ལ་ལས་ཚེ་གཅིག་ལུས་གཅིག་ལ་ཐར་པའི་ཞིང་སར་སྐྱེལ་བའི་ཆོས་ཀྱི་ཞིང་ས་ཞིག་ཡིན་ཟེར་ཞིང་།
ལ་ལས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཟང་ཟིང་འཁྲིགས་པའི་ཧོང་ཁོང་ཆུང་བར་ཡང་འབོད།
གང་ལྟར་བོད་པ་ཡུལ་གྱར་པ་ཚོའི་གནས་སྐབས་ཤིག་གི་གནས་མལ་ཡིན་པ་སུས་ཀྱང་ཁས་ལེན།
སྟོན་ཁ་ཞིག་ལ།
ལོ་མ་སེར་པོ་གང་སར་འཕུར་བའི་སྟོན་ཁ་ཞིག་ལ།
གནམ་ངོ་གཡའ་དག་ཅིང་ཟླ་བ་སྒོར་སྒོར་ཡིན་པའི་སྟོན་ཁ་ཞིག་ལ།
རྡ་རམ་ས་ལ་ནས།
འདོད་པའི་བསྟན་བཅོས་པར་སྐྲུན་བྱས་ཤིང་།
དེབ་འདི་པར་སྐྲུན་བྱེད་གྲངས་མང་བ་དེར་ཧ་ལས་མི་དགོས་ཏེ།
དེབ་འདིའི་པར་བཤུས་ཉོ་མཁན་ཡང་ཉིན་ནས་ཉིན་བཞིན་མང་དུ་འཕར།
སྐུ་ངོའི་གསོལ་ཅོག་གི་འཐེན་སྒམ་དུ་འདོད་པའི་བསྟན་བཅོས་བཞུགས་ཡོད་ཅིང་།
གཡོག་པོའི་ཐབ་ཚང་གི་གྲུ་ཟུར་དུ་ཡང་འདོད་པའི་བསྟན་བཅོས་བཞག་ཡོད།
འདོད་པའི་བསྟན་བཅོས་ཁྲོམ་ར་དང་ཁྲོམ་ར་བྱས་ནས་བཤམས་ཡོད་ཅིང་།
འདོད་པའི་བསྟན་བཅོས་མི་ལག་ནས་མི་ལག་བརྒྱུད་དེ་ཀློག་པར་བྲེལ།
འདོད་པའི་བསྟན་བཅོས་འདི་ཨ་མདོ་བ་ཞིག་གི་བརྩམས་ཆོས་རེད་ལ།
འདོད་པའི་བསྟན་བཅོས་འདི་ནི་ཨ་མདོ་བ་ཞིག་གི་ལག་བྲིས་རེད།
འདོད་པའི་བསྟན་བཅོས་འདི་ནི་ཨ་མདོ་བ་ཞིག་གི་མི་ཚེའི་བརྗེད་བྱང་རེད་ལ།
འདོད་པའི་བསྟན་བཅོས་འདི་ནི་ཨ་མདོ་བ་ཞིག་གི་མི་ཚེའི་ནག་ཐིག་ཀྱང་རེད།
ངས་འདོད་པའི་བསྟན་བཅོས་ཆེས་ཐོག་མར་ཀློག་དུས་ང་རང་ཕ་ཡུལ་དུ་ཡོད་ཅིང་།
ཉིན་དེར་དབྱར་ཁའི་རྩྭ་ཐང་གི་མེ་ཏོག་ཚོའི་མཛེས་སྡུག་གི་འཛུམ་རྒྱ་གྲོལ་ཅིང་།
ཉིན་དེར་ཕ་ཡུལ་གྱི་འབྲོག་མོ་ཚོའི་ལང་ཚོའི་ནམ་མཁའ་ནས་འཁོར་བ་ཞིག་གི་གཏམ་རྒྱུད་ལ་ཟུར་མིག་གི་གློག་ཞགས་འཕེན།
ཉིན་དེར་མེ་ཏོག་འདི་དག་ལ་འཁོར་བའི་རྣམ་ཤེས་ཁྲི་འབུམ་ཡང་ཆགས་སེམས་དྲག་པོ་ཞིག་གི་ཀློང་དུ་བརྒྱལ་ཟིན།
འདོད་པའི་བསྟན་བཅོས་འདི།
རྡ་རམ་ས་ལ་ནས་པར་སྐྲུན་བྱས་པའི་ཕྱི་ཉིན་ནས།
བོད་མགོ་ནག་ཚོར་ཆགས་སེམས་དྲག་པོ་ཞིག་གློ་བུར་དུ་འཕར་ཞིང་།
བོད་མགོ་ནག་གི་མང་རྒྱུ་མེད་པའི་མི་གྲངས་ཀྱང་གློ་བུར་དུ་གོང་འཕེལ་བྱུང་།
ལ་ལས་འདོད་པའི་བསྟན་བཅོས་འདི་ཕྱི་རོལ་བའི་བསྟན་བཅོས་ཀྱི་ཉིང་ཁུ་ཞིག་ཡིན་ཟེར་ཞིང་།
ལ་ལས་འདོད་པའི་བསྟན་བཅོས་འདི་ནང་པའི་གསང་སྔགས་ཀྱི་མཐར་ཐུག་གི་འབབ་ས་ཞིག་ཡིན་ཡང་ཟེར།
ཕྱི་ནང་གཉིས་ཀར་མཁོ་བའི་འདོད་པའི་བསྟན་བཅོས་འདི་ཀློག་ཐེངས་རེར།
ངས་འདོད་པའི་སྒྱུ་རྩལ་དང་འདོད་པའི་བག་ཆགས། ད་དུང་འདོད་པའི་ས་བ་ཚོའི་རྨི་ལམ་སོགས།
རྡ་རམ་ས་ལའི་ཉེ་འཁོར་ཞིག་ཏུ་ཕེབས་མྱོང་བའི་དགེ་འདུན་ཆོས་འཕེལ་གྱི་དུར་བྱང་གི་ངོས་སུ་འབྲི་འདོད་ཅིང་།
རྡ་རམ་ས་ལ་དང་འདོད་པའི་བསྟན་བཅོས། ད་དུང་དགེ་འདུན་ཆོས་འཕེལ།
ཇི་སྲིད་བར་དུ་རང་རེའི་མེས་པོ་ཚོའི་རྣམ་ཤེས་ལྟ་བུའི་འོད་ཀྱི་ཐིག་ལེ་ཞིག་གི་ཀློང་དུ་ཉར་ནས།
ཆེས་དྭངས་གཙང་དང་ཆེས་ཞི་འཇགས་ཀྱི་ཞོགས་པ་ཞིག་མ་བསླེབས་བར་དུ་སྒུག་ན་འདོད།
ཨ་ལགས། དེ་རིང་སང་ཉིན། ཁྱོད་འདིས་ཅིག་ལ་སྒུག་གི་ཡིན་ཟེར་བཞིན་འདུག ཁ་སང་། འཆི་ཁར་ལག་ལ་ཇ་འཇོག་མཁན་ཞིག་ལ་སྒུག་གི་ཡིན་ཟེར་བ་འདྲ་བོ་ཞིག་བྲིས་འདུག
དེ་རིང་། དྭངས་གཙང་དང་ཞི་འཇགས་ཀྱི་ཞོགས་པ་ཞིག་མ་སླེབས་བར་དུ་སྒུག་གི་ཡིན་ཟེར་གྱི་འདུག དོན་ངོ་མར། ཁྱེད་འདི་སུ་ལ་སྒུག་གི་ཡོད་དམ། ཨ་ལ་ཀུ་རེ་ཡིན།
ཁ་སང་དེ་རིང་གི་ཁྱེད་ཀྱི་སྙན་ངག་འདི་ཚོ། ཐོལ་བྱུང་དུ་དྲན་པ་དེ་ཚོ་ཐོལ་བྱུང་དུ་སྨྱུག་རྩེ་ནས་བཞུར་བ་འདྲ་བོ་རྐྱང་རྐྱང་རེད་འདུག མུ་མཐུད་དུ།
འདི་ནས་ཉི་མ་ཐུང་ཞིང་ཆར་བ་འབབ་པའི་དུས་ཚིགས་སྡུག་པོ་ཞིག་ལ་ཁེལ་ཡོད་པས། ཉི་མ་རྟག་པར་ནང་ལ་འཛུལ་ནས་སྙན་ངག་ཡིན་ཁུལ་རེ་འབྲི་བཞིན་མི་སྡོད་ཀ་མེད་རེད་ཡ། ཆེས་དྭངས་གཙང་གི་ཞོགས་པ་དེ་མ་བསླེབས་པའི་དགོང་མོ་དེར་ལག་པར་ཇ་ཚ་བོ་འཇོག་མཁན་དེ་དང་མཉམ་དུ་་་་་་་་་་ཤེས་ཀ ཧུ་ཧུ་ཧུ།
འདོད་བསྟན་སྙིང་པོ།
བལྟས་ནས་ཚིམས་ན་འཆང་ནས་ཅི་བྱེད། །
འཆང་ནས་ཚིམས་ན་འཁྱུད་ནས་ཅི་བྱེད། །
ཇི་སྐད་དུ།
གཡའ་ཟ་ཡོད་ན་བདེ་བ་སྟེ། །
གཡས་ཟ་མེད་ན་དེ་བས་བདེ། །
སྔོན་མའི་དུས་སྐབས་སུ་བོད་མི་རྣམས་ཀྱིས་རྒྱོ་རྒྱག་སྟངས་སྐོར་ལ་རིགས་སྣ་ཚོགས་ཡོད་པ་ཤེས་ཀྱི་མེད་པའམ་ཡང་ན་ཉམས་མྱོང་མེད་པའི་དབང་གིས་དགེ་ཆོས་ནས་བོད་མི་རྣམས་ལ་ཕན་ཐོག་ཡོད་ངེས་ཀྱི་བསམ་པས་ཀུན་ནས་བརླངས་ཏེ་འདོད་པའི་བསྟན་བཅོས་བརྩམས་གནང་བ་རེད་ལ་ཕན་ཐོག་ཀྱང་བྱུང་ཡོད། འོན་ཀྱང་དེང་སང་བོད་མི་རྣམས་ཀྱང་རིག་པ་རྟུལ་རྒྱུ་མེད་པས་འདོད་བསྟན་སྣ་ཚོགས་ལག་ལེན་དུ་བསྟར་བཞིན་ཡོད་པས་འདོད་བསྟན་བཤད་ཀྱང་ཉན་མཁན་དཀོན་པོ་ཡིན།
དགེ་འདུན་ཆོས་འཕེལ་འདོད་བསྟན་མ་བརྩམས་གོང་།།
མི་ཕམ་རྒྱ་མཚོ་དྲག་སྔགས་གླིང་པ་སོགས།
མཁས་ཆེན་དུ་མས་ཡི་གེར་ཕབ་ཟིན་པས།།
ཨ་མདོ་བ་ཡིས་ཡིན་དོག་མ་སྟོན་རོགས།
ཀྭ་ཡེ་ཡིད་འོང་ལང་ཚོས་སྒེག་པ་ཁྱོད། །
ཁ་རོག་འདོད་བསྟན་བཀླགས་ནས་འདུག་པ་ལས། །
ག་ལེར་ཁང་ཆུང་སྐྱིད་པོ་ཞིག་གི་ནང་། །
ང་གཉིས་ལག་ལེན་བྱས་ན་མི་དགའམ། །
ཧ་ཧ་ཧ་རྩེད་མོ་ཡིན་ད།