ཡིག་འབྲི་བ། གངས་དཀར་ཤ་མེད།
༢༠༡༢།༥།༡༢་ཉིན་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་ཚོར་མི་འགྲོའི་རོགས་པ་བྱེད་བཞིན་པའི་ཚོགས་སྐྱིད་ཁག་བཅུ་གཅིག་གིས་ཚོགས་འདུ་འཚོགས་ཏེ་ཚེ་རྡོར་མ་བུ་ཚོས་བལ་ཡུལ་བརྒྱུད་བོད་དུ་བསྐྱོད་རྒྱུའི་ཞི་བའི་འཐབ་རྩོད་ནི་ཧ་ཅང་གི་ཉེན་ཁ་ཆེ་བ་དང་། བློས་དཔོག་མི་ཐུབ་པའི་ལས་འགུལ་ཞིག་ཡིན་པས། ཨ་མ་ལྡོམ་པོ་སྐྱིད་ཀྱི་འཕྲོད་བསྟེན་སོགས་ཕྱོགས་གང་ཅིར་དགོངས་པ་བཞེས་ཏེ་རེ་ཞིག་ཕྱིར་འཐེན་ཡོང་བའི་འབོད་སྐུལ་ཞུས།
འདིའི་ཐད་ཚེ་བརྟན་རྡོ་རྗེ་ཡིས།
ཨ་མ་ན་ཚའི་དབང་གིས་དེ་རིང་ངེད་ཀྱིས་ཞི་བའི་གོམ་བགྲོད་བྱེད་ཐུབ་མེད་ཀྱང་ཞི་བའི་འཐབ་རྩོད་ནམ་ཡང་མཚམས་བཞག་མེད། ཞི་བའི་གོམ་བགྲོད་ནི་ཞི་བའི་འཐབ་རྩོད་ཀྱི་བྱེ་བྲག་ཡིན་པ་དང་། མགོ་བརྩམས་པའི་དམ་བཅའ་རྒྱུན་སྐྱོངས་བྱེད་རྒྱུ་ནི་ངེད་ཀྱི་སྲོག་ལ་བབ་ཀྱང་འོས་འགན་ཡིན་པས་ནམ་ཡང་ཕྱིར་འཐེན་ཟེར་བ་དེ་མེད། ཚོགས་སྐྱིད་༡༡་གིས་ད་སྔ་བར་རོགས་པ་གནང་བར་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་། དེ་ནི་ཚེ་བརྟན་རྡོ་རྗེ་དང་། ངའི་ནང་མི་ལ་རོགས་པ་བྱས་པ་ཞིག་མིན་པར་བོད་མི་རིགས་ཀྱི་འཐབ་རྩོད་ཆེད་རོགས་པ་བྱས་བ་ཡིན་པས་ངོས་འཛིན་གྱིས་ཚོགས་སྐྱིད་ཁག་གི་བླ་ན་མེད་པའི་རྒྱལ་ཞེན་དང་། རིགས་ཞེན། ཆོད་སེམས་བཅས་ལ་ནམ་ཡང་བསྔགས་བརྗོད་ཞུ་རྒྱུ་ཡིན། དེང་ཕྱིན་ཚོགས་སྐྱིད་ཁག་གིས་རོགས་པ་བྱེད་མ་ཐུབ་ཀྱང་། ད་སྔར་གང་བྱས་པ་དེ་ལ་ཐུགས་རྗེ་ཆེ་ཞུས་བའི་ཐོག་ནས་ང་གཅིག་བུ་ཡིན་ཀྱང་ཚེ་སྲོག་གཏའ་མར་བཞག་ནས་འཐབ་རྩོད་བྱེད་རྒྱུ་ཡིན། ཨ་མ་དང་ལྷ་མོ་སྐྱིད་གཉིས་ལ་ཚོགས་སྐྱིད་༡༡་གི་འབོད་སྐུལ་དེ་ཁྱོད་རང་ཚོས་ལབ་རོགས་བྱོས། ཁོ་ཚོ་ཕྱིར་འཐེན་བྱེད་མི་བྱེད་དེ་སོ་སོས་བསམ་བློ་གཏོང་རྒྱུ་རེད་ཟེར།
ཨ་མ་ལྡོམ་པོ་སྐྱིད་ལ་ཚོགས་སྐྱིད་༡༡་གིས་འབོད་སྐུལ་ཞུས་ཚུལ་བཤད་པར། ཁོ་མོས་འདི་ལྟར་ཟེར། ཐུགས་རྗེ་ཆེ། བཀའ་དྲིན་ཆེ། ངེད་ཚོར་རྒྱབ་སྐྱོར་གནང་མཁན་དང་སེམས་འཁུར་གནང་མཁན་ཚང་མ་ངོ་མ་ཡག་དཱ། ཚེ་བརྟན་རྡོ་རྗེ་གང་ཞིག་འགྲོ་ས་བར་ང་རང་འེ་ཐོན་ལྟ་ངེས་ཡིན། ང་རང་འགྲོ་མ་ཐུབ་ཚེ་ཁོ་རང་གིས་རྒྱབ་ལ་འཁུར་ནས་འགྲོ་རོགས་བྱོས་ལབ་ཡོད། ངའི་བུ་མོ་ལྷ་མོ་སྐྱིད་ལོ་ཆུང་ཆུང་རེད། ལོ་༢༠་ཟིན་ཡོད་པ་མ་རེད། ང་ལ་བུ་མོ་འདི་གཅིག་བུ་ཡིན། ངས་བུ་མོ་གཅིག་བུ་འདི་འཕྲོ་བརླག་ཏུ་གཏོང་ན་མི་འདོད་ཀི ཨ་ཁུ་ལོ་ལོ། སང་ཉིན་ཁྱེད་གཉིས་ཕྱིར་འགྲོ་ཁར་བུ་མོ་འདི་ངེས་པར་འཁྲིད་རོགས་བྱོས་ཟེར།
རྡ་ས་ནས་ཨ་ཕ་ཚེ་མགོན་གྱིས་ཁ་པར་སླེབས་ཏེ་མ་བུ་གསུམ་གྱི་གོམ་བགྲོད་ཕྱིར་འཐེན་ཡོང་བའི་རེ་སྐུལ་ཞུས། ཚེ་བརྟན་རྡོ་རྗེ་དང་ཨ་མ་གཉིས་ཀྱིས་ནམ་ཡང་ཕྱིར་འཐེན་མི་བྱེད་པས་དམ་བཅའ་གོ་རྗེས། འོ་ན་་བུ་མོ་ཕྱིར་ངེས་པར་དུ་ཐོངས་ཟེར། ཚེ་རྡོར་གྱིས། ཨ་མ་དང་ངེད་གཉིས་ཀྱིས་བུ་མོ་ནམ་ཡང་བཀག་ཡོད་པ་མ་རེད། ནམ་ཡང་ཁྲིད་ཡོད་པ་མ་རེད། བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་ཆེད་དུ་སོ་སོས་དང་བླངས་བྱས་ནས་ཡོང་བ་རེད། ནང་མི་གཅིག་གི་སྐད་ཆ་མ་རེད། མོ་རང་ནམ་ཡང་ཕྱིར་འཐེན་ཡོང་བར་ཨ་མ་ངེད་གཉིས་ཀྱིས་བཀག་མེད་ཟེར། མི་རིགས་ཀྱི་འཐབ་རྩོད་ཟེར་བ་དེ་ནང་མི་གཅིག་གི་བར་ནས་ཀྱང་ཕན་ཚུན་ལ་བྱས་ཆོག་དང་མི་ཆོག་གི་དགག་བྱ་དང་འབོད་སྐུལ་ཞུས་ན་འགྲིག་གི་ཡོད་པ་མ་རེད་ཟེར།
ཕ་རྒན་ཚེ་མགོན་གྱིས་སྐར་མ་༢༠་ཙམ་གྱི་རིང་ལྷ་མོ་སྐྱིད་ཕྱིར་ལ་ཡོང་དགོས་པའི་ཨུ་ཚུགས་བྱས། ལྷ་མོ་སྐྱིད་ཀྱིས་མིག་ཆུ་ཁྲོམ་ཁྲོམ་བཞུར་བཞིན་ཨ་མ་དང་། ཇོ་ཇོ་གཉིས་ཕྱིར་མ་ཡོང་བར་དུ་ང་ཡང་མི་ཡོང་ཟེར།
གསར་འགོད་པས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གསར་འགོད་གསལ་བསྒྲགས་སྐོར་ལ་དགོངས་ཚུལ་ག་རེ་ཡོད་མེད་དྲིས། ཚེ་རྡོར་གྱིས། ཁ་ཉིན་ནས་བཤད་བསྡད་པ་ཡིན། ཁོ་ཚོ་ངའི་རྩ་ལ་སླེབས་སོང་ན་གསལ་བཤད་ཅིག་ཡོད་མོད་སླེབས་མ་སོང་། དེ་མིན་ལན་འདེབས་བྱེད་དགོས་པའི་དུས་ལ་མ་བབ་ཟེར།
གསར་འགོད་པས་དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གི་མིང་ཐོག་ནས་དར་ཆ་འཕྱར་བར་རྒྱབ་སྐྱོར་ཡོད་ཚུལ་བསྒྲགས་འདུག དེའི་ཐད་དགོངས་འཆར་ཡོད་མེད་དྲིས།
ཚེ་རྡོར་གྱིས་རྒྱབ་སྐྱོར་བྱས་ནས་དགའ་འགྲོ་བ། སྐྱོན་བརྗོད་བྱས་ནས་སྡུག་འགྲོ་བ་གང་ཡང་མི་འདུག ཚོགས་པ་དང་མི་ཚང་མར་རང་རང་གི་ལྟ་ཚུལ་བཤད་པའི་ཐོབ་ཐང་ཡོད་པ་རེད། ང་རང་ཉིད་ལ་དམིགས་ཡུལ་དང་ལས་འགུལ། ཁ་ཕྱོགས། གོམ་སྐབས་ཤིག་ཡོད་པ་རེད། བདེན་པ་དབང་དུ་བཞག་པ་དེ་ངའི་འཐབ་རྩོད་ཀྱི་གཞི་རྩ་རེད། ནམ་ཞིག་གི་ཚེ་ན་བདེན་པའི་ཁ་གྲགས་ཀྱིན་ཡོད། ང་ཚེ་བརྟན་རྡོ་རྗེ་ཡི་མི་ཚེ་ཐུང་ཐུང་ངང་མཇུག་བསྡུ་སྲིད་པ་རེད་མོད། བདེན་པ་ཟེར་བ་ལོ་རྒྱུས་ཀྱི་དབང་པོར་བསྡད་ཀྱིན་རེད། ཁ་ཤས་ཀྱིས་ངས་རྒྱ་ནག་གི་དར་ཆ་འཁྱེར་བ་ཚོགས་པ་གཞན་དང་། གང་ཟག་གཞན་ཞིག་གིས་བེད་སྤྱོད་བྱས་ཚུལ་བཤད་ཀྱིན་ཡོད་ས་རེད། འཐབ་རྩོད་ཀྱི་རྨང་གཞིའི་བསམ་བློ་གཏོང་མཁན་ང་རང་ཡིན་ལ། དར་ཆ་གོ་སྒྲིག་བྱེད་མཁན་ཡང་ང་རང་ཡིན། ང་ལ་ཚོགས་པ་དང་མི་སྒེར་སུ་གཅིག་གི་ཤུགས་རྐྱེན་དང་བརྒྱུད་སྐུལ་མེད། ཡོད་ཚད་ང་རང་ཉིད་ཀྱིས་ཐག་གཅོད་བྱས་པ་ཡིན་ཟེར།
སེམས་ཤུགས་མ་ཆགས། གཞོན་ནུས་རྐང་བཙུགས་ནས་དེ་འདྲ་བྱས་པ་རེད། གང་ལྟར་ཁོ་རང་ཚོའི་ལྟ་སྤྱོད་དང་མ་མཐུན་པ་ཞིག་གི་ནུས་པ་ཐོན་ཡོང་དུས་༧གོང་ས་མཆོག་དང་གཞུང་ལ་ཡང་བཀའ་ལོག་བྱེད་ཀྱི་ཡོད་པ་རེད།
ཁྱེད་མ་བུ་གསུམ་གྱིས་སེམས་ཁྲལ་མ་གནང་སྔར་ནས་རྒྱབ་སྐྱོར་ཡོད་ལ་ད་དུང་དེ་བཞིན་ཡིན།
གོང་དུ་གཅིག་གིས་བསམ་ཆར་བཏོན་པ་བཞིན་བུ་མོ་ཕྱིར་སློབ་གྲྭར་བཏང་ན་བསམ།
ཁྱེད་མ་བུ་གསུམ་གྱི་ལྷག་སེམས་དང་སྙིང་སྟོབས་བརྩོན་པ་སོགས་ལ། གུས་པས་སྔགས་བརྗོད་དང་རྒྱབ་སྐྱོར་བཐའ་གཅིག་ཏུ་ཡོད། གོང་གི་རེ་སྐུལ་ལྟར་གནས་སྐབས་ཁྱེད་མ་བུ་གསུམ་གྱི་ལས་འགུལ་མཚམས་འཇོག་རོགས་མཁྱེན་ཞེས་ལག་གཉིས་སོར་མོ་སྙིང་ཁར་བརྩེགས་ཏེ་ཞུ་བ་བྱེད་ཀྱིན་ཡོད། ཡང་ན་ཨ་མ་དང་བུ་མོ་གཉིས་ཀྱིས་མཚམས་འཇོག་རོགས་མཁྱེན། དེ་ཡང་མི་ཡོང་ན་ངེས་པར་དུ་བུ་མོ་ཁྱོད་ཕྱིར་ཨ་པ་ཡོད་སའི་སློབ་གྲྭ་ལ་ཤོག ངས་མིག་ཟུང་ལས་མཆི་མའི་ཐིགས་ཕྱེང་ཤར་ར་ར་ལྷུང་སྟེ་ཞུ་བ་བྱེད་ཀི་ཡོད། ང་གྲྭ་རྒན་མགོ་དཀར་པོ་དམར་པོར་གྱུར་བ་དགེ་བཤེས་ཤིག་གི་མིང་ཡོད་མཁན་ཞིག་ནས་ཞུ་བ་ཡང་ཡང་གནང་གི་ཡོད། ཐུགས་རྗེ་གཟིགས།
གུས་པ་རང་བཙན་དོན་གཉེར་བ་ཞིག་ཡིན་མོད། བྱ་བ་གཅིག་ལ་བྱེད་ཐབས་བརྒྱ་ཟེར་བ་བཞིན། ཁྱེད་མ་བུ་གསུམ་གྱི་གཞི་རྩའི་ལྟ་བ་གང་ཡིན་ལ་མ་ལྟོས་པ་དམིགས་ཡུལ་བོད་མི་རིགས་འདི་ལ་བདེ་ཐབས་ཀྱི་ཕུགས་བསམ་ཞིག་གིས་ངལ་བ་དང་དུ་བླངས་ཏེ་ལུས་སྲོག་གི་ཉེན་ཁ་ལ་མི་ལྟ་བ་ལུས་འགུལ་འདི་ལྟར་སྤེལ་ཐུབ་པར་གུས་བཀུར་ཡི་རངས་ཡོད། མིའི་བྱ་སྤྱོད་ནི་སེམས་ཀྱི་ལྟ་སྟངས་ལ་ཐུག་ཡོད་དུས་ཚད་ལྡན་གྱི་དབུ་མའི་ལམ་གྱི་ལྟ་གྲུབ་ཞིག་གི་ཐོག་ནས་ལས་འགུལ་སྤེལ་བར་དར་དམར་ཁྱེར་བཞིན་རྒྱ་གཞུང་ལ་དགོས་འདུན་ཁག་བཤད་དགོས་པ་ངོ་མ་ཆགས་ཀྱི་རེད།
གཞོན་ནུ་ལྟར་རང་བཙན་དོན་དུ་གཉེར་མཁན་ཚོས་དར་དམར་སྲེག་དགོས་ལ་ལྡོག་ཕྱོགས་ནས་རྒྱ་གཞུང་ལ་ཅི་གནོད་ཀྱིས་ལས་འགུལ་སྤེལ་དགོས་པ་འདྲ་པོར་རང་ཤུགས་ཀྱིས་ཆགས་ཡོང་གི་རེད། དེ་དག་ནི་གཞི་རྩའི་བོད་ཀྱི་ལྟ་བ་གཅིག་གྱུར་མེད་པའི་སྐྱོན་ཡིན་གྱི་ཁྱེད་མ་བུ་གསུམ་གྱི་ནོར་འཁྲུལ་མིན། ངས་བསམ་ན་ད་རེས་གཞོན་ནུས་གནང་ཕྱོགས་ཕྲན་བུ་ནོར་སོང་བ་རེད། རང་དང་ལྟ་བ་མི་མཐུན་པ་ཞིག་གིས་ལས་འགུལ་མི་འདྲ་བ་ཞིག་སྤེལ་ཡོང་དུས་བློ་ཡུལ་དུ་བཟོད་ཐུབ་པ་ཞིག་དགོས། ཆུ་ངོགས་གཏམ་རྒྱུད་ནང་དཔའ་རྒོད་ཚོས་འགྲོ་ཟེར་ན་ཚིག་གཅིག་ཡིན། རྒྱལ་ཁམས་སྐོར་བ་ཐོག་པ་མེད་ཟེར་བ་ལྟར། ལྷག་པར་དགྲ་ལ་ཐུག་དུས་མཉམ་རུབ་དང་ནུས་ཤུགས་གཅིག་ཏུ་བསྒྲིལ་ནས་ཁོང་གསུམ་ལ་རོགས་པ་མི་མང་ཙམ་གཏོང་ནས་ལས་འགུལ་ཆེ་རུ་གཏོང་དགོས་པ་ལས་ཁོང་གསུམ་ཤུགས་ཉམས་པའི་རྐྱེན་བྱས་པ་དེ་མཐའ་གཅིག་ཏུ་མ་འགྲིག་པ་རེད།
ཁྱེད་ཚོའི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་ཡོད།
གཅུང་མོ་དང་མ་རྒན་གཉིས་ཁོང་དང་མཉམ་དུ་ཡོད་ན་ཁོང་ལ་སེམས་ཚབས་ཐོལ་པ་འདྲ་ཡོང་ངེས་ཀྱང་ཁོང་གི་འདོད་དོན་འགྲུབ་པ་དང་མི་ཚོས་དོ་སྣང་ཡོང་བར་ཕན་ཐོག་ཆེ་བས་མཉམ་དུ་འགྲོ་ཐུབ་ན་ཡག་པོ་རེད། ད་དུང་དེ་ལས་མི་མང་བ་མཉམ་ཞུགས་བྱེད་ཐུབ་ན་ནུས་པ་དེ་ལས་ཆེ་བས་མི་མང་དུ་གཏོང་དགོས་པ་ལས་ཉུང་དུ་གཏོང་ན་ཕན་གནོད་དང་ནུས་པ་ཐོན་མི་ཐུབ།
བཀུར་འོས་པའི་དྲ་གྲོགས་ཚོ།
དེ་རིང་ངས་བཤད་འདོད་པ་ནི་རྒྱའི་རྒྱལ་དར་འཁྱེར་མ་འཁྱེར་དང་སྤྱི་ཚོགས་ནང་འདིའི་སྐོར་གླེང་མོལ་བྱུང་མ་བྱུང་།
ལྷག་པར་དུ་བཀའ་ཞགས་དང་གྲོས་ཚོགས་ནང་དྲི་བ་དྲིས་ལན་བྱུང་མིན་དེ་ལས་ཀྱང་མིན།
ཤེས་ཡོན་མེད་པའི་ངེད་ཚོའི་སྤྱི་ཚོགས་འདི་ལ་མཚོན་ན་ཆས་ཉམས་འཇོག་བྱེད་དགོས་ས་ཞིག་ནི།
དཔེ་ན་རྩོམ་པ་པོ་ག་གེ་མོ་ཞིག་གིས་༼༼བོད་ཀྱི་གཞོན་ནུ་ཚོགས་པས་འགྲིག་མ་སོང་དང་།
ཡང་ན་བོད་གཞུང་གིས་ནོར་སོང་། དེ་མིན་ན་དབུ་མའི་ལམ་སྒྲིག་འཛིགས་ཁང་ཡག་པོ་མི་འདུག་༽༽སོགས།
ཞེས་མང་པོ་ཞིག་སྐྱོན་བཤད་ཡོང་བསྡད་ཀྱིན་འདུག།
དེ་ནི་བོད་མི་ཚོའི་ཤ་རྐང་རུས་རྐང་ལ་འཐིམ་པར་སྣང་།།
ངོ་མ་ཁྱེད་ཀྱི་བསམ་བློ་དང་ཆོད་སེམས་ལ་ཉིན་རེ་རེ་བཞིན་བློ་དཀར་ཀི ཁྱེད་ཀྱི་སྙིང་སྟོབས་འདི་བཞིན་ང་ཚོ་བོད་མི་ཚང་མ་ལ་ཡོད་ན་ཅི་མ་རུང་། ཚོགས་པ་བཅུ་གཅིག་གིས་ཁོའི་དངུལ་བྱང་གསལ་བསྒྲགས་བྱོས་དང་བོད་མི་ཚང་མས་ཞལ་འདེབས་གང་ལྕོགས་རེ་འབུལ་ཨེ་ཐུབ་ལྟ། དངུལ་དེ་དག་རྗེས་སོར་ཁོང་གི་རྗེས་སུ་འགྲོ་མཁན་ཚང་མའི་ཆེད་དུ་གཏོང་ཆོག ང་ཚོས་གོམ་བགྲོད་འདི་རྒྱུན་འཁྱོངས་ཀྱིས་ཐེབས་རྩ་ཞིག་འཛུགས་ཐུབ་ན་ལེགས།
ཤེས་ཡོན་པ་ཞིག་གིས་ལས་འགུལ་སྤེལ་སྟངས་དེ་ངོ་མ་མི་འདྲ་བའི་ཁྱད་ཅིག་འདུག ཁྱེད་ནི་བོད་ཀྱི་ཤེས་ཡོན་པ་སྟེ་རྩོམ་པ་པོ་ཞིག་གིས་རང་གིས་ལྟ་གྲུབ་ཐོག་ནས་ལས་འགུལ་འདི་འདྲ་ཞིག་སྤེལ་བཞིན་པ་ནི། ཆེས་རླབས་ཆེན་ཞིག་རེད། ལྗིད་ཁོག་འདུག
གོང་གི་སྐུ་ཞབས་ཞི་བ་དགའ་ལགས་ནས། གསུང་བ་གནང་བཞིན་ཨ་མ་དང་བུ་མོ་གཉིས་ཀྱིས་མཚམས་འཇོག་རོགས་མཁྱེན། དེ་ཡང་མི་ཡོང་ན་ངེས་པར་དུ་བུ་མོ་ཁྱོད་ཕྱིར་ཨ་པ་ཡོད་སའི་སློབ་གྲྭ་ཞིག་ལ་གཏོང་རོགས་གནང་། མོ་མ་འོངས་བར་་རང་མི་རིགས་ལ་ཞབས་ཞུ་དང་ལས་འགུལ་སྣ་ཚོགས་སྒྲུབ་ཐུབ་པར་རེ་བ་ཆེན་པོ་ཡོད་རེད། སྐུ་མཁྱེན་་་་་་་་་་་་་ སྐུ་མཁྱེན སྐུ་མཁྱེན
དྲ་གྲོགས་རྣམ་པ་ ཨ་རོགས་ཉི་མས་གཞོན་ནུའི་ལྟ་བ་དང་ལངས་ཕྱོགས་ག་རེ་ཡིན་མིན་ཤེས་ཀྱི་ཡོད་མ་རེད་ ཨ་རོགས་ཉི་མས་སྐད་ཆ་བཤད་སྟངས་མ་བཤད་རོགས་་ ག་རེ་ཡིན་ན་ཡང་བོད་ཀྱི་བདེན་དོན་ཆེད་གཞོན་ནུས་སྔ་ཕྱི་ལས་ཀ་མང་པོ་བྱས་སོང་་ ཐུགས་རྗེ་ཆེ་ཞོས་འོས་པ་ལས་་ ་རང་གི་འདོད་པ་མ་འབབས་པའི་རྒཱུ་མཚན་དུ་བྱས་ནས་དམའ་འབེབས་མ་གནང་རོགས་ གླིང་ཚ་མ་བུ་གསུམ་གྱི་སྐར་ལྔའི་རྟགས་ཅན་གྱི་དར་དམར་འཁྱེར་བ་དེར་་གཞོན་ནུས་སྐྱོན་བྱས་པ་ལས་ཁོང་མ་བུ་གསུམ་ལས་འགུལ་ལ་སྐྱོན་བརྗོད་བྱས་མེད་་ དེ་ཧ་གོ་བར་གྱིས་ཤིག་་ ཕྲན་ཡང་སྐར་ལྔའི་དར་དམར་དང་མ་འོ་ཡི་འདྲ་དཔར་མཐོང་དུས་སེམས་གཏིང་ནས་མི་འདོད་པའི་ཚོར་བ་ཤུགས་ཆེན་པོ་ཡོད་མཁན་ཞིག་ཡིན་ མ་བུ་གསུམ་གྱི་ལས་འགུལ་ལ་སྔོན་མ་ནས་རྗེས་སུ་ཡི་རངས་ཡོད་ ལ་རྒྱབ་སྐྱོར་ཀྱང་ཡོད་ སྔོན་མ་བྲིས་མྱོང་་བུ་མོ་ལོ་ན་ཆུང་ཆུང་ཡིན་སྟབས་སློབ་གྲར་འགྲིམས་ཏེ་སློབ་སྦྱོང་མཐར་ཕྱིན་པ་ཞིག་བྱེད་ཐུབ་ན་ དེ་བས་བོད་ཀྱི་བདེན་དོན་ཆེད་རླབས་ཆེ་བའི་ལས་ཀ་བྱེད་ཐུབ་ཀྱི་རེད་ཅེས་བསམ་ཚུལ་ཞུས་མྱོང་ སླར་ཡང་མ་བུ་གཉིས་ཀྱི་བུ་མོར་བསླབ་བྱ་འམ་བསམ་ཚུལ་་ ཡང་ན་་གྲོས་མོལ་་ཞིག་གནང་ཐུབ་ན་་བསམ་པའི་རེ་འབོད་ཡིན་ མ་བུ་གསུམ་སྐུ་ལས་ཁག་སོང་ བོད་རྒྱལ་ལོ་་ལོ་་་ལོ་་་
ཚེ་བརྟན་རྡོ་རྗེའི་ལྷག་བསམ་དག་པའི་འཐབ་རྩོད་བྱེད་སྟངས་འདིས་རྡ་སའི་ཚོགས་པ་ཉི་ཚེ་བ་དེ་དག་ནི་རང་དོན་ཁོ་ན་གཉེར་མཁན་དག་ཡིན་པ་བདེན་དཔང་ཤུགས་ཆེར་བྱེད་ཀྱིན་པ་རེད།
ཁ་ཙམ་ཡིན་པའང་འདིས་གསལ་བོར་མཚོན་ཐུབ། བོད་ཀྱི་འཐབ་རྩོད་པའི་ཁྲོད་ཁ་ཞེ་གཉིས་མེད་ཀྱི་འཐབ་རྩོད་པ་ཞིག་ད་ཐེངས་མཐོང་བ་ཐེངས་དང་པོ་ཡིན།
ངོ་རྒོལ་པ་དག་ལ་ལག་པ་ཙམ་ཡང་འཆང་མི་སྲིད་པའི་རྒྱ་གར་ཉེན་རྟོག་པའི་མདུན་ནས་ཟློས་གར་རེ་འཁྲབ་མཁན་དག་གིས་ད་ནི་རྦད་དེ་མཚམས་འཇོག་རོགས།
བོད་པ་ཚང་བཙན་བྱོལ་ནང་མི་ལོ་ལྔ་གསུམ་ལྷག་འགྲོ་བཞིན་པའི་ད་ཐེངས་ཀྱིས་མ་བུ་གསུམ་དམ་བཅའ་དང། སྙིང་སྟོབས་། མི་རིགས་ཀྱིས་དངོས་ཡོད་གནས་སྟངས་འཚམས་པའི་ལས་འགུལ་དེ་ལྟ་བུ་ནི་ཐོག་མ་ཞིག་ཡིན་ལ་ལོ་རྒྱུས་དེབ་ཐེར་ནང་འཁོད་ངེས་ཡིན་། ཁྱེད་རྣམས་པ་མི་རིགས་ཀྱིས་དཔའ་བོ་ཞིག་ཡིན་ལ་ཕྱི་ནང་སུ་བལྟས་ཀྱང་བོད་པ་ཚང་ཁ་དོག་ལ་དཔག་པའི་དངོས་ཡོད་རྒྱུ་མཚན་ལྡན་པའི་ལས་འགུལ་ཡིན་པས་བསྔགས་བརྗོད་ཞུ་ངེས་ཡིན་ནོ་། བདེན་པ་ནི་བདེན་པར་རྒྱལ་བར་ཤོག
བོད་དོན་འཐབ་རྩོད་ལ་འདི་འདྲའི་སྤོབས་པ་དང་ལངས་ཕྱོགས་གསལ་སྟོན་གྱི་འཐབ་རྩོད་གོ་རིམ་ཞིག་དུས་ད་ལྟ་བར་གཞུང་སྒེར་སུ་གང་གིས་བྱེད་ཐུབ་མི་འདུག་པ་ལོ་ལྔ་བཅུར་ཕྱིར་ལ་མིག་བཤེར་རེ་བྱས་དུས་མཐོང་སླ། ངོ་མ་བདེན་པ་རང་ལ་སྐྱབས་བཅོལ་ནས་འགྲོ་དང་མདུན་ངོས་ཡོད་ཚད་ལམ་ཡིན།
ཚེ་རྡོ་མ་བུ་གསུམ་གྱི་ཆོད་སེམས་དང་ལྷག་བསམ་ལ་་སྙིང་དབུས་ནས་གུས་འདུད་དང་རྗེས་སུ་ཡིད་རིང་ཡོད། ཁྱེད་རྣམ་གྱི་འཐབ་རྩོད་དེ་མི་རིགས་གཅིག་གི་ཐབ་རྩོད་ཡིན་པས་ཁྱོད་ཚོའི་དཀའ་སྡུག་ལས་གྲུབ་པའི་གོམ་བགྲོད་རེ་རེ་མ་འོངས་གངས་ཅན་རྣམས་ཀྱི་བདེ་སྡུག་ལ་ཐུག་ཡོད། ཚེ་རྡོ་ལགས་ཀྱིས་གསུངས་པ་བཞིན་ཚོགས་པ་སྐྱིད་སྡུག་གི་རྒྱབ་སྐྱོར་ཡོད་པ་འདྲ་མེད་པའང་འདྲ་ དེ་དག་གིས་གོམ་བགྲོད་ལ་རྒོག་རྐྱེན་སྤྲོད་ཐུབ་ཀྱིས་མ་རེད། ཚོགས་པ་སྐྱིད་སྡུག་རེ་ཁག་གིས་ཅི་བཤད་ཀྱང་ཁྱེད་མ་བུ་གསུམ་ནི་གངས་ཅན་པའི་དཔའ་བོ་ཡིན་ལ་འཐབ་རྩོད་པའི་མིག་དཔེ་ཡང་ཡིན། ཁྱེད་རྣམས་ཀྱི་མངོན་འདོད་ཡིད་བཞིན་དུ་འགྲུབ་པའི་སྨོན་ལམ་དང་ཚེ་སྲོག་ལ་བར་ཆད་ཕྲན་བུ་ཙམ་ཡང་་མི་འཕྲད་པར་ཤོག བདེན་པ་རྒྱལ་ལོ། འཐབ་རྩོད་རྒྱལ་ལོ།། །།
འདང་རྒྱག་དང་སེམས་ཁྲལ་ནང་གཡུགས་སོང་། རང་སྟེང་ལ་འཛུབ་མོ་བཙུགས་ན་ཅི་ཡང་འཁྱོངས་མི་འདུག་པའི་སྐད་ཆ་ཞིག་བཤད་པར་ཁ་སྐྱེངས་དགོས་བ་ཞིག་རེད། དེ་བས་ཁུ་སིམ་མེར་སེམས་ཁོང་ན་ཉར་བསྡད་ཡོད།
གཞོན་ནུས་ངོ་རྒོལ་བྱས་ཡུལ་ཁོང་མ་བུ་གསུམ་མིན་པ་དང་སྐར་ལྔའི་རྒྱལ་དར་འཕྱར་བ་དེ་ཡིན་པར་གསལ་བོར་མཚོན། གཞོན་ནུས་རང་གི་ལངས་ཕྱོགས་ཀྱི་ངོས་ནས་ངོ་རྒོལ་བྱས་པ་དང་དབུ་ལམ་པས་རང་གི་ལངས་ཕྱོགས་ཀྱི་ངོས་ནས་རྒྱབ་སྐྱོར་བྱས་པ་རེད། གཉིས་ཀ་འགྲིག་ཡོད་པ་རེད། ཡིན་ཡང་དཀྲོག་རྐྱེན་བཟོ་མཁན་མང་པོ་ཞིག་ཡོད་པ་དེ་ཚོ་ལ་གཟབ་གཟབ་བྱེད་ན་མ་གཏོགས་ཉེན་ཁ་རེད་ད། མི་རིགས་ཤིག་གི་ཆེད་དུ་ཁྱིམ་ཚང་གི་བདེ་སྡུག་བློས་བཏང་། མ་བུའི་བརྩེ་བ་རྒྱབ་ཏུ་དོར་ནས་ལས་འགུལ་སྤེལ་བ་ད་སྔ་བྱུང་མ་མྱོང་། ཁ་བཤད་ལག་ལེན་མཚུངས་བའི་ལས་འགུལ་བ་རང་རེད་ད། ཤི་བ་ལས་གསོན་པ་གལ་ཆེ་བས་བོད་ཀྱི་རྒྱལ་དར་འཕྱར་ནས་བོད་ལ་འགྲོ་ས་མེད་པ་ཤེས་བར་མཛོད། །དེ་བས་སྐབས་དང་དུས་ཚོད་ལ་བལྟས་ནས་གོམ་བགྲོད་ཕྱིར་འཐེན་གནང་ན་ཡག་གི་རེད། བོད་མི་མང་པོ་ཞིག་གིས་དེ་ལྟར་ཤོད་ཀྱིན་འདུག །
རྒྱ་གཅེས་དཔའ་པོ་གླིང་ཚ་མ་བུ་གསུམ་ལ་འཚམས་འདྲི་ཞུ་བ་ཆབས་ཅིག་ཁྱེད་རྣམས་པས་་བོད་རང་ཆེད་དུ་ཧ་ལས་པའི་དཀའ་ལས་བརྒྱབ་བའི་གོམ་བགྲོད་་འདི་ལ་ལྷག་བསམ་རྣམ་དག་གིས་རྒྱབ་བསྐྱོར་ཡོད་པ་མ་ཟད་གཟི་བརྗིད་ལྡན་པ་ཞིག་རེད་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་རེ་བསྐུལ་ཞུ་རྒྱུ་ནི་ཐུགས་རྗེ་གཟིགས་ད་གོམ་བགྲོད་་འདི་འཚམ་འཇོག་རོགས་།་་ནེ་པ་ལེ་དམག་མི་སྡུག་ཅག་ཡོད་པས་ཁྱེད་རང་ཚོ་མི་ཚེ་འཕྲོ་བླག་གཏོང་གི་རེད།་་་་ང་ཚོས་ཡང་སེམས་འཁྲལ་བྱེད་ཀྱིན་ཡོད་བོད་ཀྱི་བདེན་མཐའ་མ་སེལ་མ་པར་དུ་་བོད་རྩ་དོན་གནས་ཀྱི་རེད་།་ད་པར་དཀའ་ལས་བརྒྱབ་པ་ཚང་མས་ཤེས་གསལ་རེད་་།་་་་་་་་བོད་པ་ཚང་མས་ཁོང་ཚོ་ལ་ཞུ་བ་འཐེན་ནས་འཚམ་འཇོག་བྱེད་་དགོས།
མཆན་༡༢པ་གླིང་དཀར་ལྷ་རྗེ་ལགས་བཙན་བྱོལ་ནང་མི་ལོ་ལྔ་གསུམ་བཅོ་ལྔ་རེད་དམ་་་ཧཧཧ།
ཁྱེད་མ་བུ་གསུམ་ལ་སྙིང་སྟོབས་འཇིག་མེད་ཞིག་ཡོད་པ་ནི་ང་ཚོ་བོད་ཀྱི་རྒྱན་ཆ་ཞིག་རེད། ངས་ཁྱེད་མ་བུ་གསུམ་ལ་སྙིང་ཐག་པ་ནས་གུས་འདུད་ཞུ།
གླིང་ཚང་མ་བུ་གསུམ་གྱི་ལས་འགུལ་ལ་རྗེས་སུ་ཡིད་རང་ཞུ། ཐུགས་རྗེ་ཆེའོ། ཁྱེད་རྣམས་པའི་མཛད་བྱེད་དང་སྙིང་སྟོབས་སོགས་
ང་ཚོའི་སྙིང་དབུས་ནས་དུས་ནམས་ཡང་བརྗེད་མི་སྲིད། བོད་རྒྱལ་ལོ།
ལྷག་བསམ་དཀར་པོ།
སྙིང་སྟོབས་ཆེན་པོ།
དཀའ་ཐུབ་བཟོད་བྲལ།
བོད་མིའི་དཔུང་རྒྱན།
གླིང་ཚེ་རྡོར་མཆོག་གི་ཡུམ་ཆེན་དང་ལོ་གཞོན་གཞོན་གྱི་སྲིང་མོ་བཅས་ལ་སེམས་པས་གུས་བརྩི་ཞུ་ཀི་ཡོད།
ཚེ་རྡོ་མ་བུ་གསུམ་ལ་སེམས་གཏིང་ནས་རྒྱབ་དུས་ནམ་ཡང་ཡོད། ག་རེ་བྱས་ན་ཚེ་རྡོར་མ་བུ་གསུམ་སྙིང་སྟོབས་དེ་འདྲ་གལ་སྲིད་གཞོན་ནུ་སོགས་ལ་ཡོད་ན་། གཉིས་སྟོང་བརྒྱད་གི་བོད་དུ་ལོག་པའི་གོམ་བགྲོད་དེ་སྔར་ནས་ལག་འགྲུབ་བྱུང་ཡོད་ནི་རེད།
ད་བལྟས་དང་གཞོན་ནུ་བཅས་སྟངས་ལས་སྟངས་ལ་བལྟས་དང་། ཚོགས་པ་སོགས་ཀྱིས་སྒྲུབ་མ་ཐུབ་པ་ཞིག་ནང་མི་ཞིག་གི་སྒྲུབ་ཡོང་དུས་ད་ཁོང་ཚོ་ངོ་ཚ་བོ་ཆགས་གི་ཡོད་རེད།
ཨ་མའི་བུ་མཐུད་དུ་བསྐྱོད་དང་དུས་ནམ་ཡང་ཁྱོད་ཀྱི་རྒྱབ་ལོགས་ན་ཡོད
དེ་སྔོན་ཞིག་ལ། ༧གོང་ས་མཆོག་གིས་༼ང་ཚོས་འཚེ་མེད་ཞི་བའི་གོམ་བགྲོད་ལ་བརྟེན་ནས་བདེན་པའི་ལས་འགུལ་ཞིག་བརྩམས་པ་འདིའི་ཀུན་སློང་ཁྱད་པར་བ་ཞིག་དགོས་ཤིང་། ཀུན་སློང་དེ་ཡང་རང་རྒྱལ་གཞན་ཕམ་དང་ཆགས་སྡང་གི་བློ་ཤུགས་དྲག་པོ་མ་ཡིན་པ། བདེན་པ་ཞེས་བ་ནི་དངོས་ནས་ཕན་སེམས་ཀྱི་ཀུན་ནས་བླངས་བའི་རང་གཞན་གཉིས་ཕན་གྱི་བྱ་བ་བཟང་བོ་ཞིག་བརྗོད་པ་ཡིན་ལ། ཕྱི་ནང་ངོ་ལྐོག་མེད་པའི་བདེན་པ་ཆགས་ཡོད། ཁྱེད་རང་ལམ་དུ་ཞུགས་སྐབས་བདེན་པ་ཞེས་བ་འདི། ང་ཚོའི་ལག་ཆ་གཙོ་བོ་དང་སྟོབས་ཤུགས་ཡིན། ༽གསུངས་བ་བཞིན། གླིང་ཚ་མ་བུ་གསུམ་དོན་དངོས་ནས་དེ་ལྟར་ཡང་། དབུ་གཞོན་ཚོགས་པ་དང་མི་སྣ་གྱི་ན་བ་རེ་ཟུང་གིས་སྐབས་འཚོལ་པའི་ལུས་བླངས་ནས་གང་དགའ་ཅི་ཐུབ་ཀྱིས་གླེང་ཕྱོགས་བཟོས་སོང་བ་བཞིན། རྐྱེན་འདི་ལ་བརྟེན་པའི་དཔྱད་མཆན་པ་དག་ནི་པེ་ཅིན་གཞུང་གི་འདོད་དོན་འགྲུབ་པར་རམ་འདེགས་བྱེད་མཁན་དེ་ཆགས་སོང་། མ་གཞི་ནས་མི་གཤིས་གཡའ་སླ་བའི་བོད་མི་རིགས་འདི་འདྲ་རེད།
བདག་གི་སེམས་གཏིང་ནས་སྔགས་བརྗོད་དང་རྒྱབ་སྐྱོར་ཡོད།
ཚང་མའི་བོད་དོན་གྱི་ཆེད་དུ་རེད། དེ་ལ་ཁྱེད་ཀྱིས་འཇོན་མི་འདུག་དང་། ཁྱེད་ཀྱིས་རེད་མི་འདུག་ཟེར་རྒྱུ་ཅི་ཡོད་པ་མ་རེད། གཅིག་གིས་གཅིག་ལ་མཛུབ་མོ་བཙུག་ན་ལོས་ཤེས། འོན་ཀྱང་གཙོ་བོ་ད་ལྟ་ང་ཚོ་ལ་ངོས་པར་དགོས་རྒྱུ་ནི་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པ་འདི་ཡིན།
ལྷག་བསམ་དང་སྙིང་སྟོབས་འགྲན་ཟླ་བྲལ་བས་མ་བུ་གསུམ་ལ། ལག་ཟུང་ཐལ་མོ་སྦྱར་ནས་ཞུ་དོན། འཐབ་བརྩོད་ཕྱིར་འཐེན་ངེས་པར་དུ་གནང་རོགས། གང་ལགས་ཞེ་ན། གང་ནས་མང་པོ་ཞིག་གི་གསུང་པ་བཞིན་་་ཡིན་
ལྷག་པར་དུ་བུ་མོ་ཁྱེད་རང་ངེས་པར་དུ་ཕྱིར་འཐེན་དགོས་གལ་ཆེ་བ་མངོན། ཁྱེད་ཉིད་མི་འཐེན་ན་ཁོང་མ་བུ་གཉིས་ལ་དགའ་ངལ་ཐོབ་པ་ཞིག་དང་ང་ཚོ་བོད་རིགས་ཡོངས་ལ་བསྡུག་སྔལ་འཕར་མ་ཞིག་རེད་སྙམ། །
གླིང་ཚ་མ་བུ་གསུམ་གྱིས་ལས་འགུལ་འདི་ནོར་མེད། རྒྱབ་སྐྱོར་ཡོད། རྒྱ་ཟས་ཟ་མཁན་ཡིན་ན་མ་གཏོགས་ཁ་མ་གཏོང་རོགས།
རྒྱབ་སྐྱོར་ཡོད། རྒྱབ་སྐྱོར་ཡོད། རྒྱབ་སྐྱོར་ཡོད། རྒྱབ་སྐྱོར་ཡོད། རྒྱབ་སྐྱོར་ཡོད། རྒྱབ་སྐྱོར་ཡོད། རྒྱབ་སྐྱོར་ཡོད། རྒྱབ་སྐྱོར་ཡོད། རྒྱབ་སྐྱོར་ཡོད། རྒྱབ་སྐྱོར་ཡོད། རྒྱབ་སྐྱོར་ཡོད། རྒྱབ་སྐྱོར་ཡོད། རྒྱབ་སྐྱོར་ཡོད། རྒྱབ་སྐྱོར་ཡོད། རྒྱབ་སྐྱོར་ཡོད། རྒྱབ་སྐྱོར་ཡོད། རྒྱབ་སྐྱོར་ཡོད། རྒྱབ་སྐྱོར་ཡོད། རྒྱབ་སྐྱོར་ཡོད། རྒྱབ་སྐྱོར་ཡོད། རྒྱབ་སྐྱོར་ཡོད། རྒྱབ་སྐྱོར་ཡོད། རྒྱབ་སྐྱོར་ཡོད། རྒྱབ་སྐྱོར་ཡོད། རྒྱབ་སྐྱོར་ཡོད། རྒྱབ་སྐྱོར་ཡོད། རྒྱབ་སྐྱོར་ཡོད། རྒྱབ་སྐྱོར་ཡོད། རྒྱབ་སྐྱོར་ཡོད། རྒྱབ་སྐྱོར་ཡོད། རྒྱབ་སྐྱོར་ཡོད། རྒྱབ་སྐྱོར་ཡོད། རྒྱབ་སྐྱོར་ཡོད། རྒྱབ་སྐྱོར་ཡོད། རྒྱབ་སྐྱོར་ཡོད། རྒྱབ་སྐྱོར་ཡོད། རྒྱབ་སྐྱོར་ཡོད། རྒྱབ་སྐྱོར་ཡོད། རྒྱབ་སྐྱོར་ཡོད།
ལྷག་བསམ་དང་སྙིང་སྟོབས་འགྲན་ཟླ་བྲལ་བས་མ་བུ་གསུམ་ལ། ལག་ཟུང་ཐལ་མོ་སྦྱར་ནས་ཞུ་དོན། འཐབ་རྩོད་ཕྱིར་འཐེན་ངེས་པར་དུ་གནང་རོགས། གང་ལགས་ཞེ་ན། གོང་ནས་མང་པོ་ཞིག་གི་གསུང་པ་བཞིན་་་ཡིན་
ལྷག་པར་དུ་བུ་མོ་ཁྱེད་རང་ངེས་པར་དུ་ཕྱིར་འཐེན་དགོས་གལ་ཆེ་བ་མངོན། ཁྱེད་ཉིད་ཕྱིར་མི་འཐེན་ན་ཁོང་མ་བུ་གཉིས་ལ་དཀའ་ངལ་ཐོབ་པ་ཞིག་དང་། ང་ཚོ་བོད་རིགས་ཡོངས་ལ་བསྡུག་སྔལ་འཕར་མ་ཞིག་རེད་སྙམ། དེ་ལས་ཀྱང་བུ་མོ་རང་ལ་བསམ་ཡུལ་འདས་པའི་གནས་ཚུལ་མང་པོ་ཞིག་མི་ཡོང་བས་ངེས་པ་གང་ཡང་མེད། ཁྱེད་ནི་ན་གཞོན་ཀུན་གྱི་དྭངས་རྩེ་ཡིན་ལ་་་་གངས་ཅན་བོད་མའི་མཚོན་དོན་དང་། ལ་རྒྱའི་སྤོབས་པ་ངོ་མ་དེ་ཡང་ཡིན། ཁྱེད་ཀྱི་ལྷག་བསམ་དང་སྙིང་སྟོབས་ལ་ང་ཚོའི་ཡིད་ཚིམ་ཡོད། ངོ་མ་ཡིན་ལྷ་མོ་སྐྱིད། ང་ཚོའི་ཞུ་བ་འཐེན་གྱི་ཡོད་་ང་ཚོ་དུས་ནམ་ཡང་ཁྱེད་ཀྱི་ཕྱོགས་སུ་ཡོད། གོ་ཨེ་ཐལ་་ལྷ་མོ་ལགས།
ལྷག་བསམ་དང་སྙིང་སྟོབས་འགྲན་ཟླ་བྲལ་བས་མ་བུ་གསུམ་ལ། ལག་ཟུང་ཐལ་མོ་སྦྱར་ནས་ཞུ་དོན། འཐབ་རྩོད་ཕྱིར་འཐེན་ངེས་པར་དུ་གནང་རོགས། གང་ལགས་ཞེ་ན། གོང་ནས་མང་པོ་ཞིག་གི་གསུང་པ་བཞིན་་་ཡིན་
ལྷག་པར་དུ་བུ་མོ་ཁྱེད་རང་ངེས་པར་དུ་ཕྱིར་འཐེན་དགོས་གལ་ཆེ་བ་མངོན། ཁྱེད་ཉིད་ཕྱིར་མི་འཐེན་ན་ཁོང་མ་བུ་གཉིས་ལ་དཀའ་ངལ་ཐོབ་པ་ཞིག་དང་། ང་ཚོ་བོད་རིགས་ཡོངས་ལ་བསྡུག་སྔལ་འཕར་མ་ཞིག་རེད་སྙམ། དེ་ལས་ཀྱང་བུ་མོ་རང་ལ་བསམ་ཡུལ་འདས་པའི་གནས་ཚུལ་མང་པོ་ཞིག་མི་ཡོང་པའི་ངེས་པ་གང་ཡང་མེད། ཁྱེད་ནི་ན་གཞོན་ཀུན་གྱི་དྭངས་རྩེ་ཡིན་ལ་་་་གངས་ཅན་བོད་མའི་མཚོན་དོན་དང་། ལ་རྒྱའི་སྤོབས་པ་ངོ་མ་དེ་ཡང་ཡིན། ཁྱེད་ཀྱི་ལྷག་བསམ་དང་སྙིང་སྟོབས་ལ་ང་ཚོའི་ཡིད་ཚིམ་ཡོད། ངོ་མ་ཡིན་ལྷ་མོ་སྐྱིད། ང་ཚོའི་ཞུ་བ་འཐེན་གྱི་ཡོད་་ང་ཚོ་དུས་ནམ་ཡང་ཁྱེད་ཀྱི་ཕྱོགས་སུ་ཡོད། གོ་ཨེ་ཐལ་་ལྷ་མོ་ལགས།
ལྷག་བསམ་ཅན་གྱི་མ་བུ་གསུམ་ལགས། ཞི་བའི་གོམ་འགྲོ་མཚམས་མི་འཇོག་ན་རྒྱ་གར་ཨ་སམ་རྒྱུད་ནས་བོད་ལ་ཕེབས་ན་གང་འདྲ། ནེ་པལ་སྤྲང་ཤིང་ཚོའི་ས་ཐོག་ནས་ཕེབས་རྩ་བ་ཉིད་ནས་མི་ཉན། སྐུ་མཁྱེན་རང་སྲོག་དོན་མེད་དུ་བརླག་ནས་གང་ཡོང་།
ཁྲི་གདུགས་ལགས་་་་ཧ་ཧ་ཧ་་་རྒྱ་དར་ཕྱར་དུས་རྒྱ་ཟས་ཟ་མཁན་ཡིན་ཡིན་པ་རེད།
ཚོགས་སྐྱིད་༡༡ གིས་རོགས་པ་རྒྱུན་སྐྱོངས་མི་ཐུབ་ན་ཁ་གསལ་ན་ཡག་གི་རེད། རླབས་ཆེན་སྙིང་སྟོབས་དང་ལྷག་བསམ་གྱིས་བསྒྲུབ་པའི་རླབས་ཆེན་གྱི་ལས་འགུལ་ལ་ཞོགས་འདེགས་བྱ་རྒྱུ་ལས་བཤོལ་འདེབས་མ་བྱས་ན་ཡག་པོ་འདུག དེ་བཞིན་མང་བོ་ཞིག་གིས་མཚམས་འཇོག་གནང་རོགས་ལབ་ཀྱིན་འདུག་ཀྱང་ང་ནི་དེ་ལས་ལོག་སྟེ་ཨ་མའི་བུ་རྒོད་ད་ནི་མགོ་བཙུགས་ཚར་བའི་ལས་ལ་མཇུག་ཀྱང་གང་ཐུབ་ཅི་ནུས་ཤིག་གནང་རོགས་ཞུ་འདོད་བྱུང་། ངས་མི་འཇོན་པ་རྒྱུ་མཚན་དུ་བྱས་ཏེ་ཁྱོད་ཀྱིས་མི་ནུས་པར་བཤད་ན་དེ་ནི་གླེན་བཤད་རང་རེད། གཞན་རླབས་ཆེན་གྱི་བྱ་བ་སྒྲུབ་དུས་མི་སྒེར་ལ་གྱོང་གུད་ཕོག་པ་དེའང་རླབས་ཆེན་རེད་འདོད། རེ་སྐུལ་ཞུ་རྒྱུ་ནི། དུས་ནམ་དུ་ཡང་སེམས་ཤུགས་མི་ཉམས་རོགས། ལྷོད་གཡང་ལ་མ་གཏོང་རོགས། གཟབ་གཟབ་གནང་རོགས། རང་གི་བྱ་བ་རང་ཐག་རང་གཅོད་གནང་རོགས། འདི་དག་ངའི་ཁ་ཡག་མིན་དྲང་གཏམ་ཡིན། བླ་མེད་ཀྱི་གུས་བཀུར་བཅས་གླིང་ཚ་མ་བུ་གསུམ་ལ་གུས་ཕུལ།
གླིང་ཚ་ཚེ་བརྟན་རྡོ་རྗེ་མ་སྨད་གསུམ་གྱི་མཉམ་དུ་འགྲོ་རོགས་བྱེད་མཁན་གྱི་ཚོགས་སྐྱིད་ཁག་གིས་ཁོང་མ་བུ་གསུམ་གྱི་ལས་འགུལ་མཚམས་འཇོག་དགོས་ལུགས་ཀྱི་རེ་སྐུལ་ཞུས་ཡོད་པ་དང་། ད་ནས་བཟུང་རོགས་པ་དང་རྒྱབ་བསྐྱོར་མཚམས་འཇོག་བྱས་པ་ཡོད་པ་གོང་གི་གངས་དཀར་ཤ་མེད་ཀྱིས་བྲིས་པའི་འཕྲིན་ཐུང་ལས་རྟོགས་ཐུབ་ཀྱི་འདུག དེ་འདྲ་ཡིན་པར་སོང་གང་མགྱོགས་སྐར་ལྔའི་དར་དམར་དེ་མར་གཡུག་ནས་ཤིང་ལས་འགུལ་དེ་མཚམས་འཇོག་བྱེད་ནས་དྷ་རམ་ས་ལར་ཡོང་ཕེབས་ན་བཟང་བར་མཐོང་།
ཚོགས་སྐྱིད་ ༡༡ ལ་དེའི་དབང་ཚད་ཡོད་པ་མ་རེད། རོགས་མི་ཐུབ་ན་དང་པོ་ནས་བསམ་བློ་གཏོང་དགོས་པ་རེད། ངས་བལྟས་ན་གངས་དཀར་ཤ་མེད་ཟེར་བ་འདིའང་དཀྲོགས་གཏམ་བཟོ་མཁན་ཞིག་རེད། གལ་སྲིད་ཚོགས་སྐྱིད ༡༡ ལ་དེའི་འཆར་གཞི་ཡོད་ན། དྲ་འབུ་ཞིག་གི་མིང་ཐོག་ནས་དེ་ལབ་དགོས་དོན་མི་འདུག གཅིག་བྱས་ན། འདི་སྐྱ་མིན་སེར་མིན་རྨོག་རུ་བསྟན་པ་ཟེར་བ། འབྲས་སྤུངས་ནས་གནས་དབྱུང་བཏང་བ་དེ་ཡིན་རྒྱུ་རེད། ཁོང་ཡིན་ན་ཁག་མེད། ཁོང་ཉན་འཇོག་བྱ་མཁན་འདྲ་ཡོད་པ་མ་རེད། སྔ་མོ་ནས་གང་དྲན་དྲན་ཞེས་ང་ཚོའི་གྲྭ་བ་ཚོས་བཏགས་ཡོད་པ་རེད། ཟ་ང་ཟིང་ངེར་ཙམ་ལ་མགོ་བསྐོར་ནས་འདུག་གི་རེད། དེས་ན། ཚོགས་སྐྱིད ༡༡ ཟེར་བའི་གཞན་གྱི་ཞི་བའི་འཐབ་རྩོད་ལ་བར་ཆད་མ་གཏོང།
གཅུང་མོ་ལྷ་མོ་སྐྱིད་ལགས། ལས་འགུལ་ལས་ཕྱིར་འཐེན་བྱས་ན་ལེགས་པར་མཐོང། གཅུང་མོ་ལགས་དོན་མེད་ན་ཆུང་གི་མི་ཚེ་འཕྲོ་བརླག་འགྲོ་རྒྱུ་ཉེན་ཁར་ཆེ་བས་ད་དེར་འཚམ་འཇོགས་ན་ཡག་པོ་འདུག། མ་ཚད་གཅུང་མོ་ཁྱེད་མུ་མཐུད་ནས་ལས་འགུལ་དུ་ཞུགས་པར་ཡིན་ན་གཅེན་པོ་དང་མ་རྒན་གཉིས་ལ་དཀའ་ངལ་ཆེ་རོགས་ལས། ཁྱེད་ཀྱི་ཁོང་གཉིས་ལ་ཕན་ཐོག་པར་དཀའ། དེ་ལས་གཅུང་མོ་ཁྱེད་རང་ཕྱིར་འཐེན་བྱས་ན་ཁོང་གཉིས་ལ་ཡང་ཕན་ཐོག་ཆེ་བ་མཐོང་བས་ཕྱིར་འཐེན་བྱེད་རོགས། ཚེ་རྡོ་ལྟར་བུ་ཡིན་ན་རང་གི་ཁས་བླངས་ནས་དོན་ཚན་ལྔ་ཅན་དེར་གྲུབ་འབྲས་མ་དོན་ན་ཕྱིར་འཐེན་མེད་པ་གསལ་པོ་བཤད་ཡོད་རེད། ཡིན་ན་ཡང་ད་ལྟའི་ལས་འགུལ་འདི་འཚམ་འཇོགས་བྱེད་མི་བྱེད་ཁོ་རང་འདོད་པ་རེད། ལས་འགུལ་སྤེལ་རོགས་ཟེར་ནས་ལབ་ན་ཡང་མ་འགྲིགས། མ་ལབ་ན་ནི་བྱུས་གཏོག་མེད་པར་འདྲ་བོ་ཞིག་འདུག། ཡིན་ན་ཡང་ད་ལྟའི་ལས་འགུལ་འཚམ་འཇོགས་བྱས་ནས་ཡང་བསྐྱར་གསར་པ་ཞིག་འགོ་འཛུགས་བྱས་ན་མ་འགྲིགས་པ་མེད་པ་རེད། མ་བྱེད་ཟེར་མཁན་མེད་དུས་བྱོས་ཟེར་མཁན་ཡོད་ཚོད་མ་རེད། ཡང་རྗེས་མ་དེ་ལ་སྐར་ལྔའི་དར་དམར་ཆེན་པོ་ཞིག་གི་ནང་དུ་བོད་པའི་དར་ཆ་ཆུང་ཆུང་ཞིག་བྲིས་ནས་ཕར་ཕྱོགས་གཞོན་ལྷན་ཚོགས་གཞོན་དོན་ལྷ་ལགས་ཀྱི་སྡང་མིག་བལྟ་བ་ཞིག་དང། ཚུར་ཕྱོགས་ནས་བློ་བཟང་ཆོས་འབྱོར་གི་ཁ་ནང་དུ་མའོ་ཡིས་གོས་ཐུང་ཡར་བརྫེས་ནས་སྐྱག་པ་གཏོང་བ་ཞིག་བྲིས་ནས་ཁྱེར་རོགས། ཁྱེད་ནི་བརྩོམ་པ་པོ་ཞིག་དང་ཤེས་ཡོན་ཅན་གྱི་མི་ཞིག་ཡིན་དུས། འགྲེལ་བཤད་བརྒྱག་སྟངས་ཐད་དཀའ་ངལ་ཡོད་ཚོད་མ་རེད། སྐུ་རྩེད་ཞུས་པ་ཡིན་ད། དྲང་པོ་ཞུས་ན་གཞོན་ནུ་ལ་ཁག་ཡོད་མ་རེད། རྒྱུ་མཚན་ནི་གཞོན་ལྷན་གི་ག་དུས་ཡིན་ན་ཡང་དར་དམར་མེ་བསྲེགས་གཏོང་གི་ཡོད་པར་ཡིན་དུས་བོད་པ་ཞིག་གི་དར་དམར་ཕྱར་བར་ངོ་རྒོལ་ཡོད་པ་སྨྲོས་མེད་རེད། དེར་གཞོན་ནུའི་ནོར་འགྲིག་གི་སྐད་ཆ་བཤད་པའི་ཐོབ་ཐང་སུ་ལ་ཡང་ཡོད་མ་རེད། དེ་ནི་གཞོན་ནུའི་ལངས་ཕྱོགས་ཡིན་ཙང་རེད། ཡིན་ན་ཡང་དབུ་ལམ་པས་སྐར་ལྔའི་རྒྱལ་དར་ཕྱར་ན་རྒྱབ་བསྐྱོར་ཡོད་ཟེར་བ་དེ་ནོར་འཁྲུལ་ཞིག་མཐོང་སོང། དབུ་ལམ་པས་ཕྱག་ལས་གནང་སྟངས་དེའི་ཟུར་ལ་བལྟས་ན། གོང་ས་མཆོག་ལ་ཁ་གཏད་བྱས་པ་འདྲ་བོ་ཞིག་མཐོང་གི་འདུག། རྒྱུ་མཚན་ནི་ཁོ་རང་ཚོར་རྒྱ་འོག་ཏུ་འདུག་འདོད་འདུག། ང་ཚོའི་ད་ལྟར་ནས་རྒྱ་ནག་གི་རྒྱལ་དར་ཕྱར་ནས་ལས་འགུལ་སྤེལ་བ་ཡིན་ན། ཁོང་ལ་ཟུར་ཟ་བྱེད་ཐུབ་ས་རེད་བསམ་པའི་ཀུན་སློང་ཞིག་ཡོད་པ་ཚོད་དཔག་བྱེད་ཆོག ཡང་གཞན་པ་ཞིག་ལ་ཁོང་ཚོ་རྒྱ་འོག་ཏུ་འདུག་འདོད་ཡོད་དུས་ང་ཚོའི་གོ་སྐབས་འདི་བཟུང་ནས་རྒྱ་ནག་གི་རྒྱལ་དར་ཕྱར་སྟེ་བོད་པ་ཚང་མ་རྒྱ་ནག་གི་མི་ཡིན་པར་ཞིག་འཛམ་གླིང་ཚང་མའི་མདུན་དུ་སྟོན་ཐུབ་ན་འཛམ་བུ་གླིང་གི་རོགས་པ་མ་བྱས་ནས་ཁོ་རང་ཚོ་རྒྱ་ནག་གི་མི་རེད་འདུག། གནས་ཚུལ་ཟ་ངེ་ཟིང་ངེ་འདི་ཚོ་ཚང་མ་ཁོང་ཚོའི་ནང་ཁུངས་གི་ཟིང་ཆ་རེད། དེ་ཁོ་རང་ཚོའི་ནང་ཁུངས་ནས་ཐག་གཅོད་བྱེད་གི་རེད། ང་ཚོར་བྱུས་གཏོག་ཡོད་མ་རེད་ཟེར་བའི་ཆེད་དུ་རྐང་གཙུག་ནས་བཟོས་པ་འདྲ་ཞིག་མཐོང་སོང།
དེ་ལྟར་དུ་མ་རེད་བས
ཚེ་རྡོར་མ་བུ་གསུམ་གྱི་ལས་འགུལ་རྒྱུན་སྐྱོང་ངམ་མཚམས་འཇོག་ཐད་ང་ཚོ་གདན་འབོལ་ལེ་བ་ཞིག་ཏུ་བསྡད་ནས་སྐད་ཆ་བཤད་ན་ཏག་ཏག་རན་གྱི་མེད། ཁོང་མ་བུ་གསུམ་གྱིས་སྐད་ཆ་ག་རེ་བཤད་འདུག་ཞིབ་ཏུ་གཟིགས་དང་དྲ་འབུ་ཚོ།
རྨོག་རུ་བསྟན་པ་དང་བློ་བཟང་ཆོས་འབྱོར་ཟེར་བ་འདི་གཉིས་ཨ་ན་མ་ན་རེད། རང་ཁ་རང་གིས་བདག་སྤྲོད་མི་ཤེས་ཀི གང་དྲན་དྲན་རང་རེད
ཚེ་རྡོ་ལགས་ལ་ཞུ་རྒྱུར། དར་དམར་ཕྱར་བ་དེར་བརྒྱུད་བསྐུལ་སོགས་གང་ཡང་མེད་པར་རང་ཐག་རང་ཆོད་གི་ལས་འགུལ་ཡིན་ན། ཁྱོད་རང་དང་པོ་ལས་འགུལ་འགོ་འཛུགས་པའི་ཉིན་དེ་ནས་དར་དམར་མ་ཕྱར་བ། ལམ་བར་ནས་ཕྱར་དགོས་པའི་རྒྱུ་མཚན་ག་རེ་ཡིན། ད་ཡིན་ན་དངོས་གནས་ངས་ཁྱེད་ལ་རྒྱབ་བསྐྱོར་བྱེད་ཐུབ་མ་སོང། དོན་དངོས་ཐོག་དར་དམར་ཕྱར་བ་དེས་ག་རེ་སྟོན་གི་ཡོད། ཡང་ན་རོ་ཐོག་རྟ་རྒྱུག་ཅེས་པ་དེ་བྱས་པ་ཡིན་པས། ཡང་ན་ལམ་བར་ནས་རྒྱ་དངུལ་ཟ་རྒྱུ་རག་ཚར་རེད་བས། ང་ཚོ་ད་ལྟར་ཏང་གི་འོག་ཏུ་མེད་ད། ཏང་གི་དར་ཆ་ཕྱར་དགོས་པའི་གནས་སྟངས་ཆགས་མེད། ཁྱོད་ལ་གཏན་གཏན་རྒྱབ་རྒྱང་ཁྱེད་འཚར་ཞིག་ཡོད་པ་ཐག་གི་ཆོད་འདུག། གཉིས་ཕན་དབུ་མའི་ལམ་ཞེས་པ་དེ་དར་དམར་ཕྱར་བ་ཙམ་གྱི་དེའི་ལངས་ཕྱོགས་མཚོན་གི་ཨ་ཡོད། གཉིས་ཕན་དབུ་མའི་ལམ་ཅེས་པ་དེ་ལས་འགུལ་གྱི་ཁ་ཕྱོགས་ཞིག་ལས་ད་ལྟར་ཨ་ཡིན། དོན་དངོས་ཐོག་ང་ཚོ་ཚད་ལྡན་གྱི་རང་སྐྱོངས་རག་མཚམས་གཉིས་ཕན་དབུ་མའི་ལམ་ཅེས་པ་དེ་ལག་ལེན་བྱེད་པའི་དུས་ལས་ད་ལྟར་ཨ་ཡིན། གོང་ས་མཆོག་གི་དུས་དང་རྣམ་པར་ཀུན་ཏུ་འཛམ་གླིང་རྒྱལ་སྤྱིའི་མདུན་དུ། རང་སྐྱོངས་རག་ན་རྒྱ་འོག་ཏུ་འདུག་འདོད་ཡོད་གསུངས་ཀྱང་རྒྱ་གཞུང་འགྲིགས་ལན་མེད་ཐོག། གོང་ས་མཆོག་ལ་མཚན་སྨད་ག་ཚོད་བྱེད་གི་འདུག། གཉིས་ཕན་དབུ་ལམ་པ་ཞིག་ཡིན་དུས་དར་དམར་ཕྱར་དགོས་གི་ཡོད་ན་གོང་ས་མཆོག་གི་ཕྱར་མ་གནང་བ་རྒྱུ་མཚན་ག་རེ་རེད། རྒྱ་བོད་མཐུན་འགྲིག་གི་ཐད་དར་དམར་ཕྱར་ནས་ཕན་ཐོག་ཡོད་ན་གོང་ས་མཆོག་གི་ཕྱར་མ་གནང་བའི་རྒྱུ་མཚན་ག་རེ་རེད། ཡང་ཁྱོད་རང་ལ་གོང་ས་མཆོག་ལས་ལྷག་པའི་ཐབས་ཤེས་དང་རྣམ་དཔྱོད་ཡིད་རེད། ལན་ཡོད་པར་ཞུ།
མཚོ་ནག་ལགས་ལ་རྒྱབ་བསྐྱོར་ཡོད།
ཁ་ཤས་ཀྱིས་མ་ཤི་བར་དུ་འགྲོ་རྒྱུ་ཡིན་མདོག་མདོག་་་་་་ཡང་ཁ་ཤས་ཀྱིས་ཞུ་བ་འཐེན་ཁུལ་འདྲ་བྱས། ད་ཁོ་རེ་་་་་ཡང་ཁ་ཤས་ཀྱིས་རྒྱ་དར་ཕྱར་བ་དེ་བཟང་ཕྱོགས་ཡིན་མདོག་མདོག་་་་་ཁ་ཤས་ཀྱིས་ངན་ཕྱོགས་ཡིན་མདོག་མདོག་་་་་་་་་་ལྟོས་དང་མ་ཤི་བར་དུ་འགྲོ་མཁན་ཞིག་མེད་ཐག་ཆོད་ཡིན། མི་བདེན་ན་འཁྲབ་ཚན་དེ་ཇི་ལྟར་མཇུག་བསྡུ་རྒྱུ་ཡིན་པར་གཟིགས་རོགས།
ད་ཕལ་ཆེར་ང་ཚོའི་གཏམ་བརྗོད་དག་ཀྱང་འཁྲུག་ཆ་ཆེ་རུ་ཆེ་རུ་རེད་དོ།། དེ་ལས་ཐེ་བན་རྒྱལ་ཁབ་ནས་སྒོར་མོ་ཁ་ཤས་བསག་དེ་ཕ་ཡུལ་ཡུལ་ཤུལ་གྱི་དྭ་ཕྲུག་ཁ་ཤས་ལ་སློབ་སྦྱོང་གི་མཐུན་རྐྱེན་སྤྲོད་བཞིན་བསྡད་ན་་་་་་ཁེ་གྲགས་མེད་ན་ཡང་དངོས་ཡོད་ལ་ཕན་པ་དེ་དེ་ཡིན་པ་འདྲ།
Dear all tibetans ,
we must to support him. my body is here, but my heart always with him. he is our hero. i love him.
I am sorry english.
གལ་སྲིད་དབུ་མའི་ལམ་ཞེས་པ་དེ་དར་དམར་ཞིག་གི་གནད་དོན་ཡིན་ཚེ་གངས་སྐྱིད་བཀའ་ཤག་གི་ཐོག་ཏུ་དར་དམར་ཞིག་འཕྱར་རྒྱུ་དེ་བཀའ་ཁྲི་ཟམ་གདོང་ཚང་གི་མི་ལོ་བཅུའི་རིང་ཅིའི་ཕྱིར་མ་དྲན་པ་ཡིན་ནམ།
སུ་ལ་ཕོག་སོང་ནའང་དངོས་ཡོད་ཡིན་པས་དགོངས་དག་ཞུ་རྒྱུ་ལས་ལྷག་མི་འདུག ང་ཚོས་འདི་ལྟར་ད་དངོས་ཡོད་ཀྱི་སྐད་ཆ་བཤད་དགོས་ཀྱིན་འདུག
སེམས་ཤུགས་ཡོད་པ་ཙམ་གྱིས་རྒྱབ་སྐྱོར་བྱེད་རྐྱང་བྱས་ན་མི་འགིག་གི། དེ་ལས་ལམ་སྟོན་བྱེད་དགོས་ཀྱིན་འདུག
འདི་བོད་པའི་དྲ་ཚུགས་ཞིག་ཡིན་དུས་བོད་ཡིག་ཐོག་བེད་སྤྱོད་གནང་ན་ཡག་པོ་འདུག། དེ་མིན་དབྱིན་ཇི་ཐར་ཐོར་མི་ཤེས་མཁན་ཞིག་ཕ་ཆེར་བཙན་བྱོལ་སྤྱི་ཚོགས་དུ་ཡོད་ཚོད་མ་རེད་ད། དབྱིན་ཇི་ཡི་གེ་ཐར་ཐོར་བྲི་ཤེས་པ་ཙམ་དང། ཕྱི་ལོག་བསྡད་པ་ཙམ་ལ་ཧ་ལས་ཧོན་འཐོར་དགོས་པའི་རླབས་ཆེན་ཞིག་བརྩི་གི་མེད་ད། ཡིན་ན་ཡང་ཕྱི་ལོག་བསྡད་ནས་བོད་ཀྱི་དྲ་ཚུགས་ལ་དོ་སྣང་ཡོད་པ་དེར་དགའ་བསུ་ཡོད་ད།
དྲ་འབུ་རེ་ཟུང་གིས་གཞོན་ནུས་རྐང་བཙུགས་ནས་བྱས་པ་རེ་ཟེར་བ་ནི་བསམ་བློ་མུ་གེ་ཐེབས་པའི་གཏམ་དགོད་བྲོ་བ་ཞིག་ཡིན་པ་མ་ཟད། སེམས་ནང་ན་མ་བུ་གསུམ་གྱིས་ལས་འགུལ་ལ་རྒྱབ་སྐྱོར་ཡོད་མེད་ཐེ་ཚོམ་གྱི་གཞི་རེད།
གང་ཡིན་ཟེར་ན། དེ་འདྲའི་ལས་འགུལ་རླབས་ཆེན་ཞིག་བྱེད་བཞིན་པའི་སྐབས་སུ་བཤད་སྟངས་དེ་མ་བུ་གསུམ་གྱི་གོ་ཚེ་ཕན་ས་རེད་དམ་གནོད་ས་རེད། མ་བུ་གསུམ་གྱི་སེམས་ནང་ན་ག་འདྲ་ཞིག་དྲན་སྲིད་དམ། གཞོན་ནུའི་རྒྱུན་ལས་ལྷན་རྒྱས་ནས་ཀྱང་བཤད་སྟངས་དེའི་རིགས་གོ་ཐོས་བྱུང་ན་བློ་ཕམ་ག་འདྲ་ཞིག་ཡོང་སྲིད་དམ།
གཞོན་ནུའི་མི་རིགས་ཤིག་གི་མདུན་ལམ་དང་ལོ་རྒྱུས་ཤིག་ལ་གཞི་བཅོལ་ནས་བྱེད་ཀྱི་ཡོད་པ་ལས་མ་བུ་གསུམ་ལ་རྐང་བཙུགས་ནས་བྱས་པ་མིན་པ། བོད་མི་རྣལ་མ་ཞིག་ཡིན་ན་ཤེས་ངེས་ཡིན་ལ་མ་བུ་གསུམ་གྱིས་ལྷག་ཏུ་ཤེས་ངེས་ཡིན་པའི་ཁྱེད་ཅག་གི་འདོད་དོན་ལྟར་འགྲོ་མི་སྲིད། བོད་རྒྱལ་ལོ། མ་བུ་གསུམ་དང་གཞོན་ནུ་ཚོགས་པ་རྒྱལ་ལོ། ང་ཚོ་བོད་པ་ནམ་ཡང་ཕམ་མི་སྲིད།
འདི་བོད་པའི་དྲ་ཚུགས་ཞིག་ཡིན་དུས་བོད་ཡིག་ཐོག་བེད་སྤྱོད་གནང་ན་ཡག་པོ་འདུག། དེ་མིན་དབྱིན་ཇི་ཐར་ཐོར་མི་ཤེས་མཁན་ཞིག་ཕ་ཆེར་བཙན་བྱོལ་སྤྱི་ཚོགས་དུ་ཡོད་ཚོད་མ་རེད་ད། དབྱིན་ཇི་ཡི་གེ་ཐར་ཐོར་བྲི་ཤེས་པ་ཙམ་དང། ཕྱི་ལོག་བསྡད་པ་ཙམ་ལ་ཧ་ལས་ཧོན་འཐོར་དགོས་པའི་རླབས་ཆེན་ཞིག་བརྩི་གི་མེད་ད། ཡིན་ན་ཡང་ཕྱི་ལོག་བསྡད་ནས་བོད་ཀྱི་དྲ་ཚུགས་ལ་དོ་སྣང་ཡོད་པ་དེར་དགའ་བསུ་ཡོད་ད།
གཞོན་ནུ་ཚོགས་པ་ནོར་ཡོད་རེད་ཟེར་ན། ཏག་ཏག་སྡད་ཡོད་མ་རེད། གཞོན་ནུ་ཚོགས་པས་རྒྱ་དམར་གྱི་དར་ཅ་ཕྱར་མཁན་གྱི་བོད་རིགས་སུ་ལའང་རྒྱབ་སྐྱོར་ཡོད་མ་རེད། གང་ཡིན་ཟེར་ན། བོད་རང་བཙན་གཙང་མ་ཡིན། སྔར་ཡང་ཡིན་ད་དུང་དེ་དགོས། ཕྱིས་ཀྱང་དེ་ཐོབ་དགོས་ཟེར་གྱི་ཡོད་རེད་ལ། ལངས་ཕྱོགས་དེ་རེད། ལས་འགུལ་ཡང་དེའི་ཆེད་དུ་སྤེལས་ཀྱི་ཡོད་རེད། ཁོ་ཚོས་དེ་ཟེར་བ་ལ་ནོར་འཁྲུལ་རེད་ཟེར་ན་མི་འགྲིགས། དཔེར་ན་ཨ་རིའི་ད་ལྟའི་སྲིད་འཛིན་གྱིས་མཚན་མཐུན་གཉེན་སྒྲིགས་ལ་མོས་འཐུན་གསར་བསྒྲགས་གནང་རྗེས་བཟློགས་ཕྱོགས་ཚོགས་པས་དེ་མ་ཐག་ཏུ་དགག་པ་སྣ་ཚོགས་རྒྱབ་ནས་མོས་འཐུན་མེད་པ་གསུངས་ཡོད། ཁོ་ཚོ་ཆབ་སྲིད་ཀྱི་ལངས་ཕྱོགས་སོ་སོ་རེད། སོ་སོས་སྤྱི་བའི་དོན་ལ་བསམ་པ་ལས་སྒེར་གྱི་འཁོན་ནད་ཀྱི་ཆེད་དུ་ཟེར་གྱི་ཡོད་མ་རེད། གླིང་ཚ་མ་བུ་གསུམ་གྱིས་ལྟ་བའི་ལངས་ཕྱོགས་ལྟར་རྒྱའི་རྒྱ་དར་ཕྱར་བ་རེད་ལ། ཁོ་ཚོའི་ལྟ་བ་དེ་གཞི་བཞག་ནས་ལས་འགུལ་སྤེལ་གྱི་ཡོད་རེད། ཆབ་སྲིད་ཚོགས་པ་མི་འདྲ་བའི་བར་དུ་འགལ་ཟླ་ཡོད་ནས་ཆབ་སྲིད་ཚོགས་པ་ཐ་དད་ཆགས་པ་རེད། དེས་ཧང་སང་དགོས་པ་དང་། གཅིག་པོ་ཡིད་ཕམས་དགོས་པ་གང་ཡང་མ་རེད། གང་ཟག་སྒེར་གྱི་མིང་ནས་སྨྲ་ཞིང་སྐྱོན་བརྗོད་བྱེད་མཁན་རྣམས་ལ་ཆབ་སྲིད་ཀྱི་གོ་རྟོགས་མེད་ཅིང་། ཕྱོགས་ཞེན་གྱི་རླུང་གིས་ཁྱེར་བའི་རྟགས་མཚན་རེད།
མཆན་༢༢་པ་ རེབ་ཐོག་གདའ་པ་་ ་ སྐད་ཆ་དེ་འདྲ་མ་བཤོད་་་་ གཞོན་ནུ་ལ་རྒྱ་དམར་གྱི་དུག་ནང་བཞིན་བལྟ་གི་ཡོད་རེད་་ དེའི་རྒྱབ་ཏུ་ཁྱོད་ལངས་དགོས་དོན་མེད་ འདས་པའི་ལོ་རྒྱཱུས་ནང་གཞོན་ནུས་བྱས་རྗེས་མང་པོ་བཞག་ཡོད་ མ་བུ་གསུམ་གྱི་སྙིང་སྟོབས་དེ་འདྲ་གཞོན་ནུ་ལ་ཡོད་དགོས་ལ་ ཁྱོད་ལ་མེད་པ་ག་རེ་བྱས་པ་རེད་དམ གཞན་ལ་བལྟ་བའི་མིག་ཡོད་ཀྱང་ རང་ལ་བལྟ་བའི་མེ་ལོང་དགོས་་ཞེས་གསུངས་པ་ལྟར་་བརྟག་དཔྱད་གནང་དགོས་ རང་ཉིད་ལས་དགུལ་གང་དུ་འང་བཞུགས་མི་དགོས་མཁན་ གཞན་ལས་དགུལ་ལ་མ་བཞུགས་ན་ཚོགས་གཏམ་དང་རྒྱགས་གཏམ་བཤོད་མཁན་མཆན་༢༢་པ་ཁྱོད་་དཀྲོག་གཏམ་དེ་འདྲ་མ་བཤོད་ན་བཟང་ ་གཞོན་ནུ་ལ་རྒྱ་དམར་གྱི་ཁ་རྡཱུངས་མང་པོ་བཏང་གི་ཡོད་རེད་ དེ་དང་མཉམ་དུ་རང་རེ་སྤཱུན་ཟླ་མཚོས་ རྒྱ་དམར་གྱི་རྒྱབ་ཏུ་ལངས་དགོས་དོན་མིན་འདུག་ བསམ་ལོ་ཡགཔོ་གཏོང་དགོས་ རང་གི་ལུས་པོའི་ཆ་ཤས་གཅིག་ལ་གནོད་ན་ རངལ་གནོད་ཀྱི་རེད་དོ་ ཤེས་པར་གྱིས་ཤིག་
ཡང་ཞུ་རྒྱཱུར་ དྲ་གྲོགས་རྣམ་པ་ བུ་གླེན་པས་ཕ་ཡི་ཀླད་པ་བཅོམ་ཟེར་བའི་དཔེ་ལྟར་མ་གནང་རོགས་
མ་རྒན་མོས་གོམས་བགྲོད་ཀྱི་འཚམས་མ་བཞག་ནའང་། བུ་མོ་ཆུང་ཆུང་ཁྱེད་ཀྱིས་གོམས་བགྲོད་ཀྱི་འཚམས་ཞོགས། ཁྱེད་ནི་ད་ལྟ་འཛམ་གླིང་སྤྱི་འགྲོས་ལྟར་ན། ཁྲིམས་ཀྱི་ཐོག་ནས་རང་ཐག་གཅོད་ཐུབ་པའི་ལོ་ཚོད་སླེབས་མེད་པ་འདྲ། ཕ་མས་ཁྲིད་པའི་གནས་ཚུལ་དུ་ཆགས་སྲིད་རེད། ཁྱེད་ཀྱིས་རྗེས་སུ་མ་བུ་གཉིས་ཀྱི་གོམས་བགྲོད་ཀྱི་ལས་འགུལ་འཇུག་སྐྱོང་རྒྱུ་བྱེད་ནས། མ་མཐའ་ནས་ལོ་ཉེར་གཅིག་ལོན་ཐུབ་པ་ངེས་ཅན་དུ་དགོས། བུ་མོ་ཆུང་ཆུང་ཁྱེད་ཀྱིས་ད་ལྟ་གོམས་བགྲོད་མ་དང་མིང་པོ་གཉིས་དང་མཉམ་དུ་བགྲོད་པ་དེས། ང་ཚོ་བོད་མིར་སེམས་ཤུགས་བསྐྱེད་ཐུབ་ཀྱང་། འཛམ་གླིང་སྤྱི་འགྲོས་ལྟར་ན། ཁྱེད་ཀྱི་ལོ་ཚོད་དང་། བལ་ཡུལ་གྱི་ཉེས་ཁ། རྒྱའི་ས་འཚམས་ཀྱི་ཉེས་ཁ་སོགས་དང་གཏན་ནས་འཚམས་པོ་མེད། ངས་བསམ་པ་རྣམ་དག་དང་། ཁྱེད་རྣམས་ཀྱི་སེམས་ཤུགས་ལ་བཀའ་དྲིན་རྗེས་དྲན་གྱིས་སོ་སོའི་གོ་རྟོགས་དང་དཔག་པས་ཞུས་པ་ཡིན།
མཆན་༤༨་དང་༥༡་ལ་རྒྱབ་སྐྱོར་གཙང་མ་ཡོད་ བུ་མོ་རང་སློབ་གྲར་འགྲིམས་དང་ མི་ཤེས་ཡོན་ཅན་ཞིག་བྱོས་དང་ མི་དམངས་ཀྱི་མགོ་འཁྲིད་ཞིག་བྱོས་དང་ གོམ་འགྲོས་ལས་ལྷག་པ་ཞིག་བྱོས་དང་ ཐུགས་བསམ་ཞིག་བཞེས་དང་་ རྩིས་ཞིག་རྒྱབ་དང་ གང་དགའ་ ཅི་ལེགས་ ་
དམངས་གཙོའི་སྤྱི་ཚོགས་ཤིག་ནང་ལྟ་བ་སྣ་ཚོགས་ཡོད་ཆོག་ལ། ལྟ་བ་སྣ་ཚོགས་ལས་བྱུང་བའི་ལས་འགུལ་སྣ་ཚོགས་ཡང་སྤེལ་ཆོག་པ་མ་ཟད་ཚང་མ་འདྲ་མཉམ་དང་མཉམ་གནས་ཀྱི་འདུ་ཤེས་ཡོད་དགོས། འོན་ཀྱང་ང་ཚོའི་སྤྱི་ཚོགས་ནང་ལྟ་བ་དང་ལས་འགུལ་མི་འདྲ་བ་རེ་ཐོན་ཡོང་དུས་ཚང་མས་ཁྱོད་ཤི་ང་གསོན་གྱི་འཁྲུག་རྩོད་འདིས་ང་རང་བསམ་གཞིགས་ཀྱི་ཀློང་དུ་བསྐྱེལ།།
གླིང་ཚ་ཚེ་བརྟན་རྡོ་རྗེའི་དམ་བཅའ་ལ་སེམས་གཏིང་ནས་རྗེས་སུ་ཡི་རང་བྱུང།སྐྱེས་ཕོ་རབ་ཞིག་གི་ཚུགས་ཀ་འདུག།མ་ལྡོམ་པོ་སྐྱིད་དང་བུ་མོ་དེ་གཉིས་ལ་བསྔགས་བརྗོིད་ཡོད།
ཁ་ལ་བདག་པོ་མེད་པའི་དྲ་འབུ་ཚོ།།
གང་བཤད་འགན་འཁུར་མེད་པའི་དྲ་འབུ་ཚོ།།
སྤྱི་སྒེར་ཁྲག་བཞིན་དཀྲུགས་པའི་དྲ་འབུ་ཚོ།།
གཅིན་པ་ཚ་བོ་འཐུང་ཤིག་དྲ་འབུ་ཚོ།།
གུང་ཁྲན་དགྲ་བོ་མགོ་བོའི་ཞྭ་བཞིན་བཀུར།།
བོད་རིགས་ནང་ལ་གནམ་གྱི་ཐོག་བཞིན་བཙན།།
རྒྱལ་གཅེས་བློ་སྟོབས་ཅན་ལ་ཡིད་གཉིས་སྨྲ།།
སྐྱག་པ་ཚ་བོ་ཟོ་ཤིག་དྲ་འབུ་ཚོ།།
གསང་མིང་གབ་མིང་འོག་གི་དྲ་འབུ་ཚོ།།
གཡོ་རྒྱུ་ཁྲམ་ལ་མཁས་པའི་དྲ་འབུ་ཚོ།།
རང་བཙན་རང་དབང་རྩོད་པའི་བཀག་རྡོ་ཚོ།།
རྩམ་སྐྱ་ཁ་ལ་འགོམས་ཤིག་དྲ་འབུ་ཚོ།།
ཁ་ནས་རྒྱལ་ཁབ་མི་རིགས་དོན་ཆེན་གླེང་།།
ལག་ལེན་ཁབ་རྩེ་ཙམ་གྱི་རིན་ཐང་དབེན།།
རང་དོན་རི་བོ་ཁོ་ནས་ལྕེ་གཉིས་ཅན།།
ལས་འབྲས་ས་ལ་བརྡབས་པའི་དྲ་འབུ་ཚོ།།
དམར་ནག་ལྷ་སྲུང་དྲག་པོ་གློག་བཞིན་མཆེད།།
འཕྲིན་ལས་རྣམ་བཞིའི་འཇུག་པ་གྲི་ལྟར་རྣོ།།
གདུག་ཅན་བསམ་ཤེས་མེད་པའི་དྲ་འབུ་ཚོ།།
སྐད་ཅིག་ཐལ་བར་རློག་ཤིག་གཤིན་རྗེ་ཚོགས།།
དྲག་པོའི་དཔུང་ཚོགས་རྒྱ་མིས་ཕྱི་ནས་རྒོལ།།
དངུལ་དངོས་རྗེས་འབྲངས་དྲ་འབུས་ནང་ནས་རྒོལ།།
ཕྱི་ནང་གཉིས་ཀྱི་མགོ་ནག་བསྟན་སྲིད་དགྲ།།
དྲ་འབུ་འདི་ཚོ་ད་ལྟ་མྱུར་དུ་སྒྲོལ།།
གཞོན་ནུ་ལྷན་ཚོགས་ལ་སྤྲིངས་པའི་དྲི་བ།
ཁྱེད་ཚང་གི་ལས་ཁུངས་དང་སྒེར་གྱི་ཀམ་པུ་ཊའི་མ་གདན་༼ mother board༽ལ་སོགས་པའི་དངོས་རྫས་རིགས་རྒྱ་ནག་གིས་བཟོས་པ༼ Made in China ༽ཡོད་དམ།
གལ་སྲིད་ཡོད་ན་དེ་ཚང་མ་བཀོག་ནས་མེ་ལ་སྲེགས་ཏེ། མ་མཐར་ཡང་ཚོགས་པ་རང་ངོས་ནས་བོད་རྒྱ་ཐ་དད་ཡིན་པའི་གསལ་འགོད་གསལ་བསྒྲགས་ཤིག་གནང་རོགས། ད་གཟོད་མི་མང་གིས་ཁྱོད་ཚོའི་བོད་ཞེན་གྱི་བསམ་པ་ལ་ཡིད་ཆེས་འཕེར་ངེས། དེ་མིན་ན་ཁ་བཤད་དོན་ལ་མི་གནས་པའི་རྟགས་ཡིན།
ཞོར་དུ་གཏམ་དཔེ་རེ་བཀོད་ན།
ཁྲ་དང་ནེ་ལེ་འུག་པ་གསུམ།།
ཚེར་ཕུང་གཅིག་ལ་སྔས་བཅས་ན།།
བསམ་ཚུལ་མི་གཅིག་ཁ་ཁ་ཡིན།།
ཁྲ་ཡིས་ནམ་མཁའ་ལངས་ན་བསམ།།
འུག་པས་མུན་པ་རུབ་ན་བསམ།།
ནེ་ལེས་ནམ་ཟླ་ཨེ་དྲོ་བསམ།།
རྟ་འདོ་བ་བརྒྱགས་ན་རི་དྲན།།
ལུག་གཡང་དཀར་བརྒྱགས་ན་ནང་དྲན།།
གཞིས་ཆགས་བརྒྱགས་ན་བོད་གཞུང་བསྐྱུར།།
གསར་འབྱོར་བརྒྱགས་ན་བོད་ཡུལ་དྲན།།
གླིང་ཚ་རྡོ་རྗེ་དང་ཨ་མ་རྡོ་དཔོན་བུ་མོ་ལྷ་མོ་གསུམ་ལ་རང་གི་སྙིང་ཁུང་རས་པའི་བསྟན་ནས་རྒྱབ་བཅོལ་དང་གུས་འདུན་ཞུ།
སོ་སོའི་དངུལ་ཁུག་ནས་འགྲོ་སོང་བཏང་བའི་རས་དམར་པོ་རེ་ཉོས་ནི་རྒྱ་མིའི་དར་ཆ་ཡིན་ཁུལ་དང་། རས་དུམ་དེ་མེ་བསྲེག་གཏོང་བ་ལས་རྒྱ་ནག་གི་བཟོས་བའི་བཅའ་དངོས་སྤས་ཀ་དག་པོ་དེ་ཚོ་སོ་སོའི་ནང་ལ་བསྒྲིགས་བཤམ་བྱས་སྟེ་རྒྱུ་ངོམ་བྱེད་རྒྱུ་དང་། རྒྱ་དངོས་ཉོ་རྒྱུ་མཚམས་འཇོག་བྱས་ན་ཡག་གི་རེད།