སོག་ནག་ཚང་།
དུས་རབས་བདུན་པའི་ནང་སློབ་དཔོན་ཐོན་མས་བོད་ཡིག་གསར་བཏོད་མཛད་པ་ནས་བོད་མི་རིགས་ཀྱི་ཆབ་དཔལ་རིག་གསུམ་སོགས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཏེ་ངག་རྒྱུན་ནས་ཡིག་ཐོག་གི་ལོ་རྒྱུས་དང་རྩོམ་རིགས་འབུས་འགོ་ཚུགས་ཤིང་སྐད་ཡིག་གཅིག་འགྱུར་དང་བོད་མི་རིགས་ཀྱི་བླ་སྲོག་ལ་གསོན་ཤུགས་གསར་བ་རྒྱས།
དུས་ཀྱི་འགྱུར་བས་དེད་དེ་རྒྱལ་པོ་གླང་དར་དང་རིག་གནས་གསར་བརྗེ་སོགས་ཕྱི་ནང་གི་འགལ་རྐྱེན་གང་མང་ཞིག་གིས་བོད་ཡིག་གི་ཚེ་སྲོག་ལ་རྒོལ་ཅིང་མཐོ་བཙམས་ཏེ། རྨག་མེད་ཏུ་གཞོམ་པའི་ལས་སྣ་མང་བརྩམས་ནས་དར་བ་ནས་རྒུད་པའི་ཕྱོགས་དང་། རྒུད་པ་ནས་རྩ་བརླག་ཏུ་འགྲོ་བའི་དཀའ་སྡུག་གི་ལོ་ཟླ་རིང་མོ་དང་དུས་རབས་རེ་རེའི་འགྱུར་ཁུག་ཁྲོད་ནས་མ་ཎི་རྡོ་བརྐོས་དང་བཀའ་བསྟན་གྱི་ཤིང་དཔར་གསེང་ལ་འཛུལ་ནས་རང་སྲོག་སྲུང་བར་ས་འོག་ནས་གཏེར་ལ་ཉལ།
དེང་སང་བརྡ་འཕྲིན་གྱི་དུས་རབས་ལ་སླེབས་སྐབས་བོད་ནང་ལོགས་ལ་མཚོན་ནའང་ཧི་མ་ལ་ཡ་དང་པཎྜི་ཏ་སོགས་བཀོལ་སྤྱོད་བྱས་ནས་བོད་ཡིག་གི་དྲ་ཚིགས་བརྒྱ་ཕྲག་མང་པོ་ཁྱབ་སྤེལ་བྱེད་དང་བྱེད་མུས་རེད་ལ། དུས་ཡུན་ཐུང་ངུ་ཞིག་གི་ནང་དུ་བོད་ཡིག་དྲ་ལམ་ནས་དར་ཁྱབ་བྱུང་བའི་གནས་བབ་ཧ་ཅང་མྱུར་བས་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད། ད་ལྟ་རྒྱལ་བའི་བཀའ་བསྟན་སོགས་ཀྱང་གཏེར་ཁ་དང་དཔར་ཤིང་ནས་ཐོན་ཏེ་འཛམ་གླིང་གི་བརྡ་འཕྲིན་རིག་པའི་དྲ་ཐག་ཆེན་མོའི་ཀློང་ན་མཁའ་ལམ་སྙེགས་བཞིན་ཡོད།
བཙན་བྱོལ་ནང་དུའང་སྐུ་ཞབས་སྨོན་ལག་ལགས་ཀྱིས་སྨོན་ལམ་བོད་ཡིག་གསུམ་པ་གསར་བཟོ་གནང་བ་ནས་བཟུང་བཙན་བྱོལ་བོད་མིའི་གནས་ཡུལ་ཁག་ཏུ་བོད་ཀྱི་ཡི་གེའི་ཁྱབ་རྒྱ་ཆེ་རུ་ཕྱིན་ཏེ་བོད་ཀྱི་ཡི་གེ་ནི་འཛམ་གླིང་རང་བཞིན་ཅན་གྱི་ཡི་གེ་གྲལ་དུ་ཚུད་པ་མ་ཟད། དེང་སྐབས་བོད་ཀྱི་ཡི་གེས་འཛམ་གླིང་དང་ལག་རྡང་སྤེལ་ནས་བརྡ་འཕྲིན་རིག་པའི་མ་ལག་རེ་རེ་ན་བོད་ཡིག་གདུ་བཞིན་ཡོད་ལ་འཁོལ་བཞིན་ཡོད། ལྷག་པར་འཇིག་རྟེན་གྱི་དྲ་ཐག་ཆེན་མོའི་བརྒྱུད་ལམ་ན་བོད་ཡིག་གིས་གསོན་ཤུགས་ལྡན་པའི་ངང་ནས་རང་ལུས་ཀྱི་འོད་སྣང་ཡོད་ཚད་འཛམ་གླིང་ལ་བསྒྲོན་བཞིན་ཡོད་ལ་བོད་མི་རིགས་ལ་འབུལ་བཞིན་ཡོད།
འོན་ཀྱང་བཙན་བྱོལ་བོད་གཞུང་གི་ལས་ཁུངས་མ་ལག་ཁག་གིས་ད་དུང་ཨུ་ཚུགས་ཀྱིས་TCRCཁོ་ན་ལས་སྨོན་ལམ་བོད་ཡིག་སོགས་བེད་སྦྱོད་གཏོང་མི་ཆོག་པའི་བཀའ་རྒྱ་བཏང་སྟེ་ལས་ཁུངས་ཁག་གི་ཡིག་འབྲེལ་སོགས་TCRCཁོ་ནའི་སྟེང་བེད་སྤྱོད་བྱེད་བཞིན་ཡོད་འདུག དེ་བས་གཞུང་ཞབས་ལས་བྱེད་མང་པོ་ཞིག་དང་གཞོན་སྐྱེས་ཚོས་བོད་ཡིག་བེད་སྤྱོད་བཏང་ནས་དྲ་ཚིགས་ཁག་རྒྱུན་ཏུ་ལྟ་ཀློག་བྱེད་པའི་གོམས་གཤིས་མེད་ལ། ལྷག་པར་བོད་ཡིག་བཀོལ་ནས་མྱུར་འཕྲིན་གཏོང་བ་དང་། གླེང་མོལ་
དྲ་གྲོགས་སོག་ནག་ཚང་ལགས།
ཁྱེད་ཀྱི་རྩོམ་ཀླགས་ཡིན་ཐུགས་རྗེ་ཆེ།
ང་ལ་དྲི་བ་ཞིག་ཡོད། ང་ཡི་གློག་ཀླད་དེ་ཀུ་ཤུའི་རྟགས་ཅན་དེང་རབས་གསར་ཐོན་ཞིག་ཡིན། ཉོས་ནས་ལོ་ངོ་གཅིག་ལས་འགྲོ་གི་མེད། ང་ཡི་གློག་ཀླད་ནང་དུ་སྨོན་ལམ་བོད་ཡིག་ཡུ་ནི་ཀོཌ་ཡོད། འོན་ཀྱང་སྟབས་མ་ལེགས་པ་ལ་དེ་ཡི་ནང་དུ་ཡི་གེ་ཛ་འདི་རྩ་བ་ཉིད་ནས་ཡོང་གི་མི་འདུག དཔེར་ན་། ཤིབཌི་བསྣན་ན་འདི་ལྟར་ཡོང་གི་འདུག ༼དྷ༽་གོང་དུ་ངས་ཛ་འདི་གཟན་ཞིག་ནས་བཤུས་ནས་བཅུགས་པ་ལས་ཐབས་ཤེས་མི་འདུག་དེས་ན་ང་ད་ལྟ་སྨོན་ལམ་བོད་ཡིག་ལ་ཡིད་ཐང་ཅུང་ཆད་ཡོང་གི་འདུག ཀ་ལི་གསུམ་ཅུ་མ་ཚང་བ་ཞིག་ལ་ངས་བསམ་བློ་གང་འདྲ་བྱེད་དེ་གཏོང་དགོས་པ་རེད་དམ། ང་ཡི་གྲོགས་པོ་འགའ་ཞིག་ལ་གྲྭ་སྨོན་ལམ་ལ་སྐད་ཆ་བྲིས་རོགས་ཞེས་བཤད་ཡོད་ཀྱང་དོན་འབྲས་སོན་པ་ཅང་མ་བྱུང།
རྩོམ་ཡིག་འདི་ནི་དོན་དངོས་གནད་ལ་ཁེལ་བ་ཞིག་རེད། སྨོན་ལམ་བོད་ཡིག་གི་བཀའ་དྲིན་ལ་བརྟེན་ནས་ད་ཆ་བོད་ཕྱི་ནང་གང་སར་ཡི་གེའི་ལས་ཀ་ཕལ་མོ་ཆེ་དཀའ་ངལ་མེད་པ་ཞིག་ཆགས་ཡོད་ཀྱང། བཙན་བྱོལ་སྒྲིག་འཛུགས་ནས་སྔར་རྒྱུན་བཞིན་ཀླད་རྙིང་མཁྲེགས་བཟུང་བྱེད་པ་ནི་མ་འོས་པ་ཞིག་རེད། འོན་ཀྱང་བཀའ་ཁྲི་ཟམ་གདོང་སོགས་ཀྱིས་སྨོན་ལམ་བོད་ཡིག་དང་ཚིག་མཛོད་སོགས་ལ་ཞལ་ནས་བསྔགས་བརྗོད་རྒྱབ་སྐྱོར་དཔེ་མེད་ཞུས་སོང།
བཙན་བྱོལ་བོད་གཞུང་ཞེས་འཁོད་པའི་སྟོད་གོས་བཀག་འགོག།
“སྐལ་ལྡན་བློ་གྲོས་ཀྱིས་གཞོན་ལྷན་སྒྲིག་འཛུགས་དང་ཚོགས་གཙོ་ཚེ་དབང་རིག་འཛིན་མཆོག་ལ་འདི་ཟླའི་ཚེས་ ༡༥ གོང་དུ་ཡིག་ངག་གཉིས་ཐོག་ནས་ངེས་པར་དགོངས་སེལ་ཞུ་དགོས་ཤིང༌། གལ་སྲིད་དེ་ལྟར་མ་བྱས་ཚེ། ཁོ་པའི་བྱེད་ཕྱོགས་དང་བརྡ་ལན་ལ་དཔགས་པའི་ང་ཚོས་གོམ་པ་མདུན་སྐྱོད་ཀྱི་གདོང་ལེན་མཐར་ཕྱིན་པ་བྱ་རྒྱུ་ཡིན་”ཞེས་གཞོན་ལྷན་གྱིས་གསལ་བསྒྲགས་ཤིག་སྤེལ་སོང་།
ཝ་ཤིན་ཊོན་དུ་དུས་འཁོར་དབང་ཆེན་གསུངས་པ་དང་སྟབས་བསྟུན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དཔལ་འབྱོར་འདུ་འགོད་ཆེད། ཚོགས་གཙོ་ཚེ་དབང་རིག་འཛིན་གྱིས་ཟླ་འདིའི་ཚེས་༡༣ སྟོད་གོས་བཙོང་བཞིན་པའི་སྐབས། དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྐལ་ལྡན་བློ་གྲོས་ཀྱིས་ཚོང་རྫས་ཀྱི་སྟོད་གོས་ཐོག་བཙན་བྱོལ་བོད་གཞུང་ཞེས་འཁོད་འདུག་པས། དེར་ཆབ་སྲིད་ཀྱི་ཤུགས་རྐྱེན་ཆེ་སྐོར་བརྗོད་དེ་ཚོང་རྫས་ཕྱིར་བསྡུ་དགོས་སྐོར་བརྗོད་པར་བརྟེན། གཞོན་ལྷན་གྱི་ཚོང་རྫས་ཕྱིར་བསྡུ་བྱེད་དགོས་བྱུང་བའི་གནས་ཚུལ་སླེབས་འདུག ད་ལྟ་འབྲེལ་ཡོད་མང་པོས་སྐལ་ལྡན་བློ་གྲོས་ལ་འབྲེལ་བ་བྱེད་ཐུབ་ཀྱི་མེད་པ་རེད།
ཟླ་འདིའི་ཚེས་༡༤ ཉིན་གྱི་ཆུ་ཚོད་༢ པའི་ཐོག་དབུས་གཞོན་ནུ་ལྷན་ཚོགས་ཀྱིས་རྡ་སར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བ་དང་། སྐབས་དེར་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ཀྱིས། “སྐལ་ལྡན་བློ་གྲོས་ཀྱིས་ཁྲོམ་ར་ནང་སྟོད་གོས་དེར་ཆབ་སྲིད་ཀྱི་གནས་ཚད་ཤུགས་ཆེན་པོ་འདུག འདིར་བཙོང་ཆོག་གི་མ་རེད་ཅེས་བརྗོད་འདུག ཚོགས་གཙོ་ཚེ་དབང་རིག་འཛིན་གྱིས་ཐག་གཅོད་དེ་ཁྱེད་རང་སྒེར་གྱི་ཐག་གཅོད་རེད་དང་། དུས་དབང་གོ་སྒྲིག་ཚོགས་ཆུང་ཐག་གཅོད་རེད་ཅེས་དྲིས་སྐབས། དང་ཐོག་སྐལ་ལྡན་བློ་གྲོས་ཀྱིས་ང་སྒེར་གྱི་ཐག་གཅོད་ཡིན་སྐོར་བརྗོད་འདུག དེར་མི་མང་པོ་འཛོམས་པ་དང་། ཚོགས་གཙོ་ཚེ་དབང་རིག་འཛིན་གྱིས་ཁྱེད་སྒེར་གྱི་ཐག་གཅོད་ལ་ངོས་ལེན་དགོས་དོན་མི་འདུག་བརྗོད་སྐབས། སྐལ་ལྡན་བློ་གྲོས་ཀྱིས་ཚོགས་ཆུང་གི་ཐག་གཅོད་ཡིན་སྐོར་བརྗོད་པ་རེད། ད་དུང་སྐུ་སྒེར་དྲུང་ཆེའི་མཚན་ཡང་བེད་སྤྱོད་ཀྱིས་བཀག་དགོས་ཚུལ་བརྗོད་པ་སོགས་ལ་བརྟེན་བཅའ་ལག་བསྡུ་གསོག་རྒྱག་དགོས་པའི་གནས་ཚུལ་བྱུང་བ་རེད། གཞོན་ལྷན་གྱི་ངོས་ནས་ཚོགས་ཆུང་གི་ཐག་གཅོད་ཡིན་པར་ངོས་འཛིན་བྱེད་ཀྱི་མེད། ཡིན་ནའང་གཞོན་ལྷན་གྱིས་ཚོགས་ཆུང་ལ་དེའི་སྐོར་ག་འདྲ་རེད་ཅེས་ཡི་གེ་བཏང་ཡོད་”ཅེས་འགྲེལ་བརྗོད་བྱས་སོང་།
གསར་འགོད་པས་དེ་རྗེས་གཞོན་ལྷན་གྱི་མི་དང་སྐལ་ལྡན་བློ་གྲོས་བར་དུ་འབྲེལ་བ་བྱུང་ཡོད་མེད་སྐོར་དྲིས་པར། གཞོན་ལྷན་ཚོགས་གཞོན་དོན་གྲུབ་ལྷ་དར་གྱིས། “དང་ཐོག་གཞོན་ལྷན་གྱི་དབུས་རྒྱུན་དཀོན་མཆོག་ཡར་འཕེལ་གྱིས་ལྡི་ལི་ནས་ཁ་པར་བཏང་སྟེ། འབྲེལ་བ་བྱུང་འདུག ཡིན་ཡང་ལན་གསལ་པོ་གང་ཡང་མི་འདུག དེ་རྗེས་ཁོང་གི་ཁ་པར་མི་གཞན་པས་བཀྱག་པ་ལས། ཁོ་རང་གིས་ལེན་གྱི་མི་འདུག་ཟེར། མི་གཞན་པས་བཀྱག་ནས་ལན་ཡོད་འཕྲོད་ཐབས་བྱེད་ཀྱི་ཡིན་ཟེར་གྱི་འདུག་”ཅེས་བརྗོད་སོང་། “སྐུ་སྒེར་དྲུང་ཆེ་རྔ་པ་ཚེ་རྒྱམ་ལགས་སུ་གཞོན་ལྷན་གྱི་ཚོགས་གཙོས་ཁ་པར་བཏང་སྟེ། བཀའ་འདྲི་ཞུས་པར། ཁོང་གིས་གཞོན་ལྷན་གྱིས་ཅ་ལག་བཙོང་གི་ཡོད་སྐོར་གོ་བ་ལས། སུས་བཙོང་གི་ཡོད་དང་ག་རེ་བཙོང་གི་ཤེས་རྟོགས་མེད་ཅེས་ལན་གནང་ཡོད་པ་རེད་”ཅེས་འགྲེལ་བརྗོད་གནང་སོང་།
གཞོན་ལྷན་གྱིས་ཉིན་དེར་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་འཁོད་དོན། འདི་ལོར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་གནང་བཞིན་པའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་དང་བསྟུན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྩ་དོན་ལས་འགུལ་ཆེད། དཔལ་འབྱོར་འདུ་འགོད་བྱ་བར་ཆེད་ཕེབས་གནང་བའི་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་ཚེ་དབང་རིག་འཛིན་མཆོག་གིས་ཕྱི་ཚེས་ ༡༣ སྔ་དྲོར་ཁྲོམ་རྭ་ནང་མར་ཁྲོམ་སྟོན་སྐབས། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ས་ཁུལ་གྱི་ཕྱི་ལོ་ ༢༠༡༡ ལོའི་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྐལ་ལྡན་བློ་གྲོས་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་གཞུང་ཞེས་པའི་མཚན་བྱང་འཁོད་པའི་སྟོད་གོས་དེ་ཆབ་སྲིད་ཤུགས་ཆེ་དྲགས་པས་ཚོང་འགྲེམས་བྱེད་མི་ཆོག་པས། ཁྲོམ་རྭ་ནས་ད་ལྟ་རང་ཕྱིར་ཐོན་དགོས་ཟེར་བཤད་པ་མ་ཟད། ད་དུང་གནད་དོན་དེའི་ཐད་སྐུ་སྒེར་དྲུང་ཆེ་ཞེས་པའི་མཚན་ཡང་བེད་སྤྱོད་བཏང་འདུག་ཅིང༌། འབྲེལ་ཡོད་ལ་བཀའ་འདྲི་ཞུས་པར་སྐུ་སྒེར་དྲུང་ཆེ་ཚེ་རྒྱམ་ལགས་ཀྱིས་གཞོན་ནུས་ཅ་ལག་འཚོང་བཞིན་ཡོད་པ་གོ་ཐོས་བྱུང་བ་ཙམ་ལས། ཁྲོམ་རྭའི་ནང་སུས་ག་རེ་བཙོང་མིན་ཐད་ང་ཚོར་གང་ཡང་མེད་ཅེས་བཀའ་གསལ་པོ་ཕེབས་འདུག་ཅིང༌། སྐལ་ལྡན་བློ་གྲོས་ཀྱིས་དེ་ལྟར་སྐུ་སྒེར་དྲུང་ཆེའི་མཚན་ཡང་བེད་སྤྱོད་ལོག་པར་བཏང་བ་དང༌། གལ་སྲིད་ད་ལྟ་རང་ཚོང་ཆས་བསྡུ་གསོག་བརྒྱབ་ནས་ཕྱིར་མ་ཐོན་ན། སྤྱི་བདེ་མི་སྣ་སྐད་བཏང་ནས་ཕྱིར་འབུད་བྱ་རྒྱུ་ཡིན་ཟེར་བའི་འཇིགས་སྐུལ་དང་བཅས། གཞོན་ལྷན་ཚོགས་གཙོ་མཆོག་དང་གཞོན་ནུའི་ཚོང་ཆས་རྣམས་ཚོང་ར་ནས་ཕྱིར་འབུད་བྱས་པའི་ཆེས་བློ་ཕམ་རང་བཞིན་གྱི་གནས་ཚུལ་ཐོན་འདུག
མི་ལོ་ ༥༢ ལྷག་བོད་གཞིས་བྱེས་ཁ་བྲལ་དུ་གྱུར་པའི་སྐྱོ་གནས་ཁྲོད། བོད་ནང་དུ་བཙན་བྱོལ་བོད་གཞུང་ངོས་འཛིན་གུས་བཀུར་བྱེད་མཁན་ཚོར་ཁ་བྲལ་ལོག་སྤྱོད་པ་ཟེར་ནས་དམར་གསོད་འཛིན་བཟུང་དང༌། གཅར་རྡུང་མནར་གཅོད་མྱོང་བཞིན་ཡོད་མོད། གཞིས་ལུས་མི་མང་ཚོས་རང་སྲོག་བློས་གཏོང་གིས་ཡུལ་གྱར་བོད་གཞུང་ཞེས་ཆེ་བསྟོད་ངོས་འཛིན་ཞུ་བཞིན་ཡོད་ཀྱང༌། ད་ཆ་བཙན་བྱོལ་རང་དབང་ལུང་པར་བཙན་བྱོལ་བོད་གཞུང་ངོས་འཛིན་གུས་བཀུར་དང་མཚན་བྱང་བེད་སྤྱོད་གཏོང་བར་འདི་ལྟར་སྡང་ཟུག་བྱེད་པ་ནི་ཇི་འདྲའི་བསམ་མི་ཕོད་པའི་ཡིད་སྐྱོའི་གནས་ཚུལ་ཞིག་མ་ཡིན་ནམ། ལྷག་པར་མི་ལོ་ ༦༠ ལྷག་བོད་ནང་དུ་རྒྱ་ནག་གིས་བོད་གཞུང་གི་མཚན་བྱང་དང་འབྲེལ་བའི་ངོས་འཛིན་རིགས་ཐབས་ཤེས་ཡོད་རྒུས་རྩ་མེད་བཟོ་ཐབས་བྱས་ཀྱང༌། གཞིས་ལུས་བོད་མིའི་སྙིང་སྟོབས་ལ་བརྟེན་ནས་རྩ་མེད་བཟོ་ཐུབ་མེད། འོན་ཀྱང༌། བཙན་བྱོལ་ནང་སྐལ་ལྡན་བློ་གྲོས་ལྟ་བུས་བཙན་བྱོལ་བོད་གཞུང་གི་མཚན་བྱང་བཀག་བསྡོམས་རྩ་མེད་གཏོང་ཐབས་བྱས་པ་ནི། བོད་ཀྱི་ལོ་རྒྱུས་དང༌། བོད་མི་མང་ལ་བརྙས་བཅོས་མཐོང་ཆུང་གི་གནད་དོན་ཚབས་ཆེན་ཞིག་ཆགས་ཡོད།
དེ་རིང་ཁོ་པས་ཚོགས་མི་སུམ་ཁྲི་ལྔ་སྟོང་ལྷག་གི་ཚོགས་གཙོ་དང༌། བོད་རང་བཙན་གྱི་ངོ་བོ་ལྡན་པའི་བཙན་བྱོལ་བོད་གཞུང་གི་མཚན་བྱང་འཁོད་པའི་སྟོད་གོས་ཁྲོམ་ར་ནས་ཕྱིར་འབུད་བྱེད་པའི་ཐ་ཤལ་གྱི་བྱེད་སྟངས་དེ་ནི། དགྲ་བོ་རྒྱ་ནག་གི་སྡང་ཟུག་བྱ་ཡུལ་དང༌། བོད་གཞིས་བྱེས་གཉིས་ཀྱི་རེ་བ་ཡིད་ཆེས་བཅོལ་ས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དང༌། བོད་རང་བཙན་འཐབ་རྩོད་ལ་མཐོང་ཆུང་ཁྱད་གསོད་བྱེད་པ་ཞིག་ཡིན་པ་མ་ཟད། ད་བར་མི་ལོ་ ༤༢ ལྷག་རིང་གཞོན་ལྷན་སྒྲིག་འཛུགས་ནང་འདས་གསོན་མང་པོས་བོད་ཀྱི་རྩ་དོན་ཆེད། བློས་གཏོང་དང་འགན་འཁུར་རིམ་ཞུས་ལ་བསམ་ཤེས་གུས་བཀུར་ཙམ་ཡང་མེད་པའི་རྣམ་འགྱུར་ཞིག་ཡིན་པས། བོད་པ་ཞིག་གིས་དེ་ལྟར་འཐབ་རྩོད་ལ་ཁྱད་གསོད་རྩིས་མེད་བྱས་པའི་ཡིད་སྐྱོའི་བྱེད་ཕྱོགས་དེའི་རྒྱབ་ལྗོངས་ལ་གནད་དོན་ཅི་ཞིག་དང༌། གང་ཟག་སུ་ཞིག་ཡོད་མེད་ཀྱང་བློ་འཚབ་ཀྱི་གཞི་རུ་གྱུར། མདོར་ན། དེ་ནི་དགྲ་དགའ་གཉེན་སྡུག་གི་གནས་ཚུལ་ཞིག་ལས་མ་འདས།
དེ་བཞིན་དེ་རིང་ྋགོང་ས་མཆོག་གི་མཚན་མཐོང་དང་ཐད་ཀར་འབྲེལ་ཆེ་བའི་དཔལ་ལྡན་སྐུ་སྒེར་དྲུང་ཆེའི་མཚན་ཡང་ཁོ་པས་བེད་སྤྱོད་ལོག་པར་བཏང་འདུག་པ་ནི། དུས་དབང་གོ་སྒྲིག་ཚོགས་ཆུང་གིས་ཚོགས་གཙོ་ཞིག་གི་བཟང་སྤྱོད་ཀྱི་འགན་འཁུར་དང་འགལ་བ་ཆགས་ཡོད་པས། ཧ་ཅང་བློ་ཕམ་ཆེ་ཞིང༌། གནས་ཚུལ་དེ་འདི་མུར་བཞག་ན་འབྲེལ་ཡོད་འདས་གསོན་མང་པོའི་བློས་གཏོང་རེ་བ་དང༌། སྒྲིག་འཛུགས་ཀྱི་ཆེ་མཐོང་ལ་འགན་མ་འཁུར་བ་ཞིག་དང༌། ལྷག་པར་ངན་པ་རྒྱ་ཡན་དུ་གཏོང་བའི་གནད་དོན་ལས་མ་འདས་པར་བརྟེན། སྤྱོད་ངན་ཐེར་འདོན་དང་སྒྲིག་འཛུགས་ཀྱི་ཆེ་མཐོང་སྲུང་སྐྱོབ་ཆེད་ཐོག་མར་བསྒྲགས་གཏམ་འདི་སྤེལ་བ་ཡིན།
ཁོ་རང་གིས་བརྒྱུད་ལམ་ཁག་དང་མང་ཚོགས་ཐོག་གཞོན་ལྷན་སྒྲིག་འཛུགས་དང་ཚོགས་གཙོ་ཚེ་དབང་རིག་འཛིན་མཆོག་ལ་འདི་ཟླའི་ཚེས་ ༡༥ གོང་དུ་ཡིག་ངག་གཉིས་ཐོག་ནས་ངེས་པར་དགོངས་སེལ་ཞུ་དགོས་ཤིང༌། གལ་སྲིད་དེ་ལྟར་མ་བྱས་ཚེ། ཁོ་པའི་བྱེད་ཕྱོགས་དང་བརྡ་ལན་ལ་དཔགས་པའི་ང་ཚོས་གོམ་པ་མདུན་སྐྱོད་ཀྱི་གདོང་ལེན་མཐར་ཕྱིན་པ་བྱ་རྒྱུ་ཡིན།
བོད་མི་ཡོངས་ཀྱིས་བཙན་བྱོལ་བོད་གཞུང་ལ་ལུས་ངག་ཡིད་གསུམ་གྱིས་ངོས་འཛིན་གུས་བཀུར་མུ་མཐུད་རྒྱུན་འཆང་ཞུ་རྒྱུ་ནི། བོད་རང་བཙན་གྱི་འདས་པའི་ལོ་རྒྱུས་སྲུང་སྐྱོབ་དང༌། མ་འོངས་བོད་རང་བཙན་སླར་གསོའི་དགོས་ནུས་གལ་ཆེན་ཞིག་ཆགས་ཡོད་པར་བརྟེན། ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༧ ཉིན་བཙན་བྱོལ་བོད་གཞུང་ཞེས་པའི་མཚན་བྱང་མུ་མཐུད་བེད་སྤྱོད་གཏོང་རྒྱུའི་གསལ་བསྒྲགས་སྤེལ་ཟིན་པ་ལྟར། སུ་ཞིག་གི་གནོན་ཤུགས་ཅི་ཞིག་བྱུང་རུང༌། བཙན་བྱོལ་བོད་གཞུང་ཞེས་པའི་མཚན་བྱང་མུ་མཐུད་བེད་སྤྱོད་གཏོང་རྒྱུ་ཡིན་ཞིང༌། བཙན་བྱོལ་བོད་གཞུང་གི་མཚན་བྱང་འཁོད་པའི་སྟོད་གོས་རྣམས་ཀྱང་མུ་མཐུད་ཚོང་འགྲེམས་ཞུ་རྒྱུ་བཅས།
ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་མཆན་་བུ་བ་དྲི་མེད་ལྷག་བསམ་ལགས་ཐུགས་རྗེ་ཆེ།
ཁྱེད་ནས་སྔར་ཡང་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་མཆན་བུ་དང་རྩོམས་སོགས་མང་པོ་ཞིག་སྤེལ་སོང་དེ་ཚོར་ངོས་ནས་དོ་སྣང་ཆེན་པོས་ཀློག་བཞིན་ཡོད། རྗེས་སུ་ཡི་རངས་ཞུ།་སླད་མར་ཡང་ལོ་རྒྱུས་ནི་ལོ་རྒྱུས་ཤིག་ཡིན་པས་ལོ་རྒྱུས་ཀྱིས་སྟེང་ནས་ལེགས་ཉེས་ཇི་ཡོད་ཤོད་དགོས་པ་ཞིག་རེད།
ཐུགས་རྗེ་ཆེ་ལོ་རྒྱུས་ཡོང་ཁུངས་ཀྱི་དཔེ་ཁུངས་སོགས་གནང་བར།
སྐལ་ལྡན་བློ་གྲོས་ཀྱི་བྱེད་སྟངས་དེར་བློ་ཕམ་ཚད་མེད་ཡོད། གོང་གི་གླེང་གཞི་གཙོ་བོའི་ཐད་ཚིག་འགའ་ཞུས་ན། བཙན་བྱོལ་བོད་གཞུང་གི་འགོ་གཙོ་གང་མང་ཞིག་ལ་བག་ཆགས་རྙིང་པ་འདི་འདྲ་ཞིག་ཡོད། རང་ཉིད་ལ་གསར་གཏོད་ཀྱི་ནུས་པ་མེད་པའི་ཁར་གཞན་གྱི་གསར་གཏོད་ལ་ཕྲག་དོག་དང་འགྲན་སེམས་སྐྱེ་བ་འདས་པའི་བྱུང་རབས་ལ་བལྟས་ཡོང་དུས་གསལ་པོ་ཤེས་ཐུབ། ཁ་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཞེས་མ་ཎི་བགྲང་བགྲང་བྱེད་ཀྱང་། དོན་ངོ་མའི་ཐོག་བོད་ཀྱི་སྐད་ཡིག་དང་། རིག་གཞུང་ལ་བརྩེ་སེམས་མེད་པ་གསལ་པོ་རེད། དེ་ནི་ཐུག་ས་མཁྲེགས་འཛིན་དང་རང་ཉིད་ཀྱིས་བོད་ཀྱི་སྐད་དང་ཡི་གེ་ལེགས་པོ་མ་ཤེད་པར་ཐུག་ཡོད་ངེས།
བན་དེ་བ་ལགས།
ཁྱེད་ལ་དཀའ་ངལ་འཕྲད་པ་ཡིན་ན་ངས་རོགས་བྱེད་ཆོག ངས་ཀྱང་ཀུ་ཤུ་རྟགས་ཅན་བེད་སྤྱོད་གཏོང་གི་ཡོད་ཁྱོད་གཅིག་བུ་མ་རེད། དེར་དཀའ་ངལ་གང་ཡང་མི་འདུག ཕལ་ཆེར་སྒྲིག་འཇུག་ཡག་པོ་མ་བྱུང་བ་ཡིན་རྒྱུ་རེད།
http://www.lobsangmonlam.org ནས་གསར་དུ་ཕབ་ལེན་བྱོས། རྙིང་བ་གཙང་བཟོ་བྱོས། དེ་ནས་Readme ཞེས་པར་ལེགས་པོར་ལྟོས། དེ་བཞིན་བྱོས་དཀའ་ངལ་གང་ཡང་མི་འདུག
དེ་མིན་སྐྱོན་བརྗོད་བྱེད་འདོད་ན་གནས་ཚུལ་ཐ་དད་རེད་་་་་་་་ལོ་་་་་
དྲ་གྲོགས་བན་དེ་བ་ལགས། སྐུ་ཉིད་ཀྱི་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ནང་དུ་སྨོན་ལམ་གསུམ་ཚེག་གཅིག་བསྐྱར་དུ་ཕབ་ལེན་གནོང་དང་། ཁྱེད་ཀྱི་དཀའ་ངལ་སེལ་ཐུབ་ངེས་ཡིན། འདི་ཁྱེད་གཅིག་བུའི་དཀའ་ངལ་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ཆ་ཚང་ལ་དཀའ་ངལ་འདི་མེད། རིགས་བདག་ལགས་ཀྱིས་ལམ་སྟོན་ལྟར་གཙང་སེལ་བྱོས་དང་ཁྱེད་སྐུ་ཞབས་སྨོན་ལམ་ལགས་ལ་ཡིད་སྨོན་སྐྱེ་ཐུབ། TCRCགྱི་ནང་དུའང་མི་ཡོང་བའི་གློག་ཀླད་མང་། འདི་ཙམ་ང་ཚོའི་དཀའ་ངལ་གཙོ་བོ་མ་རེད།
ཁ་སྔོན་ངས་སློབ་གྲྭ་ཞིག་གི་རྩིས་པ་དང་དྲུང་ཡིག་སོགས་ལ་འབྲེལ་བ་ཞིག་བྱེད་དགོས་བྱུང་སོང་། འོན་ཀྱང་། ཁོང་ཚོའི་གློག་ཀླད་ནང་དུ་སྨོན་ལམ་ཡིག་གཟུགས་མི་འདུག རྩིས་པའི་གསུང་གསལ་ལ་ང་ཚོར་གཞུང་འབྲེལ་གྱི་བཀའ་རྒྱ་སླེབས་ཏེ་གཞུང་འབྲེལ་ཡིག་ཆ་ཁག་RCRCནང་ཡར་མར་གཏོང་དགོས་པ་ལས་གཞན་སྨོན་ལམ་ཡིག་གཟུགས་སོགས་བེད་སྦྱོད་གཏོང་ཆོག་གི་མ་རེད་ཟེར།
སྐབས་དེར་ང་གཞུང་འཛིན་མི་སྣ་དག་གི་རྗེས་ལུས་ཀྱི་ངང་ཚུལ་དང་མཁྲེགས་འཛིན་ལྟ་བ་ལ་ཞེན་པ་གཏིང་ནས་ལོག་ཞིང་། ༧གོང་ས་མཆོག་གི་བཀའ་སློབ་ཞིག་ཡིད་ལ་ལྷང་ངེར་དྲན། ང་ཚོས་ནམ་ཡིན་ཡང་འཆར་ཅན་ལྟར་ཡིན་ཤག་བྱས་ནས་སྡོད་པ་འདི་འཐུས་ཤོར་ཡིན། ང་ཚོས་ཀླད་པ་གསར་བ་དཀྲིགས། བསམ་བློ་གསར་བ་བཏང་། ཐབས་ལམ་གསར་བ་བཙལ་ཏེ་གསར་བཏོད་ཀྱི་ཕྱོགས་ལ་གོམ་པ་སྤོ་དགོས་གསུངས་པ། འདི་ཚོ་ལ་མཚོན་ན་ཇི་འདྲའི་ཐག་རིང་ཐག་རིང་ཞིག་ཏུ་གྱུར་འདུག་ཨང་།
ངས་སྨོན་ལམ་བོད་ཡིག་སོགས་དྲ་ཚིགས་ཁག་གི་ནང་བེད་སྦྱོད་གཏོང་སྟངས་རོབས་ཙམ་འགྲེལ་བརྗོད་དང་སྦྲགས་skypeདང་gmailསོགས་དྲ་རྒྱ་ཁག་གི་ནང་བོད་ཡིག་བཀོལ་སྦྱོད་གཏོང་སྟངས་དང་བོད་ཡིག་གི་དྲ་ཚིགས་ཁག་འཚོལ་སྟངས་སོགས་ཁོང་ཚོར་བསླབས་པས་ཁོང་ཚོ་གཞི་ནས་ཧ་ལས་མདོག་བྱས་པས། ངས་ཁོང་ཚོའི་ཡིག་ཚང་གི་གློག་ཀླད་འགའ་དང་སྒེར་བའི་གློག་ཀླད་གང་མང་ཞིག་གི་ནང་དུ་སྨོན་ལམ་གསུམ་ཚེག་གཅིག་བླུགས་ཏེ་བོད་ཡིག་གི་བརྡ་འཕྲིན་རིག་པའི་རྗེས་ཟིན་ཡོད་པའི་སྐོར་དང་བོད་ཡིག་སྔོན་ཐོན་ཡིན་པའི་སྐོར་གང་མང་ཞིག་རང་གི་ནུས་ཚོད་ཀྱིས་ཁོང་ཚོར་འགྲེལ་བརྗོད་བྱེད་དགོས་བྱུང་།
ཁ་སྔོན་ཞིག་ལ་ང་སམ་བྷོ་ཊ་ཅོན་ཏ་ར་སློབ་གྲྭ་སོགས་སློབ་གྲྭ་ཁག་ཅིག་གི་དགེ་སློབ་ཡོངས་ལ་སྐད་ཆ་ཚིག་འགའ་ཞུ་རྒྱུའི་གོ་སྐབས་བྱུང་། སྐབས་དེར་ངས་བོད་ཡིག་སྦྱོང་བ་ལ་བོད་ཡིག་དགེ་རྒན་ཁོ་ན་ཙམ་མ་ཡིན་པར་དེང་སང་གློག་ཀླད་བརྒྱུད་ནས་བོད་ཡིག་ཡར་རྒྱས་གཏོང་ཐབས་ལ་འབད་དགོས་པའི་སྐོར་ཡང་བརྗོད་པ་ཡིན་ལ། googleནང་དུ་བོད་ཡིག་གཏགས་ཏེ་བོད་ཀྱི་དྲ་རྒྱ་ཁག་འཚོལ་ཐབས་དང་རྩོམ་རིགས་ཁག་ཀློག་ཐབས་སོགས་ངོ་སྤྲོད་བྱས་པ་ཡིན།
གལ་ཆེ་ཤོས་གཅིག་ནི་སློབ་གྲྭའི་ནང་གི་གློག་ཀླད་དགེ་རྒན་གྱིས་འགན་ཁུར་ཏེ་བདུན་ཕྲག་གཅིག་གི་ནང་དུ་ཉུང་མཐའ་ཡང་བོད་ཡིག་གི་དྲ་ཚིགས་ཁག་ཐེངས་གཅིག་ཙམ་ངེས་པར་ཀློག་འཇུག་རྒྱུ་དང་། བོད་ཕྱི་ནང་གི་བོད་ཡིག་དྲ་ཚིགས་ཁག་ལྟ་ཀློག་བྱེད་འཇུག་པ། ལྷག་པར་སློབ་ཕྲུག་རེ་རེར་skypeགྱི་ཁ་བྱང་བཟོ་བཅུག་ཏེ་སློབ་ཕྲུག་ཚོའི་བར་དུ་བོད་ཡིག་གི་ལམ་ནས་chat བརྩེ་འཇུག་པ། ཡང་ན། བོད་ཡིག་གི་ལམ་ནས་ཡི་གེ་འདྲ་མིན་བསྐུར་བཅུག་ན། དེ་ནས་ཀྱང་བོད་ཡིག་གི་དག་ཆ་མང་པོ་ཞིག་དང་ཚིག་གསར་བ་གང་མང་ཤེས་ཐུབ་ལ། ཚིག་གི་སྡེབ་སྦྱོར་དང་བོད་ཡིག་གི་མཐེབ་གཞུང་གཏགས་ཐབས་སོགས་ལ་གོམས་བྱང་སོང་ནས་རང་བཞིན་གྱིས་བོད་ཡིག་ལ་དགའ་སྣང་དང་བརྩེ་དུང་ཞིག་སླེབས་ངེས་རེད། དགའ་སྣང་དང་བརྩེ་དུང་སླེབས་པའི་ཉིན་མོ་ད་གཟོད་ང་ཚོའི་བྱིས་པ་ཚོ་བོད་པ་ངོ་མ་ཆགས་ངེས་ཡིན་ཞུ་རྒྱུ་བྱུང་།