བཙན་བྱོལ་བོད་མིའི་ཁྲིམས་རྩོད་པ་ཕག་རི་ཤོ་ཟུར་པ་སངས་ཚེ་དབང་།
ད་ལམ་བཀའ་ཁྲི་སྐབས་གསུམ་པའི་འོས་གཞིའི་མིང་འདོན་རྒྱུར་བཙན་བྱོལ་སྤྱི་ཚོགས་ནང་བྲེལ་འཚུབ་དང་བསམ་ཚུལ་མི་འདྲ་བ་མང་དག་ཞིག་ཡོད་པ་གོ་གི་འདུག་ལ་མཐོང་གི་ཡང་འདུག ཕྲན་དང་འབྲེལ་ཡོད་མི་ཁག་གཅིག་ནས་བཀའ་ཁྲིའི་འོས་དམིགས་དེ་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་སུ་རྒྱབ་སྐྱོར་ཞུས་པ་ཡིན། འོན་ཀྱང་ང་ཚོའི་བསམ་ཚུལ་དང་དམིགས་ཡུལ་བསྒྲུབ་མེད་པ་དེ། སྔོན་འགྲོའི་འོས་གཞིའི་སྐབས་འོས་གྲངས་ཆེས་མཐོ་པོར་སླེབས་མེད། དེར་བརྟེན་སྐུ་ངོ་རྒྱ་རི་སྒྲོལ་མ་མཆོག་བཀའ་ཁྲིའི་འོས་གཞི་ནས་ཕྱིར་འཐེན་གནང་དགོས་བྱུུང་ཡོད། སྐུ་ངོ་རྒྱ་རི་སྒྲོལ་མ་མཆོག་ལས་བྱས་པ་ཡོད་མཁན་ཞིག་ཡིན་ཀྱང་ཆེ་མཐོང་སྤྲོད་མཁན་མེད་པ་དེ་ཡང་ཧ་ཅང་གི་ཡ་མཚན་ཞིག་བྱུང་། ད་སྐབས་སྤྱི་ཚོགས་ནང་གླེང་བཞིན་པའི་བཀའ་ཁྲིའི་འོས་དམིགས་བློ་བཟང་སེང་གེ་ལགས་སྙན་གྲགས་ཆེ་བའི་མཁས་དབང་གི་མཚན་ཡོད་པ་དང་ཁོང་གི་གསུང་བཤད་གནང་མཁས་པོ། གཟུགས་བྱད་ཡག་པོ། རྣམ་འགྱུར་ཡག་པོ། བཀའ་མོལ་གནང་བ་དེ་དག་ལ་མགོ་འཁོར་ནས་ཆེ་མཐོང་གྱིས་འོས་གྲངས་མཐོ་ཤོས་སུ་སླེབས་པ་དེ་རྒས་པོ་ང་ཧང་སངས། ཧ་ལས། ཧོན་ཐོར་བའི་ཚོར་སྣང་བྱུང་བ་ནི་ཁྱི་ཕྲུག་མི་ཕྲུག་རྟ་ཕྲུག་གསུམ་ལས་བྱས་པ་མེད་ཀྱང་ཆེ་མཐོང་ཆེ་ཟེར་བ་ལྟར་བྱུང་སོང་བསམ་པའི་ཚོར་བ་ཞིག་རྙེད་བྱུང་། ད་ཆ་བཀའ་བློན་ཁྲི་པ་ནི་གལ་འགངས་ཆེ་ཤོས་དང་། བཙན་བྱོལ་བོད་མིའི་རྩ་ཆེ་ཤོས་ཀྱི་གཞི་རྩ་ཞིག་རེད་འདུག དེར་བརྟེན་རྒས་པོ་ངས་བཙན་བྱོལ་བོད་མིའི་ཆབ་འབངས་ཞིག་ཡིན་པའི་འགན་འཁྱེར་མ་ཐུབ་ན་མ་འོངས་པར་ལོ་ལྔ་དེ་ཆུ་ཟོས་སུ་སོང་བ་ཡིན་ན་སྐྱབས་བཅོལ་བོད་མི་ཙམ་མ་ཟད་གཞི་བྱེས་བོད་མི་ས་ཡ་དྲུག་གི་ལས་དོན་འཐུས་ཤོར་ཆེན་པོ་ཞིག་ཡོང་གི་རེད་བསམ་ནས་སེམས་འཚབ་ངང་ཀྱི་ངང་ནས་རྟ་རྒན། མི་རྒན། ཁྱི་རྒན་གསུམ་གྱི་ལས་བྱས་པ་ཡོད་པའི་ཆེ་མཐོང་ཞིག་སྤྲོད་དགོས་པ་མཐོང་ནས་སྐུ་ངོ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ལ་རྒྱབ་སྐྱོར་ཞུ་གི་ཡོད། རྒས་པོ་ང་1973ལོར་བཙན་བྱོལ་དུ་འབྱོར་བ་ནས་བཟུང་། བཀའ་ཁྲི་ཟུར་པ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་གི་བྱས་པ་མཐོང་ཐོས་བྱུང་བ་མདོར་ཙམ་འབྲི་རྒྱུ་ཡིན།
༡ 1974ལོར་གུས་པས་མཐོང་ཐེངས་དང་པོར་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་མཆོག་དང་བཀྲས་མཐོང་བསྟན་འཛིན་དགེ་བྱེད་མཆོག སྐོུ་ངོ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་བཅས་མི་གསུམ་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུ་བོད་ཡིག་གསར་ཤོག་ཤེས་བྱ་འདོན་སྤེལ་གནང་བ་དེ་ངོས་ནས་མཐོང་བྱུང་།
༢ 1970ལོར་གོང་མིང་གསུམ་དང་དམིགས་བསམ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་མཆོག་བཅས་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དང་པོ་འདི་སྐུ་ངལ་ཚད་མེད་བསྐྱོན་ནས་སྒྲིག་འཛུགས་གསར་འཛུགས་གནང་བ་མ་ཟད་དབུས་རྒྱུན་ལས་ཀྱི་ཕྱག་ལས་གནང་བ་དེ་ངོས་རང་1974ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་གཉིས་པའི་ཐོག་བོད་ཀྱི་དངོས་ཡོད་གནས་ཚུལ་ངོ་སྤྲོད་བྱ་དགོས་པའི་མགྲོན་འབོད་གནང་བར་བརྟེན། གསར་འབྱོར་གྱི་མིང་ཐོག་ཞུགས་སྒར་བོད་གཞུང་ཟློས་གར་ཚོགས་ཁང་དུ་གཏམ་བཤད་ངོ་བཅར་སྐབས་དངོས་སུ་མིག་མཐོང་བྱུང་།
༣ 1973ལོར་སྐུ་ངོ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་ཐུགས་འགན་བཞེས་ཀྱི་ཡོད་པ་དང་། དེའི་སྐབས་པོ་ཏ་ལ་ཐེབས་རྩ་ཁང་ཞེས་པ་གསར་འཛུགས་གནང་འདུག
༤ ཨ་རི་དང་ཁ་ན་ཊ་ཁུལ་བཅས་ལ་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བ་དང་ནེའུ་ཡོག་དུ་བོད་ཁང་དང་། བོད་རིགས་སྤྱི་མཐུན་ཚོགས་པ་བཅས་གསར་འཛུགས་གནང་འདུག
༥ ཨ་རིའི་གཞུང་དང་འབྲེལ་བ་གནང་ཏེ་༸གོང་ས་སྐྱབས་མགོན་ཆེནཔོ་མཆོག་ཨ་རིར་ཆིབས་བསྒྱུར་ཐེངས་དང་པོ་ལེགས་འགྲུབ་གནང་ཐུབ་པའི་སྐུ་ངལ་ལ་མ་འཛེམས་པར་ཕྱག་འགན་ལེགས་འགྲུབ་བྱུང་ཡོད་པ་དངོས་སུ་མཐོང་ཐོས་བྱུང་།
༦ 1987ལོ་ནས་90ལོ་བར་གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་ལས་འགན་བཞེས་པའི་དུས་ཡུན་རིང་ཝ་ཤིན་ཀྲོན་དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ཟེར་བ་ཞིག་གསར་འཛུགས་མཛད་ཡོད།
༧ ཨ་རིར་བོད་མི་1000གཞིས་ཆགས་སུ་བསྐྱོད་ཐུབ་པ་བྱུང་བ་དེའང་ཁོང་གི་རྣམ་སྤྱོད་ཚད་མཐོ་པོར་བེད་སྤྱོད་བཏང་བའི་འབྲས་བུ་ཞིག་ཡིན།
༨ ད་ཆ་བོད་མི་1000གི་ནང་མི་ཟླ་སྒྲིལ་བཏང་ཏེ་ཨ་རིའི་ནང་བོད་མི་སྟོང་ཕྲག་འགའ་ཤས་ཀྱི་འཚོ་བའི་མདུན་ལམ་རང་རྐྱ་འཕེར་བ་བཟོས་ཡོད་པ་དེ་མཛད་རྗེས་རླབས་ཆེན་ཞིག་མ་ཡིན་ནམ།
༩ ལོ་རེར་བོད་མི་སྐྱབས་བཅོལ་བའི་ཁྲོད་ནས་སློབ་ཕྲུག་ཨ་རིའི་མཐོ་སློབ་ཁག་ལ་སློབ་གཉེར་གྱི་གོ་སྐབས་ཐབས་འཚོལ་གནང་བར་བརྟེན་ད་ཆ་སྐྱབས་བཅོལ་སྤྱི་ཚོགས་ནང་ནས་སློབ་མ་མང་པོ་ཞིག་ཨ་རིར་བསྐྱོད་ཐུབ་པ་དེའང་མཛད་རྗེས་རླབས་པོ་ཆེ་ཡིན་པར་ངོས་ནས་ངོས་འཛིན་ཞུ་གི་ཡོད།
༡༠ 1980ལོར་གོང་ས་མཆོག་གི་རང་ཡུལ་བོད་ཆོལ་ཁ་གསུམ་ནང་སྐུ་ཚབ་ཐེངས་གཉིས་པ་གཟིགས་སྐོར་དང་གཞིས་བཞུགས་བོད་མི་རྣམས་ལ་འཚམས་གཟིགས་གཏོང་གནང་མཛད་སྐབས་ཚོགས་གཙོའི་ལས་འགན་བཞེས་ཏེ། འཚམས་གཟིགས་ཀྱི་རླབས་ཆེན་དོན་ཕན་ལྡན་པ་བྱུང་ཡོད་པ་གཞིས་བྱེས་བོད་མི་ཚང་མས་མཐོང་ཐོས་བྱུང་ཡོད་པ་རེད།
༡༡ 1990ནས་93ལོ་བར་ཁོང་གི་བདེ་སྲུང་དང་། དྲིལ་བསྒྲགས། ནང་སྲིད། དཔལ་འབྱོར། ཕྱི་འབྲེལ་ལས་ཁུངས་བཅས་ཀྱི་བཀའ་བློན་རིམ་པའི་མཛད་འཁུར་བཞེས་མྱོང་ཡོད་པ་ཞིག་ཡིན།
༡༢ 1993ནས་95ལོ་བར་བཙན་བྱོལ་བོད་གཞུང་གི་བཀའ་ཤག་སྐབས་བཅུ་པའི་བཀའ་ཁྲིའི་ལས་འགན་བཞེས་མཁན་གྱི་བཀའ་ཁྲི་དགུང་ལོ་ཆུང་ཤོས་དེ་ཆགས་ཡོད།
༡༣ ཁྱོན་བསྡོམས་མི་ལོ་ཉི་ཤུ་རྩ་བརྒྱད་ལྷག་ཙམ་རིང་ལྷག་བསམ་དང་ཤེས་ཡོན། ཉམས་མྱོང་། རྣམ་དཔྱོད་ལྡན་པའི་རླབས་ཆེའི་གཟེངས་སུ་ཐོན་པའི་གཞུང་ཞབས་སྲི་ཞུ་བ་བྱས་འབྲས་ལྡན་པ་ཞིག་ཡིན་པ་རྒྱ་ཆེའི་ཀློག་པ་པོ་དང་སེར་སྐྱ་མི་མང་མཆོག་དམན་ཡོངས་ནས་མཁྱེནཔ་ཞིག་ཡོང་བའི་རེ་བ་ཞུ་གིན་ཡོད།
དེར་བརྟེན་རྒྱ་ཆེའི་མི་མང་ཚང་མས་དགོངས་པ་གཅིག་ཏུ་བསྒྲིལ་ནས་ད་རེས་བཀའ་ཁྲིའི་དུས་ཡུན་ལོ་ལྔ་དེ་དག་རྩ་ཆེ་དང་ཛ་དྲག ལྷག་པར་དུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་བརྒྱད་ཅུར་ཕེབས་ཀྱིན་ཡོད་པར་སོང་། དུས་ཚོད་དེ་དག་ཆུ་ཟོས་སུ་མི་འགྲོ་བ་དགོངས་པ་བཞེས་རྒྱུ་གལ་ཆེན་མཐོང་ནས་བཀའ་ཁྲི་འོས་འབབ་ཡོད་པ་སྐུ་ངོ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ལ་འོས་འཕེན་གནང་ན་གཞིས་བྱེས་བོད་མི་ཡོངས་ལ་ཁོང་གི་མཛད་རྗེས་རླབས་ཆེན་ཞིག་བཞག་ཐུབ་པའི་རེ་བ་དང་གདེངས་ཚོད་ཡོད་པའི་ཐོག་ནས་གུས་ནས་ཁྱེད་རྣམ་པ་ཚང་མར་མཐོང་ཐོས་བྱུང་བའི་མཛད་པ་དེ་དག་སྤྱན་ལམ་དུ་འབུལ་བ་ལགས་ན་ཐུགས་ཞིབ་ཆེནཔོའི་སྒོ་ནས་བཀའ་ཁྲི་འདེམས་སྟངས་མི་ལོག་པའི་ཐོག་ནས་ཁོང་ལ་འོས་འཕེན་གནང་བའི་རེ་བ་ཞུ་གི་ཡོད།
རྒས་པོ་ང་བྱས་པ་ཅནལ་ཆེ་མཐོང་དང་གུས་བཀུར་ཞུ་མཁན་ཞིག་ཡིན་ལ་བྱས་པ་མེད་པའི་ནོར་འཁྲུལ་ཅན་ལ་མདུན་དུ་ཐོན་ནས་བསྐྱོན་བརྗོད་དང་དགག་པ་རྒྱག་མཁན་ཞིག་ཡིན།
རྒྱལ་བ་རྒྱས་པའི་མཆོད་སྤྲིན་དུ།
2011ཟླ་1ཚེས་21ལ་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པ་ཕག་རི་ཤོ་ཟུར་པ་སངས་ཚེ་དབང་༼ཡབ་ཆེན༽ནས་དངོས་ཡོད་བཞིན་བྲིས་།
ཕག་རི་བ་ལགས། ཁྱེད་ཀྱི་རྩོམ་ཐུང་དེ་བཀླགས་ཟིན། ལྕམ་རྒྱ་རི་སྒྲོལ་མ་ལགས་བྱས་རྗེས་ཅན་དང་ལྷག་བསམ་ཅན་ཡིན་པ་ཤེས་གི་ཡོད། ཁོང་གིས་གང་བྱས་པ་ལ་ཡི་རངས་ཀྱང་ཡོད། ཡིན་ནའང་ད་རེས་ཀྱི་བཀའ་ཁྲིའི་ཞབས་སྟེགས་དེ་མི་བྱས་རྗེས་ཅན་ལ་ཕུལ་རྒྱུའི་བྱ་དགའ་རང་བལྟ་མ་རེད་སྙམ།
དངོས་གནས་ཡག་པོ་འདུག ཧ་ལས་སོང། མི་གཅིག་གིས་བོད་ཀྱི་སྤྱི་ཚོགས་ནང་འདི་ཙམ་གྱི་བྱས་རྗེས་བཞག་ཡོད་ཀྱང་ད་དུང་མི་མང་པོ་ཞིག་གིས་ཁ་ཁོ་ན་བཏང་ནས་སྡོད་ཀྱི་འདུག དེ་ཚོ་ག་རེ་བསམ་གྱི་ཡོད་དམ། བྱས་རྗེས་འཇོག་འཇོག་པར་བཀའ་ཁྲིའི་ཞབས་སྟེགས་དགོས་ཀྱི་མི་འདུག ལྟོས་དང་། བཀྲས་མཐོང་གིས་གཞོན་ནུའི་དུས་ཉིད་ནས་བྱས་རྗེས་མང་པོ་བཞག་ཚར་འདུག སྤྱི་ཕན་གྱི་སེམས་ཤུགས་ཡོད་ན་བཀའ་ཁྲིའི་ཞབས་སྟེགས་མེད་ཀྱང་ལས་དོན་སྤེལ་ཆོག དེ་ལ་སུ་གཅིག་གིས་དགག་བྱ་མེད། ད་བོད་པ་རྣམས་གཟབ་གཟབ་མ་བྱས་ན་ཡོད་པོ་མེད་པོར་བཏང་། ད་ར་ཕྱུ་ཁུར་བཏང་ཟེར་བའི་དཔེ་ནང་བཞིན་ཡོང་ཡས་ཀྱི་སྟ་གོན་བྱེད་ཀྱི་འདུག འོ་ན་འཇོན་ཐང་ཡོད་ན་བོད་སྤྱི་ལ་ཕན་པའི་ཐེབས་རྩ་ཁང་ཞིག་ཚུགས་ཤིག ངས་བྱས་ན་རྩ་བ་ནས་འཇོན་གྱི་མ་རེད། འོ་ན་བོད་པའི་གཞིས་ཆགས་ཁག་ནས་ཉམ་ཐག་གི་ཁྱིམ་ཚང་བརྒྱ་ཐམ་པ་ཨ་རིར་གཞིས་ཆགས་ལ་འཐེན་དང། དེ་ཡང་འཇོན་གྱི་མ་རེད། འདི་དཔེ་མཚོན་ཙམ་རེད། འཇོན་པ་ནི་ཐོད་བརྒལ་ཧམ་ཤེད་དང་རྫུན་གཏམ་ཤོད་པར་ངོ་ཚ་མི་དགོས་པ་སོགས་རེད།
བསྟན་འཛིན་རྣམ་རྒྱལ་ལགས་ལྟ་བུའི་མི་བྱས་པ་ཅན་ལ། སྐུ་དྲག་ཅེས་ཟུར་འབུད་དང་། སྒོར་འབུམ་ཟ་མཁན་ཞེས་ཉེས་མེད་ཉེས་འཛུགས་བྱས་པ་ནི། དྲིན་ཅན་གྱི་ལག་པ་རྡོར་བརྡུང་ཞེས་པ་མཚུངས་པས། ཤིན་ཏུ་ནས་མི་འོས་པའི་གནས་ཡིན་པས། གཙོ་བོ་གཞོན་སྐྱེས་ཚོས་ནང་ནས་ནན་གཟབ་གནང་དགོས་འདུག བློ་བཟང་སེང་གེ་ལགས་ལ་བློས་བཀལ་ཐུབ་བམ། དེ་བས་བཀྲ་ཤིས་དབང་འདུས་ལགས་བརྟན་པ་མི་འདུག་གེ ཁོང་གི་མཚན་དོན་ལ་ལན་ཅིག་སོམས་དང་། བོད་རྒྱལ་ལོ། །
སེམས་ཤུགས་ཅན་གྱི་ཁྲིམས་རྩོད་པ་པ་ཚེས་ལགས་ཀྱིས་དུས་ཐོག་གི་སྙིང་གཏམ་གསུངས་འདུག་་་འདི་རྒས་པོ་པ་ཚེས་ལགས་ཀྱི་ཞལ་མཆེམས་རེད་ཅེས་བརྗོད་ཆོག་་ལྷག་པར་འགག་རྩའི་དུས་ཚོད་འདིར་བཏང་སྙོམ་ལ་མ་བཞུགས་དངོས་སུ་མདུན་ལ་ཕེབས་པར་དགའ་བསུ་ཡིད་རང་ཞུ་ཡིན།
ད་ལྟའི་སྟངས་ལ་བལྟས་ན་ཡིད་ཆེས་སྐྱེས་ཀྱིན་མི་འདུག རྒན་པོ་ཁག་མེད་ཀྱང་། རྒན་པོ་ཚོས་རྫུན་མ་བཤད་ན་བཟང་། གཞོན་ནུ་ཚོ་འུར་མ་ཁོས་ན་བཟང་། །ཕྲུག་གུ་ཚོ་ལབ་མ་རྒྱབ་ན་བཟང་། །གཡོ་རྫུན་ཁྲམ་པ་མགོ་ལ་ཐོན་མི་ཉན་ཡ། གཡོ་རྫུན་ཁྲམ་པ་རྒྱལ་ན་བོད་གཞི་བྱེས་གཉིས་ཀྱི་དམིགས་འདུན་བརླགས་ཚར་བ་རེད།
སྐུ་ངོ་ལགས། ཁྱོད་ཀྱིས་ཟླ་བ་ཚེ་རིང་གིས་སྤྱི་རྒྱུ་སྒེར་བྱས་རབས་སྐོར་གཅིག་གསུང་རོགས་གནང་།
ད་ཐེངས་ཀྱི་བཀའ་སྤྱིའི་འོས་བསྡུའི་ལས་རིམ་འདིར་བཙན་བྱོལ་བོད་མི་སྐྱ་སེར་རྒན་དར་གཞོན་གསུམ་ཚང་མས་དོ་འཁུར་དང་མཉམ་ཞུགས་གནང་བཞིན་ཡོད།་དེ་དག་གི་ཁྲོད་ནས་མང་ཆེ་བས་རང་འོས་མིར་རྒྱབ་སྐྱོར་ཚ་ཚ་འུར་འུར་ངང་བྱེད་ཅིང་།་རང་གི་འོས་མི་དེས་མ་འོངས་མ་འོངས་བོད་ཀྱི་རྩ་དོན་ལ་ཕན་པའི་མཛད་རྗེས་ངེས་ཅན་བཞག་རྒྱུར་ཡིད་ཆེས་ཀྱིས་ཁེངས་བཞིན་འདུག
འོན་ཀྱང་བློ་ཕམ་པ་ཞིག་ལ་སྤྱི་ཚོགས་སྟེང་གི་སྲིད་དོན་པ་ཉུང་ཤས་ཀྱིས་ད་ཐེངས་ཀྱི་འོས་བསྡུའི་ལས་རིམ་འདི་ནི་རང་སྒེར་གྱི་ཉེ་དགའ་ཕྱོགས་ལྷུང་དང་།སྒེར་དགྲརལ་འཁོན་འཛིན་དགྲ་ཤ་ལེན་སའི་གོ་སྐབས་བཟང་པོ་ཞིག་ལ་རྩིས་ནས་ཆབ་སྲིད་ཀྱི་གོ་རྟོག་དམའ་བའི་མི་མང་ཁྲོད་གཏམ་འཆལ་དང་དཀྲོག་གཏམ་གང་སར་སྒྲོག་བཞིན་འདུག་་
དེ་དག་གི་ཁྲོད་ནས་ཁུངས་ལྡན་གནས་ཚུལ་ཐོས་པར་གཞིགས་ན།རྡ་སར་གནས་སྡོད་དགའ་ལྡན་བག་གྲོ་ཞུ་བ་ཁོང་གིས་ཆབ་སྲིད་བཙོན་པའི་འཁྱེར་ནས།་་ཉི་ཤུ་དགུའི་ཁྱི་བཞིན་ཤར་རྒྱུགས་ནུབ་རྒྱུགས་ཀྱི་རྒྱལ་སྤྱིའི་ཁྲིམས་ལུགས་ཉམས་ཞིབ་བློ་བཟང་སེང་གེ་ལགས་སུ་རྒྱབ་སྐྱོར་ལས་འགུལ་སྤེལ་བཞིན་འདུག
འོ་ན་བག་གྲོ་ལགས་ཀྱིས་བློ་སེང་ལགས་སུ་རྒྱབ་སྐྱོར་བྱེད་དོན་ལྷག་བསམ་རྣམ་དག་གི་བོད་ཀྱི་རྩ་དོན་ལ་དགོངས་ནས་ལས་འགུལ་སྤེལ་བ་མ་ཡིན་པར།་་དེ་ནི་ཁོངས་བཀའ་ཁྲིའི་འོས་མི་བཀའ་ཟུར་བཀྲས་མཐོང་བསྟན་རྣམ་ལགས་སུ་འཁོན་འཛིན་ཆེན་པོ་ཡོད་པ་དེའི་ཡ་ལན་ལོག་རྗེས།སྒེར་གྱི་འཁུན་འཛིན་ཞེ་བཅངས་ཀྱི་དགྲ་ཤ་ལེན་རྒྱུ་གོ་སྐབས་དམ་བཟུང་གིས་ཁོང་གི་འགྲན་ཡང་བློ་སེང་ལགས་སུ་རྒྱབ་སྐྱོར་གྱི་གཏམ་འཆལ་གང་སར་སྤེལ་བ་ཙམ་མ་ཟད།་སྲང་ལམ་སྟེང་འབྱར་བའི་བཀའ་ཁྲིའི་འོས་མི་གཞན་རྣམས་ཀྱི་ལོ་རྒྱུས་དང་དཔར་བཅས་ཡང་མིན་ལྐོག་པ་དང་།་ཡང་མིན་ན་དམར་རྟགས་བརྒྱབ་པ་བཅས་བྱེད་ཀྱི་ཡོད།
འོ་ན་དགའ་ལྡན་བག་གྲོས་བཀྲས་མཐོང་བསྟན་རྣམ་ལགས་སུ་དེ་ལྟར་འཁོན་འཛིན་བྱེད་དོན་གང་ཡིན་ནམ་ཞེས་ན་གཤམ་གནས་ཚུལ་དེས་མཁྱེན་ངེས་རེད།་
དེ་ཡང་ཨ་རིའི་་San Francisco་ལ་ཡོད་པའི་Wisdom in action (WIA) ཞེས་པའི་ཚོགས་པས་འཛམ་གླིང་ནང་གི་ “Unsung Hero of Compassion” award སྤྱི་ཚོགས་ཞབས་ཞུ་བའི་བྱམས་བརྩེའི་གཟེངས་རྟགས་ཤིག་་༸གོང་ས་མཆོག་གི་མཚན་ཐོག་ནས་གནང་གི་ཡོད་པའི་གནས་ཚུལ་ཐོན་ཡོད།དགའ་ལྡན་བག་གྲོས་གནས་ཚུལ་ཤེས་རྗེས་འཕྲལ་མར་རང་ཉིད་ཆེར་རློམ་བསམ་བློ་ཞིག་གི་ཀུན་ནས་བླངས་ཏེ་གཟེངས་རྟགས་ཤིག་ཐོབ་རྒྱུའི་ཧམ་སེམས་དང་རྨི་ལམ་སྐྱིད་པོ་ཅིག་རྨིས་ནས་གཟེངས་རྟགས་ཚོགས་ཆུང་གི་འབྲེལ་མཐུད་མི་སྣ་བཀའ་ཟུར་བཀྲས་མཐོང་མཆོག་བརྒྱུད་ནས་འབད་བརྩོན་ཆེན་པོ་བྱས་ཡོད།
འོན་ཀྱང་ཕྱི་ལོ་༢༠༠༥་ལོའི་ཕྱི་ཟླ་་༡༡་ཕྱི་ཚེས་༦་ཉིན་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཐོག་གྲུབ་འབྲས་གཟེངས་སུ་ཐོན་པའི་གླི་ཆེན་ལྔའི་ནང་ནས་མི་སྣ་༤༦ལ་དངོས་སུ་གཟེངས་བསྩལ་ཡོད་ཅིང།གཟེངས་རྟགས་བཞེས་མཁན་གྱི་ཁོངས་སུ་བོད་རིགས་རྒྱ་གར་ཅན་ཌེ་ཀ་སྨན་ཁང་གི་བོད་ཀྱི་ཨ་མ་ཚེ་རིང་སྒྲོལ་མ་ལགས་དང།བདེ་ལེགས་སྨན་ཁང་གི་ཨེམ་རྗེ་ཚེ་བརྟན་ལགས་སོགས་བོད་མི་སྤྱི་ཚོགས་ཞབས་ཞུ་བ་བཞི་ལ་ཐོབ་ཡོད་པ་ལས་དགའ་ལྡན་བག་གྲོ་ལ་ཐོབ་མེད་སྟབས་ཁོང་ཁྲོ་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད།་་་གོང་གསལ་ཚོགས་པ་དེའི་འབྲེལ་མཐུད་འགན་འཁུར་བ་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་གིས་བག་གྲོར་ཤུགས་མ་བརྒྱབ་པའི་མཐོང་ཚུལ་བྱུང་ཡོད།
དུས་དེ་ནས་བཟུང་བག་གྲོས་སྐུ་ངོ་བཀའ་ཟུར་མཆོག་ལ་འཁོན་འཛིན་ཞེ་བཅངས་ཀྱིས་སྐྱོན་བརྗོད་བྱེད་འགོ་བཚུགས་ཡོད།་་འོན་ཀྱང་བཀའ་ཟུར་ཁོང་ལ་སྐྱོན་འཛུགས་བྱེད་གཞི་གང་ཡང་མེད་སྟབས་སྐུ་དྲག་དང་ཁྱིམ་བརྒྱུད་སོགས་ན་ཚ་སྙིང་པ་དེ་དག་སྐྱར་གླེང་བྱས་ནས་མི་མང་དྲིལ་་བསྒྲགས་བྱེད་ཀྱི་ཡོད།
དགའ་ལྡན་བག་གྲོའི་བྱ་སྤྱོད་དེ་དག་གི་རང་མདོག་རང་གིས་སྟོན་པ་ལས་མི་མང་གིས་རྒྱབ་སྐྱོར་དང་ཡིད་རང་བྱེད་མཁན་མེད་པ་རེད།་
གཞན་ཡང་དྲ་གྲོགས་འགའ་ཤས་བརྗོད་པར་གཞིགས་ན།་དགའ་ལྡན་བག་གྲོས་བློ་སེང་ལགས་སུ་རྒྱབ་སྐྱོར་བྱེད་དོན་གཞན་ཞིག་ནི།་་བློ་བཟང་སེང་གེ་ལགས་ཀྱིས་བཀའ་ཁྲི་ཐོབ་ན་ཕྱག་རོགས་བཀའ་བློན་གྱི་ཁོངས་སུ་བོད་ནས་གསར་འབྱོར་ཞིག་བསྐོ་གཞག་བྱ་རྒྱུའི་འཆར་གཞི་ཡོད་པ་དེར།་་དགའ་ལྡན་བག་གྲོ་ལགས་སུ་ཡང་སྐྱར་བཀའ་བློན་བྱ་རྒྱུའི་རྨི་ལམ་སྐྱིད་པོ་ཞིག་སྨིས་ནས་བཀའ་བློན་ཐོབ་རེ་ཆེན་པོ་བཅངས་ཡོད་ཚུལ་བརྗོད་པར་ཡང་རྒྱུ་མཚན་མེད་པ་མིན་པ་བཅས་དྲ་གྲོགས་རྣམས་ཀྱིས་བཀའ་ཁྲིའི་འོས་བསྡུའི་ལས་རིམ་ཁྲོད།སྒེར་འཁོན་ཞེ་བཅངས་བྱེད་མཁན་དགའ་ལྡན་བག་གྲོ་འདྲ་བའི་སྐབས་འཚོལ་བ་ཉུང་ཤས་ཤིག་གིས་འགོག་རྐྱེན་དང་གཏོར་བཤིག་གཏོང་གི་ཡོད་པའི་སྡིག་ཉེས་ཐེར་འདོན་བྱེད་རྒྱུ་གལ་འགངས་ཆེ་བའོ།
ཁྲིམས་བརྩོད་རྒད་པོ་འདི་ངོ་མ་ཧ་ལས་ཧོན་ཐོར་ལེ་མི་ཚད་ ཧོ་ཡང་ལོག་ཚར་ཐི་ རྒད་པོ་ལུང་ཁུག་གི་རྩོད་རྙོག་ཆུང་ཆུངརེ་ལ་མགོ་སྦོས་ནས་འཆལ་བའི་འཆལ་གཏམ་དང་ ཕྱོགས་ལྷུང་གི་བཟི་བས་བཟི་གཏམ་བཤད་ཡོང་ཞི་བདའ་ མཁས་དབང་བློ་སེང་ལགས་༼ལས་བྱས་པ་མེད་པའི་ཁྱི་ཁྲུག་༽ཞིག་རེད་ཟེར་ལེ་ཡོད་དམ་
ཁོ་རེ་རྒད་པོ་ དེང་དུས་མཐོང་རྒྱ་མཐོས་རྒྱ་ཆེ་ཞིང་རྣམ་སྤྱོད་ཡངས་པའི་བོད་རྒྱ་ཆེས་མི་མང་ལ་ཁྲོན་པའི་ནང་གི་སྦལ་པ་ཞིག་གི་བཀའ་སློབ་དགོས་ལེ་མ་རེད་ ཆོས་སྐྱོངས་རང་མགོ་མི་ཐོན་པར་ མགོ་ནག་མི་སྐྱོབས་ཐབས་ཕར་ཞོག་ཟེད་ལེའི་དཔེ་ལྟར་བྱེད་མ་ཡོང་ ཁྱོད་ཀྱི་འོས་ཤོག་གཅིག་པོ་དེ་བསྟན་འཛིན་རྣམ་རྒྱལ་ལགས་ལ་འཕེན་འདོད་ན་འཕེན་རོགས་ ཁྱོད་རང་གི་མང་གཙོའི་ཐོབ་ཐང་རེད་ ཡག་པོ་རེད་ དགའ་བསུ་ཞུ་། འོན་ཀྱང་འཛམ་གླིང་ནང་སྙན་གྲགས་ཅན་གྱི་གཙུག་ལག་སློབ་གྲ་ནས་ངོས་ལེན་ཡོད་པའི་བོད་རིགས་མཁས་དབང་གི་མཚན་ཅན་དང་ བཀའ་ཁྲིའི་འོས་མི་བློ་སེང་ལགས་ལ་ཁྱི་ཁྲུག་གི་དཔེར་ལེན་པ་ དང་བྱས་པ་མེད་པ་ཟེར་བ་དེ་དྲང་བདེན་དང་ཡག་པོ་མ་རེད་ དེས་རྒད་པོ་ཁྱོད་རང་བཙན་བྱོལ་གྱི་ཁྲིམས་རྩོད་པ་ཇི་འདྲ་ཞིག་ཡིན་མིན་རང་གི་མདོག་རྒྱ་བསྟོན་པ་རེད་ བོད་རྒྱ་ཆེས་མང་ཚོགས་ཀྱིས་སྔ་ས་ནས་འོས་བསྡུ་འདི་གལ་ཆེན་པོ་ཡིན་ལེ་དང་འོས་མིའི་དགེ་སྐྱོན་གཉིས་ཀའི་ལོ་རྒྱུས་ལ་རྟགས་ཞིབ་དང་གོ་མཐོས་སྦྱང་བཤད་མང་པོ་བྱས་ཏེ་རང་རང་གི་འོས་དེ་སུ་ལ་འཕེན་མིན་གྲ་སྒྲིགས་བྱས་ཟིན་ལེ་རེད་ རྒད་པོ་ཁྱོད་ད་བར་ག་པར་གཉིད་ཁུག་སོང་ལེ་རེད་ བསྟན་འཛིན་རྣམས་རྒྱལ་ལགས་ཀྱི་བྱས་རྗེས་ལོ་རྒྱུས་དང་ བློ་བཟང་སེངྒེ་ལགས་ཀྱི་སྐྱོན་གྱི་ལོ་རྒྱུས་འཚོལ་རྒྱུར་ཐོམ་སོང་ལེ་འདྲ་ ཁྲིམས་རྩོད་པ་ཟེར་ལེ་དེ་ཕན་ཚུན་ཉེ་རིང་དང་ཕྱོགས་ལྷུང་གཡས་དགའ་གཡོན་སྡུག་མེད་པ་ཚང་མར་སྟངས་སྙོམ་གཅིག་པ་བྱེད་དགོས་ལེ་མ་རེད་དམ་།
དཀྲུག་ཤིང་མདེའུ། ཁྱེད་རང་མིག་ལོངས་སོང་ངམ། གོང་དུ་རྒན་པོས་བོད་ཀྱི་གཏམ་དཔེ་དྲངས་ཏེ། ཁྱི་ཕྲུག་མི་ཕྲུག་རྟ་ཕྲུག་གསུམ་ལས་བྱས་པ་མེད་ཀྱང་ཆེ་མཐོང་ཆེ། རྟ་རྒན། མི་རྒན། ཁྱི་རྒན་གསུམ་གྱི་ལས་བྱས་པ་ཡོད་ཀྱང་ཆེ་མཐོང་མེད། ཅེས་བོད་ཀྱི་གཏམ་དཔེ་དྲངས་པ་ལས་བློ་སེང་ཁྱི་ཕྲུག་རེད་ཅེས་སུས་བཤདའདུག་གམ། ཁྱོད་ཀྱིས་བོད་ཡིག་ཁུངས་འཁྱོལ་བ་ཞིག་ཤེས་ཀྱི་མི་འདུག བྱས་ཙང་ད་དུང་ཡང་རྒྱ་རྒོན་སློབ་གྲྭར་འགྲོ་དགོས་པ་འདུག བློ་སེང་ཁྱི་ཕྲུག་ཏུ་ཁྱེད་རང་གིས་ཁས་བླངས་ན་ང་ཚོར་ཐབས་ཤེས་མི་འདུག འོན་ཀྱང་རྒན་པ་ཚེས་དེ་ལྟར་བཤད་མི་འདུག་གོ །
གདན་སའི་དགེ་སྐོས་མདུན་གཅིན་པ་ཤོར་བ། དགའ་ལྡན་གྲྭ་བག་གྲོ་ཁོ་ད་དུང་སྡོད་ཚུགས་ཀྱི་མི་འདུག་ན་གདན་སའི་དགེ་སྐོས་ཀྱི་སྐོར་ཤོད་ཅིག དེ་གོ་ན་ཁོ་གཅིན་པ་རང་དབང་མེད་པར་ཤོར་གྱི་རེད། ཁོས་སྔ་ལོ་གདན་སའི་དགེ་སྐོས་མདུན་བླ་འདར་བའི་གཅིན་པ་ཐེངས་གཅིག་ཤོར་ཚར་བ་རེད། མི་འདི་གྲྭ་པ་ཡག་པོ་ཞིག་མ་རེད། ཁོས་གདན་ས་དང་གཞིས་ཆགས་ནང་ཡང་དཀྲུག་ཤིང་མང་པོ་བརྒྱབ་འདུག ཁོ་རིག་གནས་གསར་བརྗེ་རོ་ལངས་རྒྱག་མཁན་གཙོ་བོ་ཞིག་རེད། མ་ཟད་གྲ་བག་གྲོ་ཁྱེད་རང་འཇོན་ཐང་རྩ་བ་ནས་མེད་པའི་བཀའ་བློན་གྱི་གཉིད་ལམ་སྐྱིད་པོ་དེ་མ་གཏོང་ཤིག དེ་ལས་སྡོད་ཚུགས་ན་འགའ་གི་རེད།
bbc གིས་རྒད་པོ་དེར་མགྲམ་ལྕགས་ཚ་ཐག་ཆོད་ཅིག་བཞུས་འདུག དེ་ག་རང་རེད། དཔེ་དེ་སུ་ལ་དྲངས་ཡོད་མེད་མཤེས་པར་ཡོད་ལེ་རེ་དང་མེད་ལེ་ཟེར་ནས་ངར་ངར་བྱེད་པ་ཡ་ཆ།
དངོས་གནས་དགའ་ལྡན་བག་འགྲོ་ཟེར་མཁན་དེ་ཆབ་སྲིད་བཙོན་པའི་གནས་འབབ་གཙོངས་ནས་ཁེ་བཟང་ཟོས་མཁན་གྱི་རུལ་སུངས་ཆེ་ཤོས་དེ་ཡིན་པ་རྡ་སའི་གཡས་གཡོན་གྱི་མི་ཚང་མས་ཤེས་གསལ་རེད། གཟབ་གཟབ་བྱེད་མ་གཏོགས་མི་འདི་འདྲས་ལ་སྒོར་མོ་འབྱིན་ན་ག་རེ་ཡིན་ནའི་བྱེད་སྲིད་ཀྱི་རེད་དྰ། ངོ་མ་སྙིང་རྗེ། ཇི་སྐད་དུ། ཉོན་མོངས་གདོན་གྱིས་སྨྱོས་པའི་བརླླང་སྤྱོད་ཀྱིས། །རང་གཞན་གཉིས་ཕུང་བགྱེད་པའི་སྙིང་རྗེའི་ཡུལ།
།མི་བསྲུན་སྐྱེ་བོའི་ཚོགས་རྣམས་བླང་དོར་མིག ྱ།ཡོངས་ཐོབ་བྱམས་བརྩེས་མཛའ་བའི་དཔལ་ལ་སྦྱོར་ཞེས་སོགས་སྨོན་པའི་དོན་ཀུན་བདེ་བླག་མྱུརགྲུབ་ཤོག།
BBC ལགས་མཇལ་བ་དགའ་པོ་བྱུང།
ཁྱེད་རང་གིས་གསུངས་པར་རྒྱབ་སྐྱོར་དང་ཡིད་རངས་ཆེན་པོ་ཞུ་བཞིན་ཡོད།
ང་ཚོ་བོད་མིའི་གཏམ་དཔེ་མི་རྒན་པའི་ཁ་ཉོན།
བྱ་གཞོན་པའི་འགྲོས་ལ་ལྟོས་ཞེས་གསུངས་པ་མི་རྒན་གྱི་གཏམ་ལ་ཉན་དགོས།
བཙན་བྱོལ་སྤྱི་ཚོགས་ཀྱི་མི་རབས་རྒན་པ་རྣམས་ལ་བྱས་པའི་རྗེས་དང་དྲུད་པའི་ཤུལ་ཡོད་པ་རེད།
ཁོང་ཚོས་བརྗོད་པར་དོན་སྙིང་ཆེན་པོ་ལྡན་ཡོད་པ་རེད།
རང་ལྡེའུ་ལགས་སུ་བརྗོད་རྒྱུར།་་རྒས་པོ་དེ་ལུང་ཁུག་གི་ཁྲིམས་རྩོད་པ་ཆུང་ཆུང་ཞིག་ཡིན་རུང་།་ཁོས་ཁྲིམས་རྩོད་མྱོང་ཡོད་ལ།་ཁྲིམས་རྩོད་ནས་ཐོབ་མྱོང་ཡང་ཡོད།་
འོན་ཀྱང་བློ་བཟང་སེང་གེ་ལགས་ཁྲིམས་རྩོད་ཆེན་མོའི་མིང་འཛིན་ཡོད་རུང་ཁྲིམས་རྩོད་མྱོང་མེད་ལ།་དེ་བས་ཁྲིམས་ཐོབ་མྱོང་མེད་པ་རེད།
སྔ་ལོ་ཡོ་རོབ་ཀྱི་སེ་པན་རྒྱལ་སྤྱིའི་ཁྲིམས་ཁང་ནས་བློ་སེང་ལ་རྒྱ་མིའི་ཁྲིམས་རྩོད་པས་ཕམ་ཁ་ཆེན་པོ་བསྐུར་ཡོད་པ་རྒྱ་བསྒྲགས་བོད་བསྒྲགས་པ་ཡིན་མ་ཤེས་སམ།
ཁོ་རེ་ སྤི་སྤི་སི་
ང་བོད་ཡིག་ཡོད་པའི་སློབ་གྲ་ཞིག་ལ་འགྲོ་མ་མྱོང་ཡང་ད་ལྟ་ཞར་ཞོར་ལ་བོད་ཡིག་སྦྱོང་བསྡད་ལེ་ཡིན་
མི་ཚད་ གོང་དུ་རྩོམ་དེའི་ཁྱོན་ཡོངས་ཀྱི་ནང་དོན་དང་དེའི་ནང་ཚན་གཏམ་དཔེར་སྦྱོར་བའི་གོ་དོན་དག་ཤེས་ཞི་ཡོད་ ཁོ་རེ་ཁྱོད་རང་ མི་ཚེ་རི་ལ་སྐྱལ་ནས་ རི་དགས་ངོ་མ་ཤེས་ཟེར་ལེ་དེ་ཡིན་ཞི་བདའ་ ༼་་་ཁྱི་ཕྲུག་མི་ཕྲུག་རྟ་ཕྲུག་གསུམ་ལས་བྱས་པ་མེད་ཀྱང་ཆེ་མཐོང་ཆེ་་་༽ཟེར་ལེའི་དཔེ་དེ་སུ་ལ་ཟེར་ཞི་ཡོད་མེད་དང་ ༼ ་་་ལས་བྱས་པ་མེད་ཀྱང་ཆེ་མཐོང་ཆེ་་་་༽ཟེར་ལེ་དེའི་དོན་ཆི་ཞིག་ཟེར་ཞི་ཡོད་མེད་དེ་ ཁྱོད་མི་ཚེ་སྒང་པོ་བོད་ཡིག་བྲི་ཀློག་དོན་དུ་བཏང་མྱོང་ཡོད་ནའང་གོ་དོན་རྟོགས་ཐུབ་མི་བདའ་ དེ་མི་ཚད་ཁྱོད་ རང་གི་སྣ་ཁུག་རྩེ་མོར་བཙོག་པ་རྡོག་གེར་འགོས་བསྡད་ལེ་དེ་མི་མཐོང་བར་ གཞན་ལ་བཙོག་པའི་དྲི་མ་ཁ་ཞི་བདའ་ཟེར་འཁྲེལ་ནས་རང་ཉིད་གཞན་གྱི་བརྒོད་ཤོར་ཡུལ་བཟོ་ལེ་དེའང་ཤེས་ཞི་མི་བདའ་།
* རྫབ་དོང་ནང་དུ་སྐྱེས་པའི་མེ་ཏོག་དྲི་ངན་ཁོ་ཡང་ ཐུར་མ་ཡར་ཁྲབ་མར་ཁྲབ་ཨ་ཁུ་ཅི་དཔོན་ཁྲབ་ཁྲབ་།
རང་བཙན་ལྡེའུ་ལགས།
ཨ་སྐྱིད་ཇོ་སྐྱིད་རིན་པོ་ཆེ།
ཇོ་རུ་དགོངས་པ་མཐོ་ལུགས་ལ།
ཁམས་པའི་ཡིན་ལེ་མིན་ལེ་ཟེར་བ་དང་ཨ་མདོ་བའི་ཆི་ཟིག་མི་ཟིག་ཟེར་བ་འདི་ཚོ་བོད་ཀྱི་སྐད་ཡིག་གི་དགྲ་བོ་རེད། དེ་ཐུགས་ལ་འཇོག
གླིང་སྒྲུང་ནང་སྟག་རོང་དཔོན་ཁྲོ་འཐུང་ཡར་ཁྲབ་མར་ཁྲབ་བྱས་པ་ལས་སྤྱི་དཔོན་རོང་ཚ་ཁྲ་རྒན་ཁྲབ་པ་ཞིག་མ་ཐོས།
ཁྱེད་རང་ལེགས་པར་ཉོན། ཁྱོད་རང་གིས་དོན་དག་རྩ་བ་ནས་མ་ཤེས་མི་འདུག ད་དུང་སྔོ་ལོ་འཕྱཔར་འཕྱར་དེ་འདྲ་ཅི་ཞིག་རེད། ཁྱི་ཕྲུག་ཞེས་པ་སྙིང་རྗེ་པོ་ཡོད་སྟབས་མི་ཚང་མས་བྱམས་པོ་བྱེད་ཀྱི་ཡོད་ཙང་མཐོང་ཆེན་བྱེད། དེ་བཞིན་མི་ཕྲུག་ཞེས་པ་མི་ལོ་ན་ཆུང་དུས་ལང་ཚོ་དར་བའི་སྒང་ཡིན་སྟབས་མི་ཚང་མས་དགའ་པོ་དང་། ད་དུང་སྐྱེས་འབྲས་མཚར་པོ་ཡོད་ན་བྱས་རྗེས་མེད་ཀྱང་མི་ཚང་མས་ངོ་དགའ་བྱེད་ཀྱི་ཡོད་པ་ལ་གོ་དགོས། ཁྱེད་རང་གིས་སྦོྱར་སྙིང་འདོད་ན་མི་ཕྲུག་དེ་བློ་སེང་ལ་སྦྱོར་དགོས། བློ་སེང་ལ་བྱས་རྗེས་འདི་ཡིན་ཞེས་པའི་ངོ་སོ་ཐོན་པ་གང་ཡང་མེད་ཀྱང་། བློ་སེང་ལོ་ན་གཞོན་པ་དང་ཁ་རི་ངོ་མདོག་ཏོག་ཙམ་ཡོད་པར་བརྟེན་ཁྱེད་ལ་སོགས་པ་མི་མང་པོ་ཞིག་གིས་ཆེ་མཐོང་དང་སྤྲེལ་ལད་འཁྲབ་བཞིན་འདུག ཅེས་རྒན་པོ་པ་ཚེ་སྐད་ཤོར་བའོ། ད་ཁྱེད་ལ་སློབ་ཚན་ཁྲིད་ཚར། ཁྱོད་རང་ང་རྒྱལ་ཚ་བ་མ་གཏོགས་ཁྱེད་གང་འདྲ་ཞིག་ཡོད་མེད་མིའི་མདུན་ལ་ཞབས་འདྲེན་ཞུས་ཚར་སོང་ངོ་། །
རྒན་བི་བི་སི་ལགས། བྱིས་ལ་ལང་ཤོར་འདི་འདྲ་ལ་ཀོ་ཐག་གིས་ཤར་གིན་ཤར་གིན་མ་གཏོགས་མཛུབ་ཁྲིད་བྱས་པ་ཙམ་གྱིས་གཏན་ནས་ཤེས་རོགས་བྱེད་གི་མ་རེད། མཚམས་རེ་ཨམ་ཅོག་འཐེན། མཚམས་རེ་ཙོག་ཙོག་པུར་སྡོད་དུ་བཅུག དེ་འདྲ་བྱེད་དགོས་རེད། དེ་ནས་ཏོག་ཙམ་ཨེ་ཤེས་བལྟ་གི་རེད།
མི་རྒན་ཁྱི་རྒན་རྟ་རྒན་གསུམ
ངན་བྱས་པ་མེད་ཀྱང་ཀུན་གྱིས་བསྡང།
མི་ཕྲུག་ཁྱི་ཕྲུག་རྟ་ཕྲུག་གསུམ།
བཟང་བྱས་པ་མེད་ཀྱང་ཀུན་གྱིས་བྱམས།
ད་ག་རང་རེད། ལ་སྟོད་བུས་བཤད་པ་འགྲིག་འདུག མདེའུ་ཁྱེད་རང་གིས་ལ་སྟོད་བུ་དགེ་རྒན་ལ་བསྟེན་ན་ཡག་པོ་འདུག འོན་ཀྱང་ལ་སྟོད་བུས་ཁྱེད་རང་དགེ་ཕྲུག་པ་ཉར་དང་མི་ཉར་བཤད་ཚོད་ཐིག་ཡས་ཡོད་པ་མ་རེད། གང་ཡིན་ཞེ་ན། གོ་ཐོས་ལ་ལ་སྟོད་བུས་དགེ་ཕྲུག་མ་ཉར་གོང་ལ་བརྟག་དཔྱད་ཞིབ་ཚགས་བྱེད་ཀྱི་ཡོད་བཟོ་འདུག གལ་སྲིད་ཁྱོད་འདྲ་བ་ཚོས་ལ་མ་ཚོས་དེ་འདྲ་ཡོད་ན་ལམ་སེང་ཕེབས་སྐྱེལ་ཞུ་གི་ཡོད་ས་རེད། ཧ་གོ་སོང་ངམ།
བོད་རྒན་དགེ་རྒན་མི་རྒན་གསུམ། ངན་བྱས་པ་མེད་ཀྱང་ཀུན་གྱིས་སྡང་།
རྒྱ་ཕྲུག་སྤྲང་ཕྲུག་ཁྱི་ཕྲུག་གསུམ། བཟང་བྱས་པ་མེད་ཀྱང་ཀུན་གྱིས་བྱམས།
བྷི་བྷི་སིའི་རྒྱུད་ལམ་ནས་ལ་དགེ་ཕྲུག་ཅིག་འབུལ་གྱི་ཡིན་ཟེར་ནས་ཁྱབ་བསྒྲགས་ཤིག་བྱས་སོང།
ད་ཡིན་ན་དེ་བདེན་པ་ཡིན་སྲིད།
ནམ་རྒྱུན་ངས་བྷི་བྷི་སི་གནས་ཚུལ་དེ་དག་བདེན་པར་བརྩི་བཞིན་ཡོད།
ད་ལམ་ཡིན་ན་བདེན་དང་མི་བདེན་ལྟ་རྒྱུ་རེད།
ངས་དགེ་ཕྲུག་ཉར་དུས་ཙམ་མ་ཟད།
བྷི་བྷི་སི་ནས་བཤད་པ་དེ་དག་ལའང་བརྟག་དཔྱད་ཡག་པོ་བྱས་ཏེ་གཞན་ལ་ཤོད་ཀྱི་ཡོད།
གལ་ཏེ་ང་ཚོས་གཟེངས་རྟགས་དང་ཐུགས་རྗེ་ལེགས་འབུལ་ཞིག་འབུལ་རྒྱུ་ཡིན་ན་འདས་པའི་ཆར་ཕྱག་ལས་གནང་མིན་དང་སྐུ་ངལ་སྐྱོན་མིན་བལྟ་རྒྱུ་རེད་མ་གཏོགས། ད་ལན་འདིར་ང་ཚོས་བཀའ་བློ་ཁྲི་པ་སྐབས་གསུམ་པའི་འོས་བསྡུ་འདི་ནི། མ་འོངས་པར་ང་ཚོའི་རྩ་དོན་ཆེད་དུ་ཕྱག་ལས་གནང་ཐུབ་པའི་ཤེས་འཇོན་གཉིས་ལྡན་ཞིག་དང་རྩ་དོན་དེ་མུ་མཐུད་གནས་པའི་ཆེད་དུ་མི་རབས་རིམ་བརྒྱུད་དགོས་པ་ཞིག་བསམ་བློ་གཏོང་གི་ཡོད་རེད།
རྒྱ་རི་སྒྲོལ་མས་སྤྲད་པའི་དངུལ་དེ་རྫོགས་དུས། ཡང་རྒན་པོ་མགོ་དཀར་འདིས་སྙིང་རྗེ། ག་རེ་བྱེད་རྩིས་ཡོད་ན། ད་ནི་ལྟོགས་ཤི་ཐེབས་གྲབས་ཡོད་འགྲོ
ཡབ་ཆེན་ལགས། སྐུ་ཉིད་རྒས་པོ་ཡིན་པས་བརྩི་བཀུར་ཞུ་བཞིན་ཡོད་ལ། ད་དུང་མུ་མཐུད་ཞུ་རྒྱུ་ཡིན། ཡིན་ནའང། སྐུ་ཉིད་ཆེ་ས་ཞིག་དང་མི་ཤེས་ས། གནད་འགག་ཞིག་ལ་ལག་པ་འཆང་རྒྱུ་ཞེ་དྲག་དགའ་བོ་འདུག དེ་བས་མ་ཎི་རེ་བགྲང་ནས་ལྷོད་ལྷོད་བཞུགས་ན་མི་དགའ་འམ། སེམས་གཏམ་རང་ཡིན་མ་གཏོགས། ཁྱེད་ཀྱི་ཐོབ་ཐང་ལ་ཐེ་བྱུས་བྱས་པ་མིན་ལགས། མ་ཎི་པདྨེ་ཧཱུམ། །།།།
ད་དུང་ཞུ་རྒྱུ་ཞིག་ལ། ཁྱི་རྒན་ཟེར་བ་ལྟ་བུའི་ཚིག་འདི་དག་རང་གི་ནང་མ་གཏོགས། ང་ཚོའི་སྤྱི་ཚོགས་ནང་རྔམ་རྔམ་རྫིག་རྫིག་གིས་བེད་སྤྱོད་མ་གནང་རོགས།
འབིམ་སྦི་རུལ་པ་དང་ མེ་ཏོག་རུལ་པ་འདི་གཉིས་ འཁྲབ་སྟོན་ཁང་གི་སྤྱན་ཟན་ཚོར་ཉེས་རྡུང་ཁོ་ན་བཏང་སྟེ་སློབ་སྦྱོང་སྤྲོད་ལེ་བཞིན་བྱས་ནས་སླབ་ན་མིན་ཚེ་ མི་ལ་སློབ་སྦྱོང་སྤྲོད་ལེའི་ལམ་ནས་ཚེ་སྒང་གཅིག་བསླབ་ཀྱང་ཆི་གང་ཤེས་ལེ་དང་གོ་བདའ་ཁྲོད་ཁན་ཞིག་རེད་མི་བདའ་ཡ་ ད་བོང་བུ་འདི་གཉིས་ལ་ཆི་བཤད་མ་བཤད་མི་བདའ་ ཙག་སྒྲ་སྒམ་ཆུང་ནང་གི་མཐོང་རྒྱ་མཐོས་རྒྱ་ཞིག་ལས་མེད་ལེ་ལ་ལྐུག་པའི་ཨུ་ཚུགས་རྒྱག་རྒྱུ་ལྷག་གང་ཤེས་་ ཡ་ང་།
ཁྱི་ཕྲུག་མི་ཕྲུག་རྟ་ཕྲུག་གསུམ།
ལས་བྱས་པ་མེད་ཀྱང་ཆེ་མཐོངས་ཆེ།
རྟ་རྒན་མི་རྒན་ཁྱི་རྒན་གསུམ།
ལས་བྱས་པ་ཡོད་ཀྱང་ཆེ་མཐོངས་མེད།
ཧ་ཧ་ཡབ་ཆེན་སྐུ་ངོས་བཤད་པ་ལྟར་བདེན་པ་འདྲ་འདུག་མོད།འོན་ཀྱང་ང་ཚོས་གསལ་པོ་ཤེས་དགོས་པ་ཞིག་ལ་བློ་སེང་ལགས་ལས་བྱས་པ་མེད་མཁན་ཁྱོན་ནས་མ་རེད།ཁོང་ཨ་རིའི་ནང་སྙན་གྲགས་ཆེ་བའི་ཧའ་ཀྲིཝ་མཐོ་སློབ་ཀྱི་འབུམ་རམས་པའི་མཚན་གནས་བཞེས་པ་དེ་བོད་མི་ས་ཡ་དྲུག་ལ་མཚོན་ན་ཁོང་ལ་མ་གཏོགས་ཕལ་ཆེར་མ་ཐོབ་པ་འདྲ་བས་ཁོང་གི་ལས་བྱས་པ་དང་པོ་དེ་ཡིན།
ད་བར་བོད་ཀྱི་གཞོན་ནུ་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་འདྲ་མིན་ནང་ཕྱག་ལས་གཟེངས་སུ་ཐོན་པ་མང་པོ་བྱས་མྱོང་བས་དེ་དག་ཀྱང་ཁོང་གི་ལས་བྱས་པ་གཉིས་ཡིན།
རྒྱ་བོད་འབྲུག་གསུམ་དང།ཕྱི་རྒྱལ་ཡུལ་ཁག་འདྲ་མིན་ནང་གི་བོད་པའི་སློབ་ཕྲུག་སོགས་ཚོགས་པ་དང་སྒྲིག་འཛུགས་འདྲ་མིན་ནང་ཟབ་སྦྱོང་དང་མཁས་པའི་གཏམ་བཤད་གྲངས་ལས་འདས་པ་བྱས་དང་བྱེད་བཞིན་པ་ཁོང་གི་ལས་བྱས་པ་གསུམ་པ་ཡིན།
རང་གཞུང་གི་ལས་བྱེད་ཆེ་ཕྲ་དང།བོད་མི་དམངས་སྤྱི་འཐུས་རྣམས་ལ་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགྲོ་བ་མིའི་ཐོབ་ཐང་སོགས་གལ་གནད་ཆེ་བའི་བརྗོད་གཞི་ཁག་མིག་ལོང་ལམ་འཁྲིད་བྱེད་འདྲའི་ཟབ་སྦྱོང་སྦྱངས་བཤད་མང་དག་ཅིག་སྤེལ་བ་ཁོང་གི་ལས་བྱས་པ་བཞི་པ་ཡིན།
སྟོབས་ཆེན་རྒྱལ་ཁབ་ཨ་རི་སོགས་རྒྱལ་ཁབ་འདྲ་མིན་ནང་ཡོད་པའི་རྒྱ་མི་རིགས་ཀྱི་སློབ་ཕྲུག་དང།ཉམས་ཞིབ་པ།མཁས་དབང།ཆབ་སྲིད་མི་སྣ།ལྷག་པར་ཏུ་རྒྱ་ནག་སྐམ་ས་ཆེན་པོ་ནས་ཡོང་བའི་ཁྲིམས་རྩོད་པ་དང།རྩོམ་པ་པོ།ལོ་རྒྱུས་སྨྲ་བ་སོགས་སྐྱེ་བོ་ཁྲི་ཕྲག་མང་པོར་བོད་ཀྱི་གནད་དོན་ངོ་སྤྲོད་དང།ཁྲིམས་ཐོག་བོད་ལ་རང་དབང་ཚད་ལྡན་ཡོད་པའི་གནས་ལུགས་ངོ་སྤད་དེ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པ་ཁོང་གི་ལས་བྱས་པ་ལྔ་པ་ཡིན།
ཧའ་ཀྲིཝ་མཐོ་སློབ་ཀྱི་གཞུང་འབྲེལ་དང།མཁས་དབང་གི་མཚན་སྙན་འོག་སྔ་ལོར་རྒྱ་ནག་པེ་ཅིན་དུ་མཁས་པའི་ཚོགས་འདུར་ཞུགས་ཏེ་རྒྱ་ནག་དམར་ཕྱོགས་ཀྱི་མདུན་ས་ནས་བོད་དོན་གདེངས་སྤོབས་ཆེན་པོས་བཤད་གླེང་གནང་བ་ཁོང་གི་ལས་བྱས་པ་དྲུག་པ་ཡིན།
རང་གི་ཕ་དམ་པའི་ཁ་ཆེམས་ཡིད་ལ་བརྣགས་ཏེ་བོད་དོན་ཐོག་བསམ་ཕོད་པ།བཤད་ཕོད་པ།སྒྲུབ་ཕོད་པ་བཅས་ཕོད་པ་རྣམ་གསུམ་གྱི་བྱ་བར་ཞུགས་པ་ཁོང་གི་ལས་བྱས་པ་བདུན་པའོ།
དྲ་གྲོགས་བཀའ་མོལ་ཡ་མཚན་དེ་འདྲ་མ་གསུངས་རོགས།
སློབ་གནས་མཐོ་པོ་སྤྱད་ཐུབ་པ་ཙམ་གྱི་བྱས་རྗེས་ལ་རེད་བརྗོད་ཀྱི་འདུག
ཤེས་ཡོན་ལྡན་པ་དང་མཉམ་དུ་ལྷག་བསམ་དང་།་མི་གཤིས།དྲང་བདེན།ཡ་རབས།འཁྲབ་སྟོན་མི་བྱེད་མཁན་དེ་འདྲ་གལ་ཆེན་པོ་རེད།
དེ་མི་འགའ་ཤས་ཀྱིས་འོས་ཤོག་ཐོབ་བྱེད་གང་ཡིན་ནའང་བྱེད་སྲིད་ལ།དཔེར་ན།མངོན་གསལ་དོད་པོས་སྐྱག་རྫུན་བཤད་པ།མི་རབས་གསར་རྙིང་འཐབ་རྩོད་བྱེད་བཅུག་པ།བཙན་བྱོལ་གྱི་ཡང་དག་པའི་མང་གཙོའི་ལམ་ལུགས་ལ་བཀའ་བཀོད་བརྒྱུད་འཛིན་དང་སྐུ་དྲག་གི་ཞྭ་མོ་ནག་པོ་གཡོག་པ་སོགས་བྱེད་ཀྱི་ཡོད།
དེ་དག་ནི་ང་ཚོས་བློ་འཚབ་བྱེད་འོས་པའི་གནད་དོན་ཞེ་གཅིག་རེད།
དྲ་གྲོགས་ཚོ་ངའི་ཆོས་གྲོགས་བག་གྲོ་ལགས་ཀྱི་སྐོར་ལ་དེ་སྔོན་ངས་ཕྲན་བུ་བཤད་ཟིན་པ་ཡིན། ད་དུང་དྲ་གྲོགས་ཚོ་དང་མི་མང་པོ་ཞིག་གི་མི་རྒྱུ་ཟ་མཁན་གྱི་གྲྭ་གཟུགས་ཁོ་ཡི་སྐོར་རྒྱས་བཤད་གནང་འདུག འདི་ནི་ཤིན་ཏུ་ཡག
བཀའ་ཁྲི་སུ་ལ་ཐོབ་རུང་བོད་མི་རེད། ཡིན་ནའི་དུས་ཚོད་འདིར་ཡིད་ཟབ་གནང་དགོས་པའི་མི་སྣ་གསུམ།
ཆབ་སྲིད་ཚོང་ཟུར་བག་གྲོ་ མང་གཙོ་ཚོགས་རྩིས་ཁྲ་གཙང་མ་སྟོན་རྒྱུ་མེད་པའི་འཆི་མེད་གཡུ་དྲུང། ཕོ་ལོག་མོ་ལོག་བློ་བཟང་དབང་རྒྱལ་དེ་གསུམ་ལ་མི་མང་ཚང་མས་ཡིད་ཟབ་མ་གནང་ན་བཙན་འབྱོལ་བོད་མིའི་སྤྱི་ཚོགས་འདི་ཕུ་དཀྲུགས་མདའ་དཀྲུགས་བཟོ་ངེས་ཡིན།
བག་གྲོའི་སྐོར་གོང་དུ་མཆན་ནང་གསལ། བློ་བཟང་དབང་རྒྱལ་གྱིས་དེ་སྔོན་གྲོགས་པོ་ཞིག་ལ་མཁས་དབང་བློ་སེང་ལགས་རྒྱབ་སྐྱོར་ཞུ་ཡས་དེ་མཛེས་མའི་ལས་དོན་ཁག་ལ་རོགས་སྐྱོར་མཁས་ལེན་བྱུང་སྐོར་དང། མཁས་དབང་ཁོང་བཀའ་ཁྲིར་བསྐྱལ་རྒྱུ་ལས་བཙན་འབྱོལ་གཞུང་ག་རེ་ཆགས་མིན་ཁྱད་པར་མི་འདུག་ཞེས་དང།
འཆི་མེད་གཡུ་དྲུང་གིས་བཀྲས་མཐོང་དང་བློ་སེང་གཉིས་ཀ་ལ་རྒྱབ་སྐྱོར་ཡོད་སྐོར་བརྗོད་ཡང་ནང་སྲིད་བཀའ་བལaོན་གྱི་རེ་བས་བློ་སེང་ལ་བཀའ་ཁྲིར་འདོད།