མཁོ་གཏོང་བ། རྨེའུ་དཀོན་རྒྱམ།
བཀུར་འོས་གསར་འགོད་པ་དང་མི་མང་རྣམ་པའི་མདུན་སར།
ཆེད་ཞུ།
གུས་པ་རྟ་མགྲིན་གྱིས། ༢༠༠༣ ལོ་ནས་བཟུང་སྒྱུ་རྩལ་ལས་རིགས་སྣ་མང་ཞིག་ད་ལྟའི་བར་དུ་གཉེར་དང་གཉེར་བཞིན་པ་ཡིན་ལ། ལྷག་པར་དུ་ཁབ་གཙགས་རི་མོའི་སྒྱུ་རྩལ་ལམ་ནས་བོད་དོན་འཐབ་རྩོད་དང་ཁ་ཕྱོགས། སྒྱུ་རྩལ་ལས་རིགས་པ་མི་སྒེར་རེ་རེའི་འགན་འཁྲི་གསལ་སྟོན་དང་ནུས་པ། བོད་ཀྱི་མི་རབས་གསར་བ་རྣམས་ལ་སྐུལ་འདེད་དང་མཉམ་འབྲེལ་ཡོང་ཐབས་བཅས་ཀྱི་ཆེད་དུ་རྟ་མགྲིན་སྒྱུ་རྩལ་ལས་རིགས་ཀྱི་འགྲེམས་སྟོན་ཞིག་ཕྱི་ལོ་༢༠༡༣ ཟླ་༠༤ ཚེས་༡༠ ཉིན་གྱི་ཕྱི་དྲོའི་དུས་ཚོད་ ༠༤ ཐོག་ཏུ་མེག་ལོའི་ཉིན་སློབ་རྒྱལ་ཡུམ་ཆེན་མོའི་ཚོགས་ཁང་དུ་གོ་སྒྲིག་ཞུ་བཞིན་པ་ལགས་ན། དེ་ལུགས་བཞིན་དུས་ཐོག་ཏུ་ཕེབས་ཐུབ་པའི་རེ་འདུན་ནན་གྱིས་ཞུ་བ་ལགས།
ཕྱི་ལོ་༢༠༡༣ ཟླ་༠༤ ཚེས་༠༨ ཉིན་རྟ་མགྲིན་གྱིས་གུས་ཕུལ།
ན་གཞོན་སྒྱུ་རྩལ་པ་རྟ་མགྲིན་ལགས་ཀྱི་ལས་དོན་ཡར་ངོའི་ཟླ་ལྟར་འཕེལ།
སྒྱུ་རྩལ་བའི་ངོ་སོ་ཡར་ལ་བསྟོད། ཕྱི་གླིང་ན་ཁྱེད་ཀྱི་སྒྱུ་རྩལ་ལ་འགྲམ་ཆུ་ལྡང་བཞིན་པ་ང་ལྟ་བུའི་ངོ་དེབ་བརྒྱུད་འགྲེམས་སྟོན་བརྩམས་ཆོས་ལ་རོལ་མྱོང་བྱ་ཐུབ་པར་སྨོན།
རྟ་མགྲིན་ལགས། ཁྱེད་ཀྱི་འགྲེམས་སྟོན་རྒྱལ་ཁའི་ངང་ལེགས་གྲུབ་ཡོང་བར་སྨོན་ལམ་ཞུ་ལ་རྗེས་སུ་ཡིད་རང་ཞུ།
རྒྱང་རིང་ནས་ཕུལ།