ནམ་མཁའ།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱིས་ཁྱབ་བསྒྲགས་བྱས་པ་ཞིག བོད་ཀྱི་དུས་བབ་ཀྱིས་༢༠༡༣/༧/༠༡ཉིན་དྲ་ཐོག་ཏུ་འདི་ལྟར་བཀོད་འདུག སམ་བྷོ་ཊའི་ཁྱབ་ཁོངས་ཀྱི་སློབ་གྲྭ་ཡོངས་སུ་འཛིན་རིམ་༦ དང༨ བར་སློབ་ཚན་ཁག་དབྱིན་སྐད་ཐོག་ཁྲིད་དགོས་ཅེས་བཀའ་ཁྱབ་གནང་འདུག་པས། ངས་འདིའི་སྐོར་ལ་བསམ་ཚུལ་ཕྲན་བུ་ཞིག་གླེང་འདོད་སྐྱེས།
ང་ཚོས་ལོ་ངོ་ལྔ་བཅུའི་རིང་རྒྱ་ནག་སྲིད་གཞུང་ལ་སྐྱོན་བརྗོད་ཅི་ལྟར་བྱེད་ཀྱི་ཡོད་དམ།
ངས་རང་ཉིད་ཀྱི་དྲི་བ་འདི་ལ་ལན་སྟབས་བདེ་ཞིག་གིས་ལན་རྒྱག་འདོད་ཡོད། དེ་ནི་བཙན་བྱོལ་བོད་མིའི་ཁ་བྱང་དང་རྣ་བྱང་དུ་སོང་བའི་ཚིག་ཞིག་རེད། རྒྱ་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་གཏོང་གི་འདུག་ཅེས་ལོ་ངོ་ལྔ་བཅུའི་རིང་མ་ཎི་བཞིན་བགྲངས་ཡོད་པ་འདིར་གསལ་བཤད་བྱེད་མི་དགོས་པར་ཚང་མས་མཁྱེན་སྲིད། རྒྱ་གཞུང་ལ་སྐྱོན་བརྗོད་ཀྱི་ཚིག་འདི་འཛམ་གླིང་སྟེང་ཡིག་རིགས་མང་པོའི་ནང་བྲིས་ཏེ་ཁྱབ་བསྒྲགས་ག་ཚོད་ཞིག་བྱས་ཡོད་དམ། ཡིན་ན་ཡང་དེ་རིང་ངས་འདིར་སྐད་ཆ་དྲང་བདེན་གྱིས་བཤད་འདོད་སྐྱེས་སོང་། འོན་ཏེ་བཙན་བྱོལ་སྤྱི་ཚོགས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་གི་སྲོག་རྩ་བོད་ཡིག་གཅེས་གཉེར་བྱས་ཡོད་དམ། བོད་ནས་གསར་འབྱོར་མ་སླེབས་པའི་སྔོན་ལ། བཙན་བྱོལ་གཞུང་གིས་བོད་ཀྱི་སྐད་ཡིག་ལ་བདག་པོ་ཁ་ཞེ་གཉིས་མེད་ཀྱིས་མ་བརྒྱབ་པར་བོད་ཡིག་གི་ཚེ་སྲོག་ཤི་མ་གསོན་དུ་གྱུར་སྟེ་བར་དོའི་འཕྲང་རིམ་འགྲིམ་བཞིན་ཡོད།
སྟབས་ལེགས་པ་ཞིག་ལ། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་ནང་བོད་ཀྱི་ཆོལ་ཁ་གསུམ་ནས་གསར་འབྱོར་སླེབས་པ་ནས་བཟུང་། བཙན་བྱོལ་སྤྱི་ཚོགས་ཀྱི་བོད་ཡིག་ལ་ཚེ་སྲོག་སྦྱིན་སྟེ་བར་དོའི་འཕྲང་རིམ་ནས་ཕྱིར་འཇིག་རྟེན་འདིའི་ཐོག་གསོན་ཐུབ་ཡོད། འདི་དག་ཚང་མ་བཙན་བྱོལ་སྤྱི་ཚོགས་ནས་བོད་ཡིག་སྦྱངས་ཏེ་བོད་ཡིག་ལ་ཚེ་སྲོག་སྦྱིན་པ་ཞིག་མ་ཡིན་པར་རྒྱ་དམར་འོག་ནས་བོད་ཡིག་སྦྱངས་ཏེ་ཐོན་པའི་འབྲས་བུ་ཡིན་པ་སུ་ལ་ཡང་དྲི་བ་འདྲི་མི་དགོས་པར་ཤེས་གསལ་ཡིན། ཡིན་ཡང་ངའི་དྲང་བདེན་གྱི་སྐད་ཆ་འདི་ལ་མི་མང་པོ་ཞིག་གིས་བཙན་བྱོལ་གཞུང་ལ་དགག་པ་རྒྱག་གི་འདུག་ཅེས་ང་ལ་ཁ་རྡུང་གཏོང་ངེས་ཡིན། འོན་ཀྱང་བཙན་བྱོལ་སྤྱི་ཚོགས་དང་ལྷག་པར་དུ་བཀའ་ཤག་སྐབས་༡༤ ཚོས་ཁ་ནས་བཤད་པ་བཞིན་ལག་ལེན་ལྡོག་ཕྱོགས་ནས་བྱས་ཚེ། ངས་འདིའི་ཕྱོགས་ནས་བཟོད་སྒོམ་བྱ་ཐབས་བྲལ།
དེས་རྐྱེན་ངས་འདིར་བོད་ནས་ཡོང་བའི་གསར་འབྱོར་སླེབས་ཏེ། བོད་ཡིག་གི་ཚེ་སྲོག་སླར་གསོ་བྱས་བའི་སྐོར་ཞིག་ངོ་སྤྲོད་དང་མཉམ་དུ་དེའི་ཡར་སྔོན་བོད་ཡིག་གི་གནས་སྟངས་ཕྲན་བུ་ཞིག་ཀྱང་བཤད་འདོད་སྐྱེས། གསར་འབྱོར་བ་ཚོའི་ཡར་སྔོན་དུ་རྡ་སའི་གཞུང་ན་ཡོད་པའི་ཕྱི་དྲིལ་ལས་ཁུངས་ཀྱི་བོད་ཡིག་གསར་ཤོག་༼བོད་མིའི་རང་དབང་དང་ཤེས་བྱ་༽གཉིས་ཡོད། ཤེས་བྱ་དུས་དེབ་ཟླ་རེར་གཅིག་རེ་འདོན་གྱི་ཡོད་ལ་། དཔེ་མཛོད་ཀྱི་ལོ་རྒྱུས་རིག་པ་བ་བཀྲ་ཤིས་ཚེ་རིང་སོགས་ཀྱིས་ལྡི་ལིར་འདོན་གྱི་ཡོད་པའི་༼ཟླ་ཟེར་༽ཅེས་བའི་ལག་བྲིས་དབུ་མེད་ཅན་ཞིག་དང་། འབྲས་ལྗོངས་བྱ་མ་རྟ་ཟེར་བ་ཞིག་བཅས་གྲངས་ཀ་བགྲང་སླ་བ་འགའ་ལས་མེད། སྐབས་དེར་རྩོམ་རིག་དུས་དེབ་ཞིག་ནི་ནམ་མཁའི་མེ་ཏོག་གི་སྤུན་དུ་གྱུར་ཡོད། བཙན་བྱོལ་སྤྱི་ཚོགས་ཀྱིས་ཁ་ནས་བོད་ཀྱི་ཆོས་དང་རིག་གཞུང་ཅེས་བརྗོད་ཀྱི་ཡོད་ན་ཡང་། ལག་ལེན་གྱི་ཕྱོགས་ནས་དེའི་ལྡོག་ཕྱོགས་རྐྱང་བྱེད་བཞིན་པ་འདི། བོད་ཀྱི་ཆོས་དང་རིག་གཞུང་གི་སྲོག་རྩ་བོད་ཀྱི་སྐད་ཡིག་འདི་ཡིན་པ་མ་ཤེས་པ་རེད་དམ། ཡང་ན་ཤེས་བཞིན་དུ་ཤི་ཁ་ལོག་གི་ཡོད་པ་རེད།
དགོད་བྲོ་བའི་དཔེར་མཚོན་ཞིག་བཤད་ན། རྡ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་མ་ཚོས་གཏམ་བརྗོད་འཁྲབ་དུས་གཡག་ལ་འོ་མ་བཞོ་གི་ཡོད་ཅེས་བཤད་ཀྱི་ཡོད། འདི་ཙམ་ཡང་སློབ་ཕྲུག་ཚོས་ཤེས་ཀྱི་མེད། འདི་ནི་སློབ་ཕྲུག་ཚོའི་སྐྱོན་ཆ་མ་ཡིན་པར་བཙན་བྱོལ་སྤྱི་ཚོགས་ཀྱིས་ཤེས་རིག་གི་ཁ་ཕྱོགས་ནོར་བའི་སྐྱོན་ཡིན། ཐ་ན་བཙན་བྱོལ་སྤྱི་ཚོགས་ཀྱི་སློབ་ཕྲུག་འཛིན་རིམ་༡༢ཐོན་པ་ཚོས་ཀྱང་བོད་ཆོལ་ཁ་གསུམ་གྱི་ས་ཆའི་ཁྱོན་ལ་སྤྱི་ལེ་ག་ཚོད་ཡོད་མེད་དང་། ཆུ་བོ་ག་ཚོད་ཡོད་མེད་གཏེར་ཁ་རིགས་ག་རེ་ཡོད་མེད་སོགས་གཅིག་ཀྱང་མི་ཤེས། འདི་དག་ཚང་མ་བོད་གཞུང་བཀའ་ཤག་དང་གྲོས་ཚོགས་ཀྱིས་ཤེས་རིག་ཕྱོགས་ལ་སྣང་མེད་དུ་བཞག་པའི་འབྲས་བུ་ཡིན། བོད་ནང་དུ་འདིའི་རིགས་སློབ་དེབ་ནང་འཇོག་འདོད་ཀྱིས་འབད་པ་བྱས་ཏེ་རྒྱ་གཞུང་ལ་སྙན་ཞུ་ཕུལ་ཏེ་ལོ་ངོ་ཉི་ཤུ་ལྷག་ཕྱིན་ཀྱང་། ད་རུང་རྒྱ་གཞུང་གིས་ཁས་ལེན་བྱས་མེད་པ་བོད་ནང་གི་སློབ་དེབ་རྩོམ་སྒྲིག་པ་ཞིག་གིས་ཕྲན་ལ་དངོས་སུ་བཤད་མྱོང་། བོད་ཀྱི་དུས་བབ་གསར་ཤོག་བཏོན་མ་ཐག་པའི་སྐབས་དེར་ང་དང་གྲོགས་པོ་སྐོར་ཞིག་གིས་བཙན་བྱོལ་ནང་གི་བོད་ཡིག་སྐོར་གླེང་མོལ་ཕྲན་བུ་ཞིག་བྱུང་།དེ་དུས་གྲོགས་པོ་ཞིག་གིས་བཙན་བྱོལ་སྤྱི་ཚོགས་ལ་བོད་ཡིག་དགོས་མཁོ་མེད་པ་འདྲ།ཐ་ན་གཞུང་དང་མི་དམངས་གཉིས་ཀྱི་བར་གྱི་འབྲེལ་མཐུད་གཙོ་བོ་གསར་ཤོག་ཡག་པོ་ཞིག་ཀྱང་མེད་ཅེས་གསུངས་པ་ངས་དེ་རིང་གསལ་བོ་དྲན་གྱི་འདུག
གང་ལྟར་དམངས་གཙོ་གསར་ཤོག་དེ་ཡང་བོད་ནས་ཡོང་བའི་གསར་འབྱོར་བ་ཨ་ཁུ་པད་མ་འབུམ་དང་ཀུན་བཟང་རྒྱལ། དཔལ་ལྡན་རྒྱལ་རྡོ་རྗེ་ཚེ་བརྟན་བསྟན་འཛིན་མགོན་པོ་སོགས་ཀྱི་རེ་སྐུལ་ལྟར། སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་ཡིས་དངུལ་གྱི་མ་རྩའི་སྦྱིན་བདག་གནང་སྟེ་དམངས་གཙོ་གསར་ཤོག་བཏོན་པ་རེད་ཅེས་གོ་ཐོས་བྱུང་། མ་ཟད་ཁོང་ཚོ་སྐོར་ཞིག་གིས་རྩོམ་རིག་གི་དུས་དེབ་ལྗང་གཞོན་ཡང་བཏོན། དེ་ནི་ཕལ་ཆེར་བཙན་བྱོལ་ནང་གི་རྩོམ་རིག་དུས་དེབ་ཐོག་མ་ཡིན་ངེས་སྙམ། དེ་བཞིན་སྐལ་བཟང་མཁས་གྲུབ་ཡིན་ནམ་སུ་ཡིན་གསལ་བོ་བཤད་ཡ་མེད་མོད། འོན་ཀྱང་རིམ་བཞིན་གངས་ཅན་རོལ་སྟེགས་ཟེར་བའི་དུས་དེབ་ཞིག་ཀྱང་བཏོན་ཡོད་པ་རེད་ཟེར། དུས་དེབ་དེ་ངས་ཀྱང་མཐོང་མྱོང་ཡོད། ཁོང་རྣམ་པ་ཚོས་རང་གི་ཁུག་མ་ནས་འགྲོ་གྲོན་བཏོན་སྟེ་རྩོམ་རིག་དུས་དེབ་སོགས་བཏོན་ཚུལ་སོགས་གོ་ཐོས་བྱུང་། འདི་ལྟར་རིམ་བཞིན་བཙན་བྱོལ་སྤྱི་ཚོགས་ཀྱི་བོད་ཡིག་གི་ཚེ་སྲོག་རྟ་རྔ་འདྲ་བོའི་དབུགས་སླར་གསོ་བྱེད་ཐུབ་པ་བྱུང་།
ཁོང་རྣམ་པ་ཚོར་དཔལ་འབྱོར་གྱི་ནུས་པ་མེད་ན་ཡང་སེམས་ཤུགས་ཁོ་ནས་འབད་པ་བྱས་པའི་རྒྱུ་མཚན་ནི། བོད་མི་རིགས་འདི་འཛམ་གླིང་སྟེང་གསོན་པོར་གནས་དགོས་ཚེ། བོད་རང་གི་སྐད་དང་ཡི་གེ་འདི་གསོན་པོ་ཡོད་མེད་ལ་ཐུགས་ཡོད་སྟབས་ཕུགས་རྒྱང་རིང་བོའི་བསམ་གཞིགས་ཀྱི་འབྲས་བུ་ཞིག་ཡིན། གལ་སྲིད་བོད་ཀྱི་སྐད་དང་ཡི་གེ་འདི་ཉམས་ཚར་བའི་ཉིན་མོ་བོད་མི་རིགས་ཟེར་བ་འཛམ་གླིང་སྟེང་མིང་གི་ལྷག་མར་གྱུར་པ་རེད།
ཡིན་ཡང་དམངས་གཙོ་གསར་ཤོག་ནས་རིམ་གྱིས་མཇུག་སྐྱོང་མ་ཐུབ་མོད། འོན་ཀྱང་བཙན་བྱོལ་སྤྱི་ཚོགས་ནང་བོད་ཡིག་གི་གོ་གནས་ཅུང་འཛིན་ཐུབ་པ་བྱུང་ཡོད། འདི་དག་ཚང་མ་བོད་ནས་སློབ་སྦྱོང་བྱས་ཏེ་འོང་བའི་གཞོན་སྐྱེས་དག་གི་བཀའ་དྲིན་ཡིན་ཅེས་ངའི་སྐད་གསེང་མཐོན་པོས་བཤད་འདོད་སྐྱེས། དམངས་གཙོ་གསར་ཤོག་ཡང་རྐྱེན་གང་ཞིག་ལ་རྟེན་ནས་མཚམས་འཇོག་དགོས་པ་འདྲ་མིན་སྲང་ལམ་གྱི་སྐད་ཆ་གོ་ཐོས་བྱུང་མོད། ཁུངས་ལྡན་ཡིན་མིན་གྱི་དོགས་པས་འདིར་བྲིས་མེད། སྤྱིར་ན་ཨ་མྱེས་རྨ་ཆེན་རིག་གཞུང་ལྟེ་གནས་ཁང་གིས་འདིའི་གསལ་བཤད་གསལ་ཐག་ཆོད་བྱེད་དགོས་བའི་དུས་ལ་སླེབས་ཡོད། གང་ལྟར་དམངས་གཙོ་གསར་ཤོག་ནས་འགོ་བཙུགས་ཏེ་དེ་རིང་གི་དུས་བབ་དང་བང་ཆེན་སོགས་མང་པོ་ཞིག་བོད་ནས་སློབ་སྦྱོང་བྱས་ཏེ་ཡོང་བ་དག་གིས་འདོན་བཞིན་ཡོད།
ལོ་རབས་༨༠ ནས་བཟུང་བོད་ནས་གསར་དུ་འབྱོར་བའི་ཕྲན་ལྟ་བུ་དབྱིན་ཡིག་ཐོག་མར་སྦྱངས་མཁན་ཞིག་ལ་མཚོན་ནས་བཤད་ན། བོད་དབྱིན་ཤན་སྦྱར་གྱི་ཚིག་མཛོད་དེ་ཤིན་ཏུ་གལ་ཆེན་ཞིག་ཡིན་མོད། འོན་ཀྱང་བཙན་བྱོལ་སྤྱི་ཚོགས་ནང་དབྱིན་བོད་ཤན་སྦྱར་གྱི་ཚིག་མཛོད་སྤུས་དག་ཞིག་ཀྱང་བཟོ་ཐུབ་མེད། ཡིད་སྤྲོ་བ་ཞིག་ལ། གཞིས་སྡོད་བཀྲ་ཤིས་ཚེ་རིང་ལགས་ཀྱིས་སྒྲིག་གནང་བའི་བོད་རྒྱ་དབྱིན་གསུམ་གྱི་ཤན་སྦྱར་ཚིག་མཛོད་ཞིག་བཟོས་ཡོད་པ་དེས་བོད་རིགས་གཞོན་སྐྱེས་མང་པོ་ལ་ཕན་ཐོགས་བླ་ན་མེད་པ་བྱུང་ཡོད་པར་སྙམ།
གལ་ཏེ་དང་པོ་ནས་བཙན་བྱོལ་སྤྱི་ཚོགས་ནང་བོད་རང་གི་སྐད་ཡིག་ལ་བདག་པོ་ཞིག་རྒྱག་འདོད་ཞིག་ཡོད་ཚེ། ཡིག་བསྒྱུར་སྡེ་ཚན་ཞིག་བཙུགས་ཏེ་དེང་དུས་ཀྱི་ནུབ་ཕྱོགས་ཚན་རིག་ལག་ཤེས་སོགས་ཀྱི་སློབ་དེབ་མང་པོ་ཞིག་བོད་ཡིག་ནང་བསྒྱུར་ཡོད་པ་མ་ཟད། དེ་རིང་བོད་རང་གི་སྐད་ཡིག་ཐོག་ནས་ཤེས་ཡོན་ལག་ཤེས་ཕྱོགས་ནས་འབྲས་བུ་མི་དམན་པ་བྱུང་ཡོད་། ཡིན་ཡང་ཁོང་ཚོས་ཁོར་ཡུག་གི་དབང་གིས་བོད་རང་གི་སྐད་ཡིག་ཐོག་ནས་ཁུངས་འཁྱོལ་བའི་སློབ་དེབ་ཞིག་མཁོ་སྤྲོད་དཀའ་བར་བཤད་སྲིད། དེ་འདྲའི་ཁོར་ཡུག་ནི་མི་རིགས་ཞིག་གི་མགྲིན་ཚབ་ཀྱི་གཞུང་གིས་རང་གིས་འགན་ཁུར་ཏེ་མ་སྐྲུན་ཚེ་མི་རིགས་གཞན་ཞིག་གིས་ནམ་ཡང་སྤྲོད་མི་སྲིད། དཔེར་ན། སོ་སོའི་ཁྱིམ་ཚང་གི་དཀའ་ངལ་རང་གི་ནང་མིས་སེལ་མ་ཐུབ་ཚེ་མི་ཚང་གཞན་ཞིག་གིས་ཁྱེད་ཀྱི་ཁྱིམ་ཚང་གི་དཀའ་སེལ་མི་ཐུབ་པ་དང་གཅིག་མཚུངས་རེད།
བཀའ་ཤག་སྐབས་༡༢ དང་༡༣ སྐབས་ཤེས་ཡོན་སྲིད་ཇུས་ཕྱོགས་ཀྱི་རྨོངས་གཉིད་ལས་ཅུང་སད་དེ། བོད་ཡིག་གི་ཕྱོགས་ལ་འབད་པའི་ས་བོན་ཞིག་བཏབས་མོད། འོན་ཀྱང་བཀའ་ཤག་སྐབས་༡༤ བའི་ཁ་སང་གི་གསལ་བསྒྲགས་དེས་བཏབ་པའི་ས་བོན་དེར། ས་འོག་ནས་བཙན་བྱོལ་སྤྱི་ཚོགས་ཀྱི་ནང་དུ་བོད་ཡིག་གི་སྨྱུ་གུ་འབུས་རག་བར་དུ་བྱ་རོག་ནག་པོས་ས་བོན་བཅོམ་པའི་སྔོན་བརྡ་བརྒྱབ། སྔོན་བརྡ་འདི་ནི་བཙན་བྱོལ་སྤྱི་ཚོགས་ཀྱིས་རྒྱ་གཞུང་གིས་བོད་ནང་དུ་སྐད་ཡིག་རང་དབང་མ་སྤྲད་པ་ལ་འཕྱར་གྲུ་མཉམ་འདེགས་བྱས་པ་ཞིག་མ་ཡིན་ནམ།
དེང་སང་རྒྱ་གཞུང་གིས་སི་ཏྰ་ལེན་གྱིས་བཤད་པའི་གྲངས་ཉུང་མི་རིགས་རྩ་མེད་དུ་གཏོང་བའི་ཐབས་ལམ་དེ་བེད་སྤྱོད་གཏོང་བའི་འགོ་བརྩམས་ཡོད། ༼སི་ཏཱ་ལེན་གྱིས་འདི་ལྟར་བཤད་ཡོད། གལ་སྲིད་མི་རིགས་ཞིག་རྩ་མེད་དུ་གཏོང་འདོད་ན།མི་རིགས་དེའི་སྐད་དང་ཡི་གེ་རྩ་མེད་གཏོང་དགོས༽ ༼མི་རིགས་དེའི་སྐད་དང་ཡི་གེ་ཉམས་པའི་ཉིན་མོ་མི་རིགས་དེ་ཉམས་ཚར་བ་རེད་༽ཅེས་བཤད་ཡོད། སི་ཏཱ་ལེན་གྱིས་བཤད་པའི་ཐབས་ལམ་དེའི་ལམ་ཁར་འགྲོ་ཆེད།དང་པོ་རྒྱ་ནག་གི་འཐབ་ཕྱོགས་གཅིག་པུའུ་ཡི་འགན་འཛིན་ཟུར་བས་མི་རིགས་གཅིག་གྱུར་དང་སྐད་ཡིག་གཅིག་གྱུར་ཅེས་རྩོམ་ཡིག་དེ་སྤེལ་ཏེ། ཟླ་ཤས་རྗེས་སུ་རྒྱ་གཞུང་གིས་ལག་བསྟར་བྱས་པ་རེད། དེའི་ཕྱོགས་ལ་དེ་དུས་མདོ་སྨད་རེབ་གོང་དང་མཚོ་ལྷོ་ཕྱོགས་ཀྱི་སློབ་ཕྲུག་ཚོས་རང་སྲོག་འཛེམ་མེད་ཀྱིས་ངོ་རྒོལ་བྱས་ཡོད། མ་ཟད་སྐབས་དེའི་སློབ་གྲྭའི་སློབ་སྤྱི་དང་རེབ་གོང་གི་སློབ་གསོ་ལས་ཁུང་གི་འགན་འཛིན་སོགས་གོ་གནས་ནས་མར་ཕབ་ཡོད། བོད་ནང་དུ་རང་དབང་མེད་བཞིན་དུ་རང་གི་སྐད་དང་ཡི་གེ་ཕྱོགས་སུ་ཞུམ་མེད་ཀྱི་སྙིང་སྟོབས་ཅི་ལྟར་བསྐྱེད་ན་ཡང་། བཙན་བྱོལ་སྤྱི་ཚོགས་ཀྱི་བཀའ་སྤྱིའི་དེའི་ལྡོག་ཕྱོགས་ནས་ཤེས་རིག་སྲིད་ཇུས་སྤེལ་དོན་ཅི་ཡིན་ནམ།
བོད་ཀྱི་བཤད་སྲོལ་ཞིག་ལ། ཇག་པས་ཐུབ་པའི་སྒང་ལ་རོག་པས་ཀྱང་ཐུབ་ཟེར་བ་ལྟར། བོད་ཀྱི་སྐད་ཡིག་ལ་རྒྱ་གཞུང་གིས་རང་དབང་བཀག་པའི་སྒང་ལ་བཙན་བྱོལ་གཞུང་གིས་ཀྱང་རང་དབང་འགོག་བཞིན་ཡོད།
སྤྱིར་བཙན་བྱོལ་སྤྱི་ཚོགས་ནང་བོད་ཀྱི་རིག་གཞུང་གཅེས་སྤྲས་བྱེད་མཁན་དང་ཕྱག་རྗེས་ཅན་ཞིག་ལ་། དུས་ནམ་ཡང་སྤྱི་ཚོགས་ཀྱི་མཐོང་མེད་པར་གལ་ཆུང་དུ་འཇོག་གི་ཡོད། དཔེར་ན། རཀ་ར་རིན་པོ་ཆེ་གཤེགས་རྗེས་གསར་འགྱུར་བརྒྱུད་ལམ་གཅིག་ནས་ཀྱང་བཤད་ཀྱི་མེད། རཀ་ར་གཤེགས་ནས་ལོ་གཅིག་འཁོར་བའི་རྗེས་སུ་ཁོའི་ཚ་བོ་དབྱིན་རྩོམ་གྲགས་ཅན་འཇམ་ནོར་གྱིས་རཀ་ར་རིན་པོ་ཆེ་ཡི་མི་ཚེ་ལོ་རྒྱུས་ཐུང་ངུ་ཞིག་ངོ་སྤྲོད་བྱས་བར་དུ་མི་དམངས་ཀྱིས་ཤེས་ཀྱི་མེད། དེ་ལས་ང་ཕོད་ལྟ་བུ་དང་ཧལ་ཧ་རྗེ་བཙུན་ལྟ་བུ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་འཚང་ཁ་ཤིག་ཤིག་གིས་འགྲོ་བཞིན་ཡོད། འདི་གཅིག་པོའི་སྟེང་ནས་ཀྱང་བོད་ཀྱི་རིག་གཞུང་དང་རིག་གཞུང་གཅེས་འཛིན་མཁན་ལ་གཞུང་དམངས་གཉིས་ཀྱིས་མཐོང་སྣང་ག་འདྲ་ཡོད་མེད་ར་སྤྲོད་བྱེད་ཐུབ།
ཐུགས་རྗེ་ཆེ། བློ་སེང་ཡ་བློ་སེང་། བོད་ཡིག་ཡ་བོད་ཡིག
རྒྱ་གར་ནས་བོད་ཡིག་ཁྲིད་རྒྱུ་མང་སོང་ན་རྒྱ་གར་བས་བོད་འདི་ཁ་བྲལ་རིང་ལུགས་དང་འཇིགས་སྐུལ་རིང་ལུགས་ཟེར་རྒྱུ་རེད། རྒྱ་གར་བས་ཁ་ནང་ནས་ཅི་ཟོ་མི་བཤད་ཀི ༧གོང་ས་མཆོག་ཀྱང་ཐབས་ཟད་འུ་ཐུག་ནས་ག་ས་ག་བར་ཕེབས་ན་རྒྱ་གར་བཟང་སྲོལ་ཡག་སྲོལ་ལས་རྒྱ་གར་ལ་ཚིག་ལོག་གཅིག་ཀྱང་གསུང་ཐུབ་གིན་ཡོད་པ་མ་རེད། བློ་བཟང་སེང་གེར་ཅི་ཁག
ཡིན་ན་ཡང་སྲིད་གཞུང་གི་རྒྱབ་སྐྱོར་མེད་རུང་བོད་ཀྱི་རིག་གནས་རྐང་འཛིན་ཚོས་འོ་སྐོལ་གྱི་རིག་གནས་ཀྱི་དར་ཆ་འདི་མི་ནུབ་པར་སྒྲེང་ཐུབ་བྱེད་དགོས་པ་ལས་རིག་གནས་ཁ་གཡར་ནས་ནང་ཁུལ་ལ་དཀྲུགས་ཤིང་མི་འཕེན་པར་བྱ།
ནམ་མཁའ་རིན་པོ་ཆེ་ཤིན་ཏུ་བདེན་ནོ། བཙན་བྱོལ་ནི་དེ་ལྟར་སྣང་ངོ་། ཐུགས་རྨད་དོ། །
བོད་ཀྱི་རིག་གནས་ཉམས་རྒུད་དུ་ཕྱིན་པའི་རྒྱུ་མཚན་གཙོ་བོ་ནི་སྲིད་གཞུང་གི་རོགས་སྐྱོབས་མེད་པ་དེ་མ་རེད། ང་ཚོ་ལ་ཐེར་གོར་དང་མར་ཁུ་ཁྲོ་ཨང་སོགས་དང་འདྲ་བའི་རྩོམ་རིག་གི་གཞན་གྱིས་དྲིང་འཇོག་མི་དགོས་པའི་སྐྱེས་ཆེན་དམ་པ་མ་བྱོན་ལ་ཕར་སོང་ན་དགེ་ཆོས་ཚུར་ཡོང་ན་རང་གྲོལ་སོགས་རྩོམ་མཁན་ཉི་ཚེ་བ་དེ་ཚོའི་རྩོམ་འཆལ་ཙམ་ལ་མིག་དཔེ་བཟུང་བའི་ལེ་ལན་གྱིས་བོད་ཀྱི་རིག་གཞུང་དང་རིག་གནས་པའི་བསམ་བློ་འདིའི་ཚད་ལ་ཐོན་པ་རེད། ཆུ་འགོ་ནས་རྙོག་ན་ཆུ་རྔ་ཉོག་ཟེར་བ་ལྟར་རིག་གནས་ཀྱི་ཚུལ་ཁྲིམས་ཀྱི་རྨིང་གཞི་ཡང་དག་པ་ཞིག་འདིང་དགོས། དེ་མེད་ན་ཉི་མ་རྟག་པར་ཀླུ་སྨྱོན་གྱི་ཆགས་རྩོམ་དང་འཆལ་རྩོམ་ལ་ཆར་འདོད་བྱེའུ་ལྟར་རེ་བ་བཅས་ན་ཡོང་ཡ་མི་འདུག
དེ་འདྲ་རེད། རྒྱལ་བ་རིན་པོ་ཆེའི་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པའི་དེབ་ལྟ་བུ་ཡིན་ན་བོད་སྐད་རང་རྐང་ཚུགས་པ་ཞིག་ཀྱང་ཤོད་མེད་པ་ལྟ་བུ་འདུག སྟོང་ཕྲག་བརྒྱད་ཅུ་ཟེར་བ་ལྟ་བུའི་གྲངས་ཀ་བགྲངས་བ་དང་། མི་ཤིན་གྷན་ལྟ་བུ་དབྱིན་ཚིག་བོད་ཡིག་ཏུ་བྲིས་པ། ངོས་ཀྱི་ཡུལ་ལྟ་བུ་བྱེད་སྒྲ་མི་དགོས་སར་བྱེད་སྒྲ་སྦྱར་བ་སོགས་སྐད་ཡིག་གི་གནས་ཚད་ཧ་ལས་པ་སྐྱོ་བོ་རེད་འདུག
གོང་ས་མཆོག་གིས་དེང་སྐབས་འཛམ་གླིང་ས་ཕྱོགས་གང་དུ་ཕེབས་ཀྱང་། བོད་རིགས་ཚོར་བཀའ་སློབ་གནང་དུས་བོད་ཀྱི་སྐད་ཡིག་རིག་གཞུང་རིན་ཐང་ཆེན་པོ་ཡིན་པ་དང་། བོད་མི་ཚོས་སོ་སོའི་སྐད་ཡིག་བདག་པོ་རྒྱག་དགོས་པའི་བཀའ་སློབ་ནན་གཏན་གནང་བཞིན་པའི་དུས་འདིར་ཤེས་རིག་ལས་ཁུང་གིས་བྱ་སྤྱོད་འདི་ནི་ངོ་མ་ཐབས་སྡུག་རེད། རང་གིས་རང་ཉིད་མེད་པར་བཟོ་བའི་བྱ་སྤྱོད་འདི་ལ་ངེས་པར་དུ་བསྒྱུར་བཅོས་བཏང་དགོས།
ངོས་ཀྱི་ཡུལ་དང་ངོས་ཀྱི་མི་དམངས་དེ་དང་པོར་ཕྱི་གླིང་བ་ཞིག་དང་མཉམ་དུ་དབྱིན་ཡིག་ནང་བྲིས། དེ་རྗེས་ཚུར་བོད་ཡིག་ཏུ་བསྒྱུར་པ་རེད། དེ་ལྟར་ཡིན་པ་བཙན་བྱོལ་ནང་གི་རང་དབང་ཞེས་པའི་དེབ་དེའི་ནང་གསལ། བསྒྱུར་མཁན་སུ་ཡིན་ད་དུང་མ་ཤེས།
ཨ་རོགས་་སྤོབས་པ་མཐའ་ཡས་་ད་ལབ་མ་རྒྱག་་་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པ་བྱེད་སྒྲ་མ་རེད། དེས་ན་བྱེས་ཀྱི་ཡུལ་དང་བྱེས་ཀྱི་མི་མང་ཞེས་ནའང་བྱེད་སྒྲ་རེད་ཅེས་བརྗོད་རྒྱུ་ཡིན་ནམ།
ཐབས་སྐྱོ་པོ་འདུག ང་སྔོན་མ་བོད་ལ་ཡོད་དུས་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པའི་དེབ་དེ་སྐྲག་ཞོར་འདར་ཞོར། ང་རང་ཉིད་མ་ཟད་གྲོགས་པོ་ཁ་ཤས་ཀྱང་ཉེན་ཚབ་ནང་དུ་བསྐྱལ་ནས་ཕར་བརྒྱུད་ཚུར་བརྒྱུད་ཀྱིས་གཡར་ནས་བཀླགས་ཁུལ་བྱས། མཚན་བྱང་ལ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པ་དེའི་ནང་དོན་དེ་ཡག་པོ་ཞིག་མ་གོ། དེ་ནས་མར་བཀླགས་སྐབས་སུ་མི་ཤིན་གྷན་ཞེས་པ་ལྟ་བུ་དེ་ཚོ་མ་གོ། སྟོང་ཕྲག་བརྒྱད་ཅུ་ཟེར་བ་ལྟ་བུའི་བོད་ཀྱི་རྩོམ་པ་པོ་ཞིག་གིས་བརྩམས་ཆོས་སུ་གཏན་ནས་མཐོང་མ་མྱོང་བ་དེ་འདྲ་ཡང་མང་པོ་མཐོང་། དཔེ་ཆ་དེ་དེབ་གཟུགས་བཙོག་པོ། ཡིག་གཟུགས་བཙོག་པོ། ཡིན་ན་ཡང་། དད་པ་དག་སྣང་དྲི་མ་མེད་པའི་མིག་ཤེལ་འཐུག་པོ་དེའི་བཀའ་དྲིན་ལ་བརྟེན་ནས་མགོ་ནས་མཇུག་བར་དུ་བཀླགས་གྲུབ་སོང་། འདིའི་གདུལ་བྱ་དེ་བོད་མི་མང་ལ་དམིགས་མེད་པ་ཟུར་བལྟས་ལེབ་མཐོང་རེད་འདུག དབྱིན་ཡིག་ལ་བསྒྱུར་གཞི་ཐེབས་ཆག་ཅིག་བྲིས་པ་ཡིན་ས་རེད།
ཀླུ་སྨྱོན་རྫུན་མ་བཤད་་རྒྱལ་བ་རིན་པོ་ཆེས་དབྱིན་ཡིག་ཏུ་བསྒྱུར་བའི་ཆེད་དུ་བརྗོད་བྱ་དང་རྗོད་བྱེད་གཉིས་ཀ་གོ་བདེ་བའི་ལམ་ནས་བོད་ཡིག་ཐོག་བྲིས་པའི་དེབ་གཉིས་ཡོད། དེ་ནི་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པའི་དེབ་དང་། ལེགས་བཤད་བློ་གསལ་མིག་འབྱེད་ཅེས་པའི་དེབ་གཉིས་རེད། དེ་དག་གི་ཚིག་སྦྱོར་ནི་་་ཡིག་མཁན་དེ་དག་ལ་ལྟོས་པ་ཞིག་རེད
ཀླུ་སྨྱོན་ལགས་དེ་འདྲ་ཡིན་རྒྱུ་རེད། དེབ་དེ་ཁོ་རང་གི་ནང་ལ་བསྒྱུར་བ་ཡིན་ཚུལ་སོགས་གང་ཡང་འཁོད་མི་འདུག བསྒྱུར་བ་ཡིན་ན་ཡང་བོད་སྐད་ངོ་མ་ཞིག་ལ་བསྒྱུར་ན་འགྲིགས་གི་རེད་པ།
ནམ་མཁའ་ལགས་ཀྱིས་གསུངས་པ་ལ་རྒྱབ་སྐྱོར་ཡོད། རྡ་སའི་སྒྲིག་འཛུགས་ཀྱིས་ཀྱང་བོད་མི་རིགས་རྩ་མེད་གཏོང་བའི་སྲིད་ཇུས་འཛིན་གྱི་ཡོད་པ་གསལ་པོ་རེད་འདུག ཐ་སྙད་གསར་པའི་ཚིག་མཛོད་ད་ལྟའི་བར་དུ་བཏོན་མེད། ཕྱིའི་རིག་གནས་སྣ་གཅིག་ནང་འདྲེན་བྱེད་ཀྱི་མེད། བོད་ལ་རེ་བ་རྫོགས་འགྲོ་བཞིན་ཡོད།།
༼༧གོང་ས་མཆོག་གིས་ལོ་ངོ་ལྔ་བཅུའི་སྔོན་ལ་གསུངས་པའི་བཀའ་སློབ་འདི་ལ་བལྟས་ཏེ། བཙན་བྱོལ་ནང་གི་བོད་སྐད་བོད་ཡིག་འཛིན་སྐྱོང་སྤེལ་གསུམ་མ་བྱས་པའི་འགན་ཁག་སུ་ལ་ཡོད་པ་ཞིབ་འཇུག་དང་། ད་ལྟའི་བོད་སྐད་ཡིག་གི་གནད་དོན་རྣམས་ལ་སེལ་ཐབས་ཅི་ཡོད་ལ་བསམ་གཞིགས་བྱ་དགོས།༽
བོད་སྐད་ནང་ཚིག་ལྷད་བཅུག་ནས་བརྗོད་པ་འདི་དག་ལ་སེམས་ལྷད་ཀཡི་དྲི་མ་མེད་ཀྱང་། དོན་སྙིང་རུལ་འགྲོ་གི་ཡོད།
དེང་དུས་ཧིན་དི་དང་དབྱིན་ཇི་ཕྲན་བུ་ཤེས་པའི་གཞོན་ནུ་ཚོས། མི་ཞིག་འཕྲད་མ་ཐག་ཧ་ལོ་ཟེར་བ་དང་། ཡུ་ནོའོ་ཟེར་བ་སོགས་བོད་སྐད་ནང་དུ་དབྱིན་ཇིའི་མིང་ཚིག་མང་པོ་བསྲེས་ནས་བརྗོད་པ་འདི་དག་ལ་སེམས་ལྷད་ཀྱི་དྲི་མ་མེད་ཀྱང་། དོན་སྙིང་རུལ་འགྲོ་གི་ཡོད་པ་རེད། ད་ལྟ་ནས་དེ་ལྟར་བརྗོད་ན། ཚིག་ལྷད་དེ་དག་རིམ་བཞིན་དར་འཕེལ་ཕྱིན་ན་གང་འདྲ་ཞིག་ཡོང་གི་ཡོད་དམ།
བོད་དུ་རྒྱ་མིས་ཤན་དང་ཆུས་ཟེར་བ་སོགས་བོད་ཀྱི་མིང་ཚིག་མང་པོ་རྒྱ་སྐད་དུ་བསྒྱུར་ཟིན་ཅིང་། དེ་དག་རྒྱ་ཆེར་བཏང་དུས་ཉེན་ཁ་ཆེན་པོར་སླེབས། བོད་ལ་རྒྱ་མིས་མགོ་བརྡུངས། གཉའ་མནན། ཐ་ན་དངུལ་རྩིས་ཚུལ་ཆད་རྒྱ་སྐད་སྤྱོད་དུ་བཅུག་ནས་བོད་སྐད་བོད་ཡིག་ཉམས་རྒུད་ཅི་ཆེར་གཏོང་བའི་དུས་སྐབས་སུ། འདི་ཕྱོགས་རང་གི་སྐད་ཡིག་ལ་བདག་གཅེས་བྱ་རྒྱུའི་འོས་བབ་ཡོད་པ་ཚོས་དབྱིན་ཧིན་སྐད་ཡིག་ཕྲན་བུ་ཤེས་པ་རྒྱུ་མཚན་དུ་བྱས་ཏེ། བོད་སྐད་བོད་ཡིག་ལ་མཐོང་ཆུང་བྱས་ན་གང་འདྲ་ཞིག་ཡོང་བ་འདུག
ཡ་རབས་བཟང་པོའི་གོམས་གཤིས་ཅན་གྱི་བོད་མི་རྣམས་རྒས། གཞོན་ནུ་ཚོས་བོད་སྐད་ནང་ཚིག་ལྷད་གང་འཚམས་བཅུག བུ་ཕྲུག་ཆུང་ངུ་ཚོས་མ་ཤེས་པར་དེ་བས་མང་ཙམ་བཅུག གང་འཚམས་ནས་བོད་སྐད་གཙང་མ་དེ་གོ་བརྡ་མ་འཕྲོད་པའི་དུས་ཤིག་བྱུང་ན་ཇི་འདྲ་བྱེད་ཀྱི་ཡིན་ནམ།
སྔར་མོན་གྱི་ས་གནས་ཤིག་ལ་རྡོ་རྗེ་གཅོད་པའི་དཔེ་ཆ་མང་ཆེ་བ་མ་དག་པ་དང་། དག་པ་གཅིག་རང་ཡོད་ཞིག་གི་སྐབས། མི་ཚོས་ཞུ་དག་བྱས་པས། མ་དག་པ་མང་བ་དེ་དང་སྒོ་བསྟུན་ནས། དག་པ་གཅིག་རང་ཡོད་པ་དེ་མ་དག་པར་བཟོ་བཅོས་བྱས་པའི་ལོ་རྒྱུས་ལྟ་བུ་བྱུང་ན་ཇི་ལྟར་བྱེད། རྒྱུ་མཚན་དེ་འདྲའི་ཆེད་དུ་ང་ཚོས་བོད་སྐད་དང་། བོད་ཡིག་ལ་བདག་གཅེས་མ་བྱས་ན་ཉེན་ཁ་ཤིན་ཏུ་ཆེན་པོ་ཡོད།
ཕྱི་རྒྱལ་སྐད་ཡིག་ཤེས་དགོས། ང་ཚོས་མ་ཤེས་ཐབས་མེད་ཡིན། འོན་ཀྱང་རང་གི་སྐད་ཡིག་ལ་དོ་སྣང་མ་བྱས་ན། ནམ་ཞིག་༼བོད་ཡིག༽དཔེ་ཆ་རྣམས་ཀྱང་དོན་མི་གོ་བའི་དུས་ཤིག་བྱུང་དུས། ལེ་ལན་རང་ལ་ཡོད་པ་ལྟར་ལེ་ལན་རང་གིས་འཁུར་ཤེས་པའི་དམན་ས་བཟུང་ན་ལྟ་ལེགས་ཏེ། དེ་ལྟར་མིན་པར། དཔེ་ཆས་མ་འགྲིག་པར་བསྙད་ནས་དཔེ་ཆ་རྣམས་ཕར་བཞག་སྟེ། དཔེ་ཤོག་འདི་ཚོར་གོ་རྒྱུ་མི་འདུག་ཟེར་བ་ཞིག་ཡོང་ཉེན་ཡོད། ཁོང་ཚོས་དཔེ་ཆ་དགྲ་རུ་འཛིན་པ་ཡིན་ཡང་། རང་བཞིན་སྤྱི་ཚོགས་ཀྱི་གནས་ཚུལ་འགྱུར་ནས་དེ་ལྟ་བུ་འབྱུང་ཉེན་ཡོད།
༼༡༩༦༣ལོའི་ཕྱི་ཟླ༧ཚེས༩ཉིན་བཞུགས་སྒར་ཕོ་བྲང་དུ་རིས་མེད་ཆོས་ཚོགས་སར་བསྩལ་བའི་བཀའ་སློབ་འདི་ནི། ཤེས་རིག་དཔར་ཁང་གིས་དཔར་སྐྲུན་བྱས་པའི་བཀའ་སློབ་ཕྱོགས་བསྡུས་ལས་བདམས་བཀོད་ཞུས་པ་ཡིན།༽
ཚེ་རིང་རྡོ་རྗེས་གློག་ཀླད་དུ་ཡི་གེར་གཏགས་ནས་མཁོ་སྤྲོད་བྱས། ཡིག་ནོར་བྱུང་ན་བཟོད་པར་འཚལ།
ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པའི་དེབ་དེ་སློབ་གྲྭ་ཁ་ཤས་རེས་སློབ་ཁྲིད་བྱེད་བཞིན་ཡོད་འདུག ནང་དོན་ནི་ཧ་ལས་པ་ཞིག་ཡིན་ས་རེད། ཡིན་ན་ཡང་བརྗོད་ཚིག་དེ་བོད་སྐད་རང་རྐང་ཚུགས་པ་ཞིག་རེད་མི་འདུག དེ་འདྲ་དེ་ཚོས་ཀྱང་བོད་སྐད་ཡིག་ལ་གཏོར་བཤིག་ཆེན་པོ་འགྲོ་ས་རེད། གཡག་གི་འོ་མ་བཞོ་ལྟ་བུའི་ཚིག་དེ་ཚོ་ཡང་རྩོམ་པ་པོ་བོད་སྐད་རང་རྐང་ཚུགས་པ་མེད་མཁན་ཚོས་འདྲ་མི་འདྲ་བྲིས། དེ་རྩ་བ་ཆེན་པོ་ཞིག་ལ་བརྩིས་ནས་སློབ་མ་ཚོར་ཁྲིད་ཁུལ་བྱས་ནས་འགྲིགས་གི་མེད་པ་རེད།
༼༧གོང་ས་མཆོག་གིས་ལོ་ངོ་ལྔ་བཅུའི་སྔོན་དུ་བོད་སྐད་བོད་ཡིག་སྐོར་ལ་གསུངས་པའི་བཀའ་སློབ་།༽
བོད་སྐད་ནང་ཚིག་ལྷད་བཅུག་ནས་བརྗོད་པ་འདི་དག་ལ་སེམས་ལྷད་ཀཡི་དྲི་མ་མེད་ཀྱང་། དོན་སྙིང་རུལ་འགྲོ་གི་ཡོད།
དེང་དུས་ཧིན་དི་དང་དབྱིན་ཇི་ཕྲན་བུ་ཤེས་པའི་གཞོན་ནུ་ཚོས། མི་ཞིག་འཕྲད་མ་ཐག་ཧ་ལོ་ཟེར་བ་དང་། ཡུ་ནོའོ་ཟེར་བ་སོགས་བོད་སྐད་ནང་དུ་དབྱིན་ཇིའི་མིང་ཚིག་མང་པོ་བསྲེས་ནས་བརྗོད་པ་འདི་དག་ལ་སེམས་ལྷད་ཀྱི་དྲི་མ་མེད་ཀྱང་། དོན་སྙིང་རུལ་འགྲོ་གི་ཡོད་པ་རེད། ད་ལྟ་ནས་དེ་ལྟར་བརྗོད་ན། ཚིག་ལྷད་དེ་དག་རིམ་བཞིན་དར་འཕེལ་ཕྱིན་ན་གང་འདྲ་ཞིག་ཡོང་གི་ཡོད་དམ།
བོད་དུ་རྒྱ་མིས་ཤན་དང་ཆུས་ཟེར་བ་སོགས་བོད་ཀྱི་མིང་ཚིག་མང་པོ་རྒྱ་སྐད་དུ་བསྒྱུར་ཟིན་ཅིང་། དེ་དག་རྒྱ་ཆེར་བཏང་དུས་ཉེན་ཁ་ཆེན་པོར་སླེབས། བོད་ལ་རྒྱ་མིས་མགོ་བརྡུངས། གཉའ་མནན། ཐ་ན་དངུལ་རྩིས་ཚུལ་ཆད་རྒྱ་སྐད་སྤྱོད་དུ་བཅུག་ནས་བོད་སྐད་བོད་ཡིག་ཉམས་རྒུད་ཅི་ཆེར་གཏོང་བའི་དུས་སྐབས་སུ། འདི་ཕྱོགས་རང་གི་སྐད་ཡིག་ལ་བདག་གཅེས་བྱ་རྒྱུའི་འོས་བབ་ཡོད་པ་ཚོས་དབྱིན་ཧིན་སྐད་ཡིག་ཕྲན་བུ་ཤེས་པ་རྒྱུ་མཚན་དུ་བྱས་ཏེ། བོད་སྐད་བོད་ཡིག་ལ་མཐོང་ཆུང་བྱས་ན་གང་འདྲ་ཞིག་ཡོང་བ་འདུག
ཡ་རབས་བཟང་པོའི་གོམས་གཤིས་ཅན་གྱི་བོད་མི་རྣམས་རྒས། གཞོན་ནུ་ཚོས་བོད་སྐད་ནང་ཚིག་ལྷད་གང་འཚམས་བཅུག བུ་ཕྲུག་ཆུང་ངུ་ཚོས་མ་ཤེས་པར་དེ་བས་མང་ཙམ་བཅུག གང་འཚམས་ནས་བོད་སྐད་གཙང་མ་དེ་གོ་བརྡ་མ་འཕྲོད་པའི་དུས་ཤིག་བྱུང་ན་ཇི་འདྲ་བྱེད་ཀྱི་ཡིན་ནམ།
སྔར་མོན་གྱི་ས་གནས་ཤིག་ལ་རྡོ་རྗེ་གཅོད་པའི་དཔེ་ཆ་མང་ཆེ་བ་མ་དག་པ་དང་། དག་པ་གཅིག་རང་ཡོད་ཞིག་གི་སྐབས། མི་ཚོས་ཞུ་དག་བྱས་པས། མ་དག་པ་མང་བ་དེ་དང་སྒོ་བསྟུན་ནས། དག་པ་གཅིག་རང་ཡོད་པ་དེ་མ་དག་པར་བཟོ་བཅོས་བྱས་པའི་ལོ་རྒྱུས་ལྟ་བུ་བྱུང་ན་ཇི་ལྟར་བྱེད། རྒྱུ་མཚན་དེ་འདྲའི་ཆེད་དུ་ང་ཚོས་བོད་སྐད་དང་། བོད་ཡིག་ལ་བདག་གཅེས་མ་བྱས་ན་ཉེན་ཁ་ཤིན་ཏུ་ཆེན་པོ་ཡོད།
ཕྱི་རྒྱལ་སྐད་ཡིག་ཤེས་དགོས། ང་ཚོས་མ་ཤེས་ཐབས་མེད་ཡིན། འོན་ཀྱང་རང་གི་སྐད་ཡིག་ལ་དོ་སྣང་མ་བྱས་ན། ནམ་ཞིག་༼བོད་ཡིག༽དཔེ་ཆ་རྣམས་ཀྱང་དོན་མི་གོ་བའི་དུས་ཤིག་བྱུང་དུས། ལེ་ལན་རང་ལ་ཡོད་པ་ལྟར་ལེ་ལན་རང་གིས་འཁུར་ཤེས་པའི་དམན་ས་བཟུང་ན་ལྟ་ལེགས་ཏེ། དེ་ལྟར་མིན་པར། དཔེ་ཆས་མ་འགྲིག་པར་བསྙད་ནས་དཔེ་ཆ་རྣམས་ཕར་བཞག་སྟེ། དཔེ་ཤོག་འདི་ཚོར་གོ་རྒྱུ་མི་འདུག་ཟེར་བ་ཞིག་ཡོང་ཉེན་ཡོད། ཁོང་ཚོས་དཔེ་ཆ་དགྲ་རུ་འཛིན་པ་མིན་ཡང་། རང་བཞིན་སྤྱི་ཚོགས་ཀྱི་གནས་ཚུལ་འགྱུར་ནས་དེ་ལྟ་བུ་འབྱུང་ཉེན་ཡོད།
༼༡༩༦༣ལོའི་ཕྱི་ཟླ༧ཚེས༩ཉིན་བཞུགས་སྒར་ཕོ་བྲང་དུ་རིས་མེད་ཆོས་ཚོགས་སར་བསྩལ་བའི་བཀའ་སློབ་འདི་ནི། ཤེས་རིག་དཔར་ཁང་གིས་དཔར་སྐྲུན་བྱས་པའི་བཀའ་སློབ་ཕྱོགས་བསྡུས་ལས་བདམས་བཀོད་ཞུས་པ་ཡིན།༽
ཚེ་རིང་རྡོ་རྗེས་གློག་ཀླད་དུ་ཡི་གེར་གཏགས་ནས་མཁོ་སྤྲོད་བྱས། ཡིག་ནོར་བྱུང་ཡོད་ན་བཟོད་པར་འཚལ།
གཞན་དབང་སྟབས་བསྟུན་ཟེར་བའི་ཐ་སྙད་ཅིག་བཙན་བྱོལ་ནང་ཁྱབ་པ་རེད།
དེས་ག་རེ་ལབ་གི་ཡོད་རེད་ཟེར་ན་རྒྱ་གར་གཞུང་གི་སྲིད་ཇུས་དང་མ་བསྟུན་པར་བོད་སློབ་ཁག་གི་ནང་བོད་ཡིག་ཡར་རྒྱས་སུ་གཏོང་བའི་ཐབས་ལམ་མི་འདུག་ཟེར་བ་དེ་རེད།
ད་ཆ་བོད་སློབ་འཛིན་ཚོགས་ཀྱི་ལག་ནས་སློབ་གྲྭ་ཚང་མ་བླངས་ཏེ་བོད་མི་སྒྲིག་འཛུགས་ཀྱི་ལག་ན་ཡོད་རེད།
ད་གཟོད་སུ་ལ་ཡང་ཁ་གཡར་ས་ཡོད་མ་རེད།
སློབ་གྲའི་བོད་ཡིག་ལབ་པ་དེ་དག་ཕྱི་འཐེན་བྱེད་དགོས་དོན་ཅི་ཡིན་ནམ།
ཤེས་རིག་ལས་ཁུངས་ཀྱི་ལས་ཀ་ག་རེ་རེད་དམ། བོད་ཡིག་ལབ་མི་དགོས་ན་ཕྲུ་གུ་རྣམས་རྒྱ་གར་སློ་གྲྭ་ལ་བཏང་ན་མ་འགྲིག་པ་ག་རེ་ཡོད་རེད་དམ། བཙན་བྱོལ་ནང་བོད་སློབ་ཟུར་འཛུགས་བྱེད་དགོས་དོན་ཅི་ཡིན་ནམ།
བོད་ནང་གི་བོད་པ་ཚོར་མགོ་སྐོར་བཏང་ནས་ཕྲུ་གུ་ཚོ་རྒྱ་གར་ལ་བླངས།
རོགས་ཚོགས་ཁག་ལ་སློང་བརྒྱབ་ནས་མགོ་སྐོར་བཏང་།
དངུལ་བསགས་བར་ཟས་ཀྱིས་འཚོ་བ་སྐྱེལ་གྱིན་ཡོད་རེད།
མདོར་བསྡུས་ན་བཙན་བྱོལ་བའི་འཚོ་བ་སྐྱེལ་ཐབས་ཤིག་རེད་སྙམ།
བཀའ་བློན་ཟམ་གདོང་བླ་མས་་ལོ་ལྔ་ལ་ཤེས་ཡོན་སྲིད་ཇུས་ལའཆར་གཞི་བཀོད་ནས་བསྡད་པ་རེད།
འབྲུག་གྲགས་ཀྱང་ཆར་བ་འབབ་ཡ་མི་འདུག་ཟེར་བའི་སྐད་ཆ་དེ་བྱུང་བ་རེད།
ཡང་བསྐྱར་ལོ་ལྔ་ལ་ཤེས་ཡོན་སྲིད་ཇུས་ལ་བསྐྱར་ཞིབ་བྱས་ཏེ་བསྡད་པ་རེད།
ཟམ་གདོང་གི་ལོ་བཅུའི་རིང་གི་ཤེས་ཡོན་སྲིད་ཇུས་དེ་བློ་སེང་གིས་ཉི་མ་གཅིག་ལ་མེད་པར་བཟོས་པ་རེད།
རྡ་ས་སྲིད་གཞུང་འདི་མི་རེ་གཉིས་རྩེད་མོ་རྩེ་ས་ཞིག་ཏུ་གྱུར་ཡོད། ངས་དེ་ལྟར་ལབ་འདོད་བྱུང་། དོན་ལ་ཡང་དེ་འདྲ་རེད།
ཕྱི་གླིང་བ་ཞིག་གིས་འདི་འདྲ་ཞིག་བཤད་ཡོད།
རྒྱལ་ཁབ་ཤོར་ཏེ་བྲན་གཡོགས་ཏུ་གྱུར་བའི་མི་རིགས་ཚོ། བློ་སེམས་བརྟན་པོས་དགོས་ནས་འདས་སོང་གི་མེས་པོ་ཁོང་ཚོའི་སྐད་ཡིག་དག་མ་ཤོར་བར་འཛིན་སྐྱོང་ཐུབ་ན། བཙོན་ཁང་གི་སྒོ་ཆེན་ཕྱེ་བའི་ལྡེ་མིག་ཅིག་ལག་ཏུ་བཟུང་བས་དང་འདྲའོ།
ཏོའུ་དོ་ཏིས།
ཚང་མས་བསམ་བློ་རྒྱ་ཆེས་ས་ནས་གཏོང་དགོས་པ་དང་།
གྲ་སྒྲིག་སྡུག་ས་ནས་བརྒྱག་དགོས་པའི་༧གོང་ས་མཆོག་གི་བཀའ་སློབ་དེ་སྙིང་ལ་བཅངས་དགོས་པའི་དུས་ལ་བབས་ཡོད།
བོ་ལིན་ཏ་པེ་ཡན་ཟམ་ཀ་ནས་བསམ་གཏན་སྒྲོལ་མས་སེམས་སྐྱོ་བཞིན་བྲིས།
གཡག་གི་འོ་མ་བཞོ་ལྟ་བུའི་ཚིག་དེ་ཚོ་ཡང་རྩོམ་པ་པོ་བོད་སྐད་རང་རྐང་ཚུགས་པ་མེད་མཁན་ཚོས་འདྲ་མི་འདྲ་བྲིས། དེ་རྩ་བ་ཆེན་པོ་ཞིག་ལ་བརྩིས་ནས་སློབ་མ་ཚོར་ཁྲིད་ཁུལ་བྱས་ནས་འགྲིགས་གི་མེད་པ་རེད། ་་་་ཟེར་བ་མ་བྲིས་པར། འབྲི་ཡི་འོ་མ་བཞོས་པ་རེད་ཟེར་ན་དིང་སང་། སུ་གང་གིས་ཀྱང་ཧ་མི་གོ་བགྱིས་མེད་པ་དེ་ཡང་ཤེས་པར་གྱིས་ཤིག་ཀྱེ།
ལོ་རབས་བརྒྱད་ཅུའི་ཡར་སྔོན་གྱི་བཙན་བྱོལ་སློབ་གྲྭའི་སློབ་དེབ་རྣམས་ནི། ཆོས་རྒྱུད་བཞི་ཡི་བླ་ཆེན་མཁས་པ་དགེ་བཤེས་དེ་འདྲས་རྩོམ་སྒྲིགས་གནང་བ་ཞིག་རེད། དེ་ཚོ་ནི་བོད་ལ་དུས་འགྱུར་མ་བྱུང་བའི་སྐབས་སུ་བོད་ནང་དུ་སློབ་སྦྱོང་བྱས་མྱོང་མཁན་ཕལ་ཆེར་ཤ་སྟག་རེད། གཡག་གི་འོ་མ་བཞོ་ཟེར་བ་དང། གཡག་མོ་ལ་འབྲི་ཟེར་བ་སོགས་མི་ཆེན་བླ་ཆེན་དགེ་བཤེས་སྤྲུལ་སྐུ་དེ་ཚོས་བཟོས་པ་ཞིག་རེད་འདུག
སྟོང་ཕྲག་བརྒྱད་ཅུ་ཟེར་བ་ནི་བོད་སྐད་དག་མ་རེད། སྟོང་ཕྲག་ལྔ་དང་སྟོང་ཕྲག་བཅུ་སྟོང་ཕྲག་བརྒྱ་ལས་སོགས་ནི་བོད་སྐད་དུ་སྔར་ནས་ཡོད་འདུག ཡ་ལུང་རེ་འགར་ཤོད་སྲོལ་མེད་མོད་ཡུལ་ལུང་མང་པོར་ཤོད་སྲོལ་ཡོད་ཡོད་པ་རེད།
ལོ་རབས་བརྒྱད་ཅུའི་ཡར་སྔོན་གྱི་བཙན་བྱོལ་སློབ་གྲྭའི་སློབ་དེབ་རྣམས་ནི། ཆོས་རྒྱུད་བཞི་ཡི་བླ་ཆེན་མཁས་པ་དགེ་བཤེས་དེ་འདྲས་རྩོམ་སྒྲིགས་གནང་བ་ཞིག་རེད། དེ་ཚོ་ནི་བོད་ལ་དུས་འགྱུར་མ་བྱུང་བའི་སྐབས་སུ་བོད་ནང་དུ་སློབ་སྦྱོང་བྱས་མྱོང་མཁན་ཕལ་ཆེར་ཤ་སྟག་རེད། གཡག་གི་འོ་མ་བཞོ་ཟེར་བ་དང། གཡག་མོ་ལ་འབྲི་ཟེར་བ་སོགས་མི་ཆེན་བླ་ཆེན་དགེ་བཤེས་སྤྲུལ་སྐུ་དེ་ཚོས་བཟོས་པ་ཞིག་རེད་འདུག
སྟོང་ཕྲག་བརྒྱད་ཅུ་ཟེར་བ་ནི་བོད་སྐད་དག་མ་རེད། སྟོང་ཕྲག་ལྔ་དང་སྟོང་ཕྲག་བཅུ་སྟོང་ཕྲག་བརྒྱ་ལས་སོགས་ནི་བོད་སྐད་དུ་སྔར་ནས་ཡོད་འདུག ཡུལ་ལུང་རེ་འགར་དེ་འདྲ་ཤོད་སྲོལ་མེད་མོད་ཡུལ་ལུང་མང་པོར་ཤོད་སྲོལ་ཡོད་ཡོད་པ་རེད།
གཟིགས་དང། གསར་འབྱོར་བས་ཅི་ཞིག་བྲིས་འདུག
༼བོད་མི་ ༡༠ ལ་མེ་མདའ་ཕོག་འདུག ༼པར༽
འདོན་སྤེལ། ༢༠༡༣/༠༧/༠༩
རྒྱ་གཞུང་གིས་ཁམས་རྟའུ་རུ་༸གོང་ས་མཆོག་གི་འཁྲུངས་སྐར་སྲུང་གཙི་གནང་སྐབས་མེ་མདའ་བརྒྱབ་ཏེ་བོད་མི་སྐྱ་སེར་བཅུ་ལྷག་རྨས་སྐྱོན་བཟོས་ཡོད་འདུག
གྲྭ་ཡ་མ་བསོད་ནམས་ལགས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༦ ཉིན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟའུ་རྫོང་དུ་ས་གནས་སྐྱ་སེར་གཉིས་ཀྱིས་༸གོང་ས་མཆོག་ཕྱི་ལུགས་དགུང་གྲངས་ ༡༨ ལོན་པའི་སྐུའི་འཁྲུངས་སྐར་སྲུང་གཙི་གནང་སྐབས།༽ དགུང་གྲངས་བདུན་ཅུ་དོན་བརྒྱད་ལ་ཕེབས་པར་ཞུ་མི་དགོས་སམ། བྱིས་པ་དེ་ལོ་བརྒྱད་ལོན་འདུག་ཅེས་དང་་་་ང་རང་ལོ་བཅུ་ལོན་དུས་སུ་་་་་ཞེས་བཤད་དགོས། འདི་ཚོ་ནི་ལོ་རབས་བརྒྱད་ཅུའི་ཡར་སྔོན་གྱིས་བྲིས་པ་ཞིག་མ་རེད་སྙམས།
བསྲུང་གཙི་ཟེར་པའི་ཡི་གེ་མཐོང་མྱོང་ངམ།
བཙན་བྱོལ་སྲིད་གཞུང་འདི་དམངས་གཙོ་ཅན་དུ་བསྒྱུར་བ་ནི་དགའ་འོས་པའི་ལོ་རྒྱུས་རང་བཞིན་ཅན་ཞིག་རེད།
ཁྱད་པར་དུ་བཀའ་བློན་མི་དམངས་ཀྱིས་འོས་བླུགས་ནས་བཞག་པ་ནི་རྒྱ་ནག་སྟོབས་ཆེན་པོ་དེས་ཀྱང་བྱེད་ཐུབ་ཀྱི་མེད་པའི་གནང་སྟངས་ཤིག་རེད། དེས་ན་བོད་མིའི་སྒྲིག་འཛུགས་ཀྱི་ལག་རྗེས་ག་རེད་དམ། འདི་ཡང་གླེང་མི་ཆོག་པ་གང་ཡང་ཡོད་མ་རེད། ཁྱར་པར་དུ་ཤེས་ཡོན་སྲིད་བྱུས་ཐད་ནས་གླེང་དགོས་ངེས་རེད། འདི་ཡང་མི་རིགས་ཉེན་སྲུང་གི་གནད་དོན་དང་འབྲེལ་བ་དམ་པོ་ཡོད་པ་གསལ་བོ་རེད། མ་འོངས་པར་བོད་ཀྱི་ལོ་རྒྱུས་ཁྲོད་བློ་བཟང་སེངྒེའི་ལོ་རྒྱུས་དེ་བཙན་བྱོལ་ནང་བོད་ཡིག་སྒོ་བརྒྱབ་པ་དེ་རེད་དམ། བོད་ནས་ཡོང་བ་ཚོས་རྒྱ་ནག་གིས་བོད་ཡིག་ཡག་པོ་ལབ་པའི་གོ་སྐབས་འཕྲོག་འགྲོ་གིན་འདུག་ཟེར་གྱི་ཡོད་པ་རེད། བཙན་བྱོལ་སྲིད་གཞུང་རྡ་སར་བཙུགས་པ་དེ་ཡང་བོད་པའི་ཆོས་དང་རིགས་གཞུང་སྲུང་སྐྱོབས་བྱེད་ཆེད་ཡིན་རྒྱུ་རེད། མི་རེ་གཉིས་ཀྱི་རྐུབ་སྟེགས་ཀྱི་ཆེད་དུ་ཡིན་རྒྱུ་མ་རེད། ངས་བལྟས་ན་སྤྱི་འཐུས་གྲོས་ཚོགས་ཐོག་ནས་འདིའི་འཐད་གོ་བསྡུར་ནན་མོ་བྱེད་དགོས་ཀྱི་འདུག གཟབ་ནན་གྱིས་ཐག་གཅོད་ནན་མོ་གཅོད་དགོས་ཀྱི་འདུག ཤེས་རིགས་ལས་ཁུངས་ཀྱི་མི་སྣ་འགོ་ནས་མཇུག་པར་དུ་ཞིབ་འཇུག་མཐར་ཕྱིན་པ་བྱེད་དགོས་ཀྱི་འདུག་སྙམ།
འབྲེལ་བ་ཡོད་མེད་སྣ་ཚོགས་ཤིག་འདུག ད་གཡུགས་ཤོག
རྡ་སའི་ཤེས་རིག་ལས་ཁུངས་ཆར་ཞོད་ཀྱིས་བོད་ཡིག་ནག་བསུབས་བཏང་སོང་ཞེས་གསུང་ན་འདྲ་བོ་འདུག མི་རིགས་ཀྱི་སྲོག་རྩ་ནི་སྐད་ཡིག་གཉིས་ལ་ཐུག་ཡོད། དེས་ན་འདི་གཉིས་བརླག་ན་ཤི་བ་ཡིན་པ་སྨོས་ཅི་དགོས།
international:
yak meat = གཡག་གི་ཤ།
yak milk = གཡག་གི་འོ་མ།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
traditional:
yak meat = གཡག་གི་ཤ
yak milk = འབྲི་ཡི་འོ་མ།
dri milk = འབྲི་ཡི་འོ་མ།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
new English:(cow-yak)
bri (tib.dri)meat = འབྲི་ཡི་ཤ
bri (tib.dri)milk = འབྲི་ཡི་འོ་མ།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
འདིའི་སྐོར་གླེང་རྒྱུ་གལ་ཆེན་རེད་མོད།ཡིན་ཡང་བཙན་བྱོལ་བོད་མའི་སྲིད་སྐྱོང་བྱ་རོག་ནག་པོའིསྐྱེ་བ་བླངས་ཚར་འདུག རྒྱ་གཞུང་ལ་རམ་འདེགས་བྱེད་འདོད་ཡོད་ས་རེད། ད་ཡིན་ན་ཚར་ལ་ཉེ།རེ་བ་མི་འདུག
འོ་འདི་ན་གཡག་ལ་འོ་མ་བཞོས་ནས་གཡག་གི་འོ་མ་འཐུང་མཁན་ཀརྡོ་སླེབས་འདུག གཡག་གི་འོ་མ་ཨེ་ཞིམ་གི་ཀརྡོ་ལགས།
སྤྱི་ཚོགས་ཤིག་མང་གཙོ་ཡིན་པ་དང་རང་དབང་ཡོད་པ་ཡིན་ན་སྤྱི་ཚོགས་དེར་གཏོགས་པའི་མི་མང་ལ་འགན་ཆེན་པོ་གཉིས་ཡོད་པ་རེད།
གཅིག མི་རིགས་ལ་ཕན་པའི་འགོ་ཁྲིད་ཅིག་རང་དབང་གིས་འདོད་མོས་ལྟར་བསྐོ་འཇོག་བྱ་རྒྱུ།
གཉིས། མི་རིགས་ལ་གནོད་པའི་འགོ་ཁྲིད་དེ་སྲིད་སྟེགས་ནས་གང་མགྱོགས་མར་ཕབ་རྒྱུ་དེ་གཉིས་ཡིན།
དོན་དག་དེ་གཉིས་ལེགས་པར་བསྒྲུབ་ཐུབ་མིན་མི་རིགས་དེའི་ད་ཡོད་གཞོན་ནུ་རྣམས་ལ་རག་ལས་ཡོད།
ཡར་རྒྱས་ཀྱི་རི་རྩེར་འཛེག་དགོས་ན་གཟར་མཆོར་གྱི་རྒྱན་གོས་སྤྲས་ནས་ཅང་མི་ཕན། རི་བྲག་གཡང་གཟར་དང་ནགས་ཚལ་སྟུག་པོར་རྒྱུ་དགོས་པའི་རྩིས་རྒྱག་དགོས། གསལ་པོར་བཤད་ན་ཁ་འཇམ་ཚིག་སྙན་གྱིས་ཕན་ཐོགས་མེད། སྤྲང་ཐོག་ཁབ་གཙགས་བྱེད་དགོས་པ་དེ་ཡིན།
ཤེས་རིག་ལས་ཁུང་གིས་བཀའ་ཁྱབ་འདིའི་ཕྱོགས་ལ་བྱེས་བོད་ཚོས་ངོ་རྒོལ་ཤུགས་ཆེན་བྱེད་ཆོག མ་ཟད་ད་རུང་ཤེས་རིག་ལས་ཁུང་གི་སྒོ་འགྲམ་ནས་ངོ་རྒོལ་སྐད་འབོད་ཀྱང་བྱེད་དགོས་ཀྱི་འདུག བོད་ཡིག་ལ་དུངས་ཁ་ཡོད་ན་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས།
དགེ་འདུན་རྒྱ་མཚོས་གསུང་པ་བདེན། སྤྱི་འཐུས་གྲོས་ཚོགས་ཀྱིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་ཕྱོགས་ཐད་བཀའ་ཤག་གི་ལས་དོན་ལ་བཏང་འཛིན་ནན་མོ་བྱེད་དགོས་ཀྱི་འདུག སྐད་ཡིག་ལ་མཐོང་ཆུང་བྱེད་པ་ནི་མི་རིགས་རྩ་མེད་བཟོ་བའི་སྔོན་འགྲོ་རང་རེད།
དྲ་གྲོགས་ཚོ་ཕེབས་ནས་བགྲོ་གླེང་གནང་བ་ཐུགས་རྗེ་ཆེ། ལྷག་པར་དུ་ཚེ་རིང་རྡོ་རྗེ་ལགས་ཀྱིས་༧གོང་ས༧མཆོག་གི་བཀའ་སློབ་ལུང་འདྲེན་གནང་བ་དེ་བས་ཀྱང་ཐུགས་རྗེ་ཆེ་ཞུ།
དེ་ག་ལ་ཚད་དེང་སང་གོ་སྐབས་དང་བསྟུན་ནས་སློབ་གྲྭ་ཁག་གཅིག་ཏུ་བོད་པའི་རྒྱལ་རབ་དབྱིན་ཡིག་ཐོག་བསྒྱུར་ཏེ་བོད་ཕྲུག་ཚོར་བོད་པའི་རྒྱལ་རབ་དབྱིན་སྐད་ཐོག་སློབ་འཁྲིད་བྱེད་ཀྱི་ཡོད་ལུགས་འདུག། ཡུལ་མིང་དང་གང་ཟག་གི་མིང་དབྱིན་ཡིག་ཐོག་བྲིས་རྐྱེན་སྒྲ་ཇི་བཞིན་མ་བྱུང་བར་བོད་པས་ཀྱང་མི་ཤེས་པའི་ཐ་སྙན་གསར་པ་ཆགས་བཞིན་པ་རེད་ཟེར། ཤེས་ལྷན་ནས་དེ་སྐོར་ཤེས་ཀྱི་ཡོད་མེད་ཀྱང་མི་ཤེས།
བོད་ཀྱི་དུས་བབ་ཀྱི་དག་ཆ་དེ་བཙན་བྱོལ་ནང་གི་བོད་ཡིག་གི་རྗེས་ཟིན་པ་བྱུང་འདུག བཙན་བྱོལ་ནང་ནས་འཚར་ལོངས་བྱུང་བ་ཕལ་ཆེ་བས་དུས་བབ་ཀྱི་དག་ཆ་དང་ཚིག་སྦྱོར་འདི་འདྲ་འབྲི་ལེ་རེད།
རྒྱལ་ཁབ་ཤོར་ཏེ་བྲན་གཡོག་ཏུ་སོང་བའི་མི་རིགས་ཚོ། བློ་སེམས་བརྟེན་པོའི་སྒོ་ནས་འདས་སོང་གི་མེས་པོ་ཁོང་ཚོའི་སྐད་ཡིག་དག་མ་ཤོར་པར་འཛིན་སྐྱོང་ཐུབ་ན། བཙོན་ཁང་གི་སྒོ་ཆེན་ཕྱེ་བའི་སྡེ་མིག་ཞིག་ལག་ཏུ་བཟུང་བ་དང་འདྲའོ་ཞེས་གསུངས་འདུག་ཀྱང་། སྲིད་སྐྱོང་འཇོན་པོ་བློ་སེང་གིས་ཀ་ཁ་སུམ་ཅུ་རིན་ཐང་ཅི་ཡང་མ་བཞག་པར་གད་སྙིགས་ནང་དུ་གཡུག་སོང་། སེམས་སྐྱོ་དགོས་པ་ཞིག་རེད་སྙམ། རང་དབང་ཚང་ན་འཆི་བཞིན་པའི་བོད་ཡིག་དང་བོད་སྐད་དག་མ་ལ་མྱ་ངན་དང་སེང་གེ་བཀའ་ཤག་ལ་བློ་ཕམ་ཡོད།
བཙན་བྱོལ་གཞུང་གིས་འཛིན་གྲྭ་དྲུག་པ་ཡན་སྤྱི་ཚོགས་ཚན་རིག་དབྱིན་ཡིག་ནང་ཁྲིད་དགོས་སྐོར་བཀའ་བཏང་ཡོད། བོད་ཀྱི་རྒྱལ་རབ་ལོ་རྒྱུས་ཆོས་འབྱུང་བཅས་དབྱིན་ཡིག་ལམ་ནས་ཁྲིད་དགོས་ཀྱི་རེད་་་་གྲོགས་པོ་ཚོ་བསམ་བློ་ཞིག་གཏོང་དང་་་་ད་ག་འདྲ་ཡོང་ས་རེད། རྒྱ་དམར་གྱིས་་དེ་འདྲ་བཤད་ཀྱི་མེད། བློ་སེང་བོད་ཀྱི་རིག་གཞུང་ལ་རྨོང་བ་ཡིན་ཙང་། བོད་ཀྱི་སྐད་ལབ་དུས་སེམས་སྐྱིད་ཀྱི་མེད། དེར་བརྟེན་བོད་ཡིག་ལ་དགྲར་འཛིན་ཡོད་པ་རེད། དེ་ཁོ་རང་སྒེར་ནད་ལས་བོད་མི་ལ་བསམ་བློ་སྤུ་ཙམ་ཡང་དཏོང་གི་མེད་གསལ་བོ་རེད། དེ་མིན་གཞན་རྒྱུ་ཡང་དག་གཅིག་ཀྱང་མེད། ཤེས་དྲུང་གི་རྒྱུ་མཚན་བསྒྲངས་བ་ཁག་ནི་གད་མོ་ཤོར་ཡག་རང་རེད། སྐད་ཆ་དེར་བསམ་ན་གཞི་རིམ་སློབ་གསོའི་ཁ་ཕྱོགས་ཙམ་ཡང་མཁྱེན་གྱི་མེད་ཚོད་རེད།
དངོས་གནས་ད་བར་སེང་གེ་བཀའ་ཤག་ལ་རྒྱབ་སྒྱོར་བྱེད་ཁུལ་བྱས་བ་ཡིན། སེང་གེས་བོད་ཡིག་ཡག་པོ་ཞིག་མི་ཤེས་ཀྱང་རང་ཡིག་ལ་མཐོང་ཆེན་བྱེད་དགོས་བ་ངེས་བར་དུ་རྟོགས་དགོས་ངེས་ཏེ། ༡༽ རང་ཡིག་མེད་ན་བོད་ཕྱི་ནང་གཉིས་ཀྱི་བར་དུ་གོ་བརྡ་མི་འཕྲོད་ཅིང་གོ་བརྡ་མ་འཕྲོད་པ་ཡིན་ན། ཕན་ཚུན་འབྲེལ་བ་ཆད་པ་འགྱུར་ཞིང་། འབྲེལ་བ་ཆད་པ་ཡིན་ན་བཙན་བྱོལ་སྒྲིག་འཛུགས་ནི་བོད་ཀྱི་འགྲིམ་ཚབ་པ་ཡིན་ཟེར་བ་ཚུལ་ཆོས་ཁོ་ན་སྟེ། ཡུལ་གྱར་བོད་མི་ཁག་ཅིག་གི་ཁེ་ཕན་སྒྲུབ་ཆེད་གཅིག་བུ་འགྱུར་བས་གཞི་ལུས་མང་ཚོོགས་དང་། རྒྱལ་ཞེན་ཆེ་བའི་ཕྱི་སྡོད་བོད་མི་ཡོངས་ལ་མགོ་སྐོར་བཏང་བས་དྲང་ལྡན་མ་རེད་ལ། བོད་ནང་དུའང་རང་ཡིག་སྣང་མེད་འཇོག་པའི་མིག་དཔེ་ངན་པ་འཇོག་པས་སྐྱོ་ངལ་གྱི་གནས་རེད།
རང་ཡིག་མེད་ན་བོད་མི་ཕན་ཚུན་གོ་བརྡ་སྤྲོད་བྱེད་ཀྱི་ལག་ཆ་ཡག་ཤོོས་དེ་བརླགས་ཤིང་། གོ་བརྡ་མ་འཕྲོད་ན་འབྲེལ་བ་ཅི་ལྟར་བྱེད། འབྲེལ་བ་མེད་ན་བོད་མི་ནང་ཁུལ་མཐུན་སྒྲིལ་དགོས་ཅེས་བ་ནི་སྒེར་གྱི་ཁེ་ཕན་ནམ་ཟློས་གར། ཁ་གཡང་ངམ་ཞལ་འདོན་ལས་དོན་སྙིང་སྟོང་ཞིང་། བོད་ལ་སེམས་ཤུགས་ཡོད་མཁན་ཞིག་ཡིན་ན་བཀའ་ཤག་གསར་བའི་སྒོ་རུ་ངོ་རྒོལ་གྱི་སྐད་འབོད་བྱེད་དགོས་ཏེ། བོད་ཀྱི་མདུན་ལམ་ནི་བློ་སེང་ཁོ་ནར་བདག་པ་མ་ཡིན་པས་ཡིན། མ་གཞི་བོད་ཡིག་སྣང་མེད་འཇོག་མཁན་ནི་བློ་སེང་གཅིག་བུ་མིན་པ་རྫེ་གཙུན་པད་མ་སོོགས་ཕྱི་ཡིག་ཁོ་ནའི་སྟེང་ཅུང་སློབ་སྦྱོང་ཐོབ་པའི་གནད་ཡོད་མི་སྣ་མི་ཉུང་བ་ཞིག་ཚུད་ཡོད། དེ་དག་གི་རྐྱེན་གྱིས་གཞི་ཆགས་ཁྲོད་བོད་ཡིག་སྒང་རང་རྐང་ཐུབ་མཁན་ཧ་ཅང་ཉུང་ལ། ད་ནས་ལོ་རྒོལ་མ་གནང་ན་མ་འོངས་བར་རང་ཡིག་རྨོངས་བའི་གྲངས་འབོར་མང་དུ་འགྲོ་ངེས་ཏེ། མང་དུ་ཕྱིན་ན་ཁོང་ཚོའི་རྒྱབ་དཔུང་ཐུག་ཏུ་འགྲོ་བས་རང་ཡིག་རྨོངས་བའི་བོད་མི་རྣམས་ཀྱིས་རང་ཉེས་འགོག་ཆེད་ཕྱི་ཡིག་ཁོ་ནར་རིན་ཐང་སྤྲད་སྲིད་ལ། དེ་ལྟར་སྤྲད་པ་ཡིན་ན་་བོད་ཡིག་པ་དང་ཕྱི་ཡིག་པའི་བར་དུ་འཐབ་འཛིང་འབྱུང་ངེས་རེད། དེ་ལྟར་བྱུང་ན་ཕྱི་ཡི་གནོད་ཤུགས་མི་དགོས་བར་ནང་གི་གནོད་ཤུགས་ཀྱིས་བོད་ཡིག་རྩ་མེད་བཏང་ངེས་རེད། བོད་ཡིག་ལགས། ཁྱེད་ནི་ཅི་འདྲའི་ཐབས་སྐྱོོ་བ་ལ། གཞན་མི་ལྟ་ཅི། རང་མིས་ཀྱང་རིན་ཐང་སྤྲད་ཀྱི་མི་འདུག རིན་ཐང་མ་སྤྲད་ན་ཆོོག་ཀྱང་གནོད་ཤུགས་ནི་བཟོད་མེད་ཀྱི་གནས་རེད། འདི་ནི་ཁྱེད་གཅིག་བུར་མཐོང་ཆུང་བཏང་བ་མ་ཡིན་པ་ཁྱེད་བེད་སྤྱོད་བཏང་མཁན་ཀུན་གྱི་མི་མང་ཀུན་ལ་ཡིན་ཞིང་། བཏང་དགོས་དོན་ཡང་ཁྱེད་ཀྱི་དོོ་བདག་གངས་ཅན་པ་ཡོངས་ཀྱི་རིན་ཐང་ཉམས་པས་རེད། གཞན་མི་ལྟ་ཅི། རང་མིས་རང་ལ་རིན་ཐང་སྤྲད་ཀྱི་མི་འདུག ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཡང་གཙོ་བོ་རང་མིའི་ཆེད་དུ་མིན་པ་ཕྱི་གླིང་གི་ཆེད་དུ་རེད། སྐྱོན་མི་འདུག ཕྱི་གླིང་བར་དམིགས་ནས་འབྲི་དགོས་ཤིང་ཕྱི་གླིང་བར་བོད་ཀྱི་གནས་སྟངས་ངོ་སྤྲོད་བྱེད་ཀྱང་། དེང་དུས་ཀྱི་བླ་ཆེན་མི་ཉུང་བ་ཞིག་གི་ལོ་རྒྱུས་ཅི་འདོད་དུ་དབྱིན་ཡིག་ནང་ཡོད་ལ། བོད་ཡིག་ནང་མེད། བོད་ཡིག་ནང་ཡོང་བར་ཐབས་ཤེས་ཀྱང་བཏང་གི་མི་འདུག གཅིག་བྱས་ན། དེང་དུས་ཀྱི་གདུལ་བྱ་ནུབ་ཕྱོགས་སུ་ཡོད་པས་ཡིན་སྲིད། འོན་ཀྱང་། སེང་གེ་བཀའ་ཤག་གིས་ཅི་ཕྱིར་བོད་ཡིག་ལ་གལ་ཆེན་མི་འཛིན་པ་རེད། ངས་ཅི་ལྟར་བསམ་ཡང་དོོན་རྟོགས་ཀྱི་མི་འདུག གལ་སྲིད། སེང་གེས་བོད་ཡིག་གི་ཚབ་ཏུ་དབྱིན་ཡིག་སྦྱང་དུ་བཅུག་པ་བདེན་ན། ནམ་ཡང་ངོ་རྒོལ་ཡོད། ཁོང་བོད་ཡིག་གི་དགྲ་བོར་མི་འགྱུར་བ་སྨོན།
ཁ་ནས་སྐད་རིགས་འདྲེས་མའི་གཏམ་ཞིག་འཆད།
ཁོག་ནས་གཡོ་སྒྱུ་འདྲེས་མའི་ཇུས་ཤིང་བཀོད།
ཁ་དང་ཁོག་པ་གཉིས་ཀར་ལྷད་འདྲེས་ཅན།
རྡ་སའི་དཔོན་ངན་རྣམས་ལ་སྐྱུག་རེ་བྲོ།།
ཁ་ནས་རྒྱུ་འབྲས་ཟེར་བའི་ཆོས་ཤིག་འཆད།
ཁོག་ནས་ལྐོག་ཟ་བྱེད་པའི་ཇུས་ཤིག་བཀོད།
ཁ་དང་ཁོག་པ་གཉིས་ཀ་མི་མཐུན་པའི།
རྡ་སའི་དཔོན་ངན་མཐོང་དུས་སྐྱུག་རེ་བྲོ།།
ཁ་ནས་བོད་ཀྱི་སྐད་དང་རིག་གཞུང་བཤད།
ཁོག་ནས་བོད་ཡིག་གསོད་པའི་ཇུས་ཤིག་བཏོན།
ཁ་དང་ཁོག་པ་གཉིས་ཀ་མི་མཐུན་པའི།
རྡ་སའི་དཔོན་ངན་གོ་དུས་སྐྱུག་རེ་བྲོ།།
ཁ་ནས་མི་རིགས་ངོ་བོ་སྲུང་དགོས་འཆད།
ཁོག་ནས་མི་རིགས་གསོད་པའི་ལམ་ཞིག་འཚོལ།
ཁ་དང་ཁོག་པ་གཉིས་ཀ་མི་མཐུན་པའི།
རྡ་སའི་དཔོན་ངན་ཟེར་དུས་སྐྱུག་རེ་བྲོ།།
ཁ་ནས་ཆིག་སྒྲིལ་དགོས་ཅེས་འུར་ཞིག་བརྒྱབ།
ཁོག་ནས་སྐད་ཡིག་ཆིག་སྒྲིལ་གསོད་བརྩིས་བྱེད།
ཁ་དང་ཁོག་པ་གཉིས་ཀ་མི་མཐུན་པའི།
རྡ་སའི་དཔོན་ངན་གླེང་དུས་སྐྱུག་རེ་བྲོ།།
སྤྱི་འཐུས་གྲོས་ཚོགས་ནས་ཤེས་རིག་གི་སྲིད་ཇུས་དེར་གྲོས་བསྡུར་ལྷན་ཚོགས་ཤིག་གང་མགྱོགས་མ་སྐོང་བ་ཡིན་ན་ང་ཚོས་གངས་ཅན་སྐྱིད་གཞོང་ནས་སྐད་འབོད་བྱེད་ངེས་ཡིན།
བཀའ་ཤག་དང་གྲོས་ཚོགས་ངོ་མ་ཚ་ན་ང་ཚོ་ངོ་ཚ་དགོས་དོན་མེད། བཀའ་སྤྱི་གཉིས་ནས་དོན་དག་དེ་ངེས་པར་གྱིས།
བདེན་པ་ལ་རྒྱབ་སྐྱོར་ཡོད
བདེན་པ་རེད།རྡ་སའི་སྟེང་འོག་གི་སྲང་ལམ་སོགས་སུ་ངོ་རྒོལ་གྱི་ཡི་གེ་སྦྱར་ནས་ངོ་རྒོལ་སྐད་འབོད་བྱེད་དགོས།
སྲིད་སྐྱོང་གཞིས་ཆགས་ཕྲུ་གུ་ཞིག་ཡིན་པའི་ཆ་ནས་བོད་ཡིག་ལ་དོ་སྣང་ཆེན་པོ་མེ་དཔ་དེ་ཡ་མཚན་འོས་པ་ཞིག་མ་རེད། རྒྱལ་བ་རིན་པོ་ཆེ་ལྟ་བུ་ཡིན་ན་ཡང་བཙན་བྱོལ་ཕེབས་ཚུན་ནས་བོད་ཡིག་གི་སྟེང་དུ་ཤོག་ལྡེབས་བརྒྱ་ཁ་ལོངས་པ་ཞིག་ཀྱང་བརྩམས་ཆོས་གནང་མི་འདུག སུམ་ཅུ་དུས་དྲན་གྱི་གསུང་འཕྲིན་དེ་ཚོ་མ་གཏོགས་པའི་བོད་ཡིག་གི་སྟེང་དུ་རྩོམ་ཁ་ཤས་ཤིག་ཡོད་པ་དེ་ནི་སྤྲུལ་སྐུ་མྱུར་འབྱོན་དང་། བླ་མ་ཞབས་བརྟན། བསྟན་རྒྱས་སྨོན་ལམ། ཆོས་སྐྱོང་ཕྲིན་སྐུལ་ལྟ་བུ་མཛུབ་རྩེར་བགྲང་རྒྱུ་ཞིག་ལས་ཅི་གང་ཡང་མི་འདུག སྔོན་མ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཟེར་བའི་བོད་སྐད་རང་རྐང་ཚུགས་པ་ཞིག་ཀྱང་འབྲི་མ་ཐུབ་པའི་དེབ་དེ་རང་རྣམ་ངོ་མ་ཡིན་པ་ལྟར་དུ་བྱས་ཡོད་པ་རེད། ཡིན་ན་ཡང་། དེ་ཡང་ཐོག་མར་དབྱིན་ཡིག་ཏུ་སྟེང་དུ་ཡོད་པ་དེ་བོད་ཡིག་སྟེང་དུ་ཚུར་ཐེབས་ཆག་ཅིག་བསྒྱུར་བ་རེད་ཟེར་གྱིན་འདུག རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་ཚང་མའི་ནང་ནས་དགུང་ལོ་མཐོན་པོར་བཞུགས་པའི་ཆ་ནས་ལྟོས་ས་ལྟོས་འཇོག་གིས་བསྡུར་ན་གསུང་རྩོམ་ཉུང་ཤོས་དེ་རེད་འདུག
སྲིད་བློན་ནེ་རུ་བཀའ་དྲིན་ཅན་དེ་གཅིག་པོའི་བཀའ་དྲིན་ལ་བརྟེན་ནས་བོད་ཕྲུག་ཚོར་སློབ་གྲྭ་ཐེབས་ཆག་འདི་ཚོ་འཛུགས་ཐུབ་འདུག་མ་གཏོགས་ང་ཚོའི་མི་འདི་ཚོས་ཆོས་རྩོད་འདྲ་བརྒྱབ་ནས་འདུག་འདུག་ས་རེད།
་་་་ སྔོན་མ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཟེར་བའི་བོད་སྐད་རང་རྐང་ཚུགས་པ་ཞིག་ཀྱང་འབྲི་མ་ཐུབ་པའི་དེབ་དེ་རང་རྣམ་ངོ་མ་ཡིན་པ་ལྟར་དུ་བྱས་ཡོད་པ་རེད། ཡིན་ན་ཡང་། དེ་ཡང་ཐོག་མར་དབྱིན་ཡིག་ཏུ་སྟེང་དུ་ཡོད་པ་དེ་བོད་ཡིག་སྟེང་དུ་ཚུར་ཐེབས་ཆག་ཅིག་བསྒྱུར་བ་རེད་ཟེར་གྱིན་འདུག ་་་་ཟེར།
སྤོབས་མཐའ་འདི་ད་སྤོབས་པ་ཆེ་རུ་ཆེ་རུ་འགྲོ་བཞིན་འདུག ཁ་སྔོན་རྩོམ་ཞིག་གི་ནང་དུ་་་སྤྲུལ་སྐུའི་བཟོ་གྲྭ་གཉིས་ཡོད་ཟེར། གཅིག་དེ་རྒྱ་ནག་རེད་ཟེར། གཅིག་དེ་ད་ལྟ་ཞུ་ཐུབ་ས་མི་འདུག་ཟེར། ད་ཕལ་ཆེར་ཞུ་ཐུབ་ས་རེད་བསམ་པའི། གསུང་རོགས་གནོང་དང། བཙན་བྱོལ་སྒྲིགས་འཛུགས་འདི་དང་བཀའ་ཤག་ནི་ཕྱི་གསལ་ནང་གསལ་ཡིན་གསུང་གི་ཡོད་རེད། བྱས་ཙང་ང་ཚོ་ཞབས་་འབངས་པ་རྣམས་ཀྱང་ཕྱི་གསལ་ནང་གསལ་བྱས་ན་མ་རེད་པས།
དྲང་པོར་བཤད་ན་སྲིད་སྐྱོང་འདི་ལ་ང་ནི་ཅུང་ཟད་དགའ། འདིའི་བོད་ཡིག་ཡར་རྒྱས་ཚོ་ཞེད་པོ་བཏང་ཡོང་གི་རེད་བསམ་པ་གང་ཡང་མེད། ཡིན་ན་ཡང་། སྔོན་མའི་བླ་རྒན་ཚོ་ལ་བསྡུར་ན་ཕར་བལྟ་ས་བདེ་པོ་ཞིག་འདུག སྔོན་དུས་སུ་བླ་རྒན་ཚོས་གཟན་ཤམ་འདྲ་ཞིག་གྱོན་ནས་ཆབ་སྲིད་པའི་མིང་འདྲ་ཞིག་ཁྱེར་ནས་འགྲོ་ཁུལ་བྱེད་པ་དེ་མིག་གིས་མཐོང་ཡོང་དུས་ནས་རྣམ་རྟོག་ལངས་ཡོང་གི། ཟམ་གདོང་རིན་པོ་ཆེའི་དབྱིན་སྐད་ཐེབས་ཆག་རྒྱ་གར་དབྱིན་སྐད་ཀྱི་སྒྲ་གདངས་ཅན་དེ་ཧ་ཅང་བཙོག རྒྱལ་བ་རིན་པོ་ཆེས་དབྱིན་སྐད་ཀྱང་ཡག་པོ་ཞིག་མི་ཕོག རྒྱལ་བ་རིན་པོ་ཆེའི་དབྱིན་སྐད་བདེ་པོ་མེད་སྟབས་ཁོ་རང་གིས་གསུངས་པ་དེ་གསར་འགོད་པས་གོ་བ་ལོག་པ་བླངས་ནས་གནས་ཚུལ་མ་དག་པ་སྤེལ་བ་ཧ་ཅང་མང་པོ་རེད། དེང་སང་སྲིད་སྐྱོང་ཕོ་གསར་འདི་ཚགས་པར་ཞིག་གི་སྟེང་ལ་བཀོད་ན་རེད། བརྙན་འཕྲིན་ནང་ལ་བསྟན་ན་རེད། གསར་འགོད་བཅར་འདྲི་ཞིག་བྱས་ན་རེད། ཕར་བལྟས་དུས་ལོ་ན་གཞོན་པ། གྱོན་ཆས་གྲ་དག དབྱིན་སྐད་བདེ་པོ། ཅིག་ལོས་ཡིན་བསམ་བསམ་ཞིག་འདུག ཁར་སང་ཁེ་ཉིན་དམངས་གཙོ་དང་བཙན་བྱོལ་གཉིས་འགལ་བ་རེད་ཟེར་བ་དེ་ཐོས་དུས་ལོས་བདེན་བསམ་ནས་དད་པ་འདྲ་ཞིག་སྐྱེས་སོང་། རྒྱལ་ཁབ་མེད་ས་ན་དམངས་གཙོ་ཞིག་སུས་སུ་ལ་སྤྲོད།
ནུབ་ཕྱོགས་པའི་བཤད་སྲོལ་བྱས་ན་ཆབ་སྲིད་ཡོང་ཁུངས་ཁྱིམ་ཚང་རེད་ཅེས་ཟེར། བཙན་བྱོལ་བོད་མི་རྣམས་ཀྱང་ཆུང་ཆུང་ཞིག་ཡིན་ནའང་ཁྱིམ་ཚང་ཞིག་ལས་ཏོག་ཙམ་ཆེ་བ་རེད། དེར་བརྟེན་ཚོགས་སྡེ་འདི་ལ་ཆབ་སྲིད་ཤིག་དགོས་པ་དང་། ཆབ་སྲིད་དེ་ཡང་བཀའ་བཀོད་རྒྱུད་འཛིན་གྱི་སྲིད་དབང་སྒེར་གཅོད་ལམ་ལུགས་ཡོད་ཆོག་ན་དམངས་གཙོ་ཅིའི་ཕྱིར་ཡོད་མི་ཆོག་གམ།
དམངས་གཙོ་དང་བཙན་བྱོལ་འགལ་ཟེར་བ་ནི་བདེན་གཏམ་སྤུ་ཙམ་མེད་པའི་སྐད་ཆ་ཞིག་རེད། དམངས་གཙོའི་རྒྱལ་ཁབ་ཁག་གི་ནང་དུ་སྐྱབས་བཅོལ་བསྡད་ནས་དམར་ཕྱོགས་སྲིད་དབང་གཅིག་བསྡུ་རིང་ལུགས་འཛུགས་དགོས་ན་དཀའ་ལས་ཁག་པོ་རེད་བ།
བཙན་བྱོལ་དང་དམངས་གཙོ་འགལ། བཙན་བྱོལ་དང་བོད་ཡིག་འགལ་ཟེར་ནས་གསུང་ན་་ཧཧཧ བཙན་བྱོལ་དང་དམར་ཕྱོགས་མཐུན། བཙན་བྱོལ་དང་རྒྱ་ཡིག་མཐུན་ཞེས་བཤད་ན་་་ཧཧ
ཅོ་རི་ཉི་མ། དོན་དངོས་ཡོད་བཤད་ན་བཙན་བྱོལ་དང་བོད་ཡིག་འགལ་ཡོད་པ་དེ་རྒུད་པ་ཀུན་གྱི་སྒོ་རུ་གྱུར་ཡོད་པ་ཁྱོད་ཀྱིས་ད་དུང་ཡང་མ་གོ་བ་དེ་ཡ་མཚན། བཙན་བྱོལ་དང་དམངས་གཙོ་འགལ་ཡོད་དང་ཡོད། རྒྱལ་ཁབ་མེད་ས་ན་དམངས་གཙོ་སུས་སུ་ལ་སྤྲོད་དགོས་པ་རེད། སུས་སུ་བདམ་དགོས་པ་རེད། བོད་ཀྱི་དཔོན་པོ་སྐུ་ཞབས་རག་རྡིས་དང་སྐུ་ཞབས་པདྨ་ཕྲིན་ལས་སོགས་ཁྱོད་ཀྱིས་བདམས་པ་ཡིན་པས། ཞི་ཅིན་ཕེན་ཁྱོད་ཀྱིས་བདམ་པ་ཡིན་པས། ངས་སྲིད་སྐྱོང་ཕོ་གསར་ལ་རྒྱབ་སྐྱོར་བྱེད་ཀྱིན་མེད། ངས་སྲིད་སྐྱོང་འདིས་བོད་ཡིག་ཡར་རྒྱས་ཆེན་པོ་གཏོང་གི་རེད་བསམ་པའི་ཡིད་ཆེས་གང་ཡང་མེད།
དམངས་གཙོའི་ལམ་ལུགས་ཡོད་ན་རྒྱལ་ཁབ་རང་བཙན་དགོས་པ་རེད་དམ། དམངས་གཙོ་དང་ཁྱིམ་ཚང་འགལ་བ་རེད་དམ། བཙན་བྱོལ་དང་དམངས་གཙོ་དམངས་འགལ་ཟེར་དུས་གཉིས་ཀ་ཡིན་པ་ཞིག་མེད་ཟེར་གྱི་ཡོད་དམ། ཧཧ བཙན་བྱོལ་དང་དམར་ཕྱོགས་མཐུན་ནམ།
བཙན་བྱོལ་དང་དམངས་གཙོ་འགལ་ཟེར་ནས་ཡག་ཉེས་ཅི་ཞིག་བྱེད་འདོད་པ་ཡིན་ནམ། སོ་སོར་དམངས་གཙོ་ལམ་ནས་ཡར་བཙན་བྱོལ་བའི་དཔོན་པོ་ཆགས་ཚར་དུས་དམངས་གཙོ་རྩ་མེད་བཟོ་འདོད་པ་ཡིན་ནམ། ངོ་མ་ཅི་བཤད་འདི་བཤད་མེད་པ་རང་རེད།
བཙན་བྱོལ་ན་དམངས་གཙོ་དམར་ཤོག་ཟེར་བ་ཞིག་བདམ་དབང་ཡོད་པ་མ་རེད། ལས་ངན་པའི་རྣམ་པར་སྨིན་པས་གང་ཞིག་ལ་འཕངས་ས་དེའི་ཡུལ་ཆུ་འཐུང་ནས་ཡུལ་ཁྲིམས་ཁུར་ནས་འགྲོ་རྒྱུ་རེད། རྒྱ་གར་གྱི་སྲིད་འཛིན་སྐུ་ཞབས་ཁྱོད་ཀྱིས་བདམས་ཡོད་མེད་ལ་བསམ་བློ་ཞིག་ཐོངས་དང་། སྐུ་ཞབས་ཅོ་རུ་ལགས།
བཙན་བྱོལ་དང་བོད་ཡིག་འགལ་ན་བཙན་བྱོལ་དང་བོད་མི་ཅིའི་ཕྱིར་མི་འགལ། བཙན་བྱོལ་དང་བོད་རྒྱུད་ནང་བསྟན་འགལ་རེད་དམ། བཙན་བྱོལ་དང་བོད་ཀྱི་རིག་གཞུང་འགལ་བ་རེད་དམ།་་་་ཧཧཧ་་་ཁུངས་ལུང་ཡོད་པའི་ལན་རེ་ཡོད་ན་ཉན་འདོད་ཆེན་པོ་ཡོད།
འཛམ་གླིང་ཐོག་ཏུ་ཡུལ་ཆུ་འཐུང་སའི་ཡུལ་གྱི་དམངས་གཙོའི་ཁྲིམས་ལུགས་ཁུར་དགོས་དུས་དམངས་གཙོ་དང་འགལ་དོན་མེད་པ་རེད་འདོད། རྒྱ་གར་བའི་ཡུལ་ཁྲིམས་ཁུར་དགོས་དུས་བཙན་བྱོལ་སྒྲིག་འཛུགས་ལ་དམངས་གཙོའི་ལམ་ལུགས་ཡོད་མི་ཆོག་པ་རེད་དམ།་་་སྤོབས་མཐའ་ལགས།
ཅོ་རི། བཙན་བྱོལ་དང་བོད་ཀྱི་རིག་གཞུང་འགལ་ཡོད་པ་འདྲ། བོད་རང་བཙན་ཤོར་ནས་བཟུང་དེ་ཚོ་ཉམས་རྒུད་དུ་སོང་འདུག་ཟེར་གི་འདུག བོད་ཀྱི་རང་དབང་བསྐྱར་གསོ་བྱུང་ན་བོད་ཀྱི་རིག་གཞུང་རྒྱུན་འཛིན་དར་སྤེལ་ལས་སླ་བ་ཡོད་ངེས།
བཙན་བྱོལ་བོད་མི་ལ་དམངས་གཙོ་ཟེར་བ་ཞིག་མེད། དམངས་གཙོའི་ཁྲིམས་ལུགས་མ་ཁུར་ན་བཙན་བྱོལ་བོད་མིས་ག་རེ་བྱེད་ཀྱི་རེད། དམངས་གཙོ་ཟེར་བ་དེ་ཁྲིམས་ཀྱིས་སྟངས་འཛིན་བྱེད་དགོས་པ་རེད། བཙན་བྱོལ་གྱི་དམངས་གཙོ་ཟེར་བ་དེ་བྱིས་པས་རྩེད་མོ་བརྩེས་པ་ཙམ་རེད། ང་ཨ་ཕ་ཡིན་ཁུལ་བྱས། ཁྱོད་ཨ་མ་ཡིན་ཁུལ་བྱས། རྡོ་ལེབ་ལེབ་འདི་ཇ་བསྐོལ་སྣོད་ཡིན་ཁུལ་བྱས་ཟེར་ནས་བྱིས་པ་ཚོ་རྩེད་མོ་རྩེད་གི་ཡོད་པ།
སྤོབས་པ་ལགས། བཙན་བྱོལ་བོད་ཀྱི་དམངས་གཙོ་འདི་ཕྲུ་གུའི་རྩེད་མོ་འདྲ་བ་ཞིག་རེད་གསུངས་ཀྱི་ཡོད་དམ།་་་ངོ་མ་འདྲ་པོ་གསུངས་ཡོང་གི་འདུག་ག་་་ཧཧ་
སེང་གེས་བཙན་བྱོལ་དང་དམངས་གཙོ་འགལ་གསུངས་པ་ཡང་དོན་དག་དབུ་ཁྲིད་གཅིག་གི་འོག་ཏུ་ཤར་སྐྱོད་བྱེད་དགོས་པས་འགལ་བ་རེད་ཅེས་གསུངས་འདུག དོན་དག་ངོ་མ་བཙན་བྱོལ་བའི་དམངས་གཙོ་འདི་ཕྲུ་གུའི་རྩེད་མོ་འདྲ་ཞིག་རེད་ཅེས་པའི་དོན་དག་རེད། ཁ་གསལ་ནས་གསུངས་ཕོད་ཀྱི་མེད་པར་འདྲ།་་་ཧཧ ཁྱེད་ཀྱིས་གསུང་ཕོད་ན་གསུང་རོགས་བྱོས།
ཡ་ཡ། ཅོ་རི་ལགས། ཁྱེད་མཁས་པ་རེད། ཁྱེད་ཀྱིས་མཁྱེན་གྱི་ཡོད་པ་རེད། ངས་རྗེས་སུ་ཞིབ་འཇུག་བྱས་ནས་དེ་ནས་ངེད་གཉིས་བགྲོ་གླེང་བྱེད། ངས་ནི་སྲིད་སྐྱོང་འདི་ཕར་བལྟས་ན་སྔོན་མའི་བླ་རྒན་དེ་ཚོས་ཆབ་སྲིད་ཀྱི་སྟེགས་བུར་བཞུགས་པ་དང་བསྡུར་ན་མིག་ལ་འགྲོ་བོ་འདྲ་ཞིག་འདུག་ཟེར་བཞིན་ཡོད་པ་མ་གཏོགས་འདིའི་བོད་ཡིག་ཡར་རྒྱས་གཏོང་གི་རེད་བསམ་བསམ་གྱི་རེ་བ་འདྲ་གང་ཡང་མེད།
ལོ་ཤས་སྔོན་ལ་ང་ཚོས་བྱིས་པ་རྩེད་མོ་སྐྱིད་པོ་བརྩེས་བསྡད་པ་དྲན་གྱི་འདུག་གམ། ལ་ལ་ཞིག་གིས་ངས་ཁྱོད་ཚོ་ལ་དམངས་གཙོ་སྤྲོད་གི་ཡིན་ལབ་ཁུལ་བྱས། ལ་ལ་ཞིག་གིས་བཀའ་དྲིན་ཅན་དེས་ང་ཚོ་ལ་དམངས་གཙོ་གནང་བྱུང་ཟེར་ནས་བསྟོད་གླུ་མང་པོ་བླངས་བ་ཡིན་པ། ཨོ་ད་དེ་ཚོ་བྱིས་པའི་རྩེད་ར་ནང་གི་དམངས་གཙོ་དེ་རེད་མ་གཏོགས་ཡུལ་ལུང་པ་ཞིག་སྐྱོང་ཐུབ་པའི་དམངས་གཙོ་ངོ་མ་དེ་མ་རེད།
ད་བར་དུ་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་རིམ་པར་བྱས་པའི་རྒྱུ་མཚན་གཅིག་ནི་བོད་ཀྱི་སྐད་ཡིག་ཉམས་ཉེས་དང་རྡོག་རོལ་ཁྱད་གསོད་བཏང་བ་ལ་བརྟེན་ནས་བྱུང་བ་ཅིག་ཡིན།
གལ་སྲིད་སུས་བོད་མི་རིགས་ཀྱི་སྐད་ཡིག་རིགས་གནས་ལ་མཐོང་ཆུང་དམའ་འབེབ་བྱས་པ་ཡིན་ན་བོད་མི་ཚོས་དེ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ངེས་རེད།
བོད་མི་རིགས་ཀྱི་སྐད་ཡིག་རིགས་གནས་ལ་མཐོང་ཆུང་དམའ་འབེབ་བྱེད་མཁན་ཞིག་ཡིན་ཕྱིན་རྡ་ས་དང་པེ་ཅིང་ལ་ཁྱད་པར་མེད། གུང་ཁྲན་ཏང་ཡིནནའང་འདྲ། བཙན་བྱོལ་གཞུང་ཡིན་ནའང་འདྲ། ངོ་རྒོལ་བྱེད་རྐྱང་ཡིན།
དངོས་གནས་བདེན་པ་རེད་དམ། བཙན་བྱོལ་དང་མང་གཙོོ་གཉིས་འགལ་བ་རེད་ཅེས་གསུངས་ཀྱི་ཡོད་ན་བློ་ཡུལ་དུ་འདས་བས་དངོས་ཡོད་ཀྱི་བདེད་དཔང་ཡོད་ན་འགོད་པར་བཀའ་དྲིན་ཞུ། དམངས་གཙོའི་རྩ་བ་ནི་མི་མང་གིས་རང་གི་དབུ་ཁྲིད་གདམས་པའི་ལམ་ལུགས་ལ་གོ་ཞིང་དེ་ལ་ས་ཆ་ཡོད་མེད་ཀྱི་འབྲེལ་བ་མེད།
སྤོབས་མཐས་བཤད་ཚུལ་ལ་བལྟས་ན། དམངས་གཙོ་བའི་དབུ་ཁྲིད་པ་ཞིག་ཡིན་ན། རྒྱ་ལྭ་གོན་ནས་དབྱིན་སྐད་ཡག་པོ་ཅིག་བཤད་མ་ཤེས་ན་སྤོབས་པ་འདིས་མྱི་ས་ལ་འཇོག་ས་མ་རེད། སྤོབས་པ་འདི་མོ་ཅན་གི་མྱི་འདྲ་ཡོད་ཟིག་གི། སྐྱག་སྤྱད་ལ།
ངོ་ཚ་མི་དགོས་སར་ངོ་ཚ། ཁ་སྐྱེངས་མི་དགོས་སར་ཁ་སྐྱེངས། ང་བརྒྱད་མགོ་ལ་མ་ཤར་བའི་ཁ་རྒོད་འདི་ཚོ་ལ་ཉན་རྒྱུ་འདུག།
༤༠༽ སྤོབས་པ་མཐའ་ཡས་ནས།
་་་་་ སྔོན་མ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཟེར་བའི་བོད་སྐད་རང་རྐང་ཚུགས་པ་ཞིག་ཀྱང་འབྲི་མ་ཐུབ་པའི་དེབ་དེ་རང་རྣམ་ངོ་མ་ཡིན་པ་ལྟར་དུ་བྱས་ཡོད་པ་རེད། ཡིན་ན་ཡང་། དེ་ཡང་ཐོག་མར་དབྱིན་ཡིག་ཏུ་སྟེང་དུ་ཡོད་པ་དེ་བོད་ཡིག་སྟེང་དུ་ཚུར་ཐེབས་ཆག་ཅིག་བསྒྱུར་བ་རེད་ཟེར་གྱིན་འདུག རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་ཚང་མའི་ནང་ནས་དགུང་ལོ་མཐོན་པོར་བཞུགས་པའི་ཆ་ནས་ལྟོས་ས་ལྟོས་འཇོག་གིས་བསྡུར་ན་གསུང་རྩོམ་ཉུང་ཤོས་དེ་རེད་འདུག ་་་་ཟེར་བ་ལ།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
རང་རྣམ། ངོས་ཀྱི་ཡུལ་དང་། ངོས་ཀྱི་མི་མང་།
མཛད་པ་པོ། ཏྰ་ལའི་བླ་མ་བསྟན་འཛིན་རྒྱ་མཚོ།
་་་ ངེད་རང་གི་ལོ་རྒྱུས་དང་ཆབས་ཅིག་བོད་ཀྱི་བདེན་པའི་གནས་ལུགས་ཉུང་བསྡུས་ཤིག་ཚིག་དོན་གོ་བདེ་ཞིང་། ཕྱི་རྒྱལ་སྐད་ཏིག་ཏུ་བསྒྱུར་སླ་བའི་བརྗོད་ཐབས་གཙོ་བོར་བྱས་ཏེ་བྲིས་པ་འདི་དག་བོད་གཞུང་ཤེས་རིག་པར་ཁང་ནས་བོད་ཡིག་ཐོག་པར་བསྐྲུན་བགྱིད་སྐབས་བརྡ་སྤྲོད་ཆེད་བརྗོད་ཀྱི་ཚུལ་དུ། རྒྱ་གར་ཧི་མྰ་ཅལ་དྷ་རམ་ས་ལ་ནས། ཏྰ་ལའི་བླ་མས། ཕྱི་ལོ་ ༡༩༦༢ ཟླ་བ་བརྒྱད་པའི་ཚེས་ཉེར་དྲུག །བོད་རབ་ལོ་ ༩༣༦ ཆུ་སྟག་ཟླ་བ་དྲུག་པའི་ཚེས་ཉེར་ལྔ་བཟང་པོ་ལ།། །།
སྤོབས་མཐའ་ཟེར་བ་དེ། དུས་ནམ་ཡང་ཚོར་བའི་རྗེས་སུ་རྒྱུགས་མཁན་ལས། ཁོ་རང་ལ་དྲང་པོ་བཤད་པའི་རང་དབང་མེད་མཁན་ཞིག་རེད་འདུག མ་ཟད་ངས་གོ་མྱོང་ཐོས་མྱོང་རྐྱང་ལས་བློ་བསྐྱེད་གསར་པ་གང་ཡང་མི་འདུག་ བཀྲིས་བདེ་ལེགས། བདེ་མོས་བྱོས།
ད་ལྟ་རང་གནས་ཚུལ་ཐོན་པར་གཞིགས་ན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་བོད་རྒྱ་གྲོས་མོལ་མགྱོགས་པོ་བྱེད་འདོད་ཡོད་ཅེས་དང་། ད་ལྟའི་དུས་རབས་ཉེར་གཅིག་པ་འདི་ནི་གཅིག་གིས་གཅིས་ལ་གཉའ་གནོན་བྱེད་རྒྱུའི་དུས་རབས་ཤིག་མིན་པར་ངོས་འཛིན་ཡོད་པའི་ཐོག བོད་མི་རིགས་འདི་ཡང་རྒྱ་མི་རིགས་དང་གཅིག་མཚུངས་ཀྱི་ཐོབ་ཐང་འདྲ་མཉམ་ཡོད་དགོས་ངེས་ཤིག་ཏུ་མཐོང་གི་ཡོད་ཅེས་གསུངས་ཡོད་པ་རེད། ད་དུང་ཁོང་གིས་གསུང་དོན་འདས་ཟིན་པའི་ལོ་ངོ་ལྔ་བཅུ་ལྷག་གི་ཡར་སྔོན་དུ་ཀྲུང་དབྱངས་ནས་བོད་ཞི་བའི་གཅིང་གྲོལ་བཏང་བ་ནས་བཟུང་བོད་རྒྱ་མི་རིགས་དབར་ཕན་ཚུན་རོགས་རོམ་དང་གཅིག་ཕན་གཅིག་གྲོགས་མང་པོ་བྱུང་ཡོད་ལ། མ་འོངས་པར་ཡང་སྔོན་ལས་ལྷག་པའི་འཁྱམ་མཐུན་ལྡན་པའི་ཁྱིམ་ཚང་ཞིག་ཏུ་འགྱུར་བར་རེ་བཞིན་ཡོད་ཅེས་དང་། ཕྱིར་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླ་ཡོངས་རྫོགས་ཕྱིར་རང་ཡུལ་དུ་ཕེབས་པར་དགའ་བསུ་ཡོད་ལ། འཛམ་གླིང་ཡོངས་ཀྱིས་བརྩི་ཡུལ་༧གོང་ས་རྒྱལ་བ་རིན་པོ་ཆེ་ལ་བརྩི་འཇོག་ཡོད་ལ་ཁོང་གིས་བཏོན་པའི་གཉིས་ཕན་དབུ་མའི་ལམ་ལ་མོས་མཐུན་ཡོད་པ་མ་ཟད་མི་རིགས་གཉིས་ཀར་ཕན་ཐོག་ཡོད་པ་ཞིག་ལ་ངོས་འཛིན་གྱི་ཡོད་ཅེས་གསུངས། གནས་ཚུལ་འདི་ཤིང་ཧ་གསར་ཁང་ནས་ 2013 ཟླ་བདུན་པའི་ཚེས་ 10 ཉིན་ཐོན་པ་ཞིག་རེད་འདུག
༦༢༽ བན་དེ་བ་ལགས་ཀྱིས། བཀྲ་ཤིས་པའི་གནས་ཚུལ་གསུངས་པ་འདི་ལ་ལ། ཁ་གསལ་དུ་རྒྱ་སྐད་ཤེས་མཁན་ཚོས་གནང་རོགས་གནོངས། ཞུའོ།།
བན་དེ་ཟེར་བ་འདིས་རྫུན་བཤད་ག་རེ་གནང་གི་ཡོད་པ་རེད། བོོད་དོན་ཐོག་རྒྱ་དཔོན་མཐོ་ཤོས་ཡུ་དྲིན་སྲིན་གྱིས་ཉེར་འཆར་དབུ་མ་དང་རྒྱ་བ་རིན་པོ་ཆེ་ལ་དགག་པ་གནང་འདུག དོན་དངོས་ཡིན་ན་གནས་ཚུལ་འབྱུང་ཁུང་གི་འབྲེལ་ཐག་སྟོན་རོགས་གནང་། དེ་མིན་ན་རྫུན་བཤད་གནང་དགོས་བའི་རྒྱུ་མཚན་གསུངས་རོགས་ཞུ།
སྤོབས་མཆོག་ནི་གུས་བཀུར་འོས་བའི་རྩོམ་པ་པོ་ཞིག་ལ་ཕྲན་གྱིས་ངོས་འཛིིན་གནང་གི་ཡོད།
བན་དེ་བས་གནས་ཚུལ་འདི་འདིའི་སྔོན་སྐར་ཁ་ཤས་སྔོན་ལ་ངོ་དེབ་ཐོག་གི་དྲ་འབུ་ལྷ་སྲས་བསོད་ནམས་ཟེར་བ་དེས་ཞིན་ཅིན་ཕེའི་ཡི་པར་དང་མཉམ་དུ་གནས་ཚུལ་དེ་བཀོད་འདུག ཡིན་ཡང་ཁོ་རང་དུས་རྒྱུན་སྲང་ལམ་གྱི་གོ་ཐོས་ཡར་སྒྲིགས་མཁན་ཡིན་པས་གདེང་འཇོག་བྱེད་ཀྱི་མེད།ཕལ་ཆེར་བན་དེ་བས་ཀྱང་དེ་མཐོང་བ་ཡིན་སྲིད།
བཙན་གཞོང་གཅིག་པོ་གང་ང་ཡིན་། ཕ་མ་ཡི་སློབ་གསོ་མ་རྒྱབ། དགེན་ལགས་ལ་སློབ་སྦྱོང་མེད་། ད་དེའི་མོ་དུ་ཞིག་རེད་།
བཙན་གཞོང་གཅིག་པོ་གང་ང་ཡིན་། ཕ་མ་ཡི་སློབ་གསོ་མ་རྒྱབ། དགེན་ལགས་ལ་སློབ་སྦྱོང་མེད་། ད་དེའི་མོ་དུ་ཞིག་རེད་།
ཡང་སྤོབས་པས། ༼སྟོང་ཕྲག་བརྒྱད་ཅུ་ཟེར་བ་ལྟ་བུའི་བོད་ཀྱི་རྩོམ་པ་པོ་ཞིག་གིས་བརྩམས་ཆོས་སུ་གཏན་ནས་མཐོང་མ་མྱོང་བ་དེ་འདྲ་ཡང་མང་པོ་མཐོང་།༽ ཟེར། སྐྱབས་འགྲོ་བཏོན་མྱོང་ན། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས། ཡོན་ཏན་འཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་བ། ༼ཆོས་ཀྱི་ཕུང་པ་སྟོང་ཕྲག་བརྒྱད་ཅུ༽་རྩ་བཞི་འབྱུང་གནས་འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག་་་་་་་་་་ཟེར་ནས་ཡོད་པ་རེད་ཡ། ད་སྐྱབས་འགྲོ་ཡང་བཏོན་མ་མྱོང་མཁན་ཟིག་ཡིན་ས་རེད།
སྐྱབས་འགྲོ་དེ་བོད་ཀྱི་རྩོམ་པ་པོ་ཞིག་གིས་རྩོམ་པ་མ་ཡིན་ནམ། བོད་ཀྱི་རྩོམ་པ་པོ་ཟེར་ན་དམར་ཕྱོགས་པ་ཞིག་ཡིན་དགོས་ནི་འེ་རེད་ལགས།
ནང་ཆོས་ནང་ན་སྟོང་ཕྲག་བརྒྱ་་སོགས་པ་ཡོད་པ་དེ་ནི་སྐབས་དེའི་བསྒྱུར་གཞིའི་རྒྱ་གར་སྐད་ལས་ཐད་བསྒྱུར་བྱས་པ་རེད། བོད་ལ་གྲངས་གནས་དྲུག་ཅུའི་བར་དུ་བརྩི་རྒྱུ་ཡོད་པ་བཞིན་བོད་རང་སྐད་གཙང་མའི་རྩོམ་པོ་པོ་ཚང་མས་དེ་འབྲི་བཞིན་ཡོད་པ་རེད།
གྲངས་གནས་དྲུག་ཅུ་ཡང་རྒྱ་དཀར་པོའི་སྐད་ནས་བསྒྱུར་བ་མིན་ནམ། ལགས།
བོད་སྐད་རང་དུ་སྟོང་ཕྲག་བརྒྱད་ཅུ་ཡོད་ཙང་། ཆོས་ཀྱི་ཕུང་པ་སྟོང་ཕྲག་བརྒྱད་ཅུ་ཞེས་བསྒྱུར་ཐུབ་པ་བྱུང་བ་རེད་དོ།།
འཛམ་བུ་གླིང་ལ་མི་རིགས་མི་འདྲ་བ་མང་པོ་ཡོད། མི་རིགས་དེ་དང་དེ་ལ་ལུས་ངག་ཡིད་གསུམ་གྱི་སྟེང་ནས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སོ་སོ་ཡོད། བོད་ཀྱི་ཡུལ་ཁག་སོ་སོར་ལུས་ཀྱི་རྒྱན་ཆས་གྱོན་གོས་དང་། བྲོ་དང་གར་ཉམས་སོ་སོ། ངག་གི་ཆ་ནས་སྐད་ཡིག་དང་སྐད་རིགས་གཞན་དང་མི་འདྲ་བ། ཡིད་ཀྱི་གཤིས་ཀ་འཇམ་པ་དང་ལས་འབྲས་ལ་རྩི་མཁན། སྙིང་རྗེའི་རང་བཞིན་ཅན། མི་རིགས་ཤིག་བརྟན་པོར་གནས་དགོས་ན་དང་པོ་རང་གི་སྐད་ཡིག་དེ་གསོན་པོར་བརྟན་དགོས། ང་བོད་པ་ཡིན་བོད་པའི་སྐད་ཡིག་མི་གོ་ཟེར་བ་ནི་འཕྱ་སྨོད་ཀྱི་ཡུལ་ཡིན།