྲོའི་དཔལ་དུ་བསྐལ་བརྒྱར་འོད་སྣང་འབྱིན་པའི་བཀྲ་ཤིས་ཤོག་གུ།
མུ་ཙུག་སྨར་རོ།
༧སྐུ་ཚེ་བརྟན་ཅིང་མཛད་ཕྲིན་རྒྱས་གྱུར་ཅིག
མཁན་པོ་ཆོས་དབྱིངས་ལགས་ཚེས་༤༢་ཟེར་བ་ཞིག་ཁྱེད་ལ་མ་གཏོགས་ཡོད་མི་འདུག ཡིན་ཡང་གསུངས་ཆོས་ལེགས་འགྲུབ་ཡོང་བའི་སྨོན་ལམ་ཡོད་ལ།ཉན་མཁན་ཡང་མང་པོ་ཡོང་བའི་རེ་བ་ཡོད།དངུལ་ཡང་མང་པོ་རེག་པའི་རེ་བ་ཆེ་ཡ།
རྙིང་མ་པའི་དབུ་འཛིན་ཕེབས་པར་བཀྲ་ཤིས་བདེ་ལེགས་ཞུ། འོན་ཀྱང་ཁོང་ཡང་ལོ་ཆེན་རེད་འདུག རྙིང་མ་ཚང་ལ་ལོ་གཞོན་དབུ་འཛིན་འོས་པ་དེ་ཡོད་མ་རེད་པས། ལྟ་ཚུལ་གཅིག་བྱེད་དུས་རྙིང་མ་ཚང་ལ་བན་སྐྱ་སེར་ཕོ་མོ་གཉིས་ཡོད་ན་ཡང་མཚམས་རེར་མི་ཟད་རྡོ་ལ་ཐུག་སོང་པ་འདྲ་འདུག ལྟོས་ར་རྣིང་མ་ཚང་གི་སྤྱི་འཐུས་བོ། བོད་མའི་ཆབ་སྲིད་དང་རྙིང་མ་པའི་ཆོས་ལུག་དེ་ཚོ་ཕར་ཚད་རེད། བོད་སྐད་གཙང་མ་ཞིག་ཀྱང་རྒྱབ་ཤེས་གི་མི་འདུག ཡིན་ན་ར་ལོ་མང་པོ་ཞིག་སྤྱི་འཐུས་བསྐོས་སོང་།
དུས་གསུམ་སངས་རྒྱས་ཀུན་གྱི་ཞལ་སྐྱིན། རིགས་དང་དཀྱིལ་འཁོར་ཀུན་གྱི་སྤྲོ་གཞི། གུ་རུ་ཨོ་རྒྱན་པདྨའི་རྒྱལ་ཚབ། སྔ་འགྱུར་བསྟན་པ་ཡོངས་ཀྱི་བདག་པོ་སྐྱབས་རྗེ་རྩེ་སྤྲུལ་རིན་པོ་ཆེ་དགོས་པ་དང་དོན་གྱི་སླད་དུ་མཚན་ནས་སྨོས་ན་བཤད་སྒྲུབ་ཉིན་བྱེད་ཕྲིན་ལས་དཔལ་བཟང་པོ་མཆོག བདག་སོགས་བསྟན་འགྲོའི་མགོན་དཔུང་དུ་ཞབས་ཟུང་གཡོ་བ་མེད་པར་རྡོ་རྗེ་ཆོས་བདུན་གྱི་ངོ་བོར་བརྟན་ཅིང་གསང་གསུམ་རྟག་པ་དམ་པར་རྒྱུན་དུ་བཞུགས་ཏེ་ཟབ་རྒྱས་ཆོས་ཚུལ་རྒྱ་མཚོ་གདུལ་བྱའི་རྒྱུད་དུ་སྩལ་ཞིང་སྨིན་པར་མཛད་དེ་ཕན་བདེའི་ཕྲིན་ལས་ཀྱི་བྱེད་པོ་དམ་པར་ཡུན་ནས་ཡུན་དུ་བཞུགས་པར་གསོལ་བ་ལག་ཟུང་གི་ཐལ་མོ་སྙིང་ཁར་བཀོད་དེ་འདེབས་པ་ལགས་སོ།། །།
༄། །རྙིང་མ་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་མ་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཡོང་བའི་སྨོན་ལམ་དང། སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་སྐུ་ཚེ་བསྐལ་བརྒྱ་བརྟན་ནས་བོད་ཀྱི་བདེན་མཐའ་སེལ་བའི་གསོས་སུ་གྱུར་པའི་སྨོན་ལམ་གྲངས་མེད་ཡོད། མ་ཚད་རིན་པོ་ཆེ་ཉིད་རྙིང་མའི་དབུ་འཛིན་ཕེབས་པའི་དུས་དེ་ནས་འཛམ་གླིང་ཞི་བདེ་ཡོང་བ་དང་བོད་ཡུལ་མནར་གཅོད་ཀྱི་སྡུག་བསྔལ་ལས་ཐར་སྟེ་འཛམ་གླིང་མི་ཡི་རང་དབང་ལ་ལོངས་སུ་སྤྱོད་ཐུབ་པའི་སྨོན་འདུན་དང་བཅས་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
ཀླུ་ཚང་ལགས་ ཆེ་བ་དྲུག་དང་ལྡན་པའི་སྔ་འགྱུར་པ་ཡི་དབུ་འཛིན་དུ་འོས་བབས་ཡོད་པ་སྐུ་ན་གཞོན་པ་མང་དུ་ཡོད་ཀྱང་
དམ་པ་གོང་མ་རྣམས་ཀྱི་ཡ་རབས་ཆོས་དང་མཐུན་པའི་གོ་ནས་ཆེས་མངོན་པར་མཐོ་བའི་སྐྱེས་བུ་རྣམས་རིམ་པས་སྐུ་ན་དང་མཐུན་པར་དབུ་འཛིན་རུ་མངའ་གསོལ་བ་ལས་ཧ་གཅང་ལོ་ན་ཆུང་ཆུང་གི་ལ་འབུད་ལུང་འབུད་གནང་མི་གོས་སོ་
མི་འདོད་པའི་ཚེར་མ་ཞིག་་་་་ རྙིང་མ་པ་ལ་ཧ་ཅང་གི་སྡང་བར་འཛིན་པ་ནི་སྐྱ་གསེར་གཉིས་མང་དུ་ཡོད་ཞེས་པ་དེ་རེད་་་
ངས་ལྟས་ན་བོད་ཀྱི་ཆོས་ལུགས་ཡོད་དོ་གཅོག་ལ་སྐྱ་གསེར་གཉིས་ཡོད་པ་འདོད་ཀྱི་ཡོད་དེ་དང་མཐུན་པར་མངོན་གསུམ་དབང་པོའི་ཡུལ་དུ་མཇལ་རྒྱུ་ཡང་འདུག་གོ་་་་ སྔ་འགྱུར་པ་ཡི་སྡེ་གང་དག་ཆོས་དང་མཐུན་པ་ཤ་དག་ལགས་སོ་་་་
ཁྱིམ་ན་གནས་ཀྱང་ཡང་དག་ལྟ་ལ་དད་ཅེས་སོ། དགེ་ལུགས་དང་མ་མཐུན་ཀྱང་ཁྱད་པར་མེད་གི་་་
ཆོས་ལུགས་གཅིག་མཐུན་གྱི་ན་ཚ་ད་ལྟ་ཡང་དད་ཡོད་ས་རེད་གི་་ སྔ་འགྱུར་རྙིང་མ་ཕྱོགས་ལས་རྣམ་པར་རྒྱལ།
མཁན་པོ་ཆོས་དབྱིངས་ལ་་་་་ སྔ་འགྱུར་ཡོངས་རྫོགས་ཀྱི་བཀའ་དབང་ཞེས་པ་དེ་གང་ཡིན་ནམ་་་་་་དྲི་བ་་་་
བཀའ་གཏེར་གཉིས་ལས་གང་གི་ཕྱོགས་རྟོགས་ཡིན་གསལ་བཤད་ཞིག་ཡོད་ན་ལེགས་་་་་
བླ་མ་དེ་ཡག་པོ་ཡོད་པ་གོ་མྱོང་བས། བཀྲིས་བདེ་ལེགས་དང་། སངས་རྒྱས་བསྟན་པ་སྤྱི་ལ་ཕན་པའི་སྨོན་ལམ་ཡོད། ལྷག་དོན་གོང་ས་ཆེན་པོ་དང་འབྲེལ་བ་ཡག་པོ་ཡོང་བ་ཤོག བོད་མི་རིགས་ཀྱི་བདེ་སྡུག་ཡིད་ལ་བཅངས་མཁན་ཞིག་ཡིན་པ་ཤོག
སྤྱིར་རྙིང་མའི་ནང་ལ་སྐྱེ་ཆེན་འདུ་མ་ཕེབས་ནས་བོད་ལ་ཕན་པ་ཡོང་ཡོད་རུང་། ཉེ་བའི་འཆར། རྙིང་མ་བ་ཚོ་བོད་སྤྱི་པའི་བདེ་སྡུག་ལ་དེ་ཙམ་ཐུགས་ཁུར་བྱེད་ཀྱི་མིན་འདུག ལྷག་དོན་ཕྱི་རྒྱལ་ལ་ཡོད་པའི་རྙིང་མའི་ཆོས་ཚོགས་མང་ཆེ་བས་ཁོང་ཚོའི་སློབ་མ་རྣམས་ལ་བོད་དོན་དང་བོད་ཀྱི་ཆབ་སྲིད་ལ་ཐེ་འཇུས་བྱེད་མི་ཆོག་པའི་བཀའ་ནན་པོ་གཏོང་དུས། མཚམས་རེ་ཡིད་ལ་རྙིང་མ་བའི་བླ་མ་དེ་ཐོར་མི་རིགས་ཀྱི་འདུ་ཤེས་ཅི་ཡང་མིན་འདུག་སྙམ་པའི་འཚོར་བ་ཡོང་གི་འདུག
དཔེར་ན། ཨ་རིར་ཡོད་པའི་དར་ཐང་རིན་པོ་ཆེ་ཟེར་བའི་ཆོས་ཚོགས་ཆེན་པོ་དེས་བོད་མིའི་བདེ་དོན་ལ་ཐུགས་འཁུར་ཅི་ཡང་གནང་གི་མེད་ལ། རྒྱལ་བ་རིན་པོ་ཆེ་ཨ་རིར་ཐེངས་སུམ་བཅུ་ལྷག་ཕེབས་ཀྱང་། ད་བར་ཆོས་ཚོགས་དེར་གདན་ཞུ་བྱས་མ་སོང་ལ། ཁོང་ཚོའི་སློབ་མ་རྣམས་རྒྱལ་བ་གང་གི་གསུང་ཆོས་ལ་འགྲོ་ཆོག་གི་མིན་འདུག
དེ་དཔེ་མཚོན་ཙམ་ཡིན།
མཐུན་མོང་ལམ་བཟང་འདུལ་བའི་ཁྲིམས་ཀྱིས་བཙུན། །
གསང་བ་བླ་མེད་འོད་གསལ་མངོན་དུ་གྱུར། །
ཕྱི་གཙང་ནང་གཙང་སྙིགས་དུས་བསྟན་འགྲོའི་མགོན། །
གསང་ཆེན་བསྟན་པའི་བདག་པོར་གསོལ་བ་འདེབས། །
དབུ་ཡི་རལ་པའི་ཐོར་ཅོག་རྩ་ནས་བཅད། །
ཐུབ་པའི་བསླབ་ཁྲིམས་གཙུག་གི་ནོར་བུར་བཀུར། །
ཕྱི་གཙང་ནང་གཙང་གཟས་གཙང་སྲས་ཀྱི་སྲས། །
སྙིགས་དུས་འདུ་འཛིན་དབུས་ན་པད་དཀར་ལྟར། །
རྒྱལ་ཁམས་པ། ཁྱེད་རང་གིས་ངའི་བསམ་བློ་རྟོགས་པའི་ཟོལ་གྱིས་བཀའ་བཀྱོན་གནང་འདུག ད་འོ་ན། རྙིང་མའི་དབུ་འཛིན་ལ་འོས་པའི་གཞོན་སྐྱེས་སུ་དང་སུ་ཡོད་རེད་ལབ་དང་། ངས་ཧ་གོ་འདོད་ཆེན་པོ་འདུག ངས་སྡང་བ་ཅང་བྱས་མེད་དེ་བཀའ་བཀྱོན་གཏོང་རྐྱང་རེད་འདུག
ད་དུང་བཤད་འདོད་པ་གཅིག་ལ། རྡོ་གྲུབ་ཚང་ལ་དབུ་འཛིན་བཞུགས་ཞུ་དུས་ཁོང་གིས་བཀའ་བཀྱོན་དྲག་པོ་གཏོང་རེད་ཟེར་གི་འདུག དེ་ཚོ་ག་འདྲ་རེད། ད་ཤོག་དང་གྲ་སྒྲིག་ཡོད
བསྟན་པ་དང་ནི་བསྟན་འཛིན་ལ། །དྲ་བའི་ཐོག་ནས་ཀུ་རེ་ཡིས། །གླེང་བ་མང་ན་མི་ལེགས་པས། །དེ་བས་ཁ་རོག་བཞུགས་ན་དགའ། །སྔར་ཡང་གདན་སའི་དགེ་བཤེས་དང་། །སྔ་འགྱུར་བསྟན་འཛིན་དེ་དག་ལ། །སྒྲོ་དང་སྐུར་པ་བཏབ་པ་ཡིས། །ལོགས་པའི་ལམ་དུ་རྨོངས་རྣམས་སྐྱེལ། །རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི། །བསྟན་ལ་བཟང་དང་ངན་ཕྱེ་བ། །། །བླུན་པོ་ཚུལ་ལམ་གང་ཟག་གི། །སྐྱོན་ལས་བསྟན་པར་གང་ཕྱིར་སྐྱོན། །དེ་བཞིན་བསྟན་འཛིན་སྐྱེས་བུ་ལ། །གུས་ཤིང་བཀུར་བ་མ་ནུས་ཀྱང་། །ཕྱོགས་དང་རིས་སུ་ཕྱེ་བ་ཡིས། །སྐུར་འདེབས་དག་ནི་སྤོངས་ལ་བརྩོན། །
ཀླུ་ཚང་ལ་ཞུ་རྒྱུ། ང་ཚོ་རྙིང་མས་དབུ་འཛིན་འདེམས་པ་ནི་རྙིང་མ་སྤྱིའི་བླ་མ་ཞིག་འདེམས་ཀྱི་ཡོད་རེད་མ་གཏོགས་ཡོན་ཏན་ཡོད་པ་ཙམ་དང་འགྱོན་ཐང་ཡོད་པ་ཙམ་གྱིས་འགྲིག་གི་མེད། བླ་མ་སྐུ་བགྲེས་རྣམས་ནི་ང་ཚོ་ཕྱི་རབས་པ་རྣམས་ལ་དང་ཆོས་དང་འབྲེལ་བ་ཡོད་པ་དང་་ཚང་མས་གོང་དུ་བཀུར་འོས་པ་དེ་འདྲ། བླ་མ་ལོ་ཆུང་རྣམས་ནི་ད་ལྟ་འདུལ་བྱ་རྣམས་དང་ཆོས་ཀྱི་འབྲེལ་བ་དེ་ཙམ་མེད་པ་རེད། དེ་འདྲ་སོང་ཙང་ང་ཚོས་བསྟན་པའི་དབུ་འཛིན་འདེམས་སྟངས་དང་འཇིག་རྟེན་པའི་ལས་བྱེད་འདེམས་སྟངས་གཉིས་མི་འདྲ་བ་ཡིན་པ་ཤེས་དགོས་པ་རེད།
བོད་ཞེན། ཡག་པོ་བཤད་འདུག འོན་ཀྱང་ངས་གོང་དུ་རྒྱལ་ཁམས་པས་རྙིང་མ་ཚང་ལ་ལོ་གཞོན་དབུ་འཛིན་ཕེབས་མཁན་མང་པོ་ཡོད་རབས་ཤིག་བཤད་སོང་དེར་ལབ་ཡོད། ཁྱེད་ཀྱི་འདི་འདྲ་བོ་འདུག ཡིན་ནའང་རྙིང་མ་སྤྱིའི་བླ་མ་ཟེར་བ་དེ་གང་འདྲ་ཞིག་ལ་ངོས་འཛྀན་དགོས། བྱེ་བྲག་བླ་མ་སུ་དང་སུ་རེད།
རྡོ་གྲུབ་ཚང་གིས་བཀའ་བཀྱོན་དེ་ག་རེ་བྱས་ནས་གནང་པ་རེད། ཁོང་གིས་ག་རེ་བཀའ་བཀྱོན་གནང་ནས་ག་རེ་བྱས་ཏེ་དབུ་འཛྀན་མ་གནང་བ་རེད།
བོད་རྒྱུད་ནང་བསྟན་ཆོས་ལུགས་ ས་དགེ་དཀའ་རྙིང་བོན་དང་ཇོ་ནང་བཅས་པའི་བླ་སྤྲུལ་དགེ་འདུན་ཚང་མ་དམ་ཚིག་འོ་ཆུ་གཅིག་འདྲེས་དང་ ཐུགས་མཐུན་ཁྲིམས་གཙང་ཡོང་བའི་རེ་སྨོན་ཞུ་།
རྙིང་མའི་དབུ་འཛིན་དེ་ནི་སྔ་འགྱུར་སྤྱི་ཡོངས་ཀྱི་བླ་མ་ཞིག་ཆགས་ཡོད། ད་ལན་སྐྱབས་རྗེ་རྩེ་སྤྲུལ་རིན་པོ་ཆེ་མཆོག་ནི་སྔ་འགྱུར་གྱི་དགོན་ཆེན་ཁག་དྲུག་གི་ཡན་ལག་དང་བཅས་པས་གུས་བཀུར་དང་སྔ་འགྱུར་གྱི་མ་དགོན་ཆེན་མོ་དྲུག་གི་བསྟན་བདག་བླ་ཆེན་ཀུན་དམ་པ་འདིའི་སློབ་མ་མིན་པ་སུ་ཡང་མེད་པས་རྙིང་མ་བར་དེངས་སྐབས་བཀའ་དྲིན་ཆེ་ཤོས་སུ་གྱུར་པས་དབུ་འཛིན་དུ་མངའ་གསོལ་བ་ལགས་སོ།།
ཨ་རོག འཁྲུལ་ཞི་ཁོང་མ་དགོན་དྲུག་པོ་གང་གི་བླ་མ་རེད་དམ། གོང་དུ་ཁག་ཅིག་ངར་ཁུལ་བྱས་སོང་དེ་མི་འདུག
Gay ལུགས་ཚོ་རྙིང་མར་ཇུས་གཏོགས་མེད། ཁ་ཚུམས།
བཀྲ་ཤིས་བདེ་ལེགས། རྙིང་མའི་སྐྱབས་རྗེ་གདམས་ཐུབ་པ་དང་ཁྲི་འདོན་བྱས་པ་ལ་མངོན་པར་བསྟོད།
རྙིང་མ་མེད་ན་སྔགས་པ་མེད། སྔགས་པ་མེད་ན་སྔགས་ཕྲུག་མེད། སྔགས་ཕྲུག་མེད་ན་རྒྱུད་པ་མེད། རྒྱུད་མ་མེད་ན་རྫུན་མ་མེད།
ཁྱོད་ཆེ་ང་གཉན་ཚོ་གླེང་གི་མ་འདུག་རོགས།
དེ་འདྲ་དེ་ཚོ་ཡིས་ཟ་སྒོ་ཁྱོད་ལ་མེད།
ང་བཟང་ཁྱོད་ངན་ཚོ་རྩོད་གི་མ་འདུག་རོགས།
དེ་དང་དེ་རིགས་ཀྱིས་ཕན་ཐོགས་ང་ལ་མེད།
བསྟོད་སྨད་རྐྱང་རྐྱང་གི་ཕྱོགས་སུ་མ་ལྷུང་རོགས།
དེ་དང་དེ་མཚུངས་ཚོས་དགོས་མཁོ་གང་ཡང་མེད༎
རྙིང་མའི་དབུ་འཛིན་ཞིག་བསྐོ་དོན་ག་རེ་རེད།
རྙིང་མའི་དབུ་འཛིན་ལ་ཆ་རྐྱེན་ཅི་ཞིག་དགོས།
རྙིང་མའི་དབུ་འཛིན་ཞིག་ཡོད་པའི་ཕན་ཐོགས་གང་།
རྙིང་མའི་དབུ་འཛིན་ཞིག་མེད་པའི་གྱོང་གུད་གང་།
རྙིང་མའི་དབུ་འཛིནགྱི་ལས་འགན་ག་རེ་རེད།
རྙིང་མའི་དབུ་འཛིན་གྱི་དུས་ཡུན་ཅི་ཙམ་ཡིན།
རྙིང་མའི་དབུ་འཛིན་ལ་དབང་ཚད་ག་ཚོད་ཡོད།
ཆོས་དང་ཆབ་སྲིད་ཀྱི་དམིགས་ཡུལ་གང་ཞིག་རེད།
དམངས་གཙོ་དམར་ཤོག་གི་འགྲོ་ལུགས་གང་དང་མཐུན༎
གནའ་རབས་དེང་རབས་ཀྱི་ལོ་རྒྱུས་གང་ཞིག་ཡོད༎
དྲི་བ་བཅུ་པོ་འདིར་ལན་ཞིག་འདེབས་རོགས་ཀྱིས།
དོག་པ་བཅུ་པོ་འདི་ཁོངས་ནས་བསལ་རོགས་ཀྱིས།
སྔ་འགྱུར་སྙིང་མའི་དབུ་འཛིན་ལ། མཁས་སྒྲུབ་གཉིས་ལྡན་གྱི་བླ་མ། ༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མངའ་གསོལ་ཞུས་པར། བཀྲིས་བདེ་ལེགས་ཞུ།
འདིར་རྙིང་མ་རློམ་མཁན་ཚོའམ། ཁ་ལག་རྙིང་མ་ཅན་དང་། ཁོག་གནག་རྙིང་མ་ཅན་ཡིན་མི་ཤེས། གང་ལྟར་ཕར་ལབ་ས་ཙམ་ཡང་མི་འདུག་ལ། ཕར་དྲིས་པ་དང་ལན་མེད་པ་ཚུར་མཆེ་བ་སྟོན་ཀྱང་ལས་མི་སྐད་ཅིག་རྒྱག་མཁན་མི་འདུག
༡༨༽ཀླུ་ཚང་ལགས། ཁོང་ནི་སྙིང་མའི་གདན་ས་ཆེན་པོ་དྲུག་གི་ཡ་གྱལ། རབ་བྱུང་བཅུ་པའི་དུས་སུ་བླ་མ་བཀྲ་ཤིས་སྟོབས་རྒྱལ་གྱིས་བཏབ་པའི་རྙིང་མ་བྱང་རྒྱུད་ལུགས་ཀྱི་དགོན་པ་རྡོ་རྗེ་བྲག་གི་སྲོལ་འཛིན་པ་ཞིག་ཡིན་པར་སྙམ།
རྙིང་མ་མེད་ན་སྔགས་པ་མེད། །སྔགས་པ་མེད་ན་མར་མི་མེད། །མར་མི་མེད་བཀའ་བརྒྱུད་མེད། །བཀའ་བརྒྱུད་མེད་ན་ཀརྨ་མེད། །ཀརྨ་མེད་ན་རྙོགས་དྲ་མེད། །
ཁྱོད་ཚོ་ལ་དང་ཐོག་ནས་ཕྱོགས་རིས་ཞིག་དང་སྐུར་པ་བཏབ་རྒྱུ་ཞིག་ལས་མི་འདུག
དོགས་འདྲི་དང་བགྲོ་གླེང་ནི་ཤེས་བྱ་ནང་འདྲེན་ཆེད་ཡིན། སྐུལ་འདེབས་ཤིག་གཏན་ནས་བྱས་མེད། འོན་ཀྱང་ཚུར་ཁྱད་མཚར་དེ་འདྲ་ལབ་ཀྱིན་འདུག མི་སྐད་རྒྱག་ས་མེད་མཁན་འགའ་འདུག ལན་རྒྱག་པའི་ཤེས་ཡོན་མེད་དུས་ཚུར་སྐུལ་འདེབས་བྱེད་གི་ར
རྙིང་མ་བ་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ། སྟག་ལུང་རྩེ་སྤྲུལ་རིན་ཆེ་མཆོག་གིས་བོན་གྱི་སྲིད་པའི་རྒྱལ་མོའི་བསྐང་གསོལ་གསུངས་ཀྱི་ཡོད་རེད་ཟེར་བ་ཞིག་གོ་མྱོང་དེ་བདེན་པ་ཡིན་ནམ། །
བན་བོན་གྱི་ཆོས་གང་ཡིན་ནའང་བོད་ཆོས་རེད། ཆོས་ལུགས་ནི་བདེ་སྐྱིད་ཀྱི་གཞི་མ་རེད། བན་བོན་གྱི་ཆོས་སམ་ཡང་ན་ཆོས་ལུགས་བར་འཐེན་འཁྱེར་བྱེད་པ་དེ་ཆོས་དང་རྒྱབ་འགལ་རེད།
༸སྐུ་ཚེ་བརྟན་ཅིང་སྙིང་བསྟན་ཡུན་གནས་ཤོག །
ཀླུ་ཚང་ཁྱོད་ཀྱིས་༧སྐྱབས་རྗེ་རྩེ་སྤྲུལ་རིན་པོ་ཆེ་ལོ་ཆེན་རེད་རྙིང་མ་པ་ལ་ལོ་ཆུང་དབུ་འཛིན་དུ་འོས་པ་ཡོད་པ་མ་རེད་བས་ཟེར་ནས་དྲི་བའི་ཚུལ་དུ་༧སྐྱབས་རྗེ་རྩེ་སྤྲུལ་རིན་པོ་ཆེ་དབུ་འཛིན་ལ་བསྐོས་པ་མ་འགྲིག་པ་དང་། རྙིང་མའི་དབུ་འཛིན་ལོ་ཆུང་ཤིག་ཡིན་དགོ ས་པ་བཤད་འདུག འོ་ན་རྙིང་མའི་དབུ་འཛིན་ལོ་ཆུང་ཡིན་དགོས་པའི་རྒྱུ་མཚན་དང་། དགེ་ལྡན་པའི་དབུ་འཛིན་ལ་ལོ་ཆུང་མི་དགོས་པ་དང་ལོཆུང་མིན་པའི་སྐྱོན་མིིན་མི་བརྗོད་པའི་རྒྱུ་མཚན་གང་ཡིན།