སེར་ཤུལ་རིན་ཆེན་དོན་གྲུབ།
ཨ་རིའི་རྒྱལ་ས་ཝ་ཊོན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་གཞུང་ཞེས་པའི་ཡི་གེ་འཁོད་པའི་སྟོད་གོས་འགྲེམས་ཚོང་བྱས་པ་དེ་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོས་བཀག་འགོགས་བྱས་པའི་ཐད་གླེང་གཞི་སྣ་ཚོགས་ཤིག་བྱུང་འདུག་ལ་དེ་ཡང་ཚོགས་ཁང་བར་ཁྱམས་སུ་བཙོང་མི་ཆོག་པར་བྱས་ཡོད་འདུག གནས་ཚུལ་དེ་བྱུང་མ་ཐག་དབུས་གཞོན་ལྷན་གྱི་ཚོགས་གཞོན་དོན་གྲུབ་ལྷ་དར་གྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ“ཁོ་པས་ཚོགས་མི་སུམ་ཁྲི་ལྔ་སྟོང་ལྷག་གི་ཚོགས་གཙོ་དང༌། བོད་རང་བཙན་གྱི་ངོ་བོ་ལྡན་པའི་བཙན་བྱོལ་བོད་གཞུང་གི་མཚན་བྱང་འཁོད་པའི་སྟོད་གོས་ཁྲོམ་ར་ནས་ཕྱིར་འབུད་བྱེད་པའི་ཐ་ཤལ་གྱི་བྱེད་སྟངས་དེ་ནི། དགྲ་བོ་རྒྱ་ནག་གི་སྡང་ཟུག་བྱ་ཡུལ་དང༌། བོད་གཞིས་བྱེས་གཉིས་ཀྱི་རེ་བ་ཡིད་ཆེས་བཅོལ་ས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དང༌། བོད་རང་བཙན་འཐབ་རྩོད་ལ་མཐོང་ཆུང་ཁྱད་གསོད་བྱེད་པ་ཞིག་ཡིན”ཞེས་བཤད་འདུག་ལ་དེ་མཚུངས་སུ་དུས་དབང་གོ་སྒྲིག་ཚོགས་ཆུང་གིས་ཀྱང་གསལ་བཤད་འདི་ལྟར་བྱས་འདུག”ད་ལམ་གྱི་གནས་ཚུལ་དེ་བྱུང་བར་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གིས་བློ་ཕམ་ཡོད་ནའང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ལ་གུས་བཀུར་མ་ཞུས་པ་དང་། མཐོང་ཆུང་བྱས་རིགས་གཏན་ནས་མེད་པ་མ་ཟད། མཐུན་འགྱུར་ཞུ་འོས་གང་ཡོད་ཞུས་ཡོད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་དུ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་གནང་མཛད་བཞིན་པའི་རླབས་ཆེན་གྱི་མཛད་འཕྲིན་ལ་བར་ཆད་ཚད་མའི་རིགས་གཏན་ནས་མི་ཡོང་བ་བྱ་རྒྱུ་ནི་ཆོས་ཞུ་བ་ཡོངས་དང་། ལྷག་པར་བོད་མི་ཚོར་དམིགས་བསལ་འགན་འཁྲི་ཡོད་པ་བཞིན་དངོས་ཡོད་གནས་ཚུལ་གང་ཡིན་གསལ་རྟོགས་ཐུབ་པའི་སྒོ་ནས་རང་སར་འཇོག་གནང་ཡོང་བའི་རེ་བསྐུལ་ཞུ་རྒྱུ་ཡིན”ཞེས་གསལ་འདུག གང་ལྟར་གླེང་རྙོག་དེ་ནི་ཆེས་ཚབ་ཆེན་གྱི་གནད་དོན་ཞིག་མིན་པར་རྒྱུན་ལྡན་གྱི་རྙོག་གླེང་རྙོག་ཆུང་ཚགས་ཀྱི་རིགས་ཤིག་ཡིན་མོད་གནས་ཚུལ་དེ་བྱུང་མ་ཐག་ཚོགས་གཞོན་གྱིས་ཧ་ཅང་གི་གནད་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་བྱེད་སྟངས་འདིས་བོད་རྒྱལ་ཁབ་དང་རང་བཙན་སླར་གསོའི་ལྟ་གྲུབ་འཛིན་པའི་གཞོན་ནུ་ལྷན་ཚོགས་དང་རང་བཙན་འཐབ་རྩོད་ལ་མཐོང་ཆུང་ཁྱད་བསད་བྱས་པ་ཞིག་ཡིན་བར་བསྒྲགས་པ་དང་། འགའ་ཞིག་གི་སྐལ་ལྡན་བློ་གྲོས་ནི་ནང་དགྲ་ངོ་མ་ཞིག་ཡིན་པའི་བསམ་ཚུལ་སྤེལ་ཡང་སོང་། ང་ཚོས་བྱེད་སྟངས་འདིའི་རྒྱབ་ལྗོངས་ཀྱི་གནས་ལུགས་མང་པོ་ཞིག་བསྔོག་མི་དགོས་པར་ཐད་ཀར་བལྟས་ཏེ་བཤད་ན་དེ་ནི་མང་གཙོ་དང་རང་དབང་ལ་ཁ་གཡར་ས་ཞིག་གཏན་ནས་མེད་པར་སྐབས་དེ་དང་དེའི་འགྲོ་སྟངས་དང་གནས་བབ་ལ་བསྟུན་དགོས་པ་ཞིག་ལས་ཁྱམས་རའི་ནང་དུ་བོད་གཞུང་འཁོད་པའི་སྟོད་གོས་བཙོང་མི་ཆོག་ཅེས་པས་རང་བཙན་འཐབ་རྩོད་པ་དང་གཞོན་ནུ་ལྷན་ཚོགས་ལ་ཁྱད་བསད་བྱས་པ་ཞིག་མཚོན་ག་ལ་ཐུབ། དོན་དངོས་ཐོག་བསམ་གཞིག་བྱས་ན་བོད་མི་མང་གིས་ཁྲིམས་མཐུན་རང་དབང་གིས་བདམས་པའི་ཁྲིམས་བཟོ་ལྷན་ཚོགས་ཀྱིས་གཏན་ལ་ཕབས་པའི་གྲུབ་དོན་ལ་ཁས་ལེན་དང་བརྩི་བཀུར་མི་བྱེད་པར་དེའི་ལྡོག་ཕྱོགས་སུ་གོམ་འགྲོས་འདོར་བ་ནི་མང་གཙོ་དང་མཐུན་པ་ཞིག་ཡིན་མིན་བསམ་ཞིབ་བྱེད་འོས། མ་གཞི་ནས་གནས་ཚུལ་དང་གླེང་ཕྱོགས་གང་ཞིག་ལ་བགྲོ་གླེང་དང་དཔྱད་ཞིབ་བྱེད་སྐབས་མིག་སྔའི་གནས་ཚུལ་དང་དོན་དངོས་ལ་བལྟ་དགོས་པ་ལས་མི་དེས་དེ་སྔོན་བྱས་པའི་ལས་ཀས་ད་ལྟའི་གནས་ཚུལ་ལ་དཀར་ནག་གི་དབྱེ་འབྱེད་བྱེད་མི་ནུས་ཤིང་མི་ཚེའི་ནང་སྐྱོན་ཤོར་མ་མྱོང་བའི་སེམས་ཅན་ཞིག་ཕལ་ཆེར་ཡོད་མི་སྲིད། གང་ལྟར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་ཁ་ཡོད་ལག་ཡོད་དུ་སྤྱི་ཚོགས་ལ་ཕན་ཐོགས་ཤིང་བོད་མི་རིགས་ཀྱི་ཆེད་དུ་འཐབ་རྩོད་བྱེད་མཁན་ཞིག་ཡིན་པའི་ཆ་ནས་བརྩི་བཀུར་དང་གདེང་འཇོག་འོས་ཤིང་གུས་བཀུར་ཡང་ཡོད་མོད་ཆབ་སྲིད་ཀྱི་ལྟ་གྲུབ་ཀྱི་ཐོག་ནས་ག་དུས་ཡིན་ཡང་བཙན་བྱོལ་སྒྲིགས་འཛུགས་ཀྱི་ཁ་གཏད་དུ་ལངས་ནས་ལྡོག་ཕྱོགས་ཀྱི་ལས་ཀ་བྱེད་ཞོར་༧གོང་ས་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་ཤར་བསྐྱོད་བྱ་རྒྱུ་ཡིན་ཟེར་བ་ནི་དོན་དངོས་དང་གཏན་ནས་མི་མཐུན་པ་ཞིག་རེད། ད་རེབ་ཀྱང་རང་ཉིད་ཀྱི་བྱས་རྗེས་དང་ངོ་སོའི་རྒྱབ་ཤེད་ཀྱིས་སྐལ་ལྡན་བློ་གྲོས་ནག་པོར་བྱེད་པའི་གཞོན་ལྷན་ཚོགས་གཞོན་གྱི་བྱེད་སྟངས་དེ་ནི་དབུས་གཞོན་ནུའི་ཚོགས་གཞོན་ཞིག་གི་བཟང་སྤྱོད་དང་འགལ་བའི་ལས་བྱ་ཞིག་ལས་རང་བཙན་འཐབ་རྩོད་དང་རེ་ལྟོས་བྱེད་མཁན་ཚོའི་བསམ་དོན་ཞིག་ལ་ཡིན་ཏེ་མ་ཡིན་ནོ།།
མི་ཀླད་པ་ཆུང་ཆུང་ལ་དབང་ཏོག་ཙམ་རག་དུས་སྒེར་སྤྱོད་བྱེད་རྒྱུ་མ་གཏོགས་ཡོད་མ་རེད། དུས་དབང་དང་བོད་མིའི་ཞབས་འདྲེན་རེད།
སེར་ཤུལ་རིན་ཆེན་དོན་གྲུབ། ཁྱོད་ལ་རྩོད་པ་བརྒྱབ་ནས་སྡོད་པའི་ཆུ་ཚོད་མེད་མོད་ཀྱང་། ཁྱོད་ཀྱི་ཚིག་དུམ་འདི་མཐོང་དུས་སྡོད་བཟོད་བདེ་པོ་ཞིག་ཁྱོན་ནས་མ་བྱུང་ཐལ།
༼གང་ལྟར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་ཁ་ཡོད་ལག་ཡོད་དུ་སྤྱི་ཚོགས་ལ་ཕན་ཐོགས་ཤིང་བོད་མི་རིགས་ཀྱི་ཆེད་དུ་འཐབ་རྩོད་བྱེད་མཁན་ཞིག་ཡིན་པའི་ཆ་ནས་བརྩི་བཀུར་དང་གདེང་འཇོག་འོས་ཤིང་གུས་བཀུར་ཡང་ཡོད་མོད་ཆབ་སྲིད་ཀྱི་ལྟ་གྲུབ་ཀྱི་ཐོག་ནས་ག་དུས་ཡིན་ཡང་བཙན་བྱོལ་སྒྲིགས་འཛུགས་ཀྱི་ཁ་གཏད་དུ་ལངས་ནས་ལྡོག་ཕྱོགས་ཀྱི་ལས་ཀ་བྱེད་ཞོར་༧གོང་ས་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་ཤར་བསྐྱོད་བྱ་རྒྱུ་ཡིན་ཟེར་བ་ནི་དོན་དངོས་དང་གཏན་ནས་མི་མཐུན་པ་ཞིག་རེད། ༽
ཁྱོད་ཀྱི་སྐད་ཆ་འདི་རྦད་དེ་ཚད་ལས་བརྒལ་འདུག་ལ་དེ་མ་ཚད་ཁྱོད་ཀྱིས་མང་གཙོ་གླེང་གིན་གླེང་གིན་རྩ་བའི་མང་གཙོའི་ལམ་སྲོལ་དང་རིན་ཐང་མགོ་ཚོས་མི་འདུག ཁྱོད་ཀྱི་བསམ་ཚུལ་ཡིན་ན་བོད་མི་ཚང་མ་བཟོ་གྲྭ་གཅིག་གི་ནང་ནས་བཏོན་པའི་་དབྱིབས་དང་། ཁ་དོག ཆེ་ཆུང་སོགས་གཅིག་པ་གཅིག་རྐྱང་ཡིན་པའི་ཅ་ལག་རྐྱང་ཡིན་དགོས་སོང་བ་རེད། ཅི་འདྲའི་ཡིད་སྐྱོ་བ་ལའང་།
གུས་མོར་འཇིག་རྟེན་འཁོར་བའི་བྲེལ་ཚུབ་ཇི་ལྟར་ཆེ་རུང་ཉིན་རེའི་དགོང་མོ་ཉལ་ཁར་ཁྱེད་རང་གི་ཉིན་ཐོ་བཀློགས་རྒྱུ་ནི་ཆེས་སྤྲོ་སྣང་ལྡན་པའི་འཚོ་བ་ཡིན། ལོ་ངོ་བཅུ་ཕྲག་གོང་གིས་སྔ་རོལ་ནས་ཀླུ་སྨྱོན་ཟེར་པ་ཞིག་ནས་རྩོམ་ཡིག་གང་མང་བྲིས་པ་་དྲ་ལམ་ནས་མཐོང་མྱོང་ཡོད་དེ་བཀློག་མྱོང་ཡེ་ནས་མེད། རྒྱུ་མཚན་ནི་ཡང་དག་གཅིག་ང་ལ་མེད། སྤྱིར་བཏང་གི་གོམ་སྲོལ་ལྟར་ན་མྱི་སྨྱོན་པ་ཟེར་པའི་ཐ་སྙད་སྙན་པོ་མེད་ཙང་ཕལ་ཆེར་ཡིན་རྒྱུ་རེད་སྙམ། གང་ལྟར་གནའ་མིའི་ཁ་དཔེ་ལ། ཨ་མ་མ་གཏོགས་མྱི་ངོ་མ་ཤེས། ཐབས་ཀ་མ་གཏོགས་ས་ངོ་མ་ཤེས་ཟེར་པ་ལས་མ་འདས་སོ།
སེར་ཤུལ་ལགས་ཁྱེད་རང་གི་གང་གསུངས་པ་དེ་ལ་རང་ཉིད་ནས་མོས་མཐུན་ཡོད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་འདིས་ཁ་ནས་༧གོང་ས་མཆོག་ལ་གུས་བཀུར་ཡོད་པའི་རྣམ་པ་བཏོན་པ་དང་དོན་དངོས་སུ་ལག་ལེན་བསྟར་སྐབས་ལྡོག་ཕྱོགས་བྱེད་བཞིན་འདུག
ཉེ་ཆར་༧གོང་ས་མཆོག་གིས་བཙན་བྱོལ་བོད་གཞུང་(Tibetan Government in Exile) ཞེས་པ་དོན་དངོས་སུ་ཏག་ཏག་སྡད་མིན་སྐོར་གསུངས་ཡོད། དེས་ན་དབྱིན་ཡིག་ཐོག་ཇི་ལྟར་བྲིས་སོལ་ལྟར་བོད་ཡིག་ནང་ལའང་དེ་ལྟར་བཟོས་གལ་བཀའ་གནང་ལྟར་དབུས་བོད་མིའི་སྒྲིག་འཛུགས་ཤེས་འགྱུར་བ་བཏང་ཡོད། དེ་ལ་གཞོན་ནུ་ལྷན་ཚོགས་ནས་རྒྱབ་འགལ་གྱིས་དུས་འཁོར་དབང་ཆེན་སྐབས་(Tibetan Govt in Exile) ཤེས་པའི་སྟོད་ཐུང་བརྩོང་ཡོད།
ལྷན་ཚོགས་འདིས་རྒྱ་ནག་གཞུང་མཉམ་དུ་བོད་ཀྱི་གནད་དོན་ཐབས་རྩོལ་བྱེད་རྒྱུ་ལས་བྲལ་ཏེ་བོད་མིའི་ནང་ཁུལ་རྙོག་གྲ་བསླངས་རྒྱུ་འགོ་བཙུགས་འདུག ༧གོང་ས་མཆོག་གི་དུས་འཁོར་དབང་ཆེན་དེ་ཆབ་སྲིད་ཀྱི་སྡིངས་ཆ་ཞིག་ཏུ་བཟོས་ན་རྒྱ་མིས་དུས་རྒྱུན་བཤད་པ་གཞིར་བཟུང་ཆགས་རྒྱུ་ཡིན་པ་མ་ཟད་ཕྱི་རྒྱལ་མི་རིགས་རྣམས་ཀྱིས་ཀྱང་དེ་ལྟར་མཐོང་རྒྱུ་ཡིན་པ་བརྗོད་ག་ལ་དགོས། རྒྱུན་ལས་ཁ་ཤས་ཀྱི་མ་ཤེས་བེད་ལོག་གིས་བྱེད་སྤྱོད་འདིས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་མཚན་དམའ་འབེབས་འགྲོ་རྒྱུ་མ་ཟད་བོད་མིའི་གཅིག་སྒྲིལ་ལ་གནོད་སྐྱོན་ཡོད་རྒྱུའི་ཉེན་ཁ་འདུག
དྲ་གྲོགས་ཚོ་ཕེབས་ནས་རང་རང་གི་བསམ་ཚུལ་གསུང་བར་དགའ་སྤྲོ་འཕེལ། བསམ་དོན་ཞིག་ག་ལ་ཡིན་ཏེ་མ་ཡིན་ནོ་ཞེས་པར་བཅོས་རོགས།
བོད་ ཀྱི་གཞོན་ནུ་ལྷན་ཚོགས་ནས་༼ བཙན་བྱོལ་བོད་གཞུང་ ༽ ཞེས་བཀོད་ཡོད་པའི་སྟོད་གོས་ཚོང་འགྲེམས་བྱེད་བཞིན་ཡོད་པ་དེ་ལ་གོང་ཚད་ག་ཚོད་ ཡིན་ནམ།
གལ་ཏེ་ཚོགས་པ་གང་རུང་ཞིག་ གིས་༼བོད་ཀྱི་ཞོན་ནུ་ལྷན་ཚོགས་༽ཞེས་བཀོད་ཡོད་པའི་སྟོད་གོས་ཚོང་འགྲེམས་བྱས་ ན་ཞོན་ནུ་ལྷན་ཚོགས་ནས་རང་གར་འཇོག་སྲིད་དམ།
༡༤ ཉིན་ཝ་ཞིན་ཊོན་བོད་རིགས་སྤྱི་མཐུན་ཚོགས་པ་དང་དུས་དབང་གྲ་སྒྲིག་ཚོགས་ཆུང་ ཐུན་མོང་གིས་གསལ་བཤད་ཅིག་གནང་སྟེ། ཐེངས་འདིའི་དུས་དབང་ཐོག སྤྱི་སྒེར་མང་པོས་ཚོང་གཉེར་གྱི་སྙན་ཞུ་འབྱོར་རིགས་ལ་གླ་ཡོད་ཐོག་ས་ཆ་བགོས་ ཡོད་ཀྱང་། བོད་ཀྱི་གཞོན་ནུར་དམིགས་བསལ་རིན་མེད་ཐོག་ཚོང་ཁང་གོ་སྒྲིག་ཞུས་འདུག།
གནས་ཚུལ་དེས་གང་ཞིག་མཚོན་ གི་རེད་ཞེས་ན་དེས་དུས་དབང་གོ་སྒྲིག་ཚོགས་ཆུང་ནས་གཞོན་ནུ་ལྷན་ཚོགས་ལ་ཆེད་ ཐོང་དང་གུས་སྐུར་ཞུས་པ་ཞིག་མཚོན་གི་འདུག།
དེར་བརྟེན་གཞོན་ནུའི་ཚོགས་གཙོ་དབུས་པའི་མི་དམངས་རྣམས་ཀྱི་གནས་ཚུལ་དེ་རང་གར་བཞག་ན་བཟང་བར་སྙམ།
ང་ཚོ་བོད་པ་ལ་གཏམ་དཔེ་ཞིག་ཡོད་པ་རེད་། རྡོ་ཡར་བཀྱགས་ནས་རང་གིས་རྐང་པར་གཞུས་་ཞེས་པའི་དཔེ་ལྟར་མ་བྱེད།།
གྲོགས་པོ་སེར་ཤུལ་རིན་ཆེན་དོན་གྲུབ་ལགས། སྤྱིར་གནས་ཚུལ་འདི་ཆུང་ཆུང་ཞིག་ཡིན་པས་ཆུང་སར་བཞག་ན་མ་འགྲིགས་པ་གང་ཡང་ཡོད་མ་རེད། འོན་ཀྱང་སྐལ་བློས་བྱེད་སྟངས་དེ་ཅུང་མ་འོས་པ་དང་ཐལ་ཆ་ཆེ་ཙམ་མཐོང་། གང་ཕྱིར་ཞེ་ན་ནང་ཁུལ་འགྲིགས་མཐུན་གྱི་སྐད་ཆ་མེད་པར་བདེ་འཇགས་མི་སྐད་གཏང་ཡོང་ཚུལ་བཤད་དེ་སྡིག་ར་བསྐུལ་བ་སོགས་བྱས་འདུག་བ། མ་གཞི་སྐལ་བློ་འདི་ཆོལ་ཁ་དང་ཆོས་ལུགས་བར་ལ་མི་ན་ཚ་ཅན་དེ་འདྲ་རེད་འདུག་པས། ཁོ་སྐྱོན་མེད་ཞིག་གནམ་ཀུན་དུ་མ་ཡིན་ལ་ད་རེས་དེ་བས་ཀྱང་མ་ཡིན། ཡང་ཉིད་ནས་གཞོན་ནུའི་ལང་ཕྱོགས་དེ་བཙན་བྱོལ་སྒྲིགས་འཛུགས་དང་མི་མཐུན་པ་ལ་སྐྱོན་བརྗོད་གནང་བ་དེ་སྣང་བར་དེ་ཙམ་འགྲོ་མ་སོང་། གང་ཕྱིར་ཞེས་ན་བཙན་བྱོལ་བོད་མའི་སྒྲིགས་འཛུགས་ཀྱི་ཆབ་སྲིད་འདིས་ནུས་པ་ཞིག་ཐོན་གྱི་ཡོད་ན་གཞོན་ནུའི་ལང་ཕྱོགས་འགྱུར་བ་གཏང་ན་འགྲིགས་མོད། གོང་གི་དེས་ཆབ་སྲིད་ཀྱི་ནུས་པ་ཐོན་པའི་གདེང་ཚད་རང་གཞན་སུ་ལའང་མེད་པས། གཞོན་ནུའི་ཆབ་སྲིད་ཀྱི་ལང་ཕྱོགས་རང་སོར་གནས་གལ་ཆེ་བས་སོ།།
སྙིང་གི་ཚིལ་ལུ…..
རྒྱུ་མཚན་མེད་པའི་ཉོག་གཏམ་མ་བཤད་རོགས།
༼བོད་ཀྱི་གཞོན་ནུ་ལྷན་ཚོགས་འདིས་ཁ་ནས་༧གོང་ས་མཆོག་ལ་གུས་བཀུར་ཡོད་པའི་རྣམ་པ་བཏོན་པ་དང་དོན་དངོས་སུ་ལག་ལེན་བསྟར་སྐབས་ལྡོག་ཕྱོགས་བྱེད་བཞིན་འདུག༽ཞེས་པའི་སྐད་ཆ་འདིའི་སྟེང་ནས་ཁྱེད་རང་གང་ཟག་སྒེར་གཞོན་ནུ་ལ་མ་དགའ་བའི་རྣམ་འགྱུར་ཞིག་ཐོན་ཡོང་གི་འདུག
གཞོན་ནུའི་སྒྲིག་འཛུགས་ཁོངས་ཀྱི་མི་སུ་ཞིག་གིས་༧་གོང་ས་མཆོག་ལ་གུས་བཀུར་ཡོད་པའི་རྣམ་པ་དང་བཟོ་ལྟ་སྟོན་གི་འདུག ངས་ཤེས་་་་ཁྱོད་ལ་ཉོག་གཏམ་མ་གཏོགས་བཤད་ཡ་མེད། དྲང་མོར་བཤད་ན་གཞོན་ནུ་གསར་འཛུགས་སྐབས་སུ་མགོ་༧གོང་ས་མཆོག་ནས་ཟམ་གདོང་རིན་པོ་ཆེས་ཚང་མས་རོགས་རམ་མཛད་པ་མ་ཡིན་ནམ།
ད་དུང་ཡང་བོད་པ་ཚོ་བླ་མས་ཅི་གསུངས་ཆོས་དང་མཛུབ་མོས་གང་བསྟན་ཤར་ཡིན་སོང་ན་་དེ་ནི་ཆེས་ཡིད་སྐྱོ་བའི་གནས་སྟངས་ཤིག་རེད་ཨང་།
ད་ང་ཚོའི་འགྲོ་གླེངས་ཆེན་པོ་ཞིག་བྱེད་རན་འདུག་ལོ་ཤས་གོང་དུ་་དབུའི་ལམ་དང་རང་བཙན་གྱི་འགྲོ་གླེངས་རེད་་་་་ད་ང་ཚོའི་བོད་དོན་བརྩོད་དང་མི་བརྩོད་་་འགྲོ་གླེངས་བྱེད་འི་དུས་ལ་བསབ་འདུག་་་
དམངས་གཙོ་དང་། སྨྲ་བརྗོད་རང་དབང་ཞེས་ལབ་ན་རང་རང་གི་བསམ་ཚུལ་དངོས་བརྗོད་ཆོག་ལ། དཔེར་ན་ནུབ་ཕྱོགས་དམངས་གཙོ་དང་རང་དབང་ཆ་ཚང་ལྡན་པའི་རྒྱལ་ཁབ་ཏུ་གཞུང་དང་གནད་ཡོད་མི་སྣ་ཚོར་སྐྱོན་བརྗོད་བྱེད་སྐབས་མངོན་སུམ་འཛེམས་མེད་ཀྱིས་མི་དེ་ཁྱི་རེད་ཞེས་དང་མི་དེས་ཁྱི་ངུ་བ་ལྟ་བུ་སྐད་རྒྱག་གི་འདུག་ཞེས་ཁྱི་ངུ་མཁན་གྱི་འདྲ་དཔར་དང་མཉམ་དུ་བཏོན་གྱི་འདུག་ཀྱང་ཁྲིམས་ལ་སྦྱོར་བ་དང་རྫིག་གཏམ་བཤོད་པ། དེ་འདྲ་བརྗོད་མི་ཆོགས་པའི་གྲག་གཏམ་སྤེལ་བ་སོགས་ནམ་ཡང་བྱེད་ཀྱི་མི་འདུག། སེར་ཤུལ་གྱིས་ཆབ་སྲིད་ལྟ་གྲུབ་སོ་སོ་ཡིན་ཀྱང་སྒྲུབ་བྱེད་ཐབས་ལམ་གཅིག་ཏུ་འདོད་པ་ནི་མི་ཐད་དེ་། ལྟ་གྲུབ་ཁག་ཁག་དང་། བསྒྲུབ་བྱ་ཁག་ཁག་ལ་སོང་སྒྲུབ་བྱེད་ཐབས་ལམ་གཅིག་པ་ཡིན་པའི་ངེས་པ་མེད་།