སྨན་རྩིས་ཁང་གི་དབུ་འཛིན་ཐེངས་ ༡༤ པ་བླ་ཞབས་སྨན་པ་ཚེ་དབང་རྟ་མགྲིན་ལགས་ཀྱིས་རང་གི་ཆེད་ལས་སྨན་དཔྱད་ལག་ལེན་གྱི་ལས་དོན་གཙོ་གཉེར་བྱ་རྒྱུའི་འདུན་པ་བཅངས་ཏེ་སྨན་རྩིས་ཁང་གི་
དབུ་འཛིན་གྱི་ལས་གནས་ནས་དགོངས་པ་ཞུས་འདུག་པར། ཨ་རི་ཆི་ཀ་རྒོ་གནས་བཞུགས་ཚེ་རིང་བཀྲ་ཤིས་ལགས་ཀྱིས་འདི་ཟླའི་ཚེས་ ༡ ནས་རྡ་ས་བོད་ཀྱི་སྨན་རྩིས་ཁང་གི་དབུ་འཛིན་གྱི་ལས་
གནས་འགོ་འཛུགས་གནང་ཡོད་འདུག ཁོང་གིས་དེ་སྔ་བཙན་བྱོལ་བོད་གཞུང་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེ་དང་དེ་རྗེས་དབུས་སྨན་རྩིས་ཁང་གི་དབུ་འཛིན་གྱི་ལས་འགན་འཁུར་མྱོང་ཡོད།
རྗེས་སོར་ནང་མི་ཟླ་སྒྲིལ་གྱིས་ཨ་རིའི་ཆི་ཀ་རྒོ་གྲོང་ཁྱེར་དུ་གཞིས་སྤོར་བྱས་ཤིང་རིམ་པས་ས་དེ་རུ་བོད་ཁང་ (Tibet Center) ཞེས་པ་གསར་འཛུགས་བྱས་ཏེ་བོད་ཀྱི་བདེན་
མཐའ་དང་རིག་གཞུང་གོང་སྤེལ་ཀྱི་ལས་དོན་མུ་མཐུད་བསྒྲུབ་བཞིན་ཡོད་འདུག
སྤྱི་ལོ་ ༢༠༠༥ བར་དུ་སྨན་རྩིས་ཁང་་གི་དབུ་འཛིན་དེ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བསྐོ་བཞག་གནང་གི་ཡོད་ནའང་། སྒྲིག་གཞི་ལ་འགྱུར་བ་ཕྱིན་ཏེ་སྤྱི་ལོ་ ༢༠༠༥ ནས་དབུ་འཛིན་དེ་སྨན་
རྩིས་ཁང་གི་ལས་བྱེད་རང་ངོས་ནས་འོས་འཕེན་བྱས་ཏེ་འདེམས་བསྐོ་བྱེད་དགོས་པ་ཞིག་ཆགས་ཡོད།
རྡ་ས་བོད་ཀྱི་སྨན་རྩིས་ཁང་ནི་སྤྱི་ནོར་ ༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་དུ་སྤྱི་ལོ་ ༡༩༦༡ ལོར་གསར་འཛུགས་གནང་ ཞིང་དེའི་སྐབས་ས་ཁང་ཆུང་ངུ་གཅིག་དང་སྨན་པ་
གཅིག་དང་སྐར་རྩིས་པ་གཅིག་ལས་མེད། ཡིན་ནའང་དུས་ཀྱི་འགྱུར་འགྲོས་དང་བསྟུན་བོད་ཀྱི་སྨན་རྩིས་ཀྱི་བྱ་གཞག་གོང་འཕེལ་བྱུང་སྟེ་ད་ལྟ་དབུས་དང་ཡན་ལག་སྨན་ཁང་ ༥༠ ལྷག་དང་
སྨན་རྩིས་ཆེད་ལས་པ་དང་འཛིན་སྐྱོང་ལས་བྱེད་༥༠༠ ལྷག་ཡོད་པ་རེད།
ཚེ་རིང་བཀྲ་ཤིས་ལགས་ནི་སྨན་རྩིས་ཁང་གི་དབུ་འཛིན་ཟུར་པ་ཞིག་ཡིན་པ་དང་སྨན་རྩིས་ཁང་གི་ལས་དོན་ཐད་ཉམས་མྱོང་ལྡན་ཞིང་བསྒྲུབ་ཕོད་བྱས་རྗེས་ཆེ་བའི་དབུ་འཛིན་གྱི་གྲས་ཤིག་ཡིན་པ་རེད།།
འདྲ་པར་ཡོང་ཁུངས། སྨན་རྩིས་ཁངགི་དྲ་ཚིགས།
སྨན་རྩིས་ཁང་འདི་བོད་མི་གཅིག་བུ་མ་ཡིན་པར་སྤྱི་ཚོགས་ཡོངས་སུ་མཁོ་གལ་ཆེ་བའི་སྡེ་ཚན་གལ་ཆེན་ཞིག་ཡིན་ངེས།
དེའི་ཕྱིར་སྨན་རྩིས་ཁང་འདིས་སྤྱི་ཚོགས་ཡོངས་ལ་ཞབས་ཕྱི་མི་དམན་པར་སྒྲུབས་པར་རེ་བ་ཡོད།
ཁོང་སྨན་རྩིས་ཁང་གི་འཛིན་སྐྱོང་ལ་འོས་པོ་ཞེ་དྲག་འདུག་ལ་ཁོང་གིས་སློབ་སྦྱོང་ཀྱང་འཛིན་སྐྱོང་managementཐོག་གནང་ཡོད་འདུག་ ཚོགས་པའི་ཉམས་མྱོང་ཀྱང་ཡོད་པ་རེད།
ཁོང་ལ་བཀྲིས་བདེ་ལེགས་ཞུ་རྒྱུ་དང་༧རྒྱལ་བ་གྱེས་པའི་མཆོད་སྤྲིན་དུ་གྱུར་ངེས་རེད་
སྐུ་ངོ་ཚེ་རིང་བཀྲ་ཤིས་ལགས་། སླར་ཡང་སྨན་རྩིས་ཁང་གི་འགན་འཛིན་དུ་ཕེབས་པར་མཚམས་འདྲི་དང་། བཀྲ་ཤིས་བདེ་ལེགས་ཞུ།
དབུ་འཛིན་ཚེ་རིང་བཀྲ་ཤིས་མཆོག་བསྐྱར་ཏུ་སྨན་རྩིས་ཁང་གི་དབུ་འཛིན་དུ་ཕེབས་པར་ཡིད་སེམས་སྤྲོ་བའི་ངང་ནས་བཀྲ་ཤིས་བའི་རྟེན་འབྲེལ་ཞུ། ཁོང་གི་རྒྱབ་མདུན་མེད་པའི་ལྷག་བསམ་དང་མཐོ་དམན་མེད་པའི་དྲང་བདེན། ཐབས་བཀོད་མཁས་བའི་རྣམ་དཔྱོད་གསུམ་ལ་ཡུན་རིང་བོ་ཞིག་ནས་སྨོན་པ་སྐྱེ་བཞིན་ཡོད།
ཚེ་རིང་བཀྲ་ཤིས་ལགས་ཁྱོད་རང་ཕོ་རྒོད་པོ་ཞིག་ཏུ་ངོས་འཛིན་བཞིན་ཡོད། ས་ཆ་གང་དུ་ཕྱིན་པ་ཡིན་ན་ཡང་བོད་ཀྱི་རྩ་དོན་དང་རིག་གཞུང་ལ་སྨན་པའི་ཕྱག་ལས་གནང་བ་ནི་རྗེས་སུ་ཡི་རངས་གི་གནས་ཡིན། དེ་མིན་ཁ་དང་སྨྱུག་ཁ་ནས་བརྒྱ་བཤད་སྟོང་བཤད་བྱེད་ཀྱང་ལག་ལེན་གྱིས་སྟོང་པའི་བོད་མི་ཤེས་ཡོན་པ་རྣམས་ནི་རང་ཁ་རང་གསོ་ཙམ་ལས་བོད་མི་རིགས་སྤྱི་ལ་ཕན་ཐོགས་རྒྱུ་མེད་པ་རྣམས་གང་དྲག །སྨན་རྩིས་ཁང་གི་ལས་དོན་རྣམས་དོན་འབྲས་སོན་པའི་སྨོན་འདུན་ཞུ།
དཔལ་འབྱོར་དྲུང་ཟུར་ཚེ་རིང་བཀྲིས་ལགས་སྨན་རྩིས་ཁང་གི་དབུ་འཛིན་དུ་ཕེབས་ཐུབ་པ་དེ་ནི་དོན་དང་ལྡན་པའི་གཟི་བརྗིད་ཀྱི་ལས་འགན་ཞིག་བླངས་པར་འདོད། ཁོང་གིས་སྔར་སྨན་རྩིས་ཁང་གི་དབུ་འཛིན་གནང་དུས་བྱས་རྗེས་བཞག་ཡོད་ལ། ད་ཆ་ཚོགས་པ་དེ་ཉག་ཕྲ་བའི་དུས་ཚོད་འདིར། རང་དོན་རྒྱབ་བསྐྱུར་གྱིས་བོད་མིའི་རིག་གཞུང་བསམ་ནས་ཕྱིར་ཕེབས་པ་ནི། ཡ་རབས་བཟང་པོའི་སྤྱོད་ཚུལ་རྣམ་དག་ཅིག་རེད་ཨང་། བཀྲ་ཤིས་བདེ་ལེགས།
གངས་ལྗོངས་གཙུག་ལག་ཆུ་སྐྱེས་བཞད་པའི་རྩེར། །
ལེགས་འཁྲུངས་གསོ་རིག་གེ་སར་འཛུམ་པའི་ཟེར། །
གཞན་ཕན་བདུད་རྩིའི་ཆར་གྱི་གཟེགས་མ་ཡིས། །
འཛམ་གླིང་ས་ཡི་ཐིག་ལེ་བརླན་པར་མཛོད། །
སྐུ་ངོ་ཚེ་རིང་བཀྲ་ཤིས་མཆོག་ནས་སླར་ཡང་སྨན་རྩིས་ཁང་གི་ཐུགས་འགན་བཞེས་རྒྱུའི་ཞལ་བཞེས་གནང་བ་དེས་དངོས་གནས་བཀའ་དྲིན་ཆེན་པོ་རེད། དེས་འབྱུང་འགྱུར་སྨན་རྩིས་ཁང་དང་བོད་ཀྱི་གསོ་རྩིས་རིག་པ་སླར་གསོ་སྔར་ལྷག་ཡོང་རྒྱུ་སྨྲོས་མེད་རེད། སྐུ་ངོ་མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཡག་པོ་འདུག
རྟེན་འབྲེལ་ཞུ་ལགས།
༡༽ཚེ་དང་བསོད་ནམས་དབང་ཐང་ཀླུང་རྟ་སོགས།།
༢༽རིང་པོར་སྤེལ་བྱེད་གངས་ལྗོངས་སྨན་རྩིསགཞུང་།།
རྣམ་པར་༣༽བཀྲ་ཕྱིར་གཞན་དྲིང་མི་འཇོག་ཁྱེད།།
སླར་ཡང་གསོ་རིག་བསྟན་པའི་དཔལ་དུ་༤༽ཤིས།
ཞེས་བྱ་བའི་བཀྲ་ཤིས་ཤིས་ཚིག་གིས་རབ་ཏུ་བརྒྱན་ཏེ།སེམས་ཅན་ནད་པ་ཇི་སྙེད་པ་མྱུར་དུ་ནད་ལས་འདྲེན་གྱུར་ཅིག །འགྲོ་བའི་ནད་ནི་མ་ལུས་པ། །
རྟག་ཏུ་འབྱུང་བ་མེད་པར་ཤོག །ཇི་སྲིད་ནམ་མཁའ་གནས་པ་དང་། །ནད་པ་ཇི་སྲིད་གནས་གྱུར་པ། །དེ་སྲིད་ཁྱེད་ནི་གནས་གྱུར་ནས།།
སྨན་རྩིས་ཕྱག་ལེན་བར་ཤོག །
དེང་དུས་ཀྱི་ཚན་རྩལ་གསལ་བསྟོད་དང་གཤོག་རྩལ་སྙོམས་པའི་སྐུ་ཞབས་སྨོན་ལམ་ལགས་བཀྲིས་བདེ་ལེགས།
དེ་ཡང་ངའེ་རེ་བ་ལ་ད་ལན་ཡིག་གཟུགས་དེ་ལག་འདོགས་ཁ་པར་ཡོངས་ལ་བོད་ཡིག་གི་ཡིག་གཟུགས་འཇུག་ཐུབ་པའི་རེ་བ་ཡོད།
སྨོན་ལམ་ལགས་བཀྲིས་བདེ་ལེགས།