རྡ་རམ་ས་ལའི་གསུམ་བཅུའི་དུས་དྲན་མཛད་སྒོ Posted on 2013-03-092013-03-09 By ཁ་བརྡ་ 18 Comments on རྡ་རམ་ས་ལའི་གསུམ་བཅུའི་དུས་དྲན་མཛད་སྒོ གློག་བརྙན་།
གནམ་སྔོན་པོའི་འོག ས་དོག་མོའི་སྟེང་། རྒྱ་གར་ནག་གཉིས་ཀྱི་བར། ལས་དགེ་སྡིག་གི་ཤན་འབྱེད་ས། འོ་སྐོལ་མགོ་ནག་བོད་ཀྱི་བཙན་ས། མ་རུང་བའི་བདུད་པོ་དག་གི་ཟས་སུ་གྱུར་བའི་ཕ་ས་དྲོན་མོ་སྣོད་གསེར་གྱི་གཞོངས་བ་ལྟ་བུ་དེ་ན། རེ་དོགས་ཀྱི་རྒྱ་རུ་ཚུད། དབུ་རང་གིས་བསླུ་བྲུད་བཏང་། ཕྱི་རོལ་བས་གཉའ་ནས་མནན། ཐབས་ཟད་འུ་ཐུག་ནས་རང་ལུས་མེ་རུ་སྤར། ད་ཕྲུག་གི་འོ་དོད་འབོད་བཞིན་འབྱུང་འགྱུར་ལ་རེ་བ་མེད་པའི་སྤྱི་བོ་གནམ་བསྟན་བདུད་རྩི་བཅུད་དང་འདྲ་བ་དེ་དག་རེ་ཞིག་དབུགས་དབྱུངས་བར་མཛོད།
སྲིད་སྐྱོང་གི་བོད་སྐད་དང་བོད་ཡིག་ཧ་ཅང་སྐྱོ་པོ་རེད་འདུག་ག ཚིག་གསར་པ་ཞིག་བཟོས་སོང་། “མ་གཏོགས་ཅིག་དཔེ་” ཟེར། མ་གཏོགས་ཅིག་དཔེ་ཟེར་ན་ག་རེ་རེད།
རེད་རེད་་་ཁྱེད་རང་བོད་སྐད་ཡག་པོ་ཡོད་ཙམ་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནང་བོད་སྐད་སྤྱོད་བཞིན་་་བོད་དོན་རྩོད་ཤོག་དང་བོད་ལ་དགོས་པ་དེ་ཡིན་་་་་བོད་རིགས་ཡིན་པས་འགན་་ནི་བོད་པ་ཚང་མ་ལ་ཡོད་པ་རེད་་་་་་
བོད་སྐད་བདེ་མིན་གང་ལྟར་ཡང་རྒྱལ་སྤྱིའི་སྒང་དུ་ངོ་གནོང་མི་དགོས་པའི་ཤེས་ཡོན་ཅན་ལྡན་པའི་སྲིད་སྐྱོང་ཁོང་ནང་བཞིན་ཞིག་དེ་སྔར་བོད་པའི་ལོ་རྒྱུས་ནང་བྱུང་མྱོང་ཡོད་པ་མ་རེད། མཁས་དབང་ཟམ་གདོང་རིན་ཆེར་སྨོས་མེད་ཐོག་དེ་མིན་སྐབས་སྔོན་མའི་བཀའ་བློན་དག་གིས་བོད་པའི་སྐད་ཡིག་ལ་གཞིག་ན་ད་ལྟའི་སྲིད་སྐྱོང་མཆོག་དབུ་ཞུམ་དགོས་པ་གང་ཡང་མ་མཐོང་། ཁྱི་སྐད་རྒྱག་མ་འོང་རོགས་་་་་་་་་
ཇི་འདྲའི་ཚར་རྒྱུ་མེད་པའི་མཛད་སྒོ་སྟབས་བདེ་ཞིག་ལོ་རེ་བཞིན་རྡ་ས་ནས་ཚོགས་ཀྱིན་ཡོད་པ་འདྲ་ཡིན་ན་ཡང་དོན་དངོས་ལ་ཕན་ཐོག་འབྱུང་དང་མི་འབྱུང་ཀུན་མཁྱེན་ཡེ་ཤེས་ཀྱིས་ཀྱང་རྟོགས་མི་ཐུབ་བའི་སོམ་ཉིད་ཀྱི་གནས་སུ་ཡོད་པ་འདྲ་གང་ལྟར་གྱང་འདི་ལྟར་ལོ་མང་པོ་མང་པོ་ཞིག་བཞུད་ཚར་བ་རེད་བདེན་པ་ལ་མཐའ་ཡོད་ཀྱང་མཐའ་དེ་འདི་འདྲའི་དུས་ཡུན་རིང་བ་ཞིག་ལ་སུ་ཞིག་གིས་བཀོད་བཞག་བྱེད་ཡིན་ན་ཡང་ལོ་ངོ་འདི་དག་གི་རིང་ལ་ང་ཚོ་ལ་གསོན་ཤུགས་ཡོད་ང་ཚོ་ལ་སྙིང་སྟོབས་ཡོད་ལོ་ང་ཁ་ཤས་ཞིག་གི་རྗེས་ནས་ང་ཚོ་གསོན་ཡང་ནུས་མེད་ཀྱི་ད་ཕྲུག་ཡིན་འདི་ལྟར་བསམ་ན་ང་ངོ་མ་སེམས་སྐྱོ་ཀི་གོ་ན་མི་འདོད་པའི་གསུམ་བཅུའི་དུས་དྲན་ང་ཁྱོད་སྙིང་ལུང་ཀི
མི་ངན་ཁ་ཤས་ནས་སྲིད་སྐྱོང་མཆོག་ལ་གཞན་ཅི་ཟེར་མེད་ཡོང་དུས། བོད་ཡིག་བོད་སྐད་ཡག་པོ་མི་འདུག་ཟེར་བཞིན་འདུག དེ་ནི་ཁུང་ལུང་མེད་པའི་སྐད་ཆ་རེད། ཁོང་ནི་རྡོར་གླིང་གཞིས་ཆགས་སུ་འཚར་ལོང་བྱུང་བ་ཞིག་སོང་ཙང་བོད་སྐད་གཙང་མ་ཤེས་ཀྱི་མི་འདུག་ཟེར་ན་སྐྱོན་བརྗོད་རྒྱུའི་འཕང་པ་རེད། བོད་ཡིག་ཡག་པོ་མི་འདུག་ཟེར་ན་ཁོང་ཆབ་སྲིད་ཀྱི་འགན་བཞེས་ཐོགས་གཏམ་བཤད་ཡིག་ཆ་དང་བསྒྲགས་གཏམ་རིགས་བཀླག་པ་ཙམ་ལས་གཞན་གཞིས་ཆགས་ནང་དུ་གཟུངས་འདུས་དང་འབུམ་ཀློག་མཁན་གྱི་ཆོས་འདོན་འགྲོ་དགོས་མ་རེད། ཧ་གོ་སོང་ངམ་་་་་་་་་་་
བློ་སེང་སྐད་ཡིག་མ་ཤེས་གང་ནས་ལྷག་འདུག ། ཁྱོད་ཚོས་སྐད་ཡིག་ཤེས་ནས་གང་ཞིག་བྱས་ཡོད། ། གཞན་གྱི་སྐྱོན་ཆ་གླེང་བའི་ཁ་ཞིག་ཡོད་ན། ། རང་ལ་ལྟ་བའི་མིག་ཅིག་དགོས་པ་མིན་ནམ། །
བོད་ཀྱི་མ་རིག་པ་འདི་ནི་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རལ་གྲིས་ཀྱང་མ་ཆོད་པའི་སྟུག་པོ་ཞིག་ཡིན་པ་དེ་གསལ་པོ་རེད། བློ་བཟང་སེང་གེ་བཀའ་ཁྲི་དང་དེ་ནས་སྲིད་སྐྱོང་ཆགས་པའི་ལོ་རྒྱུས་ནི་ང་ཚོ་ཚང་མ་ལ་གསལ་པོ་ཡིན། བློ་བཟང་སེང་གེ་འདི་མི་ཧམ་པོ་ཚ་པོ་དང་ལྕགས་གདོང་ཅན་ཞིག་ཡིན་སྟབས་བཀའ་བློན་ཁྲི་པའི་འོས་གཞི་ལ་ལངས་པ་རེད། སྐབས་དེར་ཁོང་གིས་ང་བཙན་བྱོལ་ནང་ནས་བཀའ་བློན་ཁྲི་པར་འདེམས་དགོས་པའི་རྒྱུ་མཚན་ཡོད་ན་མེད་ན་དེ་ནི་ཨ་རིའི་མཐོ་སློབ་གྲགས་ཅན་ཞིག་ནས་འབུམ་རམས་པ་ཡིན་ཞེས་བཤད་པ་འདི་རེད། དེ་ལ་བརྩད་གཅོད་བྱས་སྐབས་ཁོང་གིས་དངོས་གནས་འབུམ་རམས་པ་ལེན་པའི་མཁས་པའི་ཡོན་ཏན་མེད་པ་མ་ཟད་ཆེད་རྩོམ་གྱི་རྩོམ་ཡིག་དེ་ཡང་བཙན་བྱོལ་བོད་གཞུང་གི་དམངས་གཙོའི་ཐོག་ལ་བྲིས་འདུག་པ་དེ་རེད། དེ་འཁྱེར་ནས་ཨ་རིའི་མཐོ་སློབ་ནས་ལག་འཁྱེར་བླངས། དེ་འཁྱེར་ནས་བཙན་བྱོལ་མི་དམངས་མགོ་བསྐོར་བ་རེད། མགོ་བསྐོར་བའི་རྗེས་སྐྱབས་མགོན་རིན་པོ་ཆེས་ཆེ་མཐོང་གནང་བ་དང་། དེ་ལ་བོད་མི་དམངས་ཀྱིས་ཕྱག་འཚལ་གྲབས་བྱས་པ་དེ་རེད། ད་སྲིད་སྐྱོང་ཆགས་ནས་བཟུང་སྟེ། ང་ཁྲི་པ་དང་ང་སྲིད་སྐྱོང་གི་རྣམ་པ་ཆེན་པོ་བསྟན་ཡོད་པ་རེད། འོན་ཀྱང་གྲུབ་འབྲས་དང་རྙོག་དྲ་རྒྱུན་དུ་ནས་ཡོད་པ་རེད། བཀྲ་བྷེའི་མིང་འདོན་ཕྱོགས་དང་། རྡོ་རྗེ་གདན་ནས་མཆོད་འབུལ་བྱེད་སྐབས་འདི་བྱས་པ་ཡིན་ཞེས་ཀིརྟིའི་ཕྱག་མཛོད་ཐོག་ལ་ངར་ངར་བྱས་པ་དེ་དྲ་ཐོག་ན་ཡོད་པ་རེད། ཆེད་ལས་པ་གྲངས་ཀ་འདི་ལོང་འཇུག་གི་ཡིན་ཞེས་ངར་ངར་བྱས་པ་དེ་སྟོང་སེང་ངེར་འགྲོ་གྲབས་འདུག རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་གི་ཡིན་བཤད་པ་དེ་ཁ་གཡང་ཙམ་ཞིག་རེད། ད་ཁོས་བོད་སྐད་བོད་ཡིག་མ་ཤེས་པ་དེ་ཡང་བཤད་མི་ཆོག་ཟེར་ན་ག་རེ་ལབ་གི་ཡོད། ཁོས་ཧིན་དིའི་སྐད་བཤད་དུས་ཉན་རྒྱུ་ལ་ངོ་ཚ་བ་འདུག ཁོས་ཨིན་ཡིག་ནང་རྩོམ་བྲིས་པ་དེ་ཚོ་ལ་ཞུ་དག་པ་མེད་ན་ཁོས་གླགས་འཁེལ་གྱི་མེད་པ་རེད། འདི་ཚོ་གཅིག་ཡིན། གཞན་དེ་ནི་ཁོང་ལ་སྐྱོན་དང་ཞན་ཆ་ཡོད་དུས་དེ་བཤད་ཆོག་གི་རེད། དེ་བཤད་མ་ཆོག་ན་ང་ཚོ་མུ་མཐུད་ནས་རྗེས་ལུས་ཀྱི་ནང་ནས་འདུག་རྒྱུ་རེད། ཕྱི་རྒྱལ་གྱི་བུ་མོ་ལ་ཆགས་འབྲེལ་བྱས་པའི་རྙོག་གླེང་དེ་ཚོ་ངས་ཀྱང་བཤད་ཀྱི་མེད། བདེན་པ་ཟེར་བ་དེ་སྙིང་རྗེ་པོ་དང་ཡིད་དུ་འོང་བ་ཞིག་ཡོད་མ་རེད་གྲོགས་པོ་ཚོ།
བློ་གྲོས་ཆེན་པོའི་རྒྱལ་ཁབ་ཆེན་པོའི་སྲིད་དབང་བཞེས། ། བཟང་སྤྱོད་འཚེ་མེད་བབ་ལྷིང་བརྟན་པོས་ལས་འགན་སྐྱོང་།། སེང་གེའི་གཡུ་རལ་ངོམས་བཞིན་གངས་རིར་ཁ་ཕྱོགས་ཏེ།། སེང་གེའི་ཁྲི་ལ་༧རྒྱལ་དབང་བཀོད་པའི་ཐུགས་བརྩོན་བསྟོད།།
སྲིད་སྐྱོང་མཆོག་བོད་ཀྱི་སྲིད་བསྟེགས་སུ་བཞེངས་པ་ནས་བཟུང་བོད་ནང་གི་བོད་མི་རྣམས་ལ་སེམས་ཤུགས་ཞིག་འཕེལ་ཏེ་རང་ལུས་མེ་བསྲེག་གཏོང་རྒྱུ་འགོ་ཚུགས། ད་བར་བོད་ཕྱི་ནང་གཉིས་སུ་མི་གྲངས་བརྒྱ་དང་བདུན་གྱི་རང་ལུས་མེ་བསྲེག་གནང་སྟེ་དགུ་བཅུ་ལྷག་འདས་གྲོང་དུ་ཕྱིན་སོང་ད་དུང་རྒྱལ་སྤྱི་ནང་ཁ་རྒྱུ་བུ་རྒྱུ་མིན་འདུག སྲིད་སྐྱོང་མཆོག་གཙོས་ང་ཚོ་བཙན་བྱོལ་བ་རྣམས་བོད་ནང་གི་དཔལ་ོ་དཔལ་མོ་དག་གི་མགྲིན་ཚབ་པ་ཡིན་རབ་བཤད་ཀྱིས་ཡོད། བོད་ཀྱི་དཔལ་པོ་དཔལ་མོ་དག་གི་རླབས་ཆེན་གྱི་ཕྱག་ལས་གནང་ཡོད་འོན་ཀྱང་ད་དུང་ང་ཚོར་རྒྱལ་སྤྱིའི་རྒྱབ་བསྐྱོར་མ་རེག་པའི་རྒྱུ་རྐྱེན་གང་ཞིག་ལྷག་ཡོད་དམ། ཕྱོགས་བཞེན་གྱིས་བློ་མིག་ནི་ནམ་ཡང་ཕྱོགས་བཞེན་ལས་བདེན་པ་ཞིག་བདག་གིས་མ་མཐོང་།
ཧཧཧ་་་རྡོ་རྗེ་བཀྲ་ཤིས་མིང་ཅན་གྱི་མི་འདིས་བཤད་སྟངས་ལ་བལྟོས་དང་། ཁོ་རང་མ་གཏོགས་བཙན་བྱོལ་བོད་མི་ཚང་མ་ལྐུགས་པ་ཡིན་སྣང་ཤར་གྱི་ཡོད་ས་རེད། ཁུང་མེད་ལུང་མེད་ཀྱི་གཏམ་རྙོག་མང་པོ་ཞིག་ཁྱེར་ཡོང་ནས་མགོ་སྐོར་གཏོང་རྩིས་ཡོད་པ་འདྲ། ཧཧཧ སྲིད་སྐྱོང་བློ་བཟང་སེང་གེ་ཨ་མའི་བུ་ལ་ཡོན་ཏན་ཡོད་ན་དགའ་ལྡན་ཁྲི་ལ་བདག་པོ་མེད་ཞེས་པའི་དཔེ་བཞིན་དུ་བོད་ཀྱི་ལོ་རྒྱུས་སྟེང་མི་ཚང་དཀྱུས་མའི་བུ་ཞིག་བོད་ཀྱི་ཆེས་མཐོའི་སྲིད་ཁྲི་ལ་སླེབས་པ་དང་པོ་དང་། བོད་དམངས་གཙོའི་གཞུང་གི་གོང་ན་མེད་པའི་དབུ་ཁྲིད་དང་པོ། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་སྔར་བྱུང་མ་མྱོང་བའི་དགའ་བསུ་ཐོབ་པ། ཕྱི་ཡི་རྒྱལ་ཁབ་ཁག་གི་ཆབ་སྲིད་མི་སྣ་རྣམས་ནས་ཀྱང་གོང་ས་མཆོག་ཕུད་པའི་བཙན་བྱོལ་གཞུང་གི་དབུ་ཁྲིད་སུ་ལ་ཡང་མ་ཐོབ་པའི་གུས་རྩི་དང་ཆེ་མཐོང་ཐོབ་པ་འདི་དག་བུ་ལ་ཡོན་ཏན་དང་འཇོན་ཐང་ཡོད་ནས་བྱུང་བ་རེད་མ་གཏོགས་ཁྱོད་ཚོ་ནང་བཞིན་ཁ་གསོན་པོ་དང་ལག་ཤི་པོ་བྱས་ནས་བྱུང་བ་མ་རེད། བོད་དོན་ལ་འགྱུར་བ་ཆེན་པོ་ཞིག་མ་སོང་བའི་རྒྱུ་མཚན་གྱིས་ཁོང་ལ་འཇོན་ཐང་མི་འདུག་ཟེར་བ་ཡིན་ན། འོ་ན་གོང་ས་མཆོག་ལ་ཡང་འཇོན་ཐང་མེད་པ་ཨེ་རེད། ཁོང་གིས་ད་བར་དུ་བོད་ཀྱི་དབུ་ཁྲིད་གནང་ཀྱང་བོད་དོན་ལ་འགྱུར་བ་ཆེན་པོ་ཞིག་འགྲོ་ཐུབ་མི་འདུག་པས་སོ་ཟེར་ན་ཁྱེད་ཚོས་ལན་ཅི་བཏབ། ལར་ནས་གླང་ཆེན་དང་གྲོག་མ་ལྟ་བུའི་སྟོབས་ཆེ་ཆུང་ཤོར་བའི་གནས་བབ་འོག་ནས་མི་གཅིག་གི་འཇོན་ཐང་ཙམ་གྱིས་ལམ་སང་འགྱུར་བ་ཆེན་པོ་ཞིག་གཏོང་ཆོག་ཆོག་མེད་པ་བསམ་ཡོད་སུས་ཀྱང་ལོས་ཤེས།
ད་ལུང་རྟོགས་ཀྱིས་གང་འབྱུང་མང་འབྱུང་བཤད་ཀྱི་འདུག བློ་བཟང་སེང་གེ་ལ་སྐྱོན་བཤད་མི་ཆོག་ཅེས་ལབ་དུས་ངས་བཤད་ཆོག་དང་ཆོག་ལབ་པ་ཡིན། བློ་བཟང་སེང་གེ་འདི་དམངས་གཙོ་ལམ་ནས་འདམས་པའི་དབུ་འཁྲིད་རེད་ལབ་ན་ཡིན་ད་ཡིན་ཟེར་བ་ཡིན། བློ་བཟང་སེང་གེ་རྒྱལ་པོ་རེད་ལབ་ན་ང་ཧོན་འཐོར་གི་འདུག ཁྱེད་ཚོའི་བསམ་བློ་གཏོང་སྟངས་དེས་བློ་བཟང་སེང་གེ་རྒྱལ་པོ་བཟོ་གི་འདུག་ད། སྐྱོན་བཤད་ས་མེད་པ། མགོ་སྒུར་དགོས་པ། སྐྱོན་མཐོང་ནའང་མ་མཐོང་མདོག་མདོག་བྱེད་དགོས་པ། བོད་ཡིག་དང་བོད་ཀྱི་རིག་གནས་ཡར་རྒྱས་གཏོང་དགོས་ཞེས་ཁ་ནས་བཤད་ཀྱིན་བཤད་ཀྱིན་ “མ་གཏོགས་ གཅིག་དཔེ་”ཟེར་བའི་ཚིག་འདི་འདྲ་བཟོས་ན་འང་ཁ་བཙུམས་དགོས་པ། དེས་ཁོ་རྒྱལ་པོ་བཟོ་གི་འདུག་ད།
བློ་བཟང་སེང་གེ་རྒྱལ་པོ་དང་བློན་གང་ཡིན་ཡང་་་་་ཁྱེད་རང་གི་ཁོང་གི་སྐྱག་པ་ཡང་ཟ་ཡ་རག་གྱི་མ་རེད་་་་ཨ་ཁ་ཁ་་་སྙིང་རྗེ་མི་ཁ་ཤས་སོ་སོས་རང་མདོག་སྟོན་དགའ་པ་འདི་ཅི་ཡིན་ནམ་་་་
འཇམ་གཅེས་ཁྱོད་ཀྱིས་གསན་རོགས། གནད་དོན་ངོ་མ་དེ་ཁྱེད་ཀྱི་སྐད་ཆ་ནང་ལ་འདུག མི་ཞིག་གིས་མི་ཞིག་གི་སྐྱག་པ་ཟ་དགོས་པ་དང་ཟ་འོས་པ། ཟ་ས་ལ་ཡང་མི་སླེབས་པ་ལྟ་བུའི་ཀླ་ཀློའི་བསམ་བློ་དེས་ང་ཚོ་ལ་དམངས་གཙོ་དང་རང་དབང་། འདྲ་མཉམ་ཐོབ་མི་འཇུག་པ་རེད། ལྷ་དང་མི་ཡི་འཇིག་རྟེན་གཉིས་ཀྱི་ནང་མུ་མཐུད་ནས་བཞུགས་ཨ། མི་སུ་ཡིན་ལ་མིའི་མཐོང་ཡང་སྤྲོད་མི་ཐུབ་པའི་འཇིག་རྟེན་དེ་ཁྱོད་ཀྱི་འཇིག་རྟེན་རེད། ངས་ཁྱོད་དང་བློ་བཟང་སེང་གེ་གཉིས་མི་འདྲ་འདྲ་ཡིན་པ། གོ་ས་འདྲ་འདྲ་ཡིན་པ། ཐོབ་འདྲ་འདྲ་ཡིན་པ་ཞིག་གི་ཐོག་ནས་སྐད་ཆ་འདི་བཤད་པ་ཡིན་ནོ།
གནམ་སྔོན་པོའི་འོག ས་དོག་མོའི་སྟེང་། རྒྱ་གར་ནག་གཉིས་ཀྱི་བར། ལས་དགེ་སྡིག་གི་ཤན་འབྱེད་ས། འོ་སྐོལ་མགོ་ནག་བོད་ཀྱི་བཙན་ས། མ་རུང་བའི་བདུད་པོ་དག་གི་ཟས་སུ་གྱུར་བའི་ཕ་ས་དྲོན་མོ་སྣོད་གསེར་གྱི་གཞོངས་བ་ལྟ་བུ་དེ་ན། རེ་དོགས་ཀྱི་རྒྱ་རུ་ཚུད། དབུ་རང་གིས་བསླུ་བྲུད་བཏང་། ཕྱི་རོལ་བས་གཉའ་ནས་མནན། ཐབས་ཟད་འུ་ཐུག་ནས་རང་ལུས་མེ་རུ་སྤར། ད་ཕྲུག་གི་འོ་དོད་འབོད་བཞིན་འབྱུང་འགྱུར་ལ་རེ་བ་མེད་པའི་སྤྱི་བོ་གནམ་བསྟན་བདུད་རྩི་བཅུད་དང་འདྲ་བ་དེ་དག་རེ་ཞིག་དབུགས་དབྱུངས་བར་མཛོད།
སྲིད་སྐྱོང་གི་བོད་སྐད་དང་བོད་ཡིག་ཧ་ཅང་སྐྱོ་པོ་རེད་འདུག་ག ཚིག་གསར་པ་ཞིག་བཟོས་སོང་། “མ་གཏོགས་ཅིག་དཔེ་” ཟེར། མ་གཏོགས་ཅིག་དཔེ་ཟེར་ན་ག་རེ་རེད།
རེད་རེད་་་ཁྱེད་རང་བོད་སྐད་ཡག་པོ་ཡོད་ཙམ་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནང་བོད་སྐད་སྤྱོད་བཞིན་་་བོད་དོན་རྩོད་ཤོག་དང་བོད་ལ་དགོས་པ་དེ་ཡིན་་་་་བོད་རིགས་ཡིན་པས་འགན་་ནི་བོད་པ་ཚང་མ་ལ་ཡོད་པ་རེད་་་་་་
རེད་རེད་རྡོ་རྗེ་བཀྲ་ཤིས་ཡིན་ན་འདི་ཡང་ཁྱི་སྤྲུལ་དབང་ཆེན་སོགས་ཀྱི་ཕྱོགས་རྟོག་ཞིག་ཡིན་པ་ཡོད།
བོད་སྐད་བདེ་མིན་གང་ལྟར་ཡང་རྒྱལ་སྤྱིའི་སྒང་དུ་ངོ་གནོང་མི་དགོས་པའི་ཤེས་ཡོན་ཅན་ལྡན་པའི་སྲིད་སྐྱོང་ཁོང་ནང་བཞིན་ཞིག་དེ་སྔར་བོད་པའི་ལོ་རྒྱུས་ནང་བྱུང་མྱོང་ཡོད་པ་མ་རེད། མཁས་དབང་ཟམ་གདོང་རིན་ཆེར་སྨོས་མེད་ཐོག་དེ་མིན་སྐབས་སྔོན་མའི་བཀའ་བློན་དག་གིས་བོད་པའི་སྐད་ཡིག་ལ་གཞིག་ན་ད་ལྟའི་སྲིད་སྐྱོང་མཆོག་དབུ་ཞུམ་དགོས་པ་གང་ཡང་མ་མཐོང་། ཁྱི་སྐད་རྒྱག་མ་འོང་རོགས་་་་་་་་་
རང་མི་སར་ཞོག མི་རང་སར་ཞོག་དང་། ཧ་གོ་ཡོང་་་་་་་་་་་་་་་་་་་
ཇི་འདྲའི་ཚར་རྒྱུ་མེད་པའི་མཛད་སྒོ་སྟབས་བདེ་ཞིག་ལོ་རེ་བཞིན་རྡ་ས་ནས་ཚོགས་ཀྱིན་ཡོད་པ་འདྲ་ཡིན་ན་ཡང་དོན་དངོས་ལ་ཕན་ཐོག་འབྱུང་དང་མི་འབྱུང་ཀུན་མཁྱེན་ཡེ་ཤེས་ཀྱིས་ཀྱང་རྟོགས་མི་ཐུབ་བའི་སོམ་ཉིད་ཀྱི་གནས་སུ་ཡོད་པ་འདྲ་གང་ལྟར་གྱང་འདི་ལྟར་ལོ་མང་པོ་མང་པོ་ཞིག་བཞུད་ཚར་བ་རེད་བདེན་པ་ལ་མཐའ་ཡོད་ཀྱང་མཐའ་དེ་འདི་འདྲའི་དུས་ཡུན་རིང་བ་ཞིག་ལ་སུ་ཞིག་གིས་བཀོད་བཞག་བྱེད་ཡིན་ན་ཡང་ལོ་ངོ་འདི་དག་གི་རིང་ལ་ང་ཚོ་ལ་གསོན་ཤུགས་ཡོད་ང་ཚོ་ལ་སྙིང་སྟོབས་ཡོད་ལོ་ང་ཁ་ཤས་ཞིག་གི་རྗེས་ནས་ང་ཚོ་གསོན་ཡང་ནུས་མེད་ཀྱི་ད་ཕྲུག་ཡིན་འདི་ལྟར་བསམ་ན་ང་ངོ་མ་སེམས་སྐྱོ་ཀི་གོ་ན་མི་འདོད་པའི་གསུམ་བཅུའི་དུས་དྲན་ང་ཁྱོད་སྙིང་ལུང་ཀི
མི་ངན་ཁ་ཤས་ནས་སྲིད་སྐྱོང་མཆོག་ལ་གཞན་ཅི་ཟེར་མེད་ཡོང་དུས། བོད་ཡིག་བོད་སྐད་ཡག་པོ་མི་འདུག་ཟེར་བཞིན་འདུག དེ་ནི་ཁུང་ལུང་མེད་པའི་སྐད་ཆ་རེད། ཁོང་ནི་རྡོར་གླིང་གཞིས་ཆགས་སུ་འཚར་ལོང་བྱུང་བ་ཞིག་སོང་ཙང་བོད་སྐད་གཙང་མ་ཤེས་ཀྱི་མི་འདུག་ཟེར་ན་སྐྱོན་བརྗོད་རྒྱུའི་འཕང་པ་རེད། བོད་ཡིག་ཡག་པོ་མི་འདུག་ཟེར་ན་ཁོང་ཆབ་སྲིད་ཀྱི་འགན་བཞེས་ཐོགས་གཏམ་བཤད་ཡིག་ཆ་དང་བསྒྲགས་གཏམ་རིགས་བཀླག་པ་ཙམ་ལས་གཞན་གཞིས་ཆགས་ནང་དུ་གཟུངས་འདུས་དང་འབུམ་ཀློག་མཁན་གྱི་ཆོས་འདོན་འགྲོ་དགོས་མ་རེད། ཧ་གོ་སོང་ངམ་་་་་་་་་་་
མཛད་སྒོ་ལེགས་པར་གྲུབ་འདུག་སྙམ་མོ། །
བློ་སེང་སྐད་ཡིག་མ་ཤེས་གང་ནས་ལྷག་འདུག །
ཁྱོད་ཚོས་སྐད་ཡིག་ཤེས་ནས་གང་ཞིག་བྱས་ཡོད། །
གཞན་གྱི་སྐྱོན་ཆ་གླེང་བའི་ཁ་ཞིག་ཡོད་ན། །
རང་ལ་ལྟ་བའི་མིག་ཅིག་དགོས་པ་མིན་ནམ། །
ཤར་ཁུག་གི་བོད་ཡིག་བཟང་གི་ཟེར་བས་སྲིད་སྐྱོང་བྱས་ན་མི་བཟང་ངམ
བོད་ཀྱི་མ་རིག་པ་འདི་ནི་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རལ་གྲིས་ཀྱང་མ་ཆོད་པའི་སྟུག་པོ་ཞིག་ཡིན་པ་དེ་གསལ་པོ་རེད། བློ་བཟང་སེང་གེ་བཀའ་ཁྲི་དང་དེ་ནས་སྲིད་སྐྱོང་ཆགས་པའི་ལོ་རྒྱུས་ནི་ང་ཚོ་ཚང་མ་ལ་གསལ་པོ་ཡིན། བློ་བཟང་སེང་གེ་འདི་མི་ཧམ་པོ་ཚ་པོ་དང་ལྕགས་གདོང་ཅན་ཞིག་ཡིན་སྟབས་བཀའ་བློན་ཁྲི་པའི་འོས་གཞི་ལ་ལངས་པ་རེད། སྐབས་དེར་ཁོང་གིས་ང་བཙན་བྱོལ་ནང་ནས་བཀའ་བློན་ཁྲི་པར་འདེམས་དགོས་པའི་རྒྱུ་མཚན་ཡོད་ན་མེད་ན་དེ་ནི་ཨ་རིའི་མཐོ་སློབ་གྲགས་ཅན་ཞིག་ནས་འབུམ་རམས་པ་ཡིན་ཞེས་བཤད་པ་འདི་རེད། དེ་ལ་བརྩད་གཅོད་བྱས་སྐབས་ཁོང་གིས་དངོས་གནས་འབུམ་རམས་པ་ལེན་པའི་མཁས་པའི་ཡོན་ཏན་མེད་པ་མ་ཟད་ཆེད་རྩོམ་གྱི་རྩོམ་ཡིག་དེ་ཡང་བཙན་བྱོལ་བོད་གཞུང་གི་དམངས་གཙོའི་ཐོག་ལ་བྲིས་འདུག་པ་དེ་རེད། དེ་འཁྱེར་ནས་ཨ་རིའི་མཐོ་སློབ་ནས་ལག་འཁྱེར་བླངས། དེ་འཁྱེར་ནས་བཙན་བྱོལ་མི་དམངས་མགོ་བསྐོར་བ་རེད། མགོ་བསྐོར་བའི་རྗེས་སྐྱབས་མགོན་རིན་པོ་ཆེས་ཆེ་མཐོང་གནང་བ་དང་། དེ་ལ་བོད་མི་དམངས་ཀྱིས་ཕྱག་འཚལ་གྲབས་བྱས་པ་དེ་རེད། ད་སྲིད་སྐྱོང་ཆགས་ནས་བཟུང་སྟེ། ང་ཁྲི་པ་དང་ང་སྲིད་སྐྱོང་གི་རྣམ་པ་ཆེན་པོ་བསྟན་ཡོད་པ་རེད། འོན་ཀྱང་གྲུབ་འབྲས་དང་རྙོག་དྲ་རྒྱུན་དུ་ནས་ཡོད་པ་རེད། བཀྲ་བྷེའི་མིང་འདོན་ཕྱོགས་དང་། རྡོ་རྗེ་གདན་ནས་མཆོད་འབུལ་བྱེད་སྐབས་འདི་བྱས་པ་ཡིན་ཞེས་ཀིརྟིའི་ཕྱག་མཛོད་ཐོག་ལ་ངར་ངར་བྱས་པ་དེ་དྲ་ཐོག་ན་ཡོད་པ་རེད། ཆེད་ལས་པ་གྲངས་ཀ་འདི་ལོང་འཇུག་གི་ཡིན་ཞེས་ངར་ངར་བྱས་པ་དེ་སྟོང་སེང་ངེར་འགྲོ་གྲབས་འདུག རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་གི་ཡིན་བཤད་པ་དེ་ཁ་གཡང་ཙམ་ཞིག་རེད། ད་ཁོས་བོད་སྐད་བོད་ཡིག་མ་ཤེས་པ་དེ་ཡང་བཤད་མི་ཆོག་ཟེར་ན་ག་རེ་ལབ་གི་ཡོད། ཁོས་ཧིན་དིའི་སྐད་བཤད་དུས་ཉན་རྒྱུ་ལ་ངོ་ཚ་བ་འདུག ཁོས་ཨིན་ཡིག་ནང་རྩོམ་བྲིས་པ་དེ་ཚོ་ལ་ཞུ་དག་པ་མེད་ན་ཁོས་གླགས་འཁེལ་གྱི་མེད་པ་རེད། འདི་ཚོ་གཅིག་ཡིན། གཞན་དེ་ནི་ཁོང་ལ་སྐྱོན་དང་ཞན་ཆ་ཡོད་དུས་དེ་བཤད་ཆོག་གི་རེད། དེ་བཤད་མ་ཆོག་ན་ང་ཚོ་མུ་མཐུད་ནས་རྗེས་ལུས་ཀྱི་ནང་ནས་འདུག་རྒྱུ་རེད། ཕྱི་རྒྱལ་གྱི་བུ་མོ་ལ་ཆགས་འབྲེལ་བྱས་པའི་རྙོག་གླེང་དེ་ཚོ་ངས་ཀྱང་བཤད་ཀྱི་མེད། བདེན་པ་ཟེར་བ་དེ་སྙིང་རྗེ་པོ་དང་ཡིད་དུ་འོང་བ་ཞིག་ཡོད་མ་རེད་གྲོགས་པོ་ཚོ།
བློ་གྲོས་ཆེན་པོའི་རྒྱལ་ཁབ་ཆེན་པོའི་སྲིད་དབང་བཞེས། །
བཟང་སྤྱོད་འཚེ་མེད་བབ་ལྷིང་བརྟན་པོས་ལས་འགན་སྐྱོང་།།
སེང་གེའི་གཡུ་རལ་ངོམས་བཞིན་གངས་རིར་ཁ་ཕྱོགས་ཏེ།།
སེང་གེའི་ཁྲི་ལ་༧རྒྱལ་དབང་བཀོད་པའི་ཐུགས་བརྩོན་བསྟོད།།
སྲིད་སྐྱོང་མཆོག་བོད་ཀྱི་སྲིད་བསྟེགས་སུ་བཞེངས་པ་ནས་བཟུང་བོད་ནང་གི་བོད་མི་རྣམས་ལ་སེམས་ཤུགས་ཞིག་འཕེལ་ཏེ་རང་ལུས་མེ་བསྲེག་གཏོང་རྒྱུ་འགོ་ཚུགས།
ད་བར་བོད་ཕྱི་ནང་གཉིས་སུ་མི་གྲངས་བརྒྱ་དང་བདུན་གྱི་རང་ལུས་མེ་བསྲེག་གནང་སྟེ་དགུ་བཅུ་ལྷག་འདས་གྲོང་དུ་ཕྱིན་སོང་ད་དུང་རྒྱལ་སྤྱི་ནང་ཁ་རྒྱུ་བུ་རྒྱུ་མིན་འདུག
སྲིད་སྐྱོང་མཆོག་གཙོས་ང་ཚོ་བཙན་བྱོལ་བ་རྣམས་བོད་ནང་གི་དཔལ་ོ་དཔལ་མོ་དག་གི་མགྲིན་ཚབ་པ་ཡིན་རབ་བཤད་ཀྱིས་ཡོད།
བོད་ཀྱི་དཔལ་པོ་དཔལ་མོ་དག་གི་རླབས་ཆེན་གྱི་ཕྱག་ལས་གནང་ཡོད་འོན་ཀྱང་ད་དུང་ང་ཚོར་རྒྱལ་སྤྱིའི་རྒྱབ་བསྐྱོར་མ་རེག་པའི་རྒྱུ་རྐྱེན་གང་ཞིག་ལྷག་ཡོད་དམ།
ཕྱོགས་བཞེན་གྱིས་བློ་མིག་ནི་ནམ་ཡང་ཕྱོགས་བཞེན་ལས་བདེན་པ་ཞིག་བདག་གིས་མ་མཐོང་།