ཐུབ་བསྟན།
དེ་རིང<<ཁ་བརྡ་དྲ་བ>>ཞོར་ལྟ་ཞིག་བྱས་དུས་རྡ་ས་མདོ་སྨད་ས་རྒྱུན་གྱིས་ཞུ་ཡིག་ཐེབས་ཆག་ཅིག་ཁྲོམ་བསྒྲགས་ཀྱིས་སྤྱི་ཚོགས་འོ་མ་འདྲ་བོ་ཁྲག་དཀྲིག་དཀྲིག་གི་ལས་ཀྱི་སྦྱོར་བ་རྩོམ་གྱིན་འདུག་པ་མཐོང་བས་ཡིད་སྐྱོ་བ་ཞིག་རེད། སྔར་ནས་འདི་ལྟ་བུའི་སྲིད་དོན་འཁྲབ་སྟངས་རེ་ཡོད་ཚུལ་སྔ་མོ་ནས་གོ་མྱོང་ནའང་སུ་ལའང་བཤད་མ་མྱོང་། ད་ཐེངས་རྡ་ས་མདོ་སྨད་རྒྱུན་ལས་ཀྱིས་མི་བུ་སྒེར་བ་ཞིག་གི་སྨྲ་བརྗོད་རང་དབང་དང་འགྲོ་འདུག་སྤྱོད་གསུམ་ལ་ཚད་མེད་དུ་འཇིགས་སྐུལ་བྱ་བཞིན་པ་འདིས་སྤྱི་ཚོགས་ནང་ཁྱབ་བཞིན་པའི་ཁོང་ཚོའི་ལྐོག་གཡོ་ཇི་སྙེད་ཅིག་ཕྱི་གསལ་ནང་གསལ་བྱས་པ་རེད།
ཀླུ་མཁར་བྱམས་དང་ཀླུ་མཁར་བྱམས་ཀྱི་རྩོམ་ཡིག་སུ་ལའང་གསལ་ཤིང་བཀླགས་མྱོང་བས། རྡ་ས་མདོ་སྨད་རྒྱུན་ལས་མིང་འཛིན་པ་ཚོས་ཁྲོམ་བསྒྲགས་ཀྱི་དཀའ་ལས་རྒྱག་མི་དགོས་པར་འདོད། ང་རང་གིས་བོད་ཀྱི་གཏམ་དཔེ་ཞིག་ལ་ཀླུ་མཁར་བྱམས་ནི“མི་དྲང་མོ་མདའ་འདྲ་འདྲ། བུ་རྒོད་པོ་སྟག་འདྲ་འདྲ’’ ཞེས་པའི་བསྟོད་བསྔགས་འབུལ་འདོད་སྐྱེས། རྒྱུ་མཚན་གང་ཡིན་ཞེ་ན། ཁོ་རང་གི་ཡིད་ལ་དྲན་པ་ཁ་ཐུག་ཏུ་བཤད་ཕོད་པ་དང་། མི་རིགས་རིང་ལུགས་ཀྱི་ལྟ་བ་ཤུགས་ཆེར་གྱུར་བས། ཁོས་མི་རིགས་ལ་བཟུང་བའི་རྣམ་འགྱུར་ནི་ཕྱི་གསལ་ནང་གསལ་ཞིག་ཏུ་སྟོན་ཐུབ་པས་ཡིན། ཁོང་གིས་ག་དུས་ཡིན་ན་སྤྱིའི་གནད་དོན་དང་ལོ་རྒྱུས་ཀྱི་ངོས་གང་དུའང་གཤོབ་དང་ངོ་དགའ་སྤྲེའུ་ལད་མི་བྱེད་པར་སྲོང་བོར་སྨྲ་ཐུབ་པས་ང་ཧ་ཅང་ཁོ་ལ་དགའ། དེའི་ཕྱིར་ངས་གྲོགས་པོ་ཚོར་ཀླུ་མཁར་བྱམས་ལ་རྩོམ་པ་པོའི་རང་གཤིས་འདུག་ལ། དེང་གི་ཆབ་སྲིད་པའི་གཡོ་སྒྱུ་ཤེས་ཀྱི་མི་འདུག་ཅེས་བཤད་མྱོང་།
མདོ་སྨད་ས་རྒྱུན་པ་ཚོར་འདི་ལས་ལྷག་པའི་མདོ་སྨད་མི་དམངས་ལ་སྒྲུབ་འོས་པའི་ལས་དོན་ཞིག་སྒྲུབ་རྒྱུ་མེད་ཚོད་ཡིན་ནམ། མིའི་སྙུགས་མར་གྱུར་བའི་སྐད་ཆ་འབའ་ཞིག་སྒྲོག་གིན་པའི་རྒྱུན་ལས་པ་འདི་ཚོའི་ཁབ་མིག་ལྟ་བུའི་བློ་ཕུག་རིག་ཡོང་དུས། བཙན་བྱོལ་མདོ་སྨད་པ་ཚོའི་དཀའ་ངལ་གྱི་ལྗིད་ཚད་འདེགས་རོགས་མི་ཉན་པའི་ལབ་རྐྱ་སྐོར་ཞིག་ཡིན་ཚོད་འདུག་པས་སེམས་ཁྲལ་ཤིན་ཏུ་ཆེ།
མདོ་སྨད་རྒྱུན་ལས་པ་ཚོས་རྒྱལ་བ་རིན་པོ་ཆེར་དད་པ་ཡོད་མདོག་མདོག་དང་། མདོ་སྨད་མང་ཚོགས་ལ་ཤ་ཚ་མདོག་མདོག་གི་སྤྱོད་ཚུལ་སྟོན་པ་འདི། མདོ་སྨད་མི་མང་ལ་བསླུ་བྲིད་གཏོང་རྩིས་ཀྱི་སྲིད་དོན་འཁྲབ་ཕྱོགས་ཤིག་ཅི་ལ་མིན། འདི་ལྟ་བུའི་སྐྱུག་མེར་ལངས་པའི་ལས་དོན་སྒྲུབ་སྟངས་མང་བོ་ཞིག་ཚོར་ཡོང་སྟབས། བློ་གཤོག་རྒྱས་པའི་མདོ་སྨད་པས་ཁ་མིག་ཡར་ལྟ་བྱ་སའི་མི་བུ་ཚོ་ངལ་དུབ་ཀྱིས་རང་རང་སར་འཕུར་འགྲོ་བའང་ཅི་ཁག། དེའི་ཕྱིར་ཡི་གེ་མགོ་རྔ་མི་ཤེས་པའི་ཟོག་རྫི་སྐོར་ཞིག་ལ་དབང་ཐོབ་སྟེ། རང་ཉིད་ཅིག་ཡིན་སྙམ་ཤར་སྟེ་སྤྱི་ཚོགས་ལ་མགོ་སྐོར་དང་སྐྱག་རྫུན་ལབ་རྒྱུའི་གྲ་སྒྲིག་བྱ་གིན་ཡོད་ལ། མདོ་སྨད་མི་དམངས་ཀྱིས་འདིའི་རིགས་སྔ་མོ་ནས་ཤེས་ཤིང་དགོད་རྒྱུ་ཡོང་ནས་བསྡད་ཡོད།
མདོ་སྨད་སྤུན་ཟླ་ཚོའི་ཞི་མཐུན་གྱི་སེམས་ཁམས་ལ་ཟིང་སློང་བར་སྤྲོ་བའི་རྒྱུན་ལས་པ་འདི་དག་སུ་སུ་ཡིན་མིན་མ་ངེས་མོད། མདོ་སྨད་མི་དམངས་ཀྱིས་བརྟག་དཔྱད་དང་འོས་འདེམས་སྐབས་རིག་པ་སྒྲིམ་པ་དགོས་པ་ཞིག་རེད་འདོད། ལར་མི་དཀྱུས་མ་ཞིག་ཡིན་ནའང་རང་གི་དགའ་ཉེ་གྲོགས་མཆེད་བར་སེམས་ངན་ཁོག་བཅིངས་ཀྱིས་ཟིང་སློང་མི་སྲིད་པ་ཐམས་ཅད་ཀྱིས་ཤེས་སོ། མྱི་རང་རང་གི་བར་ཁྲག་དོག་གིས་གཟེར་ཏེ་སྡོད་མ་ཚུགས་པར་དམངས་རྒྱབ་ལ་ཤར་ནས་མྱི་སྒེར་ནག་པོར་བཟོ་བ་ནི་སུས་ཀྱང་ཁེས་ལེན་དཀའ་བས། བདག་གིས་རྒྱབ་སྐྱོབ་བྱེད་མི་ཐུབ་ལ་རྡ་ས་མདོ་སྨད་རྒྱུན་ལས་པ་ཚོས་འདི་འདྲའི་དཀའ་ལས་ཀྱང་རྒྱག་མི་དགོས་པར་སེམས། བོད་ཕྱི་ནང་གི་སྤུན་ཟླ་སུས་གོ་ན་ཡིད་ཐང་ཆད་འགྲོ་བའི་སྐད་ཆ་འདི་མོ་ལར་བཤད་མཚམས་བཞག་ན་ལེགས་པས། གལ་སྲིད་མདོ་སྨད་རྒྱུན་ལས་པ་ཚོ་རྩ་ཤོར་ཆུ་ཤོར་གྱི་སེམས་ཅན་རྐྱང་རྐྱང་མིན་ན་འདང་ཞིབ་ཏུ་རྒྱབ་ན་བཟང་། མདོ་དོན་མི་སྒེར་བར་གྱི་ཕྲག་དོག་ཞེ་ངན་ཡོད་ན་བླ་མ་དང་མང་ཚོགས་དཔུང་དུ་མ་འཁྲིད་་རོགས་ཟེར་རྒྱུ་དེ་ཡིན།
ཕྱི་ལོ༢༠༡༠ ཟླ༡༢ ཚེས༢༢ཉིན།
ཀློག་མཁན་རྣམས་ལ་ཞུ་གསོལ།ཁ་སང་བདག་གིས་དོན་དངོས་ཀྱི་གནས་ཚུལ་ཞིག་བཤད་ཡོད་མོད།ཟིན་བདག་གིས་བཏོན་ཚར་འདུགབདག་གིས་བཤད་པ་ནི་ཀླུ་ཆམ་དང་མདོ་ས་གཉིས་ཀྱི་གནས་དོན་ཞིག་ལས་ཟིན་བདག་གི་སྙིང་ལ་ཕོག་དགོས་དོན་མེད་པར་སྙམ་མོད། གང་ལྟར་ཟིན་བདག་བར་གནས་ཀྱི་སྐད་ཆ་དགའ་བོ་ཡོད་ཚོད་མ་རེད།
མདོ་རྡོག་རྡོག་བཤད་ན་ད་སྐབས་མདོ་སྨད་ས་གནས་རྒྱུན་ལས་ཁག་གི་ལས་བྱེད་ཚོའི་ནང་དུ་ཨ་ཚོགས་ཀླུ་མཁར་བྱམས་དོ་མཁན་གྱི་མི་གཅིག་ཀྱང་མེད། ལྷག་དུ་རྡ་སའི་ས་གནས་ཀྱི་ལས་བྱེད་ཚོ་ལ་ཆ་རྒྱུས་ཧ་ཅང་ཟབ་མོ་ཡོད། མི་དེ་ཚོ་ཤི་ནས་རོ་མེ་ལ་བསྲེག་ཚར་རུང་ཐལ་བ་འདི་མཐོ་རིས་བོ་ཆེ་གེ་མོའི་རུས་པའི་ཐལ་བ་རེད་ཟེར་ནས་ངོས་འཛིན་ཐུབ་པའི་ཚོད་ཡིན། འདི་ཚིག་བརྒྱ་བོའི་མདོ་རྩ་ཡིན། མི་བདེན་བསམ་ན་དྲ་བྱང་འདི་ལ་ལྟོས། http://www.dhomay.net/sani-genli.html
ད་ངོ་མ་འདི་འདྲ་ཡིན་ན་མདོ་སྨད་ས་གནས་རྒྱུན་ལས་ཟེར་བ་དེ་ལ་ཡིད་ཆད་སོང་།
རྩོམ་ཡིག་འབྲི་མཁན་དང་མཆན་བུ་འདེབས་མཁན་ཚང་མར་རྗེས་སུ་ཡི་རང་དང་ལྷན་དུ་མངོན་པར་བསྟོད་དོ།།
མདོ་སྨད་ས་རྒྱུན་ཀྱི་མིང་ཐོག་ནས་ལས་ཀ་འདི་འདྲ་ཞིག་བྱས་པ་ནི་དངོས་གནས་ཧང་སངས་དགོས་པ་ཞིག་རེད་ལ་དགོད་བྲོ་བ་ཞིག་ཀྱང་རེད། ཁྱེད་ཚོས་ཅིའི་ཕྱིར། ཅིའི་ཕྱིར་ཀླུ་མཁར་བྱམས་ཀྱི་རང་དབང་ལ་ཐེ་གཏོགས་བྱེད་ཀྱིན་ཡོད།
འདིའི་ཕག་ན་ཁོང་ཚོའི་ཕྲག་དོག་གི་ངོ་གདོང་མཐོང་བ་ལས་གཞན་ཅི་ཡང་མི་མཚོན། ས་རྒྱུན་ཚོ་ཀླུ་མཁར་བྱམས་ལ་མི་དགའ་ན་གང་ཟག་སྒེར་ལ་ངོ་ཐུག་ནས་སྐད་ཆ་བཤད་ན་ཆོག་གི་མོད། ཅིའི་ཕྱིར་ཁྲོམ་བསྒྲགས་བྱ་དགོས་པ་རེད།
མདོ་དོན་མི་སྒེར་བར་གྱི་ ཕྲག་དོག་དང་ཞེ་འཁོན་ག་རེ་ཡོད་ན་བླ་མ་དང་མང་ཚོགས་དཔུང་དུ་མ་འཁྲིད་་རོགས་ཟེར་རྒྱུ་དེ་ ཡིན།
ས་རྒྱུན་ཚོ་གོ་རྒྱུ་ཅན་ཏག་ཏག་ཡིན་ན། ཐུགས་རྗེ་གཟིགས། གླེན་རྟགས་དེ་མཚམས་འཇོག་གནང་རོགས།
རྒྱན་ལས་ཚོ་དེ་འདྲ་དཔྱད་ཞིབ་ལ་མོས་ཤིང་བོད་དོན་ལ་སེམས་ན་བོད་རྒྱ་ཞི་མོལ་དང་སྟོང་བརྒྱད་ལས་འགུལ་ཆེན་མོ་མཉམ་ཞིབ་གནང་དང་། དེ་ནི་ཀླུ་མཁར་བྱམས་ཀྱི་གནད་དོན་ལས་བོད་ལ་ཕན་ཞིང་མང་པོ་ཞིག་གི་རེ་བ་རེད། ངས་བཤད་པ་ནི་སྟོང་བརྒྱད་ལས་འགུལ་ཀྱི་ལོ་རྒྱུས་བྲིས་ཟེར་བཞིན་མེད་པ་དེ་ལྟར་རྒྱུན་ལས་ཀྱིས་གནང་ཟིན་པས་ཐུགས་རྗེ་ལེགས་འབུལ་ཡོད། ང་ཚོར་དེ་ལས་ཀྱང་མཁོ་གལ་ཆེ་བ་ནི་སྟོང་ལས་འགུལ་ཆེན་མོའི་སྐབས་བོད་རྒྱའི་སྐུ་ཚབ་འབྲེལ་གཏུགས་ལས་བོད་གཞུང་གིས་ཕམ་ཁ་ཇི་ལྟར་མྱོང་བའི་དོན་ཡིན། ཇི་ལྟར་བྱས་ན་བོད་གཞུང་ཕམ་ཏེ་ཁེ་ཕན་ཚང་མ་རྒྱ་མིས་ཁྱེར་བ་ཡིན་ནམ། དྲི་བ་འདི་ངོ་ཚོའི་མི་རབས་འདིའི་བརྗེད་དུ་མེད་པའི་དྲི་བ་ཡིན།
དྲ་གྲོགས་ཚོ།
“རྡ་སའི་མདོ་སྨད་ས་རྒྱུན་ནི་རྡ་སའི་ལས་མེད་སྐོར་ཞིག་གིས་གཉེར་བའི་ཚོགས་ཆུང་ཞིག་རེད། དེ་ལ་ང་ར་རྒྱུས་ཡོད།”ཞེས་པ་འདི་འདྲ་ཡང་མི་འགོད་པར་ཞུ། འདི་ཡང་མི་གཞི་ལ་བརྙས་དམད་དང་། ལྷག་པར་དུ་རང་རིགས་ཀྱི་སྒྲིག་འཛུགས་ཤིག་ལ་བརྙེས་དམད་དུ་འགྱུར་།
གང་གསུང་འོས་ཤེ་ན་ཁོ་ཚོས་བྱེད་སྟངས་འདི་མ་འགྲིག་པའི་སྐོར་གསུང་ན་བཟང་། ངས་འདིའི་སྐོར་ལ་ཡི་གེ་སྔོན་མའི་མཇུག་ན་མཆན་འགའ་ཞིག་བཀོད་ཡོད།
ཁོ་ཚོས་ང་ཚོ་མཆན་འདེབས་པ་མང་པོས་ཀླུ་བྱམས་ལ་རྒྱབ་རྩ་བྱེད་ཀྱི་འདུག་ཅེས་དོགས་པ་ལངས་སྲིད། ངས་ཞུ་འདོད་པ་ལཿ ངས་ནི་དེ་འདྲ་མིན་པར་དམངས་གཙོའི་རིན་ཐང་དེ་འགན་སྲུང་བྱ་ཕྱིར་ཡིན། ཀླུ་བྱམས་ལ་ཁ་རྡུང་གཏོང་མཁན་སུ་ཡོད་རུང་དེ་ཁོ་རང་གིས་གཟེད་རྒྱུ་རེད། དེ་ཁོ་རང་གིས་བྱས་པ་རེད། ཁོས་དེ་ལ་གྲ་སྒྲིག་ཀྱང་ཡོད་ངེས། ཁོ་ལ་སྔགས་རྗོད་བྱེད་པ་ཡང་ཁོ་རང་གི་བྱས་རྗེས་རེད། འདི་གཅིག་གི་རྒྱབ་སྐྱོར་དང་གཅིག་ལ་དགག་ཙམ་ལས་ལམ་གཞན་ཞིག་མེད་པར་མཐོང་མཁན་ཡོད་ན་དེ་ནི་དམངས་གཙོའི་གོ་རྟོགས་མ་སད་པའི་རྟགས་ཙམ་རེད།
ངས་ད་ཐེངས་ཁྱེད་ཚོས་ལས་ཀ་དེ་ཡེ་ནས་འགྲིག་མ་སོང་ཞེས་བཤད་རྒྱུ་ཡིན་ནོ།
དྲང་མོར་བཤད་ན་འདིའི་རིགས་དྲ་བར་མ་བཀོད་ན་ལེགས་པར་མཐོང་། འདི་ནི་ནང་འཛིང་རེད། གཞན་ལ་ལག་ཆ་ཞིག་མཁོ་སྤྲོད་བྱེད་ཀྱིན་པ་དང་འདྲ། ལྷག་པར་དུ་མདོ་སྨད་ས་གནས་རྒྱུན་ལས་ཀྱིས་སྙན་ཞུ་འབུལ་རྒྱུ་ཡིན་ནའང་ཕུལ་སར་མི་འབུལ་བར་དྲ་ཐོག་ལ་ཕུལ་བ་འདིས། ཆེད་དུ་དང་གཟས་ནས་མི་ལ་དམའ་འབེབས་བྱས་པར་འགྲོ་གི དེ་མིན་གནད་དོན་ག་རེ་ཡོད་ན་དོ་བདག་ཁོང་རྡ་སར་ཡོད་ཡོད་རེད། གདོང་དང་གདོང་ཐུག་ནས་ཐག་གཅོད་བྱས་ན་འགྲིག་གི དེ་མ་གཏོགས་འདི་ལྟར་མི་སྤྱོད་ལས་འདས་པའི་ལས་དོན་ལ་ང་རང་ས་གནས་མི་མང་གི་གྲུབ་ཆ་ཞིག་ཡིན་པའི་ཆ་ནས་ངོས་ལེན་མི་བཏུབ།
དོན་དམ་པས་གནང་སྟངས་འདི་ཁྲག་ལ་གཅེས་པ་ཡིན་ནམ་གཡག་ལ་གཅེས་པ་གང་ཡིན་མི་ཤེས་ཀི རྒྱུ་མཚན་དེ་ལ་བརྟེན་ནས་མདོ་སྨད་ས་རྒྱུན་གྱིས་དོ་བདག་རང་ལ་གདོང་ཐུག་ནས་ནང་མོལ་རེ་བྱ་རྒྱུ་ལྷག་ཡོད་སྲིད། དེ་མ་ཡིན་པར་སྤྲང་གླེང་བར་གྱི་སྐད་ཆ་འདྲ་རྐྱང་བཤད་བསྡད་ན་ཡག་པོ་ཡོད་མེད་མ་ངེས། ཀླུ་མཁར་བྱམས་ལ་དེ་འདྲའི་ཐལ་ཆ་ཤོར་བའི་སྐད་ཆ་འགའ་རེ་ཡོད་སྲིད། ད་དུང་དད་པ་མེད་པའང་བདེན་སྲིད། འོན་ཀྱང་དེས་མདོ་སྨད་ས་གནས་རྒྱུན་ལས་ལ་གཟེར་རྒྱག་དགོས་པ་ག་རེ་བཟོས་ཡོད་མེད་ཀྱང་མ་ངེས། སྐད་ཆ་དྲང་མོར་བཤད་པ་ཡིན། གནད་དོན་འདི་ལྟ་བུ་ཞིག་སྔོན་མར་རླབས་ཆེན་གྱི་མི་སྣ་པད་མ་འབུམ་ལགས་ཀྱི་མགོ་ལའང་ལྷུང་བ་རེད། ངས་འདི་ཡང་གནད་དོན་དེ་དང་འདྲ་བ་ཞིག་ཏུ་འགྱུར་མི་ཡོང་ངམ་སྙམ་པའི་ཐེ་ཚོམ་ཡོད།
xxxxxxxxxxxxxx ཀླུ་མཁར་བྱམས་ཀྱི་གུས་ཚིག་མ་སྤྱད་པས་སྐྱོན་མི་འདུག་གི། ཁོ་ལ་དད་མི་འདུག་ཅེས་སུས་ཀྱང་ཐག་གཅོད་དཀའ་ནི་རེད། སྤྱིར་དད་པ་ཟེར་བ་ནི་སྲིད་དོན་བསྲེས་ན་མི་འགྲིག་པ་ཞིག་ཡིན་པའང་ཤེས་གསལ་རེད། ཀླུ་མཁར་བྱམས་སྐད་ཆ་བཤད་སྟངས་ཀྱིས་བོད་མི་རིགས་ལ་སྙིང་ནས་གཅེས་པ་དང་རྒྱལ་བ་རིན་པོ་ཆེར་སེམས་ནས་གུས་པ་གསལ་བོར་མཐོང་ཐུབ། ནུབ་ཕྱོགས་པའི་ཆབ་སྲིད་ཞིབ་འཇུག་པ་ཚོས་སྲིད་དང་ཆོས་མཉམ་དུ་འགྲོ་ན་དམངས་གཙོ་རུལ་འགྲོ་ནི་ཟེར་བ་འང་འདི་ཐུག་ཡོད་པར་འདོད། རྡ་ས་རྒྱུན་པ་ཚོའི་ལས་ཀ་འདི་ཆེས་ཧང་སང་བ་ཞིག་རེད་ཨང་།
ཨང་།
མཚན་གཞུང་།
ལས་གནས།
ཨང་།
མཚན་གཞུང་།
ལས་གནས།
༡
ཨ་ལོ། ཚོགས་གཙོ།
༢
རྒྱ་མཚོ
ཚོགས་གཞོན།
༣
མགོན་པོ་སྐྱབས།
དྲུང་ཆེ།
༤
ཡེ་ཤེས་བསྟན་འཛིན།
རྩིས་པ།
༥
དབང་མོ།
བདེ་དོན་འགན་འཛིན།
༦
བསྟན་པ་དར་རྒྱས།
དངུལ་གཉེར།
༧
འོད་ཟེར།
རྒྱུན་ལས་ལས་ཐོག
༨
ཚེ་འཕགས་རྡོ་རྗེ།
རྒྱུན་ལས་ལས་ཐོག
༩
ལྷ་མོ་དོན་འགྲུབ།
རྒྱུན་ལས་ལས་ཐོག
༡༠
ཕུན་ཚོགས་རབ་བརྟན།
རྒྱུན་ལས་ལས་ཐོག
ཡོང་ཁུངས།
http://www.dhomay.net/sani-genli.html
རང་དབང་དྲ་ཚིགས་སུ་བཀོད་པ་ལྟར་ན་གོང་གི་རྩོམ་འདི་ཁ་བྱང་ལ”རྡ་ས་མདོ་སྨད་ས་རྒྱུན་ཚོའི་ཁ་ནང་ལ་དྲུག་ཅུ་བས་རྒྱོབས།”ཞེས་བྲིས་འདུག ཁ་བརྡ་དྲ་བ་སུ་ལ་ཞེད་ནས་རྥོམ་ཡིག་འདིའི་ཁ་བྱང་ཕྱེད་གཏུབ་བྱས་པ་ཡིན་ནམ། འདིའི་རྩོམ་སྒྲིག་པའི་གྲས་ནའང་ནད་པ་ཞིག་ཡོད་ཁོ་ཐག་རེད།
དངོས་གནས་རེད། ཨ་ལོ་མཁར་བྱམས་དོན་གྲུབ་ཀྱང་དེང་སྐབས་མདོ་སྨད་ཀྱི་མི་དྲག་ཅིག་ཆགས་འདུག དངོས་གནས་མི་ཟད་སོང་བ་འདྲ། འོན་ཀྱང་ཉེ་བའི་བདུན་པྲག་གཅིག་གི་སྔོན་ལ་སྤྱི་ཚོགས་གཙོ་སྤེན་པ་ཚེ་རིང་དང་། སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་། ཚོགས་དྲུང་ལས་འཕར་བཀྲ་ཤིས་རྒྱ་མཚོ་སོགས་མདོ་སྨད་ཀྱི་མི་སྣ་གནད་ཡོད་མང་པོ་ཞིག་ནོར་གླིང་དུ་ཨ་ལོ་མཁར་བྱམས་དོན་གྲུབ་ཀྱི་ནང་དུ་འཛོམས་ནས་ཇི་ཞིག་གྲོས་བསྡུར་བྱེད་བཞིན་འདུག་ཟེར། དངོས་གནས་རེད། ད་བལྟས་ནས་ཀླུ་མཁར་ལ་དམག་གྲ་སྒྲིག་བཞིན་པ་ཡིན་འདུག ཁྱད་པར་མི་འདུག གང་ལྟར་ཀླུ་མཁར་བྱམས་དྲང་བདེན་ལ་དགའ་མཁན་དང་། དྲང་བདེན་སྨ་མཁན་ཞིག་རེད། གནས་སྐབས་མ་གཏོགས་བདེན་པ་ལ་རྒྱལ་ཁ་འཐོབ་རྒྱུ་ཡིན་པ་གསལ་པོ་རེད།
ས་སྐྱའི་ལེགས་བཤད་ལས།།
ཆེ་ལ་གནོད་བྱེད་གྲོགས་སུ་འགྱུར།།
དམན་ལ་གནོད་བྱེད་གནོད་པར་འགྱུར།།
ནགས་མེ་རླུང་གིས་སྦར་མོད་ཀྱང་།།
དེ་ཡིས་སྒྲོན་མེ་ཆུང་ངུ་གསོད།།
ཟེར་བ་དེ་ད་དེ་རེད།
རྒྱུན་དུ་ང་ཚོའི་སྐྱ་སེར་གཉིས་ཀྱི་སྤྱི་ཚོགས་ཁྲོད་དུ་གཏམ་བཤད་མཁན་ཚོས་བེད་སྤྱོད་བྱེད་གྱིན་པའི་ཆོས་ཚིག་ཅིག་། དེ་རང་འདིར་ངས་ཀྱང་ལུང་འདྲེན་མི་བྱེད་ཐབས་མེད་བྱུང། དེ་ཡང་གང་ཟག་ལ་མི་བལྟ་ཆོས་ལ་བལྟ། ཚིག་ལ་མི་བལྟ་དོན་ལ་བལྟ། དྲེང་དོན་ལ་མི་བལྟ་ངེས་དོན་ལ་བལྟ་ཟེར་ནས་ང་ཚོའི་ལས་ཀྱི་སྣེ་མོ་གཏོག་མཁན་ཚོས་གཏན་བཤད་སྐབས་སུ་ཚིག་འདི་བེད་སྤྱོད་གཏོང་གི་ཡོད། འོན་ཀྱང་མདོ་སྨད་ས་རྒྱུན་ཚོས་ཁ་རྩིང་དབུས་རྒྱུན་ལ་ཞུ་ཡིག་འབུལ་སྐབས་ཚིག་འདི་བརྗེད་སོང་བ་ཡིན་མན། བཀོད་སྤྱོད་བྱེད་མ་བདེ་བ་རེད། ངས་བསམ་ན་ཁྱེད་ཚོས་ཚིག་དེ་ཐེངས་འདིར་དྲེངས་ན་རང་མགོ་གཏོར་བྱེད་གྱིས་སྟ་རེས་ཡིན་པ་ཤེས་ནས་མ་བཀོད་ནི་ཡིན་རྒྱུ་རེད། རྒྱུ་མཚུན་ནི་ཁྱེད་ཚོས་གང་ཟག་སྒེར་གྱི་འགྲོ་འདུག་སྤྱོད་གསུམ་དང་འཚོ་བའི་གོམ་གཤིས་ལ་དམའ་འབེབས་བྱས་ཡོད་པའི་ཕྱིར། མང་པོ་མི་བཤད་ཉོག་འགྲོ། སེམས་གཏམ་དམར་པོ་གཅིག་ཡོད་པ་ནི། རྒྱུན་ལས་པ་ཚོའི་ངོས་ནས་རྗེས་སུ་ཡང་རྙོག་དྲ་འདི་འདྲའི་རིགས་དམངས་གཙོའི་གཞུང་ཞིག་ཡིན་ཚེ་རྒྱུན་ལྡན་ཡིན་པ་ཆོས་ཉིད་རེད། དེ་བས་གཞུང་དང་ལྟ་བ་མི་མཐུན་པ་ཡང་ཉིན་རེ་ནས་ཉིན་རེ་བཞིན་ཇེ་མང་ཡོངས་ངེས་ཡིན། ཕན་ཚུན་ལ་དགག་རྒྱག་དང་སིན་འབྱིན་བྱེད་རྒྱུར་ཡང་དགའ་བསུ་ཡོད། འོན་ཀྱང་ཀླུ་གར་ལ་དགག་རྒྱག་བྱེད་སྟངས་ལྟ་བུ་མི་གནང་བར་ཞུ། རྒྱུ་མཚན་ནི་ཁྱེད་ཚོས་ཀླུ་བྱམས་ཀྱི་སྤེལ་པའི་རྩོམ་ཡིག་དང་བཤད་པའི་སྐད་ཆ་ནོར་འཁྲུལ་ཡིན་པའི་སྒྲུབ་བྱེད་དེ་ཙམ་མེད་པར་མི་སྒེར་གྱི་འགྲོ་འདུག་སྤྱོད་གསུམ་སོགས་བགྲངས་ཁུལ་བྱས་བ་ནི། རྒྱུན་ལས་ཞིག་གིས་བྱེད་སྟེང་དང་དམངས་གཙོ་གཞུང་ཞིག་གི་འགྲོ་སྟེང་མུན་པ་མ་ཟད་གཞུང་དེ་ཡི་ཞབས་འདྲེན་ཡིན་པ་མི་རིང་ཁྱེད་ཚོས་ཀྱང་ཤེས་ངེས། དེ་མུན་སྐད་ཆ་གཞན་ཅིག་ལ་ལོ་རྗེས་མར་གྲོས་ཚོགས་འཚོགས་དུས་༧སྐྱབས་མགོན་རིན་པོའི་ཆེའི་བགྲེས་ཡོལ་ཆ་ཚང་གནང་རྒྱུའི་སྙན་ཞུ་འབུལ་རྒྱུ་ཡིན་གསུང་ཡོད་པ་ཚང་མིའི་མཁྱེན་གསལ་རེད་། དེ་ཡང་དོན་དག་ཆུང་ཆུང་ཞིག་མུན་པ་ཡང་ཚང་མའི་མཁྱེན་གསལ་རེད། རྒྱུན་ལས་ཚོས་ངོས་ནས་འདིའི་སྐོར་ས་གནས་མི་དམངས་ཚོ་མཉམ་དུ་གླེང་སློངས་དང་བསམ་ཚུལ་བསྡུ་རུབ་བྱེད་གི་ཡོད་མེད་། གལ་ཏེ་མེད་ཚེ་སྔ་ས་ནས་བསམ་བློ་གཏོང་རྒྱུ་གལ་འགེངས་ཆེ་སྙམ། དེ་མུན་དོན་དངོས་ཐོག་སླེབས་བར་སྒུག་ཏེ་བསམ་བློ་དང་འཆར་གཞི་གང་ཡང་མེད་པར་༧རྒྱལ་བ་དོན་གྱི་བདག་པོ་མཁྱེན་ཟེར་བཞིན་ཡང་སྐྱར་འགན་ཡོད་ཚད༧སྐྱབས་མགོན་རིན་པོ་ཆེའི་སྐུ་སྒེར་ཐོག་ལ་ཨུ་ཚུགས་ཀྱིས་གཡུག་རྐྱང་བྱས་ན་ཁོང་གི་ཐུགས་དགོངས་དང་མཐུན་མུན་གནད་དོན་ཆུང་ཆུང་ཞིག་དུ་བརྩི་མི་རུང་སེམས། འདི་ནི་ནུབ་ཕྱོགས་སུ་གྱར་པའི་ཨམ་ཕྲུག་དཀྱིས་མ་ཞིག་གིས་རང་རིགས་ལ་བཅིངས་པའི་སེམས་ཚོར་ངོ་མ་དེ་ཡིན།
ནང་ཁུལ་དུ་དབྱེན་དཀྲུགས་བྱེད་པ་དང་ཚིག་རྩུབ་སྨྲ་བ། ཀླན་ཀ་འཚོལ་བ་སོགས་ལ་ཁ་བརྡས་དགའ་བསུ་མི་ཞུ།
དེའི་རིགས་ཀྱི་མཆན་དང་མཆན་འདེབས་མཁན་གཉིས་ཀ་འགོག་བཞིན་ཡོད།
“རྡ་ས་མདོ་སྨད་ས་གནས་རྒྱུན་ལས་ནས་དབུས་རྒྱུན་ལས་ལ་ཞུ་ཡིག”་ཟེར་བ་དེའི་མཆན་སྒོ་བཀག་ཚར་ཡོད།
རྩོམ་འདིའི་མཆན་སྒོ་ཡང་རྒྱག་སྲིད།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།
khabdha@gmail.com
http://www.khabdha.org
http://www.khabdha.com
དེ་སྔོན་ཞིག་ལ་མགོ་ལོག་དམ་ཆོས་དམ་དཔལ་ལ་གླེང་རྙོག་ཞིག་ཆེད་དུ་བསྐྲུན་ནས་ཁོའི་སྣ་དང་མིག་ཟེར་ནས་ལུང་པ་གང་བཤད་སོང་། གོ་སྐབས་ལེན་མཁན་ཞིག་གིས་ཀྱང་ལྕགས་ཚ་ཐོག་ཏུ་བརྡུང་ནས་ཁོང་གི་ལག་ནས་ལས་འཆར་ཕྱིར་བསྡུ་བྱས་སོང་བ་མ་ཟད། མི་གཉིས་གསུམ་གྱི་ལས་ཀ་དང་སྒེར་གྱི་འཚོ་བའི་སྒོ་ཁུངས་ཀྱང་གཏན་འགོག་བྱས་སོང་།
ཁྱི་རྒྱག་གི་དབྱུག་པ་དེ་སུ་ཡིན་དང་། དེ་ཉིད་གསོ་སྐྱོང་བྱེད་མཁན་སུ་ཡིན་ཐད་རྣམ་པ་ཚོས་དགོངས་པ་བཞེས་ན་རེད།
ཐེངས་འདིར་ཡང་མདོ་སྨད་ས་གནས་རྒྱུན་ལས་ཀྱི་མིང་ཐོག་ནས་ཀླུ་མཁར་བྱམས་ལེབ་ལེབ་བཟོ་འདོད་བྱེད་ཀྱིན་འདུག ཁྱི་རྒྱག་གི་དབྱུག་པ་མདོ་སྨད་ས་རྒྱུན་ཞིག་གི་མིང་འོག་ཏུ་ཡོད་པ་གསལ་བོ་རེད། དེ་གསོ་མཁན་གྱི་ཁྱི་བདག་སུ་ཡིན་ཐད་ལ་དབྱེ་ཞིབ་བྱེད་རོགས། ཁང་གསར་གྱི་རྩོམ་དང་འདི་གཉིས་གཅིག་འཕྲོ་གཅིག་ཏུ་སླེབས་སོང་། ཁོ་རེད་ཟེར་བ་ཡིན། གང་ལྟར། གོ་སྐབས་ལེན་སྟངས་དེར་ཉམས་འཇོག་བྱེད་དགོས་འདུག་ཟེར་བ་ཡིན།
གང་ལྟར། ཀླུ་མཁར་བྱམས་ཀྱིས་ཀྱང་ལག་པའི་ཕྱི་ནང་གཉིས་ཀ་ཤ་ཡིན་ཤག་གིས་སྐད་ཆ་བཤད་ན་མི་ལེགས་པར་སེམས། བདེན་པས་བསླུ་མི་སྲིད་ཀྱང་། བདེན་པ་བཤད་སྟངས་ཀྱིས་བསླུ་སྲིད།
དྲང་པོ་བཤད་ན་མྱི་མི་དགའ། དབྱིག་པ་ཕྱར་ན་ཁྱི་མི་དགའ་ཟེར་བ་ཅིའི་ཕྱིར་མི་བདེན། ཨ་མཆོག་ཁོང་མི་དྲང་བདེན་རང་ཚུགས་ཡོད་པ་ཡིན། མདོ་སྨད་ལ་ལ་ཕྱོགས་རེས་ཅན་དགོས་ཙང་། ཁོང་གི་དེ་ལྟར་རྩ་བ་ནས་གནང་མ་མྱོང་བ་གོ་འམ།
ཀླུ་མཁར་བྱམས་ཞེས་ད་ལྟ་རྡ་སའི་རི་ལུང་དང་། ཕྱིའི་ཡུལ་ལྗོངས་ཚུན་ཆད་ལ་བཟང་ངན་ཅི་རིགས་ཀྱི་ལམ་ནས་མིང་སྒྲོག་བྱེད་བཞིན་པ་རེད། ངའི་བསམ་བློར་ཀླུ་མཁར་ཁོང་ལ་གཞན་སུའང་འགྲན་དུ་བཟོད་པའི་སྙིང་སྟོབས་དང་། སུ་ལའང་དཀོན་པའི་སྒམ་ཚུགས། ཞེ་ཚིག་དང་བསླུ་བྲིད་ལ་མི་དགྱེས་པའི་མི་དྲང་པོ་མདའ་ལྟ་བུ་ཞིག་རེད་ཅེས་བཤད་འདོད། ལོ་ཤས་སྔོན་ཁོ་བོ་རྡ་སར་ཡོད་སྐབས་དུས་བབ་ཚང་གི་ཡར་ཕྱོགས། ར་སྟོད་ཆུ་བར་བླ་བྲང་གི་ཟུར་དུ་ཡོད་པའི་ཇ་ཁང་ནང་ནས་ཁོང་ལ་ཐོག་མར་འཕྲད་ཅིང་། ཁོང་གིས་བོད་ཀྱི་གནས་བབ་དང་རྒྱའི་ལག་བསྟར་སོགས་བང་བསྒྲིགས་ནས་ང་ཚོ་མི་བརྒྱད་ཙམ་ལ་ཞིབ་མོར་བཤད་སྐབས། ངའི་སེམས་ལ་མི་དྲངས་པོ་ཞིག་དང་། བོད་རྒྱའི་གནས་སྟངས་ལ་མཁྱེན་རྩལ་ལྡན་པའི་བོད་ཀྱི་བུ་རབ་ཅིག་ཡིན་པའི་ཚོར་སྣང་བྱུང་། གང་ལྟར་གླུ་མཁར་རྒྱལ་ལོ། རྡ་སའི་རི་ལུང་ནས་ཐུགས་གཟབ་གནང་རོགས། དེ་ན་མི་ཁའི་རླུང་དམར་འོག་ནས་གསོན་བསྲེག་གཏོང་སྲིད་ལ། གྲི་དང་གོ་མཚོན་ཁུར་ནས་དམར་གསོད་ཀྱང་གཏོང་སྲིད། མདོ་སྨད་མི་མང་གི་གྲལ་ནས་འཚར་ལོང་བྱུང་བའི་པདྨ་འབུམ་དང་། ཧོར་འཇིགས་སོགས་ཀྱི་སྔ་མོའི་གནས་སྟངས་ཁྱོད་ལའང་ཡོང་བཞིན་པ་རེད། གང་ལྟར་གཟབ་གཟབ་གྱིས། བུ་རྒོད་པོ། དེ་ན་འཇིགས་སུ་རུང་བའི་འདྲེ་ཚོགས་དང་། ཞི་བདེས་ཚིམས་པའི་སངས་རྒྱས་དངོས་གཅིག་ཀྱང་ཡོད། །།།།།།།།
རེད་རེད་ དོན་དངོས་མ་མདོ་སྨད་རྒྱུན་ལས་འདི་ཚོ་ཁྱི་ལ་མི་དོ་གི ཤེས་བྱ་མེད ཉམས་མྱོད་མེདཔ་་ ལྟ་རྒྱ་དང་མཐོང་རྒྱ་མེདཔ་ ཕྲག་དོག་ཆེ་བོ ཁྱོད་ཚོ་དྭ་དོན་དངོས་མ་ཁྱི་ཞིག་ཡིན་གཞན་ལ་སོ་རྒྱག་མི་ཐུབ་པར་ཁྱི་བདག་ལ་སོ་རྒྱག་མཁན་གྱི་གྲས་རེད གལ་ཏེ་ཁྱོད་ཚོ་རྐུན་མ་ཞིག་ཡིན་ནང་རྐུན་བྱེད་ཀྱི་གྲས་རེད
xxxxxxxxxxxxxxxxxxxxx
བསམ་བློ་གསར་པ་དང་། ལྟ་བ་གསར་པ། འཚོ་སྣང་གསར་པ། རྣམ་དཔྱོད་གསར་པ། མཐོང་སྣང་བ་མི་འདྲ་བ་བཅས་ཀྱི་མི་སྣ་བོད་པའི་སྤྱི་ནང་ཡོང་ཆོག་པ་དང་། ཡོང་དགོས་པ་ཞིག་ཀྱང་ཡིན། དེ་་རིགས་མང་པ་བྱུང་ན་སྤྱི་ཚོགས་ཡར་རྒྱས་ཀྱི་གོམ་སྟབས་རྒྱོག་ཏུ་འགྲོ་བ་འཇིག་རྟེན་གྱི་ཆོས་ཉིད་རེད།
ཁ་བརྡ་ཚང་ལ་ཞུ་རྒྱུར། ཁ་བརྡ་ཚང་གིས་ཀླུ་མཁར་བྱམས་པ་མི་གཞི་རྨེག་མེད་དང་མི་ཚེ་རྨེག་མེད་བཟོ་བའི་ཡིག་ཆ་དེ་ཞིག་བཀྲམས་པར་དགའ་དགའ་བསོ་བསོའི་སྒོ་ནས་སྤེལ་ཡོད་ན། དེར་ཀླུ་མཁར་བྱམས་པ་རྒྱབ་སྐྱོར་བྱེད་་མཁན་ཚོའི་མཆན་བཀག་དོན་ག་རེ་རེད་དམ། མདོ་སྨད་དབུས་ས་རྒྱུན་ལས་དེ་ཚོ་མི་ཡིན་པ་གང་ཞིག་ལ་མི་གཞི་ལ་དམའ་འབེབས་བྱ་མི་ཆོག་ཟེར་ན་ཀླུ་མཁར་བྱམས་མི་ཡིན་པ་གང་ཞིག་ལ་མི་གཞི་ལ་མཐོང་ཆུང་དམའ་འབེབས་དང་ད་དུང་ཆོལ་ཁུངས་ནས་རྒྱང་ཕུད་ལག་ཏོང་རྒྱུ་ལྟ་བུའི་གཏམ་སྤེལ་བ་དེ་ཁ་བརྡ་ཚང་མདོ་སྨད་པའི་ཡིན་པས་རེད་དམ། ད་དུང་མདོ་སྨད་མི་མང་གི་མིང་ཁ་ལ་ཁྱེར་ཡོང་ནས་མི་སྒེར་གྱི་བསམ་སྤྱོད་དང་རང་དབང་ལ་ཚད་བཀག་དང་སྡུག་སྦྱོང་བྱེད་དོན་འགྲེམས་སྤེལ་བྱེད་དོན་ག་རེ་ཡིན་ན།
ས་རྒྱུན་ཚོ་ཀླུ་མཁར་བྱམས་ལ་མི་དགའ་ན་གང་ཟག་སྒེར་ལ་ངོ་ཐུག་ནས་སྐད་ཆ་བཤད་ན་ཆོག་གི་མོད། ཅིའི་ཕྱིར་ཁྲོམ་བསྒྲགས་བྱ་དགོས་པ་རེད།
མདོ་དོན་མི་སྒེར་བར་གྱི་ ཕྲག་དོག་དང་ཞེ་འཁོན་ག་རེ་ཡོད་ན་བླ་མ་དང་མང་ཚོགས་དཔུང་དུ་མ་འཁྲིད་་རོགས་ཟེར་རྒྱུ་དེ་ ཡིན།
བརྩེ་བའི་སེམས་ཤིག་ཡོད་ན་གསུང་ཤེས་བྱོས།།
རིགས་ཀྱི་དུངས་པ་ཡོད་ན་དཔྱད་པ་བྱོས།།
བོད་མིའི་སྐྱིད་སྡུག་བསམ་ན་ཆིག་སྒྲིལ་བྱོས།།
བོད་ཀྱི་ནུས་པ་དགོས་ན་ནང་འཛིང་སྤོངས།།
ཡང་མགྱོགས་པོ་གཅིག་མ་བྲིས་ན་མཆན་སྒོ་རྒྱག་འགྲབ་འདུག ཁ་བརྡ་ཚང་ལག་པ་གཡེན་ནས་འདུག
ས་གནས་མདོ་སྨད་རྒྱུན་ལས་ཚོགས་པ་ལགས།
ཁྱེད་ཚོགས་པའི་ཀླུ་མཁར་བྱམས་སྐོར་གྱི་སྙན་ཞུ་དེ་མཐོང་སོང་། ལེགས་སོ་ཡོད། ད་ཡི་གེ་འདི་གཏོང་དགོས་པའི་དམིགས་ཡུལ་དེ་གསལ་པོ་གསུངས་རོགས།
ཀླུ་མཁར་བྱམས་ཀྱི་ནག་ཉེས་དེར་ཁྲིམས་གང་གཏོང་དགོས་སམ།
ཀ ཁོ་རྡུང་དགོས་རེད་པས།
ཁ ཁོ་བོད་པའི་སྤྱི་ཚོགས་ནས་འབུད་དགོས་སམ།
ག ཁོ་ཤུགས་ལྡན་བསྟེན་མཁན་མཉམ་དུ་ཤར་དགའ་ལྡན་རྣམ་པར་གླིང་ལ་གཏོང་དགོས་སམ།
ང ཁོ་རྒྱ་ནག་ལ་རྩིས་སྤྲོད་བྱེད་དགོས་སམ།
ཅ ཁོ་རྒྱ་གར་གསང་དབང་ལས་ཁུངས་ལ་རྩིས་སྤྲོད་དགོས་སམ།
ཆ ཁོ་ཨ་རིར་གཏོང་དགོས་སམ།
ཇ ཁོའི་ཁང་པར་མེ་རྒྱག་དགོས་སམ།
ཉ ཁོ་ལ་འཐབ་རྫིང་གཏོང་དགོས་སམ།
ད་ག་རེ་བྱེད་དགོས་རས།
ལྟ་བ་མཁྲེགས་འཛིན་བྱེད་མཁན་གྱི་མི་སྒེར་དང་ཚོགས་སྡེ་དེ་ཚོར་ང་རང་ཧ་ཅང་དགའ།
མཁྲེགས་འཛིན་བྱེད་མཁན་གྱིས་ཁ་གནོན་མེད་ན། ཁ་སང་དེ་རིང་གི་མགོ་བདེ་ཚོར་ཚོད་ཡོད་ནི་མ་རེད། ཁོ་ཚོར་སྐྲག་ས་ཞིག་དང་ཐེ་རྒྱག་ས་ཞིག་དགོས་ནི་རེད།
དེང་གི་སྤྱི་ཚོགས་ཆེ་མ་ཆུང་གསུམ་ན་མང་གཙོ་དམངས་གཙོའི་ཁ་གཡང་རྫུན་མ་འོག་སྡིགས་ལས་ནག་པོ་བྱེད་མཁན་མང་དྲག་མེད་ན་ཉུང་དྲག་ཡོད་པ་མ་རེད།
ཀླུ་མཁར་ཟེར་མཁན་གྱིས་མི་ཆེན་ལ་ཁ་བཏང་བྱ་ཆེན་ལ་རྡོ་འཕེན་ཆོག་ན། མདོ་སྨད་ཚོགས་པས་ཁོ་ལ་དྲུག་ཅུ་བ་འཕེན་མི་ཆོག་པ་ག་རེ་རེད།
གོང་རྒྱལ་བ་ཚང་ལ་ཁ་ནག་ནང་ནས་ག་རེ་ཡོང་ཡོང་ལབ་ནས། བསམ་གཟས་ནས་ཁོང་གི་རྗེས་འཇུག་ཚོའི་སེམས་ལ་རྨ་འབྱིན་པར་རྩོམ་པ་འདི་མང་གཙོ་ལ་རྡོག་རྫིས་བྱས་པ་མ་རེད་དམ།
ཀླུ་མཁར་གྱིས་ཁ་ལྕེ་བར་ནས་མེ་རླབས་གཏོང་ཆོག་ན། མདོ་སྨད་ས་འཐུས་ཆབ་བོས་ཀྱང་གློག་ལྕག་འཕྱར་ནས་དྲག་ཆར་ཕབ་ན་འགྲིག་ནི་རེད་ཡ། མང་གཙོ་རེད་མོ། རང་དབང་རེད་མོ། བདེན་རྫུན་ཟེར་བ་ལྟ་སྟངས་མ་གཅིག་རེད་མོ། མ་རེད་དམ། མང་གཙོ་བ་ཚོ།
ཨ་ཨ་ཨ། ས་བཤད་མི་ཤེས་གེ་སར་གྱི་སྒྲུང་འདྲ་འདྲ། བཤིག་མི་ཤེས་གོས་སྐུད་ཀྱི་མདུད་འདྲ་འདྲ་ཞིག་ཏུ་གྱུར་སོང་། ཀླུ་མཁར་བྱམས་ཀྱིས་གོང་ས་མཆོག་གི་མི་གཞིར་དམའ་འབེབ་བྱེད་ཆོག་གི་མ་རེད། དེ་མིན་གོང་ས་མཆོག་གི་ཆབ་སྲིད་ལྟ་གྲུབ་ཐད་དེ་དང་མི་མཐུན་པའི་རང་གི་ལྟ་ཚུལ་འདོན་སྤེལ་བྱེད་ཆོག་གི་རེད། ས་མཚམས་འདི་ཤེས་ན་མི་སྐྱོན་གི་བསམ། དེ་མིན་པར་གོང་ས་མཆོག་ལ་བླ་རྒན་ཞེས་བོས་པར་མ་དགའ་བ་ཡིན་ན་ནི་སྔོན་མར་རེབ་ཀོང་བསྟན་འཛིན་ཟེར་བའི་གྲྭ་པ་ཞིག་གིས་གོང་ས་མཆོག་ལ་ཨ་མའི་བུ་ཞེས་བརྗོད་པ་དེར་ཡང་ཁ་ཁྲིམས་གཅོད་དགོས་ཏེ། ད་བར་དུ་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ཞིག་ལ་ཨ་མའི་བུ་ཞེས་འབོད་མཁན་ཞིག་དམངས་ཁྲོད་ནས་ཕལ་ཆེར་བྱུང་ཨེ་མྱོང་། ང་ལ་མཚོན་ན་བླ་མ་རྒན་པོ་དང་བླ་མ་བགྲེས་པོ། ཡང་ན་བླ་རྒན་དང་བླ་བགྲེས་ཞེས་པ་འདི་ཙམ་དམའ་འབེབ་ཅིག་ཡིན་མིན་ངོ་མ་མི་ཤེས། ངའི་གྲོགས་པོ་ཞིག་གིས་སྔོན་མར་རྡ་ས་ནས་གོང་ས་མཆོག་ལ་བླ་རྒན་དེ་ཞེས་བསྡིགས་མྱོང་། ང་ཚོའི་སྤྱི་ཚོགས་ཁྲོད་དུ་གོང་ས་མཆོག་ལ་བསྡིགས་མཁན་དང་འཇིགས་སྐུལ་བྱེད་མཁན། ལྟ་བ་རྒྱབ་འགལ་འཛིན་མཁན་དང་རྗེས་འདེད་བྱེད་མཁན་སོགས་རེ་ཟུང་ཡོད་པ་འདི་ནི་སྤྱི་ཚོགས་གཞན་དང་རྒྱལ་ཁབ་གཞན་ལ་མཚོན་ན་ཡོངས་ཁྱབ་ཀྱི་གནད་དོན་ཞིག་ཡིན་ཞིང་། ཐ་ན་དོན་དག་འདི་འདྲ་ནི་ཉི་མ་རེ་རེ་དང་ཐ་ན་དུས་ཚོད་རེ་རེར་ཡང་འབྱུང་བཞིན་ཡོད་པ་ཞིག་རེད། རྡ་རམ་ས་ལའི་སྤྱི་ཚོགས་འདི་ཡང་དེང་རབས་འཛམ་གླིང་གི་ཁྲོད་དུ་མི་ཡོང་ན་ནི་གནས་ཚུལ་གཞན་རེད་མ་གཏོགས་གལ་སྲིད་དེང་རབས་འཛམ་གླིང་འདིའི་འཁོར་སྐྱོད་ཆེན་མོའི་ཀློང་དུ་ཚུད་ཚར་བའི་རྗེས་སུ་དོན་དག་ཡག་པོ་རྐྱང་རྐྱང་མ་གཏོགས་མི་གོ་བའི་རེ་བ་བརྒྱབ་ན་ནི་དེ་ནོར་འཁྲུལ་ནང་གི་ནོར་འཁྲུལ་ཞིག་རེད་འདོད། ཡ་ད་དེ་བྱོས། ངའི་སྐེད་པ་འདི་་་ ་་་།
ཨ་རོགས་ཀླུ་སྨྱོན།
སྐད་ཆ་དྲང་མོ་བཤད་ཐུབ་ན་ཨ་མའི་བུ་རེད། དེ་མིན་བླ་རྒན་ཞིག་གི་བཟོ་བལྟ་ཐོན་ཡོང་གི་འདུག་ད།
དྲང་མོར་བཤད་ན། སྨྲ་བརྗོད་རང་དབང་ནི་དམངས་གཙོའི་ཀ་བ་ཡིན།
ཀླུ་སྨྱོན་ངེད་གཉིས་ཀའང་བླ་རྒན་ཞིག་གི་བཟོ་བལྟ་ཐོན་ཡོང་གི་འདུག ངེད་གཉིས་ནུབ་མཐའི་རྒྱ་མཚོའི་ཡར་མར་དུ་བསྡད་ཡོད་པས་ཀྱང་ཡིན་རྒྱུ་རེད། ཨ་ལ་ཀུ་རེ་ཡིན། ངའི་བསམ་བློར་ཀླུ་མཁར་བྱམས་ཀྱིས་༸གོང་ས་མཆོག་ལ་མཚན་སྨད་གཏོང་འདུག་བསམ་འདུག་བསམ་པ་གཅིག་ཀྱང་མ་བྱུང་། ཏཱ་ལའི་བླ་མ་ཞེས་པ་༸གོང་ས་མཆོག་གི་མཚན་དུ་འཛམ་གླིང་ཡོངས་གྲགས་ཡིན་པས་ངེད་བོད་པོ་ཚོས་ཀྱང་ཞུས་ན་འགྲིག་རྒྱུ་རེད། དེ་མིན་བླ་རྒན་ཞེས་པ་ངེད་ཚོའི་ཕ་ཡུལ་ལ་མཚོན་ན་ཞེ་ས་མི་བྱེད་པའི་ཚིག་ཅིག་གཏན་ནས་མིན། ལྷག་པར་དུ་བླ་མ་རྒན་རབས་རྣམས་ལ་འདི་ལྟར་འབོད་དཔེ། རྡོ་འབུམ་བླ་རྒན་ཚང་། ཨམ་མཆོག་བགྲེས་སོང་། བྱ་མདོ་དྲུག་སྟོད་བླ་རྒན་ཚང་ཟེར་བ་སོགས་ས་གནས་ཀྱི་བླ་མ་རྒན་རབས་འདི་ལྟར་ཞུ། ཕ་ལ་ཕ་རྒན་དང་། མ་ལ་མ་རྒན། བླ་མ་ལ་བླ་རྒན་ཟེར་བས་༸གོང་ས་མཆོག་ལ་བླ་རྒན་ཞེས་བོས་པས་བོད་བསྟན་པ་ཆབ་སྲིད་ཀྱི་མདོ་རྩ་ལ་ཁབ་རྩེ་ཙམ་གནོད་ནི་མ་རེད། དེ་ལས་ནང་ཁུལ་གྱི་རྙོག་གྲ་བཞག་སྟེ་རྒྱ་ནག་པོའི་གནོད་པ་སྤུ་རྩེ་ཙམ་ཡང་བྱེད་མི་ཐུབ་པའི་ལྟས་ངན་གྱི་བྱ་ཟློག་ཏུ་གསོལ། །།། ཀླུ་མཁར་རྒྱལ་ལོ། ཁྱེད་ཀྱི་སྙིང་སྟོབས་རྒྱལ་ལོ། ཁྱེད་ཀྱི་ཞུམ་པ་མེད་པའི་འབོད་སྒྲ་རྒྱལ་ལོ། ཁྱེད་རྒྱལ་ལོ། ཁྱེད་རྒྱལ་ལོ།
༸རྒྱལ་བ་རིན་པོ་ཆེ་ལ་བླ་རྒན་ཟེར་མཁན་ཁོང་རང་། རགས་རྒན་རེད་འདུག གསེར་རེད་འདུག བརྡར་ཤ་གཅོད་དུ་ཆུགས། དེ་ལ་དངས་སྐྲག་ཡོང་དགོས་དོན་ཅི་འདུག དེ་བས་ང་ཚོས་ཤིང་སྟེང་དུ་སྣུམ་མ་བླུགས་ན་ཡག རྩོད་པ་རང་སར་ཞི་རུ་ཆུགས།
ཨ་ཁུ་ཀླུ་སྨྱོན་དང་ང་ཡི་བསམ་ཚུལ་་ཕལ་ཆེར་མཐུན་གྱི་འདུག
འོན་ཀྱང་བླ་རྒན་གྲྭ་རྒན་ཕ་རྒན་མ་རྒན་ཟེར་དུས་ཅུང་མི་འོས་པའི་ཚིག་ཅིག་ཡོང་གི་འདུག
མ་གཞི་ནས་ཀླུ་མཁར་གྱི་བསམ་བློའི་འདུ་ཤེས་དང་རྒྱབ་ལྗོངས་ལ་བལྟ་དགོས་པ་ཞིག་རེད་སྙམས།
ང་ཡི་དགེ་རྒན་ཨ་མདོ་བ་ཞིག་ནས་ཅུང་ཐུགས་འཁྲོས་པའི་ཚེ་ཕ་རྒན་ཅེས་བཀའ་བསྐྱོན་གནང་ཡོང་གི་འདུག
དེ་དུས་ངེད་ཅག་སློབ་བུ་རྣམས་ཞེ་སྣང་ཆེན་པོ་སྐྱེ་མྱོངས།དེས་ན་དེ་ནི་ཞེ་སའི་ཚིག་ཅིག་མིན་པར་མ་ཟད་ཅུང་དམའ་འབེབས་པའི་ཚིག་ཅིག་ཀྱང་ཡིན་པར་ཤེས་ཐུབ།འོན་ཀྱང་ད་ལྟ་དུས་རབས་ཉེར་གཅིག་གི་ནང་དུ་སྨྲ་བརྗོད་རང་དབང་དང་དམངས་གཙོ་ཞེས་རླུང་ལྟར་གྲགས་པའི་དུས་སྐབས་དང་གཞན་ཡང་རྒྱ་ནག་པོས་༧རྟག་ཏུ་བོད་བཙན་བྱོལ་གཞུང་ནི་ཏཱ་ལི་བླ་མ་དང་མི་སྣ་རེ་བཟུང་ཞིག་གིས་དབང་བསྒྱུར་གྱི་འོག་ཏུ་གནས་པའི་ཚུལ་བཤད་པའི་སྐབས་འདིར་ཀླུ་མཁར་ལས་སོགས་ཀྱིས་འདི་ལྟར་བཤད་པ་དེ་དག་གིས་སྤུ་རྩེ་རྩམ་ཡང་༧གོང་ས༧་མཆོག་དང་བོད་ཀྱི་གགནད་དོན་ལ་མི་གནོད་པར་མ་ཟད་གོང་གི་གནས་སྟངས་འདི་དག་ལ་བསམ་ན་དེ་བས་ཀྱང་གནས་ལུགས་ངོ་མ་ཇི་ཡིན་ཤེས་ཐུབ་ངེས།
ཀླུ་སྨྱོན་ལགས་་་་་་་་མི་གཞིས་་་་་་་མི་གཤིས་ཟེར་དགོས་པ་མིན་ནམ།
དེང་སང་ངྷ་སའི་མདོ་སྨད་ས་རྒྱུན་དབུས་རྒྱུན་ལ་ལས་ཀ་རྙེད་ནས་བྲེལ་བའི་དུས་ཡིན་པ་དང་འདྲ།ངྷ་ས་ན་ཀླུ་མཁར་འབོད་འགུག་དང་།ཁ་བརྡ་ནས་མཆན་བུ་མང་ཚུལ་ལ་བལྟས་ན།གང་ལྟར་ཁ་བརྡའི་ནང་སྤེལ་པའི་དམིགས་ཡུལ་འགྲུབ་ཀྱི་མེད་པ་འདྲ་།དྲ་བ་ལོངས་སྤྱོད་མཁན་མང་ཆེ་བས་སྨྲ་བརྗོད་རང་དབང་གི་ཆ་ནས་རྒྱབ་སྐྱོར་བྱས་ཡོད་པས་།ད་ལྟ་མཆན་བུ་སྒོ་རྒྱག་དགོས་བྱུང་འདུགཡང་ཅིག་བྱས་ན་ཁ་བརྡལའང་གནོན་ཤུགས་སླེབས་ཀྱི་མེད་འགྲོ།སྙན་ཞུ་དང་མཆན་བུ་སོགས་ལ་ཞིབ་ཀློག་བྱས་རྗེས་བསམ་ཚུལ་ཞིབ་མོ་བརྗོད་ན་འདོད་རུང་།མཆན་བུ་འདི་འགྲེམ་སྤེལ་བྱེད་མིན་ཡང་མི་ཤེས་པས་མང་པོ་བྲིས་ཀྱང་དགོས་པ་མེད་པ་འདྲ།སྤྱིར་སྙན་ཞུ་དེའི་ནང་ཀླུ་མཁར་བྱམས་ཀྱི་རྩོམ་ཡིག་ལུང་འདྲེན་བྱས་པ་ཚང་མ་སྔོན་ནས་ཀློག་ཟིན་པ་ཏག་ཏག་རེད་ལ།ཁ་ཤས་ཅུང་ཐལ་ཆ་འདུག་བསམ་པའང་ཡོད་པས་སྔར་ནས་གྲོགས་པོ་ཚོའི་བར་ལབ་མྱོང་པས་དེ་རིང་འདིར་བསྐྱར་བརྗོད་ཀྱི་དགོས་པ་མ་མཐོང་།སྤྱིར་དམངས་གཙོའི་སྤྱི་ཚོགས་ཚད་ལྡན་ཞིག་ལ་མཚོན་ན་གང་ཟག་སྒེར་གྱི་སྨྲ་བརྗོད་རང་དབང་ལ་ངེས་པར་བརྩི་འཇོག་བྱེད་ངེས།ངའི་བསམ་ཚུལ་ལ་ཁ་ཤས་ཀྱིས་གོང་ས་མཆོག་དང་བོད་གཞུང་ཁ་ལ་ཁྱེར་བ་མ་གཏོགས་དམིགས་ཡུལ་ངོ་མ་དེ་ཀླུ་མཁར་བྱམས་ཕམ་པར་རྒྱག་རྩིས་ཀྱི་སྐབས་འཚོལ་བ་དང་སྲིད་འཚོང་བ་ཚོའི་འཁྲབ་སྟོན་ཞིག་གི་འགོ་རྩོམ་པ་རང་རེད།དེ་མིན་ན་སྙན་ཞུའི་ནང་ལུང་འདྲེན་བྱས་པའི་ཀླུའི་རྩོམ་ཡིག་དེ་དག་མང་ཆེ་བ་སྔོན་མ་ནས་སྤེལ་ཟིན་པ་ཤ་སྟག་དང་།ནང་སྒོས་ཀུན་གཟིགས་པཎ་ཆེན་གྱི་སྐོར་གསུང་བསྡད་པ་དེ་ནི་༢༠༠༨ལོར་ཁོའི་ཟིན་བྲིས་ནང་སྤེལ་བ་ཞིག་རེད་།དེས་ན་སྐབས་དེ་དུས་ཁ་ཁུ་སུམ་མེར་ཅི་ཡང་མི་གླེང་བར་ད་བར་འདུག་དོན་ཅི་ཡིན་ནམ།དེང་སྐབས་ཀླུ་མཁར་བྱམས་སྤྱི་འཐུས་འོས་མིའི་ནང་སླེབས་པ་དང་།ཚོགས་པ་ཞིག་གི་ཚོགས་གཞོན་ལ་བསྡད་མ་ཐག་གླེང་དོན་ཅི་ཡིན་ནམ།འདི་སྲིད་དོན་ཁོག་རྩིས་མ་རེད་ཅེས་སུས་བཤད་ཐུབ།ད་བར་དད་གུས་ཅན་དང་ཤ་ཞེན་ཅན་དེ་ཚོ་གཉིད་ཁུག་པ་རེད་དམ།སུ་ཞིག་གིས་བརྗེད་ཟས་བརྗེད་ཆུ་བླུད་པ་རེད།༢༠༠༨ལོར་ཀླུ་མཁར་བྱམས་ལ་ཁ་མཆུ་མི་རྒྱག་པ་ཅི་ཡིན་ནམ།ས་རྒྱུན་ཉམ་ཆུང་ཚོ་ད་ཁྱེད་རང་ཚོ་སྲིད་འཚོང་བའི་དོ་ཟླར་ཡོང་གི་མ་རེད་།གཞན་གྱི་རྩེད་ཆས་རེད་།རྟ་རྒན་ཚོས་ནང་དམོས་མ་བྱེད་པར་བསམ་བློ་ཐོངས།ང་རང་ཆ་ནས་ཀླུ་མཁར་བྱམས་དང་ལྟ་བ་མི་མཐུན་ས་མང་པོ་འདུགཡིན་ན་ཁོང་མི་བུ་རང་གཤིས་ཅན་ཞིག་ལ་ནམ་ཡང་ངོས་འཛིན་བྱེད་བཞིན་ཡོད་།ཀླུ་མཁར་བྱམས་ད་ཐེངས་ཀྱི་༢༠༡༠ལོའི་ལོ་མཇུག་གི་རླུང་འཚུབ་དྲག་པོ་འདི་ལས་གསོན་གནས་ཐུབ་ནས་སང་ལོའི་སྤྱི་འཐུས་ཀྱི་གོ་ཐོབ་ལོན་མིན་སུས་ཤེས་ཏེ།་དོན་རྐྱེན་འདི་ལ་བརྟེན་ནས་གལ་སྲིད་ཁོང་གིས་ཚོགས་པ་ནས་དགོངས་པ་ཞུ་བའམ་ཕྱིར་ཕུད་བཏང་བ་ཡིན་ན་དེ་དམངས་གཙོ་རང་དབང་གི་ཁ་གཡང་སྒྲོག་པའི་བཙན་བྱོལ་སྤྱི་ཚོགས་ཀྱི་ངོ་ཚ་ཞིག་ལ་མི་བརྩི་རང་བརྩི་རེད།
ཨ་་་་་་་ཨ་་་་་་་ཨ
དྭ་་་མི་ཤེས། དྭ་་་་མི་ཤེས།
ངོ་ཚ་ནས་འབར་ཐལ། ངོ་ཚ་ནས་འབར་ཐལ།
མདོ་མེད་པ་འདི་ཚོས་་་་ག་ས་ག་ན་་་འདི་མོ་ཏག་ཏག
ད་མི་ཤོད། ད་མི་ཤོད།
ཨང་་་་ཨང་་་་་་ཨང་་་་་་་་་་་
དང་པོ་རྙོག་གླེང་ཤོད་མཁན་དང་གཉིས་པ་ཤོད་ཡུལ་ཕྱོགས་དང་། ཀླུ་བྱམས་ཁོང་རང་གསུམ་གའི་དྲི་ལན་དགོངས་ཚུལ་གསུམ་ཚང་འཛོམས་སྐབས་ང་ཚོ་སྨྱུག་ཐོག་པ་ཚོས་ངར་དགོས་རེད་སྙམ། དེའི་བར་ལྷོད་ཙམ་གནོངས་དང་།
ཁ་བརྡའི་དྲ་བདག་ལགས།
སྐུ་མཁྱེན་རྨོག་རུ་བསྟན་པའི་མིང་ཐོག་གི་མཆན་དེ་བསུབས་རོགས།
དེའི་སྐོར་ལ་གསལ་བཤད་ཅིག་བྱེད་ངེས་ཡིན།
རྨོག་རུ་བསྟན་པ་ངོ་མ་ནས།
སྐྱེས་དུས་ནོར་བ་རེད་དམ་འཚོ་སྟངས་ནོར་བ་རེད། ད་ནི་ངོ་མ་ཡིད་སྐྱོ་ཞིང་ཡིད་མུག་དགོས་པའི་གནས་ཚུལ་གང་མང་མཐོང་གིན་འདུག
ཀླུ་མཁར་བྱམས་ཀྱི་རྩོམ་ཡིག་དེ་དག་གསར་བ་གང་ཡང་མ་རེད་མོད། མདོ་སྨད་ས་གནས་རྒྱུན་ལས་གྱིས་དུས་སྐབས་འདི་འདྲ་ཞིག་ལ་ངར་ངར་རྫིག་རྫིག་བྱ་དོན་ཤེས་ཐབས་བྲལ་བ་ཞིག་རེད། ཡིན་ན་ཡང་རང་ཉིད་ཀྱི་མདོ་སྨད་པ་ཞིག་ཡིན་པ་དང་ལྷག་པར་དུ་དམངས་གཙོའི་ཁེ་ཕན་ལོངས་སྤྱོད་བྱ་ཆོག་པ། ལྷག་པར་དུ་མིའི་མ་མཐའི་རང་དབང་གི་ཁོར་ཡུག་ཅིག་ནས་མི་ཚེ་སྐྱེལ་མྱོང་ཡོད་མཁན་ཞིག་གི་ཆ་ནས་བརྗོད་འདོད་པ་ནི། མདོ་སྨད་ས་རྒྱུན་གྱིས་༧གོང་ས་མཆོག་གི་སྐུ་བདག་ཡིན་མདོག་མདོག་དང་མདོ་སྨད་མི་མང་གི་སྐུ་ཚབ་ལ་སོགས་པའི་སྐད་ཆ་ཁ་ཤས་ཤིག་ཅུང་ཐལ་ཆ་ཆེ་མེད་འགྲོ་བསམ་གྱིན་འདུག་ལ། གནས་ལུགས་དང་ཅུང་མི་མཐུན་པར་ཤོད་འདོད།
ལྷག་པར་དུ་ད་ལྟ་སྤྱི་འཐུས་འོས་འདེམས་ལ་སླེབས་ཁ་འདིར་མདོ་སྨད་པའི་ནང་དུ་གཡས་དཀྲུག་གཡོན་དཀྲུག་མ་བྱེད་ན་བསམ་གྱིན་ཡོད་ལ། ལྷག་པར་དུ་ས་གནས་རྒྱུན་ལས་ཚོའི་རྒྱབ་དུ་ཡུབ་ཡོད་པ་དྲ་གྲོགས་ཤིག་གིས་གསལ་སྟོན་བྱས་པ་དེ་ཚོ་ཡིན་ཚེ། མདོ་སྨད་མི་མང་ལ་རེ་བ་ཞུ་འདོད་པ་ནི་ཐེངས་འདིའི་སྤྱི་འཐུས་འདེམས་སྐབས་མ་ནོར་བ་ཞིག་འདེམས་ཞོག་ཞུ་རྒྱུ་ཡིན།
དྷ་ས་མདོ་སྨད་ས་གནས་རྒྱུན་ལས་ཀྱིས་ཕུལ་བའི་སྙན་ཞུ་ཆ་ཚང་བཀླགས་པ་ཡིན་ལ། ད་ལན་ཐུབ་བསྟན་ཟེར་བས་བྲིས་པའི་ལན་འདེབས་ཆ་ཚང་བཀླགས་པ་ཡིན། མཆན་བུ་འདེབས་མཁན་ཕལ་ཆེ་བས་ཚན་རིག་གམ་རྒྱུ་མཚན་བཤད་མཁན་ཧ་ཅང་དཀོན་པོ་རེད་འདུག
ངས་ཀླུ་མཁར་བྱམས་ཀྱིས་འདས་པའི་ལོ་རྒྱུས་དང་ད་ལྷའི་སྤྱོད་ཚུལ། ལྷག་པར་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་དགེ་ལས་གནོད་ཆེ་བ་བཟོས་པའི་གནས་ཚུལ་མང་པོ་ཞུ་རྒྱུ་ཡོད་ཀྱང། ད་ལན་མཆན་བུ་ཙམ་ལས་རྩོམ་ཡིག་དངོས་མིན་པར་སོང་མང་པོ་མི་ཞུ་རྒྱུའི་འབད་བརྩོན་བྱ་རྒྱུ་ཡིན། ཀླུ་མཁར་བྱམས་ཀྱིས་ཐེངས་གཅིག་གཉིས་མིན་པར་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༸གོང་ས་མཆོག་དང་། བཙན་བྱོལ་བོད་གཞུང་ལ་ཁ་གཏད་དུ་ལངས་པ་ནི་དེ་སྔ་ཁོ་པ་བདེ་སྲུང་ཉམས་ཞིབ་ནས་ཕྱིར་འབུད་བཏང་བའི་འཁོན་འཛིན་རྩོད་བཞིན་པ་གསལ་པོ་རེད། ཁོ་པས་མཐོ་སློབ་ཀྱི་སློབ་མ་བོད་དོན་གནས་ཚུལ་དེ་ཙམ་མི་ཤེས་མཁན་དང། ཁོ་པའི་བྱས་ངན་དེ་ཙམ་མི་ཤེས་མང་པོའི་མདུན་ལ་སྐད་ཆ་སྙན་པོ་མང་པོ་བཤད་ནས་སེམས་འགུག་ཐབས་བྱེད་ཀྱི་ཡོད། ང་རང་དེ་སྔ་མཐོ་སློབ་དུ་བསྡད་སྐབས་ཀྱང་ཁོ་པའི་སྐད་ཆར་མགོ་འཁོར་གྲབས་བྱེད་མྱོང་ཡོད། ཁོ་པས་ད་ཕན་བོད་དོན་ཆེད་འཐབ་རྩོད་བྱས་པ་ལས། ཁོ་པ་རང་ཉིད་ཀྱི་བདེ་དོན་སྒྲུབ་པ་མང་བ་འདུག་གམ། དངོས་གནས་བོད་ཀྱི་གནས་ཚུལ་སེལ་བར་ཕན་ཐོགས་བྱུང་བ་བྱུང་འདུག་ལྟོས་དང། ཁོ་པ་རང་ཉིད་ཀྱི་ཁེ་ཕན་བརྒྱ་ཆ་༩༩་སྒྲུབ་ཟིན་ཡོད།
ད་ལན་མང་པོ་མི་ཞུ་བར་དྷ་ས་མདོ་སྨད་རྒྱུན་ལས་ཀྱི་སྙན་ཞུར་རྒྱབ་སྐྱོར་མཐའ་གཅིག་ཞུ་་བ་སྦྲགས་མདོ་སྨད་མི་མང་ཡོངས་ཀྱིས་ཁོ་པར་ཐག་གཅོད་ནན་པོ་བྱ་རོགས་ཞུ་རྒྱུ་ཡིན། རྒྱུ་མཚན་ང་རང་ཚུད་པའི་མདོ་སྨད་མི་མང་ཡོངས་ཀྱི་ཞབས་ཌྷའདྲེན་དུ་འགྱུར་ཉེན་པས་སོ།
ཚེ་རིང་སྐྱིད་དང་བློ་གྲོས་མཐའ་ཡས་གཉིས་ཀྱིས་བཤད་པ་ལ་ངོས་ལེན་བརྒྱ་ཆ་བརྒྱ་མེད།
གོང་ནས་བླ་རྒན་འགས་བླ་རྒན་ཟེར་བ་ངན་མིང་འབོད་པ་མིན་པའི་ཐམ་ག་བརྒྱབ་པ་དང་། རང་དབང་མང་གཙོའི་ལྟ་བ་རྟོགས་མཁན་ཁག་ཅིག་གིས་ཀླུ་མཁར་གྱི་ཁ་ལ་རང་དབང་སྤྲད་ནས་མདོ་སྨད་ས་རྒྱུན་གྱི་ཁ་ལ་འདག་ཞལ་བྱེད་ཚུལ་འདི་འང་། མོད་སྨད་ས་རྒྱུན་གྱིས་བཏང་བའི་ཞུ་ཡིག་དེ་དང་འདྲ་འདུག
ལ་སྟོད་བུ། ཁྱོད་ཀྱིས་ཨམ་སྐད་དེ་ཡག་པོ་ཞིག་མི་གོ་བ་འདྲ། དེ་ཕ རྒན་ཟེར་བ་མ་རེད་ཕལ་རྒན་ཟེར་བ་རེད། དེ་འགྲོ་སྟངས་འདུག་སྟངས་མི་ཤེས་པའི་དོན་རེད། གྲོང་གསེབ་ཕལ་རྒན་ཟེར་བ་རེད། ཕྱི་ལོག་མིག་གིས་མ་མཐོང་བར་རྒན་འཁོག་ཆགས་སོང་བའི་དོན་རེད།
རྩོམ་འདི་ལ་མཆན་སྒོ་བཀག་ཚར་ཡོད།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།
khabdha@gmail.com
http://www.khabdha.org
http://www.khabdha.com