རྟེན་འབྱུང་།
རྟེན་འབྱུང་གནས་ལུགས་མངོན་དུ་གྱུར་བ་ཡིས།།
རྟེན་འབྱུང་བསྟན་པའི་ཆོས་ཕུང་མཐའ་ཡས་པ།།
རྟེན་འབྱུང་ཆོས་འཁོར་གསུམ་དུ་སྟོན་མཁས་པའི།།
རྟེན་འབྱུང་སྟོན་པ་ཐུབ་པའི་དབང་བོར་འདུད།།
ལྟ་བ་རྟེན་འབྱུང་མཚན་སྙན་ཆེ་མོད་ཀྱང་།།
དཔྱད་པ་ཕྲ་མོས་བརྟག་དཔྱད་མ་གནང་ན།།
ཤི་བའི་རོ་ལ་འགུལ་སྐྱོད་མེད་པ་ལྟར།།
ཚུར་ལ་ཕན་གནོད་གང་ཡང་འདྲེན་མི་ཐུབ།།
སྡོང་མགོར་སྡོད་ཚུགས་མེད་པའི་སྤྲེ་འུ་དང་།།
ཉིན་མཚན་གཉིད་ལས་སྡོད་པའི་ཕག་པ་གཉིས།།
གཅིག་གིས་གཅིག་ལ་སྐྱོན་རྟོག་བྱེད་ན་ཡང་།།
རང་གཤིས་རང་ལ་ལྟོས་ཏེ་བདེ་སྐྱིད་ཡིན།།
སྲིང་མོར་གཅེར་བུར་ཆོས་སྟོན་མི་ལ་དང་།།
སྟོན་པར་གཅེར་བུར་མཆོད་པའི་མུ་སྟེགས་པ།།
ཁྲོམ་གཞུང་གཅེར་བུར་རང་དབང་སྐད་འབོད་མཁན།།
སུས་འགྲིག་སུས་ནོར་སུས་ཀྱང་ཐག་གཅོད་དཀའ།།
སྡོད་གནས་མི་མཚུངས་མི་གསུམ་ཅིག་ཅར་དུ།།
རྩིག་པའི་ངོས་ལ་མིག་གིས་ལྟོས་པའི་ཚེ།།
ངོས་མཉམ་ཡིན་མིན་སོ་སོར་སྣང་ན་ཡང་།།
རང་རང་ངོར་བལྟས་ཐམས་ཅད་ཚད་མ་ཡིན།།
དེ་བཞིན་དབང་ཤེས་ལྔ་དང་ཡིད་བློ་དང་།།
རྟོག་བཅས་རྟོག་མེད་ཚད་མ་ཐམས་ཅད་ལ།།
རང་ཡུལ་འཇལ་སྟངས་དེ་ལྟར་བརྟགས་པའི་ཚེ།།
ཚད་མ་ཡིན་མིན་ཐག་གཅོད་ཤིན་ཏུ་དཀའ།།
ཐ་སྙད་ཚད་གྲུབ་ལྟོས་ནས་གྲུབ་པས་འཇོག།
ཚད་གྲུབ་མེད་པ་བཏགས་དོན་བཙལ་ནས་སྨྲ།།
དོན་གྱི་སྙིང་བོ་གཉི་ཀའི་ཁས་བླངས་པས།།
འགལ་འདུ་རྡུལ་ཕྲན་ཙམ་ཡང་ཡོད་མ་ཡིན།།
རིང་བོ་ཡོད་མེད་རྩོད་པའི་རྒོལ་བ་གཉིས།།
རིང་བོ་མེད་པ་བཏགས་དོན་བཙལ་ནས་བསྒྲུབས།།
རིང་བོ་ཡོད་པ་ལྟོས་ནས་གྲུབ་པའི་འཇོག།
རྟེན་འབྱུང་ལྟོས་གྲུབ་ཤེས་ན་རྩོད་གླེང་འདུམ།།
དགེ་ཆོས་མཆོག་གི་ཀླུ་སྒྲུབ་དགོངས་རྒྱན་ཡང་།།
བཏགས་དོན་བཙལ་ནས་བརྟགས་ཞིབ་གནང་བའི་ཕྱིར།།
དགེ་ལྡན་པ་ཡིས་ངར་ངར་དགོས་དོན་མེད།།
རྙིང་མས་ཞེན་འཛིན་རྒྱུ་མཚན་ཡེ་ནས་སྟོང་།།
ཆ་ཤས་གསིལ་ནས་བཏགས་དོན་བཙལ་བ་དང་།།
ཆ་ཤས་གྲངས་མེད་འཚོགས་ནས་གྲུབ་སྟངས་གཉིས།།
རྟེན་འབྱུང་རྩལ་དུ་བཏོན་ནས་མ་དཔྱད་ན།།
མཐའ་གཉིས་ལོག་རྟོག་གཡང་སར་ལྷུང་ཉེན་ཆེ།།
ཆ་ཤས་གསིལ་ནས་བཏགས་དོན་བཙལ་བའི་ཚེ།།
ཚན་རིག་མཁན་པོས་རྡུལ་སྙིང་འཚོལ་བ་ལྟར།།
ཞིབ་མོའི་བློ་ཡིས་བརྟགས་དཔྱད་མ་གནང་བར།།
རགས་པའི་ཚིམ་ན་དོན་མེད་སྟོང་ལོག་ཡིན།།
སྟོང་ཉིད་མེད་དགག་འདོད་པ་ཡུལ་ལ་སྦྱར།།
མ་ཡིན་དགག་ཏུ་འདོད་པ་ཡུལ་ཅན་ཡིན།།
གཉི་ཀས་འགལ་བ་ལྟ་བུར་གསུང་ཡོད་ཀྱང་།།
དོན་ལ་འགལ་མེད་འབབ་ས་གཅིག་ཏུ་འཁུམས།།
ནང་བསྟན་འདི་ཉིད་རིག་པའི་ཚན་རིག་ཞེས།།
མཁས་པས་བསྟོད་པའང་རྟེན་འབྱུང་རིག་པ་ཉིད།།
རྟེན་འབྱུང་གཤིས་ལུགས་སློབ་ན་རང་སེམས་སྐྱིད།།
དགོས་མེད་འགྲན་རྩོད་ཀུན་ཞི་དགའ་བདེ་འཕེལ།།
གནའ་དུས་མི་ལས་བྲག་ཕུག་དབེན་གནས་སུ།།
སྟོང་ཉིད་སེམས་བསྐྱེད་མྱོང་བའི་མགུར་གླུ་བླངས།།
དེང་གི་འཁྱམ་པོས་ཁང་རྩེག་རྩེ་མོ་ནས།།
རྟེན་འབྱུང་ཚན་རིག་མགུར་གླུ་དབྱངས་སུ་གྱེར།།
ལྟ་བ་རྟེན་འབྱུང་སྦྱངས་གོམས་མྱོང་ན་ཡང་།།
ལྟ་བ་མ་བསྒོམ་ཝ་ལྟར་འཁྱམ་ཉུལ་བ།།
རྒྱལ་ཁམས་འཁྱམས་པོ་དགེ་ཆོས་མིང་ཅན་གྱིས།།
ཡོ་རོབ་གླིང་ནས་རྣམ་རྟོག་རི་མོར་ཕབ།།
ནོངས་པ་གང་མཆིས་ཆོས་ཀྱི་སྤྱན་ལྡན་རྣམས།།
བཟོད་པར་མཛོད་ལ་བརྩེ་བའི་ཡུལ་དུ་དགོངས།།
དགེ་བ་གང་ཡོད་མཁའ་ཁྱབ་སེམས་ཅན་རྣམས།།
ལྟ་བ་རྟེན་འབྱུང་མྱུར་དུ་རྟོགས་པར་ཤོག །
ང་བརྒྱད་ང་དགུ་རྟེན་འབྱུང་།
གུང་ཁྲན་ཏང་ཡང་རྟེན་འབྱུང་།
ཁང་རྩེག་རྩེ་མོ་རྟེན་འབྱུང་།
མགུར་གླུ་གྲོད་ཁོག་བཤལ་བཤལ།
མགུར་བས་གཞས་དང་ཞབས་བྲོ།
སྒུར་སྒུར་བྱས་ནས་བཏང་ཡང་།
དྲྭ་བྲེལ་ཆེ་བའི་སྒང་ལ།
དངུལ་བྱང་ཁང་པར་ལུས་སོང་།
མགུར་བ་བསམ་དཀར་དོན་འགྲུབ།
རྟེན་ས་ང་དང་དྲྭ་འབུ།
འབྱུང་བ་བྱིས་རིལ་གཅིག་ལས།
ང་ལ་སྤྲོད་རྒྱུ་མེད་དོ།
འབྲས་བུ་རྒྱུ་ལ་བརྟེན་པས་རྟེན་འབྲེལ་དང་། །
རྒྱུ་ཡང་འབྲས་བུར་ལྟོས་པའི་ལྟོས་གྲུབ་གཉིས། །
རྒྱ་འབྲས་རྟེན་འབྱུང་ཐབས་མཆོག་སྟོན་མཁས་དང་། །
ལྟོས་ནས་གྲུབ་པས་སྟོང་ཉིད་མཁྱེན་མཆོག་མཁྱེན། །
རྟེན་འབྱུང་ལྟོས་གྲུབ།
འབྲས་བུ་རྒྱུ་ལ་བརྟེན་པས་རྟེན་འབྱུང་དང་། །
རྒྱུ་ཡང་འབྲས་བུར་ལྟོས་པའི་ལྟོས་གྲུབ་གཉིས། །
རྒྱ་འབྲས་རྟེན་འབྱུང་ཐབས་མཆོག་སྟོན་མཁས་དང་། །
ལྟོས་ནས་གྲུབ་པས་སྟོང་ཉིད་མཁྱེན་མཆོག་མཁྱེན། །
ལྟ་བ་རྟེན་འབྱུང་རེ་ཡོད་ན་སྤྱོད་པ་འཚེ་མེད་རེ་སླེབ་ཡོང། ཀུན་ལ་འཚེ་བ་ཡི་མི་དེར་རྟེན་འབྱུང་དྲི་ཙམ་མི་འབྲོ། ཐ་སྙད་ཚད་གྲུབ་རེ་ཤེས་ན་ཆོས་ལ་ཡིད་ཆེས་རེ་སླེབ་ཡོང། ཚད་མ་ཏིལ་འབྲུ་ཙམ་མེད་ན་ཆོས་ཀྱི་དྲི་ཙམ་མི་འབྲོ།
ལྟ་བ་རྟེན་འབྱུང་སྤྲང་པའི་མདུན་ན་ཡོད།
ལྟ་བ་རྟེན་འབྱུང་བྱིས་པའི་ཁ་ན་ཡོད།
ལྟ་བ་རྟེན་འབྱུང་གནའ་བོའི་གཏམ་དཔེར་ཡོད།
ཡིན་ཀྱང་ངོ་མི་ཤེས་པའི་ཡ་མཚན་ཞིག །
ནང་པའི་ཁྱད་ཆོས་གཅིག་ཡོད་པ་སྟེ། རྟེན་འབྱུང་གི་ལྟ་བ་དེ་རེད། དེ་བཞིན་སྐྱབས་འགྲོ། གཞན་ཕན། གསང་སྔགས་ཚང་མ་ཕྱི་ནང་ཐུན་མོང་རེད། རྫོགས་ཆེན་ནི་བན་བོན་ཐུན་མོང་རེད། བྱ་རྒྱུད་སྤྱོད་རྒྱུད་ནི་ཕྱི་ནང་ཐུན་མོང་རེད།
བྱམས་སྙིང་རྗེ་བྱང་སེམས་ནི་ཡེ་ཤུ་དང་ཐུན་མོང་རེད། ཡེ་ཤུ་མ་ཤི་ཀ་འཇིག་རྟེན་འདི་ཕེབས་པ་འདི་སེམས་ཅན་གཞན་གྱི་ཐར་པའི་ཆེད་དུ་ཡིན་སྟབས། དེ་ཡང་བྱང་སེམས་ཀྱི་ཐུན་མོང་རེད།
གོས་སེར་སྔོན་པོ་གྱོན་པ་དེ་ཚོ་ཡང་ཐུན་མོང་རེད། མཁའ་འགྲོ་མའི་མིང་བཏགས་ནས་བུ་མོར་རྒྱོ་བ་དེ་ཡང་ཕྱི་ནང་ཐུན་མོང་རེད། རྫུ་སྤྲུལ་དང་གཡོ་བཤད་ནས་ཆོས་ལྟོ་གོས་ལ་བཀོལ་བ་དེ་ཡང་ཐུན་མོང་རེད། ཤམ་བྷ་ལ་དང་ཟངས་ཏོག་དཔལ་རི། བདེ་བ་ཅན་ཟེར་བ་ཚོ་ཡང་ཕྱི་པ་ཚོར་ལྷ་ཡུལ་འདྲ་འདྲ་ཡོད་པས་ཐུན་མོང་རེད།
བྱིན་རླབས་ཟེར་ནས་རང་གི་སློབ་མར་རྒྱོ་བ་དེ་ཡང་ཐུན་མོང་རེད། སྦས་ཡུལ་དང་དག་སྣང་ཡང་ཐུན་མོང་རེད། དག་སྣང་ཟབ་ཤོས་དེ་ཇར་མན་གྱི་ཧེ་ཊི་ལ་དང་བོད་པའི་སྔགས་པ་དང་ཧིན་རྡུའི་སྔགས་པ་ཚོར་ཡོད། ཐུན་མོང་རེད།
ནང་པའི་ཁྱད་ཆོས་གཅིག་ཡོད་པ་སྟེ། རྟེན་འབྱུང་གི་ལྟ་བ་དེ་རེད། དེ་བཞིན་སྐྱབས་འགྲོ། གཞན་ཕན། གསང་སྔགས་ཚང་མ་ཕྱི་ནང་ཐུན་མོང་རེད། རྫོགས་ཆེན་ནི་བན་བོན་ཐུན་མོང་རེད། བྱ་རྒྱུད་སྤྱོད་རྒྱུད་ནི་ཕྱི་ནང་ཐུན་མོང་རེད།
བྱམས་སྙིང་རྗེ་བྱང་སེམས་ནི་ཡེ་ཤུ་དང་ཐུན་མོང་རེད། ཡེ་ཤུ་མ་ཤི་ཀ་འཇིག་རྟེན་འདི་ཕེབས་པ་འདི་སེམས་ཅན་གཞན་གྱི་ཐར་པའི་ཆེད་དུ་ཡིན་སྟབས། དེ་ཡང་བྱང་སེམས་ཀྱི་ཐུན་མོང་རེད།
གོས་སེར་སྔོན་པོ་གྱོན་པ་དེ་ཚོ་ཡང་ཐུན་མོང་རེད། མཁའ་འགྲོ་མའི་མིང་བཏགས་ནས་བུ་མོར་རྒྱོ་བ་དེ་ཡང་ཕྱི་ནང་ཐུན་མོང་རེད། རྫུ་སྤྲུལ་དང་གཡོ་བཤད་ནས་ཆོས་ལྟོ་གོས་ལ་བཀོལ་བ་དེ་ཡང་ཐུན་མོང་རེད། ཤམ་བྷ་ལ་དང་ཟངས་ཏོག་དཔལ་རི། བདེ་བ་ཅན་ཟེར་བ་ཚོ་ཡང་ཕྱི་པ་ཚོར་ལྷ་ཡུལ་འདྲ་འདྲ་ཡོད་པས་ཐུན་མོང་རེད།
བྱིན་རླབས་ཟེར་ནས་རང་གི་སློབ་མར་རྒྱོ་བ་དེ་ཡང་ཐུན་མོང་རེད། སྦས་ཡུལ་དང་དག་སྣང་ཡང་ཐུན་མོང་རེད། དག་སྣང་ཟབ་ཤོས་དེ་ཇར་མན་གྱི་ཧེ་ཊི་ལ་དང་བོད་པའི་སྔགས་པ་དང་ཧིན་རྡུའི་སྔགས་པ་ཚོར་ཡོད། ཐུན་མོང་རེད།
ལྟ་བ་ཁ་ལ་ཁྱེར་ནས་སྤྱོད་པ་གླུ་རུ་ལེན།
ལྟ་བ་གླུ་རུ་ལེན་མཁན་མང་ན་ཡང།
ལྟ་བ་སེམས་ལ་རྟོགས་པ་ཉིན་སྐར་ཙམ།
ལྟ་དོན་རྟོགས་པའི་མི་ཞིག་འཛམ་གླིང་འདི་ན་ཨེ་ཡོད་དམ།
བདེན་པ་རེད། སྤྲོས་བྲལ་དོན་གྱི་ལྟ་བ་རྟོགས་ནས་གདམས་ངག་གླུ་དབྱངས་སུ་གྱེར་མཁན་བོད་གངས་ཅན་ལྗོངས་ན་རྗེ་བཙུན་མི་ལ་ཙམ།
དགག་ལན་མེ་སྒྱོགས་འཕེན་འདོད་ན།།
དང་པོ་འབེན་ལ་བལྟ་དགོས་སོ།།
ས་སྟོང་མེ་སྒྱོགས་འཕེན་མཁན་དེ།།
སྨྱོན་པ་མིན་ན་ཞ་ར་རེད།།
ཞར་ར་དེ་སུ་རེད།
བཀྲ་ཤིས་ལགས་ལྟ་བ་རྟེན་འབྱུང་སྤྱོད་པ་འཚེ་བ་མེད་པ་བཤད་་་་གཞན་ལ་ཞ་ར་ལས་སོགས་ཀྱིས་ཚིག་དེ་ཙམ་ལས་མ་རྙེད་མཁན་དེའི་རིགས་ཀྱིས་ད་དུང་རྩོམ་སྐྱག་འདྲ་འབྲི་ག་འདྲ་བྱེད།
གཞན་ལ་ཞར་བ་ཟེར་ཆོག་རྒྱུ་དང། ཞར་བ་སུ་ལ་བརྗོད་གིས་ཡོད་ཅེས་དྲི་བ་ཙམ་ཡང་བཏང་མི་ཆོག་རྒྱུ་དེ་ཁྱུང་སེ་ཁྱོད་ཀྱི་ལུགས་རེད་དམ། ཡིན་ན་སྙིང་རྗེ་པོ་འདུག། རྩོམ་སྐྱག་ཟེར་ལུགས་ལ་བལྟས་ན་མི་ཁྱོད་ཅི་འདྲ་ཡོད་མེད་ཤེས་ཐུབ།
བཀྲ་ཤིས་ལགས་ཡག་པོ་བྱས་ནས་གཟིགས་རོགས་ང་ཡི་མཆན་ལ་་་ངས་ཁྱེད་ལ་ཞུས་པ་མ་རེད་་་་རྩོམ་འབྲི་མཁན་་ལ་ཞུས་པ་རེད་་་ངས་ཁྱེད་ལ་རྒྱབ་བསྐྱོར་བྱེད་ཀྱི་ཡོད་ལྟ་ལོང་ཀློག་ལོང་མེད་ོར་མེ་འབར་རོགས་
གྲོགས་པོ་ཚོ་དགོངས་པ་མ་ཚོམ། ཞ་ར་ཟེར་བ་དཔེ་མཚོན་ཙམ་རེད། དཔེར་ན་སྤྱང་པོ་རི་བོང་ནང་བཞིན་རེད་ཟེར་ན་ཁྱོད་རི་བོང་ནང་བཞིན་དུད་འགྲོ་རེད་ཟེར་གྱི་ཡོད་པ་མ་རེད། སྤྱང་བོ་རེད་ཟེར་བ་རེད། དེ་བཞིན་དུ་ཞ་ར་རེད་ཟེར་བ་ཁྱོད་ཞ་ར་རེད་ཟེར་གྱི་ཡོད་པ་མ་རེད། མིག་ཡོད་ཀྱང་མིག་གིས་བལྟ་གི་མི་འདུག་ཟེར་བ་ཙམ་རེད། འོན་ཀྱང་དཔེ་མཚོན་དེ་འདྲ་བཀོད་པས་དགོངས་པ་འགལ་ཡོད་ན་དགོངས་དག་ཞུ་བ་ཡིན།
ཁྱུང་སེ་ལགས་ལ་དགོངས་དག་ཞུ་གིས་ཡིན། ཉན་ལོང་བལྟ་ལོང་མེད་ནས་གོ་ལོག་ཐེབས་འདུག།
རྟེན་འབྱུང་ངོམས་ཏེ་སིལ་ལ་གསིལ་བྲིས་པ།
དེ་ཡིས་རྟེན་འབྱུང་ཐ་སྙད་ཤོར་བ་ཡིན།
ཐ་སྙད་ཤོར་ན་རྟེན་འབྱུང་རྟོགས་ཐབས་མེད།
ཅེས་པ་ཀླུ་སྒྲུབ་ལུགས་བཟང་གིས་མཐོང་ངོ་།།
གྲོགས་པོ་འདི་ལ་གཟིགས་རོགས་གནང་། གསིལ་ཟེར་བ་དངོས་རྫས་གཅིག་ཆ་ཤས་མང་པོ་བྱེད་པའི་དོན་རེད། ་་་་་་་་་་་་་་་་་་་
འདི་ནི་སྨོན་ལམ་ཚིག་མཛོད་ནང་ནས་དྲངས་པ་ཡིན།
1. གསིལ་བའི་སྐུལ་ཚིག
2. གནས་འོག་མ་འཁོར་ལོས་བསྒྱུར་བ་སྟེ།
(དཔེར་ན།) ཆུ་ཚོད་གནས་ནས་གཅིག་ཕབ་ལ་སྲང་དུ་དྲུག་ཅུར་གསིལ། ཚེས་ལོངས་རི་མཁའ་རིའི་བར་གསིལ་ཞེས་པ་ལྟ་བུ།
3. (བྱེད་འབྲེལ་ལས་ཚིག) བསིལ་བའི་ད་ལྟ་བ་དང་སྐུལ་ཚིག་སྟེ།
(དཔེར་ན།) དངོས་རྫས་གཅིག་ཆ་ཤས་མང་པོར་བྱེད་པའི་དོན་ཏེ། ཤིང་བཟོས་ཤིང་གསིལ་གྱིན་འདུག ཤིང་གསིལ་ཅིག་ལྟ་བུ།
སྤྱིར་བཏང་སིལ་ཞེས་པ་དུར་བུར་གཏོང་བ་དང་། གསིལ་ཞེས་པ་སྒྲོགས་པའི་དོན་དང་། བསིལ་ཞེས་པ་ཚ་གྲང་སྙོམས་པའི་དུས་བསིལ་མོར་བྱེད་པ་མང་སྟེ། བོད་ཀྱི་མཁས་པའི་གསུང་ན། ལྷག་མ་སིལ་བུར་བབས་པས་སྐུ་སྟོད་ཁེབས། ཞེས་དང་། སྡོང་པོ་སིལ་མ་འཕྲེང་བ་སྤེལ་ལེགས་པ། ཞེས་དང་། བུམ་པ་འཁཪ་གསིལ་འཛིན་ཕྱག་འཚལ། ཞེས་དང་། ཁྲུས་བྱས་རྟག་ཏུ་བསིལ་བར་ཤོག ཅེས་པ་ལྟ་བུ་ཡིན་ཀྱང་། ཚིག་མཛོད་སོགས་ན་འདྲ་མིན་སྣ་ཚོགས་ཡོད་པས། ཁྱེད་ལ་ཐ་སྙད་མ་ཤོར་ཙམ་བྱུང་བས། ཐུགས་ཉམས་དགར་མཛོད། འོན་ཀྱང་དྷ་སའི་ལོ་རྒྱུས་སྨྲ་བ་བཀྲ་ཤིས་ཚི་རིང་གིས་གསུང་དོན། སྔོན་མའི་རྩོམ་ཡིག་ཅིག་ལ་བལྟ་ན། རྩོམ་པ་པོ་ལུང་པ་གང་གི་མི་ཡིན་པ་རྟོགས་དཀའ། དིང་སང་གི་རྩོམ་སྟངས་ལ་བལྟས་ཏེ། རྩོམ་པ་པོ་དེ་བོད་ཀྱི་ལུང་པ་གང་ན་ཡིན་པ་བདེ་བླག་ཏུ་རྟོགས་ཐུབ་གསུངས་པ་ལྟར་རྟེན་འབྱུང་སྨྲ་བ་པོ་ཁྱེད་ཀྱིས་སྔར་གྱི་་མིང་མཐའ་འདྲེན་ཚུལ་དང་མཐུན་པ་བྱས་མེད་པས་རང་གི་ཕལ་སྐད་ཀྱི་མིང་མཐའ་འདྲེན་ཚུལ་གྱི་ཐ་སྙད་ཀྱིས་་ཁྱེད་བོད་ལུང་པ་གང་གི་མི་་ཡིན་པ་དང་། ཡང་ན། ལུང་པ་དེ་དང་དེ་ཡི་ཤན་ཞུགས་པ་ལས་སླ་བས་ཤེས་ཐུབ།
ཁང་རྩེག་ ཅེས་པར་ད་ལྟ་འདས་མ་འོང་སྐུལ་ཚིག་བཅས་གང་ལས་ཀྱང་མ་བྱུང་བའི་མིང་ཚིག་ཁང་བརྩེགས་་ཞེས་པ་དག་པར་མཐོང་། རགས་པའི་ཚིམ་ན། ཞེས་པར་ཡང་ཁོ་བོའི་བརྗོད་སྟངས་ན། ས་རྗེས་འཇུག་དང་། འི་ཡིག་སོ་སོར་གསལ་བར་འདོན་པས་རབས་པས་ཚིམ་ན། ཞེས་འདོན་ནོ།
ལུང་པ་རེ་ལ་སྐད་ལུགས་རེ་ཡོད་པས་བོད་ཆོས་སྐད་མ་འཐོར་བ་གལ་ཆེའོ།